Video Overview
Lobzang Dorji, from Radhi Gewong, Trashigang, shares the epic story of King Gesar of Ling. King Gesar is said to be linked to Guru Padhama Sambhava, who subdued all remaining demons after King Gesar’s time. The story includes the subduing of Northern and Sourthen Kings, who were evil. One popular element of the story of King Gasar is about his subduing of King Hurgung Sangay, who kidnapped his queen.
བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ལས་ བློ་བཟང་རྡོེ་གིས་ རྒྱལ་པོ་རྒྱས་གསར་གྱི་ དཔའ་བའི་རྣམ་ཐར་གྱི་སྐོར་ལས་ བཤདཔ་ཨིན། ཁོ་གིས་སླབ་མི་ནང་ རྒྱལ་པོ་རྒྱས་གསར་འདི་ གུ་རུ་པདྨ་བསམ་བྷ་བ་གིས་ བདུད་བཏུལ་མ་ཚར་བ་ལྷག་ལུས་ཡོད་མི་ཚུ་ དམ་ལུ་བཏག་ནིའི་དོན་ལུ་ གུ་རུའི་སྐུ་ཚབ་སྦེ་ འབྱོན་འབྱོནམ་ཨིན་མས། འདྲེ་སྡུག་པ་ཅན་བཏུལ་བའི་སྲུང་ དཔེར་ན་ བྱང་དང་ལྷོ་ཕྱོགས་ཀྱི་ རྒྱལ་པོ་ངན་པ་བཏུལ་མི་འདི་ རྒྱལ་པོ་རྒྱས་གསར་གྱི་ འདྲེ་སྡུག་པ་ཅན་བཏུལ་ཚུགས་པའི་ ནུས་པ་ཡོད་པའི་བརྡ་མཚན་ཅིག་ཨིན། རྒྱལ་པོ་རྒྱས་གསར་གྱི་ བརྩུནམོ་བཙན་ཁྲིད་འབད་མི་ རྒྱལ་པོ་ཧུར་གུང་སངྱས་ཟེར་མི་ དམ་ལུ་བཏག་པའི་སྐོར་ལས་ཡོད་པའི་ རྒྱལ་པོ་རྒྱས་གསར་གྱི་ སྲུང་འདི་ ཡོངས་གྲགས་ཅན་ཅིག་སྦེ་འགྱུར་ཏེ་ཡོད།
- Kadam
- Radhi
- Trashigang
- བློ་བཟང་རྡོ་རྗེ་ Lobzang Dorjiཧེ་མ་ ཏེ་ད་ གཏམ་ཟེར་གནམ་མེད་ས་མེད་ ང་གིས་ཤེས་ཤེསཔ་ཅིག་ག་ཅི་ཡང་མེད་ ཨིན་རུང་གཏམ་ཟེར་ ཧེ་མ་ དང་ཕུ་གི་རོགས་ ཏེ་ མི་སྦོམ་ལས་ ཏེ་དང་ཕུའི་བསོད་བདེ་བསོད་ནམས་ དཔོན་ བླ་མ་ རྒྱལཔོ་ཚུའི་ ཏེ་གཏམ་ཟེར་གཞན་ག་ཅི་ཡང་ ང་བཅས་དྲནམ་ཅིག་ལས་འདི་ ང་བཅས་ཀྱི་ཨ་པ་གིས་ ཨ་མ་གིས་ ཕོ་རྒནམོ་ཚུ་གིས་ ཆ་རོགས་དང་ལྟ་ལྟོ་ཚང་ཚུ་གིས།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་གླིང་གེ་སར་རྒྱལ་པོ་ཟེར་ ང་བཅས་ཀྱི་ཏེ་ བོད་གངས་ཅན་ལྗོངས་ལུ་ཨིནམ་འདྲས་ ཧོར་གྱི་ཧོར་གླིང་ གླིང་གི་ ཏེ་གླིང་གེ་སར་རྒྱལ་པོ་ཟེར་ ཧོར་ལུ་འདི་ ཧོར་དགུང་སངས་རྒྱལ་པོ་ གླིང་ལུ་འདི་ གླིང་གེ་སར་རྒྱལ་པོ་ཟེར་ཡོད་པའི་ལོ་རྒྱུས་ འ་ནཱི་བཟུམ་རྣམ་ཅོ་གོ་མི་ ཏེ་ནཱ་ལུ་ང་གིས་ཞུ་བ་ཅིན་ གླིང་གེ་སར་རྒྱལ་པོ་ཟེར་མི་ ཏེ་གཅིག་གི་ནང་ལས་འབད་བ་ཅིན་ ཏེ་གུ་རུ་རིན་པོ་ཆེ་གི་དུས་སྐབས་ལུ་འཕྱད་པའི་བདུད་ཚུ་ག་ར།
- བློ་བཟང་རྡོ་རྗེ་ Lobzang Dorjiགུ་རུ་རིན་པོ་ཆེ་གིས་བཏུལ་ནུག་ ཏེ་གུ་རུ་རིན་པོ་ཆེ་གིས་ ཏེ་བཏུལ་ནིའི་ལུང་བསྟན་མ་འབབ་མི་བདུད་ཚུ་ག་ར་ གླིང་གེ་སར་རྒྱལ་པོ་གིས་ ཏེ་བཏུན་ནི་སྦེ་ཐུགས་སྨོན་ གུ་རུ་རིན་པོ་ཆེ་གིས་གནང་སྟེ་ ཤུལ་ལས་ང་བཅས་རའི་འཛམ་བུ་གླིང་གི་ གླིང་གེ་སར་རྒྱལ་པོ་ཟེར་བྱོན་བྱོནམ་ཨིན་མས་ཟེར་ཞུ་ནི། ག་ཅི་སྨོ་ཟེར་བ་ཅིན་ གླིང་གེ་སར་རྒྱལ་པོ་ཟེར་མི་འདི་ ཏེ་དཔའ་བོ་གེ་སར་རྒྱལ་པོ་ཟེར་ཡང་ཞུཝ་མས་ མ་པ་ང་བཅས་ཀྱིས་སླབ་ཐངས་གླིང་གེ་སར་རྒྱལ་པོ།
- བློ་བཟང་རྡོ་རྗེ་ Lobzang Dorjiདཔའ་བོ་གེ་སར་རྒྱལ་པོ་ཨིན་མས་ ཕོ་ག་ར་གི་དཔའ་བོ་གནམ་མེད་ས་མེད་ དཔའ་རྩལ་ཅན་ ག་ཅི་རང་འབད་རུང་གནས་སྐབས་སྦོམ་ རིག་པ་སྦོམ་ ཏེ་ཡོདཔ་ལས་བརྟེན་ ཏེ་དཔའ་བོ་གེ་སར་རྒྱལ་པོ་ ཟེར་ཞུ་ཞུཝ་འདྲས། ཁོ་ག་ཅི་འབད་ ང་བཅས་རའི་གེ་སར་རྒྱལཔོ་དཔའ་བོ་སྦེ་བྱུང་དགོཔ་སྨོ་ཟེར་བ་ཅིན་ གུ་རུ་རིན་པོ་ཆེའི་སྐུ་ཚབ་སྦེ་ ཏེ་ང་བཅས་རའི་འཛམ་བུ་གླིང་ལུ་ ཏེ་གུ་རུ་རིན་པོ་ཆེ་གིས་མ་བཏུལ་བ་ལུས་མི་བདུད་ཚུ་ག་ར།
- བློ་བཟང་རྡོ་རྗེ་ Lobzang Dorjiགུ་རུ་རིན་པོ་ཆེའི་བཏུལ་ནིའི་ལུང་བསྟན་མེད་མི་ག་ར་ གླིང་གེ་སར་རྒྱལཔོ་ལུ་ཐུགས་སྨོན་གནང་སྟེ་ ཏེ་ལུང་བསྟན་ཁོ་ལུ་འབབ་སྟེ་བཏུལ་དགོ་པའི་ལུགས་སྲོལ་ཨིན་མས་ཟེར་ ཏེ་ད་ གླིང་གེ་སར་རྒྱལ་པོ་གིས་བཏུལ་མི་ ད་ལྟོ་ང་བཅས་རའི་ཕམ་ཚུ་གིས་ དེ་སྦེ་གསུངས་བཞག་བཞགཔ་བཟུམ་འབད་བ་ཅིན་ བྱང་གླིང་ལུ་ བྱང་ས་ཐངས་རྒྱལ་པོ་ ཧོར་གླིང་ལུ་ ཧོར་དགུང་སངས་རྒྱལ་པོ་ དེ་ལས་ དེ་སྦེ་འ་ནཱི་བཟུམ་གཉིས་ཀྱི་གཏམ་ཅིག་ ཏེ་ང་བཅས་རའི་ཕམ་ཚུ་གིས་བཤད་གནང་དེས།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ཧོར་དགུང་སངས་རྒྱལ་པོ་ཟེར་མི་འདི་གིས་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཁོ་གི་གནས་ཚང་ཤེས་ལྕམ་སྒྲོལ་མ་འདི་ ཧོར་དགུང་སངས་རྒྱལ་པོ་གིས་ ཨམ་ཅུམ་སྦེ་ཨརཝ་བརྐུ་འབག་འབགཔ་འབདཝ་ལས་ ཏེ་ཁོ་ ཏེ་ཧོར་དགུང་སངས་རྒྱལ་པོ་བདུད་ཀྱི་རྒྱལཔོ་ཅིག་ཨིནམ་མས་ བདུད་འདི་ཡང་ ཏེ་བང་ཆེ་དྲགཔ་ལས་ ཏེ་གླིང་གེ་སང་རྒྱལཔོ་ཁོ་ ཏེ་ཉམ་ཆུང་བཟུམ་ཅིག་སྦེ་སྡོདཔ་ལས་བརྟེན་ ཏེ་ཁོ་རའི་མཁའ་འགྲོ་ཤེས་ལྕམ་སྒྲོལ་མ་འདི་ གླིང་གེ་སར་རྒྱལ་པོ་གིས་
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ཨརཝ་བརྐུ་འབག་ ཏེ་ཤུལ་ལས་འབདཝ་ད་ གླིང་གེ་སར་རྒྱལ་སར་རྒྱལ་པོ་གིས་ ཏེ་ཧོར་དགུང་སངས་རྒྱལཔོ་ ཏེ་བཏུལ་ནིའི་དུས་ལུ་འབབ་པའི་སྐབས་ལུ་ ཏེ་གླིང་གེ་སར་རྒྱལ་པོ་གིས་ ཏེ་བོདཔ་སྤྲང་སློང་པ་ཅིག་ལུ་སྤྲུལ་ཏེ་ བོདཔ་མགརཝ་བཟུམ་ཅིག་བཟོ་སྦེ་ མཛུ་དཀྱི་རེ་བརྡུངས་ཏེ་ མཛུ་དཀྱི་རེ་བཙོང་པར་འབག་སྟེ་ དེ་ལས་ ག་ཅི་གུ་ཅི་རེ་འབད་སྦེ་ དེ་ལས་མཛུ་དཀྱི་རྡུང་ས་ལུ་འདི།
- བློ་བཟང་རྡོ་རྗེ་ Lobzang Dorjiཁོ་གི་ཧེ་མའི་གནས་ཚང་ ཤེས་ལྕམ་སྒྲོལ་མ་ མཛུ་དཀྱི་རྡུང་སར་ལྷོད་དོ་ཡོདཔ་མས། དེ་ལས་མཛུ་དཀྱི་རེ་བརྡུངས་ཏེ་བཙོང་རྫུ་བཏབ་སྟེ་ ཧོར་དགུང་སངས་རྒྱལ་པོའི་ཕོ་བྲང་སྦོ་ལོགས་ཁར་ལྷོད་སྦེ་ ཏེ་མཛུ་དཀྱི་བཙོང་སྟེ་ དེ་ལས་འ་ནཱི་བཟུམ་སྤྲང་སློང་པ་ཅིག་བཟོ་སྟེ་ དེ་ལས་ཧོར་དགུང་སངས་རྒྱལ་པོའི་འབད་གཞག་བཅའ་གཞག་ག་ར་ ཏེ་ཤེས་ལྕམ་སྒྲོལ་མ་གིས་ཤེས་ནི་ཨིན་མས། ཏེ་ག་ཅི་འབད་དགོཔ་ཨིན་ན་ག་ར་ ཤེས་ལྕམ་སྒྲོལ་མ་གིས་སླབ་སྦེ་ ཏེ་མཛུ་དཀྱི་རེ་རྡུང་སའི་སྦོ་ལོགས་ཁར་ལྷོད་སྦེ་ ཏེ་
- བློ་བཟང་རྡོ་རྗེ་ Lobzang Dorjiཉིན་མར་ལྷོད་དེ་ ནུབ་མོ་ལུ་འདི་ ཤེས་ལྕམ་སྒྲོལ་མ་འདི་ ཏེ་ཧོར་དགུང་སངས་རྒྱལ་པོ་དང་གཅིག་ཁར་སྡོད་འོང་ ཟེར་སླབ་མས་ལོ། དེ་ལས་འ་ནཱི་བཟུམ་ ཏེ་དང་ཕུ་འདི་ དབང་ཚད་ཅན་གྱིས་འཕྱོག་འབག་ནི་ ཨམ་སྲུ་ལེགས་ཤོམ་ཅིག་ཡོད་རུང་ ཏེ་དཔོན་དབང་ཚད་ཅན་གྱིས་འཕྱོག་འབག་ནི་ ཏེ་ད་ ལུགས་སྲོལ་ཅིག་སྡོད་སྡོདཔ་འདྲས་ ང་བཅས་དྲནམ་ཅིག་ལུ་ཡང་ མ་པ་དཔོན་གྱི་འཁྲལ་འདི་བཟུམ་ཕོགཔ་ཨིན། ཏེ་ཕོ་རྒས་ཨིན་པ་ཅིན་ སྒར་པ་སྦེ་འཐུ་འབགཔ་ཨིན།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ ཨམ་སྲུ་ཨིན་པ་ཅིན་ གླུ་གཞས་འཐེན་ནི་གི་ཨར་མོ་སྦེ་འབགཔ་ཨིན་ཟེར་ གཏམ་ཡང་གོ་ཡི་ ཏེ་དེ་ཅོག་ར་འཐདཔ་སྦེ་ ཧོར་དགུང་སངས་རྒྱལ་པོ་ཡང་བང་ཆེ་དྲག་ནི་དེ་གིས་ ཏེ་གླིང་གེ་སར་རྒྱལ་པོའི་ མཁའ་འགྲོ་ཤེས་ལྕམ་སྒྲོལ་མ་འདི་འཕྱོག་འབག་པའི་ལོ་རྒྱུས་ ཏེ་འདི་བཟུམ་ཅིག་སྦེ་ཨིན་མས། དེ་ལས་ ག་ཅི་སྨོ་ཟེར་བ་ཅིན་ ཤེས་ལྕམ་སྒྲོལ་མ་གི་ ཏེ་ཧོར་དགུང་སངས་རྒྱལཔོ་གསད་ནིའི་ཐབས་ཤེས་ག་ར་ ཏེ་གསད་ཚུགས་པ་ཅིན་རྐྱངམ་ཅིག་ མོ་ཤེས་ལྕམ་སྒྲོལ་མ་དང་ གླིང་གེ་སར་གཉིས་གཅིག་ཁར་འཛོམས་ནི་ཨིན་མས།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་གསད་མ་ཚུགས་པ་ཅིན་ ཤེས་ལྕམ་སྒྲོལ་མ་དང་གླིང་གེ་སར་ ལོག་མི་འཛོམས་ནི་ཨིན་མས། ཏེ་ཤེས་ལྕམ་སྒྲོལ་མ་གིས་ཐབས་ཤེས་ ཧོར་དགུང་སངས་རྒྱལཔོ་ འ་ནཱ་ལུ་གཟིམ་ཨིན་ དེ་ལས་ གླིང་གེ་སར་གྱི་རྒྱལཔོ་ལུ་ལྟ་སྟེ་སླབ་སྦེ་ ཏེ་བཀྲོངསམ་ད་ ག་ཅི་འབད་དགོ་ག་ག་ར་ ཐབས་ཤེས་འདི་ ཤེས་ལྕམ་སྒྲོལ་མ་གིས་ གླིང་གེ་སར་ལུ་སླབ་སྦེ་ དེ་ལས་ ལག་ཆས་ག་ཅི་མཁོ་སྒྲུབ་འབད་དགོཔ་ག་ར་ ཏེ་ཤེས་ལྕམ་སྒྲོལ་མ་གིས་ཁོ་ལུ་སླབ་སྦེ་ དེ་ལས་ ཉིན་མ་ཉིན་མ་ མཛུ་དཀྱི་རྡུང་རྫུ་བཏབ་སྟེ།
- བློ་བཟང་རྡོ་རྗེ་ Lobzang Dorjiམཛུ་དཀྱི་ཚོང་པ་བཟོ་སྟེ་ ནུབ་མོ་ནུབ་མོ་ ཏེ་གླིང་གེ་སར་རྒྱལ་པོའི་(ཧོར་དགུང་སངས་རྒྱལ་པོའི་)ཕྱག་བཤེད་དཔའ་རྟགས་ རིང་ཚད་ག་དེམ་ཅིག་ཡོད་པའི་ཚད་དེ་ཅིག་ ནུབ་མོ་ནུབ་མོ་ ཏེ་བརྡུང་སྟེ་ དུས་གནམ་ཅིག་ལུ་ ཏེ་གླིང་གེ་སར་རྒྱལཔོ་འདི་གིས་ ཏེ་ཧོར་དགུང་སངས་རྒྱལ་པོའི་གཟིམ་ཅུང་ལུ་སོང་སྦེ་ ཏེ་དཔའ་རྟགས་རྡུངམ་ད་ ཚད་ཁོ་ལས་འབག་དགོཔ་ཨིན་མས་ ཚད་ཁོ་ལས་འབགཔ་ད་ ཁོ་རའི་དཔའ་རྟགས་ལས་འབག་དགོཔ་ཨིན་མས་ ཁོའི་དཔའ་རྟགས་འབགཔ་ད་ལུ་ག་དེ་སྦེ་འབག་ནི་གི་འབག་ཐངས་ ཏེ་ཤེས་ལྕམ་སྒྲོལ་མ་གིས་སྟོན་བྱིན་ཡི་ ཟེར་བ་ཅིན་ ཏེ་
- བློ་བཟང་རྡོ་རྗེ་ Lobzang Dorjiཁྱིམ་ཐོག་དགུ་དེ་ཅིག་ཡོདཔ་ཨིན་མས་ གཟིམ་ཅུང་ཐོག་དགུ་ལུ་ ཏེ་དེ་ལས་ ཏེ་ཡར་དགུ་ ཐོག་དགུ་ལུ་ཁྱབ་ཚུགས་ཚུན་ཚོད་རང་ ལྕགས་ཐག་བརྡུངས་སྦེ་ ཏེ་ལྕགས་ཐག་གི་ཐོག་ཁར་ཕུརཔ་བརྡུངས་སྦེ་ ཏེ་དུས་གནམ་ཅིག་ལྷོདཔ་ད་ ཏེ་ལྕགས་ཐག་འདི་ སྨོན་ལམ་བཏབ་སྦེ་ ཏེ་ལྕགས་ཐག་ཡར་ལྟ་འཐེན་འབག་ནི་གི་འདི་ ཕུརཔ་བརྡུངས་སྦེ་ ཕུརཔ་འདི་ལྕགས་ཐག་ལུ་དཀྱིས་ཏེ་ དེ་ལས་ཕྱོགས་བཅུའི་རྒྱལ་བ་སངས་རྒྱས་ག་ར་སྨོན་ལམ་བཏབ་སྦེ།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ང་གིས་ཧོར་དགུང་སངས་རྒྱལ་པོ་དམ་བཏགས་ནི་གི་དུས་ཡོད་ཟེར་བ་ཅིན་ ང་གིས་ཡར་ ཏེ་ངེའི་འ་ནཱི་ལྕགས་ཐག་ཐོག་ཁག་གི་ཕུརཔ་གིས་ ཡར་ཧོར་དགུང་སངས་རྒྱལ་པོའི་གཟིམ་ཅུང་ཐོག་དགུའི་དགུང་ཤིང་ལུ་བཙུགས་བཅུག་ཟེར་ ཏེ་དེ་མེན་ཟེར་བ་ཅིན་ བཙུགས་མ་བཅུག་ ཟེར་སྨོན་ལམ་བཏབ་སྟེ་ཡར་ ལྕགས་ཐག་གཅིག་ཁར་ཕུརཔ་བཀོ་བའི་སྐབས་ལུ་ ཏེ་ཕུརཔ་གིས་འབད་ལྕགས་ཐག་འཐེན་འབག་ནི་ཨིན་མས་ ཏེ་ལྕགས་ཐག་གི་ཐོག་ཁ་ལུ་འདི་ ཧོར་དགུང་ ག་ཅི་ལོ་ གླིང་གེ་སར་རྒྱལཔོ་འཛེག་འགྱོ་དགོཔ་ཨིན་མས།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་དེ་སྦེ་ ལྕགས་ཐག་ཡར་ལྟ་བཀོ་སྦེ་ ཡར་དགུང་ཤིང་ལུ་བཙུགས་ཏེ་ ཕུརཔ་རྣོས་ཁིག་ཁི་གིས་ཟུབ་སྦེ་ དེ་ལས་ ལྕགས་ཐག་གི་ཤུལ་ལས་འཛེག་འགྱོ་སྦེ་ ཏེ་གཞན་ཁ་ལས་འཛེག་ས་འདིན་མེདཔ་ཨིན་མས་ ལྕགས་ཐག་གུ་བཤེད་ཅི་བཤེད་ཅི་འཛེག་འགྱོ་སྦེ་ དེ་ལས་རྐྱངམ་ཅིག་ཧོར་དགུང་སངས་རྒྱལཔོ་གཟིམ་ས་ལུ་ ཏེ་ལྷོདཔ་ད་ལུ་ ཏེ་ནུབ་མོའི་བར་ན་ འ་ནཱི་ལྷོད་དེ་ ཧོར་བདུད་ཟེར་མི་འདི་ གཉིད་སྦོམ་ཨིན་ཟེརཝ་མས་ལོ་ གཉིད་ལོག་སྡོདཔ་ད་ ཁོ་གི་སྒོ་སྒྲིག་ཕྲང་སྟེ་འཛུལ་སོང་སྦེ་ སྒོ་སྒྲིག་ལས་འབད་དེ།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ཁོའི་ནང་ན་འཛུལ་ཏེ་ དེ་ལས་དཔའ་རྟགས་བཏོན་སྦེ་ ཚད་འཇལ་ཡི་ཟེར་ཨིན་མས། དཔའ་རྟགས་རིང་ཚད་ག་དེམ་ཅིག་འདུག་ག་ ཚད་འཇལ་ཏེ་ དེ་ལས་ཏེ་ ཚད་འ་ནཱ་ལས་འབག་འབགཔ་ཨིན་ ཟེར་ཨིན་མས། ཧོར་དགུང་སངས་རྒྱལ་པོའི་ལྟག་ཀོ་བཏོག་ནིའི་དོན་ལས་ ཚད་འདི་དཔའ་རྟགས་ཀྱི་ཚད་འབག་དགོ་པས་ ཁོ་རའི་དཔའ་རྟགས་ཀྱིས་འདི་ ཁོ་རའི་ལྟག་ཀོ་ཁྱབ་ཚུགས་དོཝ་མས། འ་ནཱ་ལས་འབག་སྟེ་ དེ་ལས་ ཏེ་འ་ནཱི་དཔའ་རྟགས་ཡང་ཕྲང་ཕྲང་བཏོནམ་ད་ལུ་
- བློ་བཟང་རྡོ་རྗེ་ Lobzang Dorjiསྐད་རྐྱབ་དོ་ཡོདཔ་མས་ ཏེ་འ་ནཱི་ག་དེ་སྦེ་བཏོན་ནི་སྨོ་ཟེར་བ་ཅིན་ ད་ལྟོ་མགུ་སྤུར་ཟེར་ འ་ནཱི་ང་བཅས་རའི་གྱི་རིང་དཔའ་རྟགས་ཀྱི་ གཡུ་པ་ལུ་ ལྕགས་སྐུད་ཅིག་དཀྱིས་སྟེ་འོང་མས་མེན་ན་ ཏེ་འ་ནཱི་ལྕགས་སྐུད་འདི་ བསྐོར་རེ་ཕུད་སྦེ་ བསྐོར་རེ་ཡར་ལྟ་བཏོན་དགོ་ཟེར་ ཏེ་ཤེས་ལྕམ་སྒྲོལ་མ་གིས་ལུང་བསྟན་ནུག ཏེ་བསྐོར་རེ་ཕུད་ བསྐོར་རེ་ཡར་ལྟ་བཏོན་ དེ་ལས་རྐྱངམ་ཅིག་བཏུབ་ དེ་མེན་པ་ཅིན་ ཕྲང་ཕྲང་འཐེན་པ་ཅིན་ འ་ནཱི་གྱི་གིས་ཡང་ ཏེ་ཕོ་རྒནམ་ཕོ་རྒནམ་ཟེར་ གཉིད་ཚོརཝ་ཨིན་ཟེར་ཨིན་མས།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ཁ་ཕྱེ་མི་བཅུག་ནི་ཨིན་མས། དེ་ལས་ཏེ་ བསྐོར་རེ་ཡར་ འ་ནཱི་ལྕགས་སྐུད་ཕུད་ མགུ་སྤུར་དེ་ཕུད་སྦེ་ དེ་ལས་བསྐོར་རེ་ཡར་བཏོན་ཏེ་ དེ་ལས་ འ་ནཱི་བཏོན་ཚར་ཞིནམ་ལས་ ཏེ་ཁོ་རའི་དཔའ་རྟགས་འདི་ མཐོ་ གླིང་གེ་སར་རྒྱལ་པོ་གིས་མཐོ་འཇལ་ཏེ་ དེ་ལས་རྐྱངམ་ཅིག་ མཐོ་འ་ནཱིམ་ཅིག་འདུག་ཟེར་འཇལ་ཏེ་ དེ་ལས་རྐྱངམ་ཅིག་ལོག་མར་བཙུགསཔ་ད་ལུ་ཡང་ ཕྲང་ཕྲང་བཙུགས་ནི་མེན་པས་གྱི་ ཏེ་དེ་ལས་ བསྐོར་རེ་སྐུདཔ་འདི་བསྡམས་ བསྐོར་རེ་མར་ཕུད་དེ་བཙུགས་ དེ་སྦེ་འབད་སྦེ་ དེ་ལས་འདི།
- བློ་བཟང་རྡོ་རྗེ་ Lobzang Dorjiདེ་ལས་ ལོག་སྟེ་ད་རུང་ སྒོ་སྒྲིག་ནང་ལས་མར་ལྕགས་ཐག་གུ་ལས་མར་བབས་ཏེ་ དེ་ལས་རྐྱངམ་ཅིག་ ཕུརཔ་མར་བཤུབ་སྟེ་ ལྕགས་ཐག་གཅིག་ཁར་བསྡུ་སྟེ་ དེ་སྦེ་འབད་དེ་ ཏེ་སྐྱོན་མེདཔ་བཟོ་སྟེ་ དེ་ལས་ དུས་གནམ་ཅིག་འབདཝ་ད་འབདན་ ཏེ་ཀྲིག་ཀྲི་ཁོང་གཉིས་ཀྱི་བཅའ་སྒྲིག་ག་ར་ཚུད་ཞིནམ་ལས་ དེ་ལས་ དུས་ད་རེས་ཨིན་ཟེརཝ་ད་ལུ་ ཤེས་ལྕམ་སྒྲོལ་མ་གིས་ ག་དེ་སྦེ་སླབ་བྱིན་ཡི་ཟེར་བ་ཅིན་ གླིང་གེ་སར་རྒྱལཔོ་ལུ་ ད་དུས་ཚོད་ད་རེས་ཉི་མའི་ཕྱི་རུ་ དེམ་ཅིག་ལུ་ ཁྱོད་དེ་སྦེ་འོང་དགོ་
- བློ་བཟང་རྡོ་རྗེ་ Lobzang Dorjiདེམ་ཅིག་ལུ་ དེ་སྦེ་བཏོག་འོང་ བཏོགཔ་ད་ལུ་ ཏེ་བདུད་ཀྱི་ ད་ལྟོ་ ཏེ་ག་ཅི་ལོ་ སྤྲུལ་པ་འབདཝ་ལས་ ཁོ་བདུད་འབདཝ་ལས་ ཁོ་གི་ལྟག་ཀོ་བཏོག་ཚརཝ་ཅིག་ ཏེ་ལོག་རྩ་མཐུད་འགྱོ་ནི་གི་ཉེན་ཁ་ཡོད་ འ་ནཱི་འདི་ ཁྱོད་ཀྱིས་ལྟག་ཀོ་བཏོགཔ་ཅིག་ ཏེ་ང་གིས་ གོ་ཐལ་བླུག་ནི་ཨིན་ཟེར་ ཏེ་ཤེས་ལྕམ་སྒྲོལ་མ་གིས་ གོ་ཐལ་བང་ཁྲ་གཅིག་ ཟུར་ཁ་སྦེ་བསྒྲིགས་བཞག་ནུག་ཟེརཝ་མས། དེ་ལས་ གླིང་གེ་སར་རྒྱལཔོ་གིས་ ཁོ་གིས་ ཉིནམ་ཅིག་ ཁོང་གཉིས་ཁ་འཆམ་སྦེ་ ཏེ་དགུང་སངས་རྒྱལ་པོའི་ལྟག་ཀོ་བཏོག་བཏང་བའི་བསྒང་ལུ།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ཁོ་གི་རྩ་ ལྟག་ཀོའི་རྩ་དང་གཟུགས་ཀྱི་རྩ་གཉིསཔོ་ དེ་སྦེ་པདཔ་གི་ཁ་བཟུམ་སྦེ་ དེ་སྦེ་མཐུད་ནི་གི་འོང་དེས་ཟེར་ཨིན་མས། མཐུད་པར་འོངམ་ད་ལུ་འབདན་ ཏེ་ཤེས་ལྕམ་སྒྲོལ་མ་གིས་ གོ་ཐལ་སྤར་ཅིག་ གོ་ཐལ་བང་ཁྲ་གཅིག་གཏོར་བཏང་སྟེ་ དེ་ལས་རྐྱངམ་ཅིག་རྩ་ཚུ་ལོག་མཐུད་མ་ཚུགས་ཟེར་ཨིན་མས། གཞན་འདི་ ལྟག་ཀོ་དང་གཟུགས་མཐུད་སྦེ་ ལོག་སྟེ་གླིང་གེ་སར་རྒྱལཔོ་ལུ་རྒོལ་ནི་ཨིན་ ཟེར་ཨིན་མས། ཏེ་འ་ནཱ་ལས་ གོ་ཐལ་གཏོར་ཞིནམ་ལས་འདི་ སླབ་རང་ ད་ལྟོ་ ཏེ་གོ་ཐལ་འདི་ པདཔ་འགྱུར་མི་འདི།
- བློ་བཟང་རྡོ་རྗེ་ Lobzang Dorjiགླིང་གེ་སར་་་་་ ཧོར་དགུང་སངས་རྒྱལ་པོའི་རྩ་གིས་གྱུར་གྱུརཝ་ཨིན་པདཔ་འདི་ཟེར་ ཏེ་ད་ལྟོ་ དེ་སྦེ་བརྩིཝ་འབདཝ་དོ་བ། དེ་འབདཝ་ལས་ ཏེ་ད་ལྟོ་ གོ་ཐལ་འདི་ བསྐོས་པ་བདུད་ཀྱི་ཁ་ནོན་ པདཔ་བདུད་ཀྱི་ཁ་ཨིན་ཟེར་ བདུད་ཀྱི་ཁ་ནོན་འདི་ གོ་ཐལ་ཨིན་ཟེར་ པདཔ་ལུ་གོ་ཐལ་གཏོརཝ་ད་ པདཔ་ཚུ་ག་ར་ཁ་བཀུགཔ་འགྱོཝ་ཨིན་ཟེར་ ཏེ་དེ་ལས་ གོ་ཐལ་གཏོར་ཞིནམ་ལས་བཀུགཔ་ རྩ་མཐུད་མ་ཚུགས་ དེ་འབདཝ་ལས་ གླིང་གེ་སར་རྒྱལཔོ་གིས་ ཧོར་དགུང་སངས་རྒྱལ་པོའི་བྱང་ཁོག་ཐོག་ཁར་འཛེག་སྟེ།
- བློ་བཟང་རྡོ་རྗེ་ Lobzang Dorjiདེ་ལས་{སྨན་ཇིམ་ཉི་}(ངལ་རངས་པའི་ཚིག་ཚུ་སླབ་སྟེ་) པགས་ཀོ་ཤུབས་སྦེ་ ཏེ་ད་གླིང་མཁར་སྟོད་ལུ་འགྱོ་བའི་སྐབས་ལུ་ ངེའི་རྟ་གི་ འ་ནཱི་ཁྱོད་ཀྱི་པགས་ཀོ་གིས་སྨད་ཐག་བཟོ་ནི་ཟེར་ དེ་ལས་གོང་ཐག་བཟོ་ནི་ཟེར་ དེ་ལས་ཁལ་ཐག་འབད་ནི་ཨིན་ཟེར་ དེ་སྦེ་{སྨན་ཇིམ་ཉི་} པགས་ཀོ་ཤུབས་ དེ་ལས་མགུ་ཏོ་བཏོག་ཚརཝ་ད་ མགུ་ཏོག་གིས་ལོང་སྟེ་ ཤེས་ལྕམ་སྒྲོལ་མ་ལུ་ ཁྱོད་ངེའི་གཉེན་གྲོགས་སྦེ་བཞག་སྟེ་ ཁྱོད་ཀྱིས་ང་ལུ་ཐབས་ཤེས་འ་ནཱི་བཟུམ་ གླིང་གེ་སར་ལུ་སླབ་བྱིན་ཏེ།
- བློ་བཟང་རྡོ་རྗེ་ Lobzang Dorjiཁྱོད་ཀྱིས་ང་ལུ་དེ་ཅིག་ [བློ་སྤུབས་ནི་བཟུམ་ཅིག་མ་མཐོང་?] ཧེ་མ་ལས་རང་ཁྱོད་ཟ་བཞག་རུང་ཀྲིཀ་ཀྲི་བཏང་ནུག་ཟེར་ ཡར་མགུ་ཏོ་གིས་ ལན་དེ་སྦེ་རྐྱབ་དེས་ ཧོར་དགུང་སངས་རྒྱལ་པོ་གིས་ཟེར་ ཕམ་ཚུ་གིས་དེ་སྦེ་གསུངས་དེས་ ཏེ་དེ་ལས་ ཧོར་དགུང་སངས་ལས་ བུ་གཅིག་སྐྱེས་ཏེ་ཡོདཔ་མས། ཏེ་དེ་ལས་ ཁོ་གིས་པགས་ཀོ་ཤུབས་སྦེ་ ཨ་ནཱ་ལས་ ཤི་ཚར་ཚརཝ་མས། དེ་ལས་ བུ་ཡོདཔ་མས་ དེ་ལས་འ་ནཱ་ལས་བུ་འདི་ ཁོང་གཉིས་ དེ་ལས་ཤེས་ལྕམ་སྒྲོལ་མ་ཁོང་གཉིས་ འ་ནཱ་ལས་
- བློ་བཟང་རྡོ་རྗེ་ Lobzang Dorjiདེ་ལས་ཡར་འཛོམས་སྦེ་ ཏེ་ཧོར་དགུང་སངས་བཀྲོངས་ཚར་ཏེ་འོངམ་ཨིན་མས་ འོངམ་ད་ལུ་ ཏེ་ད་ བུ་འདི་ ནང་ན་གསེར་གྱི་སླ་ང་ཡོདཔ་ཨིན་མས། ཏེ་དེ་ལས་ བུ་འདི་ བཀོ་བཞག་ནུག་ནང་ན་ མ་བཀྲོངས་པར་ ཏེ་ཁོང་གཉིས་འདི་འོང་ནུག་ དེ་ལས་ལམ་ཁར་ལྷོདཔ་ད་ ཡ་ངེའི་ཅ་ལག་གཅིག་ལུས་སོ་ནུག་ཟེར་ ཏེ་ལོག་སོངམ་ད་ལུ་འདི་ བུ་འདི་བསད་སྦེ་ དེ་ལས་ མགུ་མཇུག་ལོག་སྟེ་དཔྱངས་བཞག་ ཁྲག་ཐིགས་པ་མར་ལྟ་ གསེར་གྱི་སླ་ང་བཟེད་སྦེ་ སླ་ང་ལུ་ ཏེང་ཏེང་ཏེང་ སྐད་རྐྱབ་སྦེ་བཞག་ནུག
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་སྐད་རྐྱབ་སྦེ་བཞགཔ་ད་ལུ་ ཤེས་ལྕམ་སྒྲོལ་མ་གིས་ ཡར་ལབ་རྩ་ལུ་ལྷོདཔ་ད་ ཡ་ ངེའི་བུ་ལུས་སོ་ཡི་སྨོ་ ཟེར་སླབ་དེས་ཟེར་ཨིན་མས་ སླབ་ད་ལུ་ འ་ ཁོ་འདི་ག་ཅི་ ཁྱད་ག་ནི་ཡང་མེད་ མར་གསེར་གྱི་སླ་ང་རྡུང་སྡོད་ནུག ལྟ་ཤིག་ རྣམ་ཅོ་ཉན་སྨེ་ རྣམ་ཅོ་ཉན་བཅུགཔ་ད་ སྐད་ཏེང་ཏེང་རྐྱབ་དེས་ཟེར་ཨིན་མས། དབའེ་ ཨིན་འདྲས་སྨོ་ ཟེར་ཉནམ་ད་ སྐད་ཡང་བདེན་བདེན་རང་རྐྱབ་དེས་ ཟེར་ཨིན་མས། དེ་ལས་ཡར་ལྷོདཔ་ད་ ལབ་རྩ་བརྒལ་སོ་ནུག ལབ་རྩ་བཞི་དེ་ཅིག་ ལབ་རྩ་ལྔ་དེ་ཅིག་བརྒལ་འོང་དོ་ཡོདཔ་མས།
- བློ་བཟང་རྡོ་རྗེ་ Lobzang Dorjiདེ་ལས་ཏེ་ གླིང་གེ་སར་རྒྱལཔོ་གི་ འ་ནཱི་ཁོ་བདུད་ཀྱི་ ཧོར་དགུང་སངས་རྒྱལ་པོའི་བུ་དེ་གི་ལྟག་ཀོ་བཏོག་སྟེ་ རྐངམ་ལགཔ་བཞི་བཏོག་འབག་ ཕད་ཅུང་ནང་བཙུགས་འབག་འོང་དོཝ་མས། ཏེ་གཟུགས་རྐྱངམ་ཅིག་ མགུ་མཇུག་ལོག་སྟེ་མར་དཔྱངས་ ཁྲག་མར་གསེར་གྱི་སླ་ང་བཟེད་བཞག ཁྲག་གིས་སྐད་རྐྱབ་ད་ལུ་འདི་ ཏེ་ཨ་ལོ་སླ་ང་རྡུང་སྟེ་རྩེདམོ་སྡོད་ནུག་ཟེར་ ཤེས་ལྕམ་སྒྲོལ་མ་སེམས་ཁར་སྡུག་སྔལ་མེདཔ་བཟོ་ནི་དོན་ལས་ དེ་སྦེ་ཐབས་ཤེས་ གླིང་གེ་སར་གྱིས།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ བདུད་ཀྱི་ཨ་ལོ་འབདཝ་ལས་ གསད་མ་བཞག་པ་ཅིན་ ཤུལ་ལས་ད་རུང་ དགྲ་ལོག་འོང་ སངས་རྒྱལ་བསྟན་པ་ལུ་ དེ་སྦེ་བཞག་སྦེ་ དེ་ལས་ཡར་ལབ་རྩ་ལུ་ལྷོདཔ་ད་ལུ་ ལགཔ་གཡོནམ་གཅིག་བྱིན་དེས་ཟེརཝ་མས་ལོ་ གླིང་གེ་སར་རྒྱལ་པོ་གིས་ ལབ་རྩ་གི་ཕྱག་མཇལ། ཏེ་དེ་ལས་ འ་ནཱ་ལས་ཤེས་ལྕམ་སྒྲོལ་མ་དྲན་མེདཔ་ཡར་སོང་ནུག་ ཏེ་དབའི་ ཨ་ལོའི་ལགཔ་ཨིན་མས་ཟེར་ ཏེ་འ་ནཱ་ལས་ རྩ་འགེངས་ཡི་རང་དྲན་མེདཔ་འགྱོ་མི་ལོག་སངས་ཏེ་ ད་རུང་ ཡར་འགྲོས་ཀྱིས་སྦེ་འགྱོ་སྦེ།
- བློ་བཟང་རྡོ་རྗེ་ Lobzang Dorjiད་རུང་ ཡར་ལྷོདཔ་ད་ ད་རུང་རང་ ཏེ་རྐངམ་ཡ་གཅིག་ཕྱག་མཇལ་བྱིན་ནུག་ལབ་རྩ་ལུ། ལབ་རྩ་བཞི་ལྔ་དེ་ཅིག་འཕྱད་དོཝ་མས། ཏེ་འ་ནཱི་བཟུམ་མའི་ལབ་རྩ་རེ་ལུ་ རྐངམ་ལགཔ་རེ་བཏོན་ཡི་བཏོན་ཡི་བྱིན་ ཕྱག་མཇལ་ ལབ་རྩ་གི་ཕྱག་མཇལ་བྱིནམ་ད་ལུ་ ཏེ་ཤེས་ལྕམ་སྒྲོལ་མ་ ཚར་རེ་ཚར་རེ་དྲན་མེད་སོང་སྟེ་ ཏེ་ལགཔ་ལོགས་གཅིག་རྐངམ་ལོགས་གཅིག་ མཇུག་གི་ལབ་རྩ་སྦོམ་ལུ་ལྷོདཔ་ད་ མགུ་ཏོ་བྱིན་ཏེ་ དེ་ལས་ཤེས་ལྕམ་སྒྲོལ་མ་ ཏེ་ཨ་ལོ་འདི་བཟུམ་སྦེ་བསད་ཚར་ཡི་ད་ བསྐྱལ་སར་བསྐྱལ་ཡི་ཟེར་ ཏེ་དབུགས་བགམས་སྦེ་
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་དྲན་མེདཔ་ཚར་རེ་ཚར་རེ་སོང་སྟེ་ དེ་ལས་གླིང་གེ་སར་རྒྱལཔོ་གིས་ ཏེ་སེམས་གསོ་འབད་དེ་བློ་སླབ་སྟེ་ གཏམ་བཤད་དེ་ ཏེ་དྲན་མེདཔ་ལོག་སངས་སྦེ་ ལོག་སྟེ་ དེ་ལས་འ་ནཱ་ལས་འོང་དོཝ་མས། ཏེ་འོངམ་ད་ལུ་ ཏེ་ལམ་ཁ་ལུ་འདི་ ད་ཧོར་དགུངས་སངས་རྒྱལ་པོའི་བློན་པོ་བཟུམ་ཅིག་ ད་དཔེ་འབད་བ་ཅིན་ བཀྲ་ཤིས་སྒང་རྫོང་ཁག་བཟུམ་ཅིག་ལུ་སྲུང་སྟེ་སྡོདཔ་ཨིན་མས་ཁོ་གིས། ཨིན་ཡང་ཁོ་ཤ་པ་ཨིན་ལོ་ ཤ་པ་སྨིན་དྲུག་བརྩེགས་པ་ཟེར།
- བློ་བཟང་རྡོ་རྗེ་ Lobzang Dorjiཤ་པ་སྨིན་དྲུག་བརྩེགས་པ་ཟེར་སླབ་མས། ཨིན་ནི་འདི་ ཧོར་དགུང་སངས་རྒྱལ་པོའི་ ད་སྒོ་སྲུང་པ་བཟུམ་ཅིག་ཨིན་མས་ ད་ནཱ་ཤར་རྫོང་ཟེར་བ་ཅིན་ བཀྲ་ཤིས་སྒང་གི་ ཏེ་ད་ ག་ཅི་རང་ཨིན་རུང་ རྫོང་བདག་བཟུམ་ཅིག་སྦེ་ ཁོ་ལས་བཙག་དགོ་དོ་ཡོདཔ་མས། དེ་ལས་རྐྱངམ་ཅིག་ ཏེ་ཕར་གྱི་ འ་ནཱི་ཤ་པ་སྨིན་དྲུག་བརྩེགས་པའི་སྦོ་ལོགས་ཁར་ལྷོདཔ་ད་ ཏེ་ཤ་པ་སྨིན་དྲུག་བརྩེགས་པ་ དཔོན་བཟུམ་སྦེ་རང་སྡོད་དོ་ཡོདཔ་མས་ཁོ་ཡང་ གླུ་གཞས་ཤེས་མི་ཚུ་གིས་བསྐོར་ཏེ་ གླུ་གཞས་འཐེན་བཅུག་སྟེ་ ཁོ་ཁྲི་ཐོག་ཁར་བཞུགས་ཏེ་སྡོད་དོ་ཡོདཔ་མས།
- བློ་བཟང་རྡོ་རྗེ་ Lobzang Dorjiད་ འ་ནཱ་ལས་ གླུ་གཞས་མ་ཤེས་མི་ཚུ་འདི་ ཆུ་སྐྱེལ་བཅུག་ནུག ཆུ་སྐྱེལ་བཅུག་སྟེ་ ཏེ་ཆུ་སྐྱེལ་བཅུག་སྦེ་ དེ་ལསན་ཏེ་ ཤེས་ལྕམ་སྒྲོལ་མ་དང་ ཏེ་གླིང་གེ་སར་རྒྱལཔོ་གཉིས་སྦོ་ལོགས་ཁར་ འ་ནཱི་ཆུ་སྐྱེལ་མི་ཚུ་འཕྱད་འགྱོམཝ་ད་ ཏེ་ཁྱེད་ཆ་ཁྱབ་འདི་ ག་ཅི་འབདཝ་སྨོ་ཟེར་ ཆུ་སྐྱེལ་མི་ཚུ་ལུ་དྲིཝ་ད་འདི་ ཁོང་གླུ་གཞས་ཤེས་མི་ཚུ་ གླུ་གཞས་འཐེན་བཅུག་སྟེ་ཡོད་ ཤ་པ་སྨིན་དྲུག་བརྩེགས་པ་གི་མཐའ་བསྐོར་སྟེ་ ཏེ་ང་བཅས་གླུ་གཞས་མ་ཤེས་མི་ཚུ་འདི་ ཆུ་སྐྱེལ་བཅུག་ཏེ་ཡོད་ ཟེར་སླབ་ནུག
- བློ་བཟང་རྡོ་རྗེ་ Lobzang Dorjiཡ་ ཏེ་གླུ་གཞས་ང་གིས་སྟོན་བྱིན་གེ་ འཐེན་ན་ཟེར་སླབ་ད་ལུ་ ཏེ་འཐེན་གེ་ཟེར་ ཏེ་གླུ་གཞས་སྟོན་བྱིན་ནུག་ ཆུ་སྐྱེལ་མི་བུམོ་ཚུ་ལུ། ཏེ་གླུ་གཞས་འདི་ ཚིག་ག་དེ་སྦེ་སྟོན་བྱིན་ཡི་ཟེར་བ་ཅིན་ ཏེ་དེ་སྦེ་སྟོན་བྱིན་ནུག དགུང་སངས་རྒྱལ་པོ་བཤད་ལས་སོ། །ཤེས་ལྕམ་སྒྲོལ་མ་ཁྲིད་ལས་སོ། །ཟེར་གླུ་གཞས་སྟོན་བྱིན་ནུག དེ་ལསན་ཏེ་ འ་ནཱི་ཆུ་སྐྱེལ་མི་བུམོ་ཚུ་གིས་ ད་ང་བཅས་ཀྱིས་ཡང་གླུ་གཞས་ཤེས་ཟེར་ ཕར་ཤ་པ་སྨིན་དྲུག་བརྩེགས་པའི་གདོང་ཁར་ གླུ་གཞས་འཐེན་སྡོད་མིའི་གདོང་ཁར་འཐེན་ནུག གཅིག་ཁར་འགྱོ་སྦེ།
- བློ་བཟང་རྡོ་རྗེ་ Lobzang Dorjiགླུ་གཞས་འཐེནམ་ད་ལུ་ ཏེ་འ་ནཱི་གླུ་གཞས་འཐེན་བྱིན་ནུག་ཕར་སོང་སྟེ་ ད་ལྟོ་ང་གིས་སླབ་དོ་བཟུམ་སྦེ་ ཏེ་དགུང་སངས་རྒྱལ་པོ་བསད་ལས་སོ། །ཤེས་ལྕམ་སྒྲོལ་མ་ཁྲིད་ལས་སོ། །ཟེར་གླུ་གཞས་འཐེན་ནུག་ དེ་ལས་འདི་ གླུ་གཞས་ལེགས་ཤོམ་སྦེ་ འ་ནཱི་ ཤ་པ་སྨིན་དྲུག་བརྩེགས་པ་གིས་ རྣམ་ཅོ་ལེགས་ཤོམ་འབད་ཉན་སྦེ་ དབའེ་དབའེ་ འ་ནཱི་གླུ་གཞས་ག་གི་སྟོན་བྱིན་ཡི་ ཟེརཝ་ད་ ཕར་ མི་གཅིག་གིས་སྟོན་བྱིན་ཡི་ ཟེར་སླབ་ནུག དྲིཝ་ད་ལུ། ཡ་ཡ་ ད་གླིང་གེ་སར་རྒྱལཔོ་རང་ཨིན་མས། དགུང་སངས་རྒྱལཔོ་བསད་སྦེ་ ཤེས་ལྕམ་སྒྲོལ་མ་འཁྱིད་འགྱོ་དོ་ ཟེར་འདུག་བ་གླུ་གཞས་ཚིག་ནང་ན།
- བློ་བཟང་རྡོ་རྗེ་ Lobzang Dorjiདགུང་སངས་རྒྱལ་པོ་ ཏེ་བསད་ལས་སོ། །ཤེས་ལྕམ་སྒྲོལ་མ་ཁྲིད་ལས་སོ། །དེ་ལས་འདི་ ཤ་པ་སྨིན་དྲུག་བརྩེགས་པ་གིས་ ཏེ་ད་གླིང་གེ་སར་རྒྱལཔོ་རང་ཨིན་མས། ད་འབདན་ ད་མི་བཏུབ་ཟེར་ དེ་ལསན་ཏེ་ཁོ་གིས་ཧེ་མ་ སྒྲོ་གཟུགསམ་ལུ་ ཀྲེབ་གསར་ཟེར་སླབ་མས་བ་ འ་ནཱི་ནཱ་མགུ་ཏོ་གི་སྐྱ་བསྡམས་མི་ ད་ཡར་གྱི་ཐུགས་ཐགས་མཁར་ཁ་ནག་བཟུམ་ཅིག་གི་ཆ་ལུགས་བཟུམ་ཅིག་སྦེ་སྡོད་དོ་ཡོདཔ་མས། འ་ནཱི་སྐྱ་མགུ་ཏོ་བསྡམས་སྦེ་ འ་ནཱ་ལས་ཕར་གྱི་བཙུགས་འབག་སྟེ་ དེ་ལསན་ཏེ་ གླིང་གེ་སར་རྒྱལཔོ་རྒྱལ་བ་ཅིན།
- བློ་བཟང་རྡོ་རྗེ་ Lobzang Dorjiང་ ཡར་ལ་ཁ་ལས་བསང་མི་བཏང་ ཏེ་རྒྱ་གླིང་མི་འཕུ་ ཏེ་ང་རྒྱལ་བ་ཅིན་ ཡར་ལའི་རྩེ་ལས་བསང་བཏང་ནི་ རྒྱ་གླིང་འཕུ་འོང་ཟེར་ ཏེ་རྒྱ་གླིང་དེ་སྦེ་སེ་སྐོརམ་རྐྱབ་འབག་ནུག རྟ་གུ་བཞོན་སྦེ་ ཏེ་གྱི་བཙུགས་འབག་ཡར་སོ་ནུག དེ་ལས་ ཡར་ལ་གཅིག་བརྒལཝ་ད་ འཕྱད་དེས་ལོ་ ཧ་ལམ་ གླུ་གཞས་འཐེན་མི་ཚུ་གིས་གླུ་འཐེན་སྡོདཔ་ད་ལུ་ ཁོ་ལ་གཅིག་ཧ་ལམ་བརྒལ་ཡི་ལོ།
- བློ་བཟང་རྡོ་རྗེ་ Lobzang Dorjiལའི་རྒྱབ་ཁར་ལྷོདཔ་ད་ བདའ་ཟུན་ཏེ་ དེ་ལས་ཁོང་གཉིས་ ཏེ་བློ་ག་ནི་ཡང་མེད་པར་འཛིང་བཏང་པའི་བསྒང་ལས་ ཤ་པ་སྨིན་དྲུག་བརྩེགས་པ་ ཁེ་ཀོ་ཡོད་ལོ་བ་ཏེ་ ཏེ་དེ་སྦེ་འཛིང་བཏང་པའི་བསྒང་ལུ་ ཤ་པ་སྨིན་དྲུག་བརྩེགས་པ་གི་རྔུལ་ནག་འཐོནམ་ད་ལུ་ ཏེ་འ་ནཱི་ གླིང་གེ་སར་རྒྱལཔོ་ མེན་ གླིང་གེ་སར་རྒྱལཔོ་རྔུལ་ནག་འཐོནམ་ད་ལུ་ ཤ་པ་སྨིན་དྲུག་བརྩེགས་པ་ག་ནི་ཡང་མི་འབད་བས་ལོ། ཤ་པ་མིན་དྲུག་ གླིང་གེ་སར་རྒྱལཔོ་ ཧ་ལམ་ གཟུགས་ཁ་ལས་ཁྲག་ཙར་ཙིར་རེ་འཐོནམ་ད་རྐྱངམ་ཅིག་ འ་ནཱི་ཤ་པ་སྨིན་དྲུག་བརྩེགས་པ་གི་རྔུལ་ནག་ཨ་ཙི་རེ་འཐོན་དེས་ ཟེརཝ་མས་ལོ།
- བློ་བཟང་རྡོ་རྗེ་ Lobzang Dorjiདེ་ལས་རྐྱངམ་ཅིག་ ཤེས་ལྕམ་སྒྲོལ་མ་གིས་ལུང་བསྟན་བསྟནམ་མས། ཕུ་ཡི་ཤ་བ་རུ་ཅན་(རྭ་ཅན་)དང་། །གཙང་གི་ཉ་མོ་རུ་མེད་(རྭ་མེད་)གཉིས། །ཟེར་ གླུའི་ཚིག་འདི་བཟུམ་སྦེ་འཐེན་སྦེ་ ཏེ་ཕུ་ཡི་ཤ་བ་རྭ་ཅན་རང་རྒྱལ་འོང་ གཙང་གི་ཉ་མོ་ལུ་འདིན་ རྭ་མེད་ཟེར་ ཏེ་ཕུ་ཡི་ཤ་བ་ལུནི་ རྭཝ་འོང་སྨོ་ཤིག གཙང་གི་ཉ་མོ་ལུནི་ རྭཝ་མི་འོང་ཟེར་ འ་ནཱི་གཙང་གི་ཉ་མོ་ཕམ་ནི་འདྲས་ས་སྨོ་ ཏེ་ཕུ་ཡི་ཤ་བ་རྭ་ཅན་རྒྱལ་ནི་འདྲས་ཟེར་ གླུའི་ཚིག་ དེ་བཟུམ་སྦེ་ཤེས་ལྕམ་སྒྲོལ་མ་གིས་ ལུང་བསྟན་གྱི་གླུ་འཐེནམ་ད་ལུ་ དབའེ་ཁོ་གི་མགུ་ཏོ་གུ་ ག་ཅི་གི་རྭཝ་སྐྱེས་ཏེ་ཡོདཔ་ཨིན་ན་ཟེར།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་མགུ་ཏོ་གུ་ལྟ་བའི་བསྒང་ལས་ ཏེ་ཁོ་གི་མགུ་ཏོ་ཁར་ ཀྲེབ་གསར་ སྒྲོ་གཟུགསམ་བཙུགས་ཏེ་འདུག་ཟེར་ཨིན་མས། དེ་ལསན་ཏེ་ གླིང་གེ་སར་རྒྱལཔོ་གིས་ ཁོ་རའི་སྒྲོ་གཟུགསམ་ གླིང་གེ་སར་གྱི་ཕྱག་ལུ་ཚུད་དེ་ ཡར་ལས་མར་བཏོནམ་ཅིག་ དེ་ལས་གསོབ་སྦེ་ ཏེ་ཤ་པ་སྨིན་དྲུག་བརྩེགས་པ་ ཏེ་ཧོར་དགུང་སངས་ཀྱི་བློན་པོ་ཡང་ འ་ནཱ་ཁོ་གིས་བཀྲོངས་ཏེ་ དེ་ལས་རྐྱངམ་ཅིག་ ཏེ་ཁོ་རའི་ཆིབས་རྟའི་གུ་ལུ་ ཁོ་ར་དེ་སྦེ་ ཐོག་ཁར་བཀལ་ཏེ་ བསྡམས་སྦེ་ ཏེ་རྒྱ་གླིང་གཉིསཔོ་འདི་ ཁོ་གིས་རྒྱ་གླིང་འཕུ།
- བློ་བཟང་རྡོ་རྗེ་ Lobzang Dorjiརྒྱ་གླིང་འཕུ་སྦེ་འཐོན་སྨེ་ང་ ཡར་ལས་མར་ ང་རྒྱལ་བ་ཅིན་ ཟེར་སླབ་བཞག་སྟེ་ཡོདཔ་མས། ཏེ་མར་ལུ་བསང་བཏང་སྨེ་ ཟེར་སླབ་སླབ་ཨིན་མས། དེ་ལས་ཡར་ལས་མར་ ཁོ་རའི་ཕུངམོ་ ཁོ་རའི་རྟ་གུ་བསྡམས་སྦེ་ ཏེ་རྒྱ་གླིང་གཉིསཔོ་འདི་ རྟའི་ལྷ་པ་གཉིས་ནང་བཙུགས་སྦེ་ དེ་ལསན་ཏེ་ རྟས་ཐག་དྲངས་བཏངམ་ད་ལུནི་ཏེ་ ཡར་ལས་མར་རྒྱ་གླིང་འཕུ་དེས་ཟེརཝ་མས་ལོ་བ། རྒྱ་གླིང་འཕུཝ་ད་ བདེན་བདེན་རང་ ཏེ་བསང་བཏང་དོཝ་མས་ རྒྱ་གླིང་འཕུ་ མར་རྩ་བར་ ཁོང་ཆ་ཁྱབ་འཛོམས་སར་ལྷོད་ལྟཝ་ད་ལུ་ ཕུངམོ་རུལ་རུལཝ་སྦེ་ ཡར་རྟའི་གུ་ལུ་སྦེ་ལྷོད་དེས་ ཟེརཝ་མས་ལོ།
- བློ་བཟང་རྡོ་རྗེ་ Lobzang Dorjiརྒྱ་གླིང་ པཱ་པི་ པཱ་པི་ པཱ་པི་ཟེར་སྐད་རྐྱབ་དེས་ལོ། ལྟ་མ་བདེན་བདེན་རང་ ཏེ་ཤ་པ་སྨིན་དྲུག་བརྩེགས་པ་རྒྱལ་རྒྱལཝ་འདྲས་ཟེར་ ཏེ་བསང་བཏང་ལྟ་བའི་སྐབས་ལུ་ ཏེ་རོ་རུལ་རུལཝ་ རྟའི་གུ་ལུ་བཀལ་ས་མཐོང་སྟེ་ མར་ལྷོདཔ་ད་ འདི་བཟུམ་མའི་དབུགས་བགམས་པའི་ལོ་རྒྱུས་ ཏེ་འདི་བཟུམ་མའི་དགྲ་བོ་བསྒྲལ་སྦེ་ ཏེ་ང་བཅས་རའི་སངས་རྒྱས་བསྟན་པ་ ཧོར་དགུང་སངས་འདི་བཏུལ་ཏེ་ དེ་སྦེ་ཨིན་ཟེར་བའི་ ད་དེམ་ཅིག་ ང་གིས་ ཧེ་མ་ཕམ་ཚུ་ལས་ཉན་ཉནམ་ཨིན།། །།