Video Overview
The story of Jadrung is originated from Khangma village of Yurung gewog under Pemagatshel District. The story mainy narrates about how Jadrung was appointed as the Chamberlin of the lord that time. Jadrung means an Indian province who went up to Dungsam as a gurp (servant) to serve a lord of Dungsam. Although he stayed for six years as a gurp, he never had a chance to meet with the lord. One day the lord took the chili pounded by Jadrung, the chili was pounded so specially that lord likes the taste of it. After taking the meal the lord asked who the chef is. Tell him to meet me. After meeting the lord, the lord told that you are not meant to be in the kitchen as a servant and from today you will work as my Chamberlin. Then from there Jadrung served as a Chamberlin to the Dungsam lord. The story shows how our hard work and dedication to our work is rewarded at last.
བྱ་དྲུང་གི་སྲུང་འདི་ པད་མ་དགའ་ཚལ་རྗོང་ཁག་ གཡུ་རུང་རྒད་འོག་གཡུས་ཁང་མ་ལུ་ འབྱུང་ནུག སྲུངའདི་ཡང་བྱ་དྲུང་འདི་ ཧེ་མ་ག་དེ་འབད་རྒྱལ་པོའི་ གཟིམ་དཔོན་འབད་ བཀལ་གནང་ཡི་ག་གིསྐོར་ལས་ཨིན་མས། བྱ་དྲུང་ཟེར་མི་འདི་ཡང་ རྒྱ་གར་གི་མངའ་སྡེ་ གདུང་བསམ་ལུ་ རྒྱལ་པོ་གིས་བྱ་རོགས་འབད་ འགྱོ་མི་ལུ་སླབ་ཨིན་མས། ཁོ་ལོ་དྲུག་དེ་ཅིག་བྱ་རོགས་འབད་ སྡོད་རུང་ཁོ་རྒྱལ་པོ་དང་ མཇལ་ནིའི་གོ་སྐབས་ཅིག་མ་འཐོབ་པས། ཉིནམ་གཅིག་འབདཝ་ད་ རྒྱལ་པོ་གི་བྱ་དྲུང་ཀྱིས་བརྡུང་བའི་ཨེ་མ་འདི་ འབག་འགྱོ་ནུག བྱ་དྲུང་ཀྱིས་ཨེ་མ་འདི་ ག་ནི་བ་ཞིམ་ཏོག་ཏོ་འབད་་བརྡུངམ་ལས་ རྒྱལ་པོ་ཡང་ཐུགས་ཉེས་ནུག བཞེས་སྒོ་བཞེས་ཚར་ཞིནམ་ལས་ རྒྱལ་པོ་གི་ ཐབ་དཔོན་ག་སྨོ་ཟེར་འདྲི་ཞིནམ་ལས་ ཁོ་རྒྱལ་པོ་དང་ཕྱེད་ཟེར་གསུངས་ནུག། ཁོ་རྒྱལ་པོ་དང་ཕྱེད་ཞིནམ་ལས་ རྒྱལ་པོ་འདི་གི་ཁྱོད་ ཐབ་ཚང་ནང་ལཱ་འབད་ནི་མེན་པར་ ད་རེས་ལས་ངེ་གི་གཟིམ་དཔོན་ འབད་སྡོད་ཟེར་གསུངས་ནུག། དེ་ལས་ཚུར་བྱ་དྲུང་འདི་ གདུང་བསམ་རྒྱལ་པོ་གི་གཟིམ་དཔོན་འབད་ཕྱག་ཞུ་ནུག སྲུང་འདི་གིས་ ང་བཅས་ཚུ་ལཱ་ག་ཅི་ར་འབད་རུང་ བརྩོན་ཤུགས་བཀལ་འདི་འབད་བ་ཅིན་ མཇུག་ལུ་ལེགས་ཤོམ་འགྱོ་བའི་སྐོར་ལས་ ཨིན་མས།
- Yurung
- Pemagatshel
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ང་བཅས་ར་ ཁང་མ་ཟེར་ མིང་བཏགས་མི་འདི་ དང་པ་ ཏེ་ས་ཁང་མ་ཟེར་ ས་གས་འགྱོ་ས་གི་ནང་ན་ ས་གས་ཏེ་ཡོད་ཟེར་ ས་གས་ཏེ་འདུག་ ནང་ན་ལས་མར་བལྟ་རུང་ ཏེ་མར་ག་ཅི་ལོ་ གོང་རི་མཐོང་བའི་ས་ཡོད་ འ་ནཱི་འབད་ནི་དེ་གིས་ ཏེ་ཁང་མ་ཟེར་ མིང་དེ་སྦེ་བཏགས་ཏེ་འདུག
- ལྷ་བརྒྱ་དབང་འདུས་/Lhaja Wangdi:དེ་ལས་འ་ནཱ་ལས་ ད་ལྟོ་ རྒྱ་དྲུང་ཟེར་ གདུང་བསམ་རྒྱ་དྲུང་ཟེར་ ཏེ་ང་བཅས་ནཱ་ ཁང་མ་ལུ་ཆགས་ནུག ཁང་མ་ཆགས་ཞིནམ་ལས་ ད་ལྟོ་མར་ ཏེ་ཁོ་འདི་ ཡར་སྒརཔ་འབད་བར་འགྱོ་ སྒརཔ་འབད་བར་འགྱོཝ་ད་ལུ་ ལོ་ལྔ་ ལོ་དྲུག་ཚུན་ཚོད་ ཏེ་དཔོན་མ་མཇལ་བར་སྡོད་ནུག
- ལྷ་བརྒྱ་དབང་འདུས་/Lhaja Wangdi:དཔོན་མ་མཇལ་ཞིནམ་ལས་ ཏེ་ཕར་ལུ་ཨེ་མ་བརྡུང་བརྡུངམ་ཨིན་པས། ཨེ་མ་བརྡུངམ་ད་རྐྱངམ་ཅིག་ ལོ་དྲུག་ཟེརཝ་ད་ ཨེ་མ་བརྡུངམ་ད་ལུ་ ཏེ་གནམ་མེད་ས་མེད་མ་འདྲཝ་སྦེ་ བརྡུང་བརྡུངམ་ཨིན་པས། ཏོག་ཏོག་ཏོག་བཏང་ ཏེ་འ་ནཱི་བརྡུང་ཞིནམ་ལས་ དེ་ལས་རྐྱངམ་ཅིག་ ཏེ་ཨའེ་ ཨ་ནཱི་ཐབ་ཚང་པ་ག་སྨོ? ཡར་ཤོག་ ཟེར་གསུངས་གསུངསམ་མས།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ེཏེ་གསུངས་ཞིནམ་ལས་ ཁོ་ཡར་དཔོན་གྱི་ཞབས་སར་བཅར་ནུག དེ་ལས་དཔོན་གྱི་ཞབས་སར་བཅར་ཞིནམ་ལས་ དེ་ལས་རྐྱངམ་ཅིག་ ཁོ་དང་མཉམ་ དཔོན་དང་མཉམ་ ཁྱོད་ཨ་ནཱི་ཐབ་ཚང་ནང་སྡོད་ནི་མེན་པས། ཁྱོད་འདི་ང་དང་གཅིག་ཁར་དགོ་པས་ཟེར་ དེ་ལས་ ཏེ་དཔོན་གྱི་གཟིམ་དཔོན་འབད་ ཏེ་ལོ་དྲུག་བཞུགས་ནུག ཕར་དེ་སྦེ་ཕྱག་ཕྱིད་ཞུ་ནུག
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཏེ་ཕྱག་ཕྱིད་ཞུ་ཞིནམ་ལས་ དེ་ལས་རྐྱངམ་ཅིག་ ཏེ་ཡ་་་་ ཁྱོད་ཀྱིས་ལྕོགས་འོང་ མར་རྒྱ་དྲུང་ཟེར་མི་འདི་ ཏེ་ནཱ་ལས་མར་ ཨ་ནཱི་ས་ འ་ནེམ་ཅིག་ཨིན་ཟེར་ མཐོང་མི་གི་ས་ཅིག་ལུ་རྒྱ་ཟེར་ རྒྱ་ཡོད་ཨ་ལི་ལས་ཡར་ལྟ་ འ་ནཱ་ལུ་འགྱོ་ ཁྱོད་ཀྱིས་ རྡོ་ཡར་ལས་མར་བཏངམ་ད་ ས་ག་ཏེ་སྡོད་ཅི་ག་ དེ་ལས་ ཏེ་རྡོ་ཨ་ལི་ལུ་ལྷོདཔ་ད་ལུ་སྡོདཔ་ད་ལུ།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:དེ་ལསན་ ཏེ་རོང་ཡ་ལས་ ཡར་ལྟ་ས་བང་ནུག ས་བང་ཞིནམ་ལས་ ཏེ་རྒྱ་གར་ཚུ་ཡར་འཁྱིད་འོང་ དེ་ལས་ཁོ་གིས་མར་འགྱོ་ དྲུང་པ་སྦེ་ལཱ་འབད་ དེ་ལས་ཡར་ལྟ་ རྒྱ་གར་ཚུ་འཁྱིད་འོང་ རྒྱ་གར་ཚུ་འཁྱིད་འོང་ ནཱ་ལུ་ལཱ་འབད་སྦེ་བཀོལ། བཀོལཝ་ད་ལུ་ ཏེ་ནཱ་ལས་ཧ་ལམ་ཅིག་ལས་ཁོང་ཆ་ཁྱབ་ རྒྱ་གར་ཚུ་མ་པ་ལས་རང་འབད་མ་ཚུགས་པར་ བཟའ་ནི་འཐུང་ནི་མེདཔ།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཏེ་འ་ནཱི་སྦེ་འབྱོག་འགྱོ་སྦེ་ འབྱོག་འགྱོཝ་ད་ལུ་ ཏེ་མར་ཐུང་ཤིང་ཟེར་ས་ལུ་ གདང་རེ་གཅིག་ཡོད། མཆོད་རྟེན་གདང་རེ་གི་སྦོ་ལོགས་ཁར་ལྷོདཔ་ད་ལུ་ ནཱ་ལུ་གསོལ་ཁ་བཏང་བཏངམ་ཨིན་པས། ནཱ་ལས་གསོལ་ཁ་བཏངམ་ད་ལུ་ ཏེ་མར་འགྱོ་མ་ཚུགས་པར་ ཁོང་ཆ་ཁྱབ་ཀྱི་གཡུས་ཁར་ལྷོད་ལྷོདཔ་ཨིན་ཟེར།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:འ་ནཱི་ནང་གླུ་གཞས་འཐེན་ ཏེ་འ་ནཱི་སྦེ་སྡོདཔ་ད་ལུ་ ལོག་འཁྱིད་འོང་ཞིནམ་ལས་ ཕར་ལས་འདི་ ནཱ་ལས་འ་ནཱི་ འབྱོར་རྟགས་བྱིན་ དེ་ལས་ཁྱེད་ འུར་ལཱ་འབྱོར་ཡི་ཟེར་ འབྱོར་ཞིནམ་ལས་ འབྱོར་རྟགས་བྱིན་བཏང་ནུག ཏེ་བཏང་ཞིནམ་ལས་ འ་ནཱི་བུམོ་འདི་ ཁོ་གི་ཐབ་ཚངཔ་སྦེ་ནཱ་ལུ་བཞག་བཞགཔ་མས་རྒྱ་དྲུང་གིས། ཏེ་རྒྱ་དྲུང་གིས་བཞགཔ་ད་ལུ་ མཐོང་ལེགས་བུ་ཆུང་གིས་ ཨའེ་་་ ཁྱོད་ཀྱི་བུམོ་ ང་དགོ་ནི་མས་ཟེར་ ང་གཉེན་རྐྱབ་གེ་ཟེར་ ཏེ་ང་འ་ནཱི་སྦེ་ལྷང་ཡི།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ལྷངམ་ད་ལུ་ ཏེ་བྱིན་ནུག ཏེ་ཨིན་ན་ཟེར་ ཡ་བཏུབ་ཟེར་བྱིན་ནུག བྱིན་ཚར་ཞིནམ་ལས་ ཏེ་ལོ་དག་པ་ཅིག་སྡོད་སྡོདཔ་འདྲས་ དེ་ལས་ཧ་ལམ་ཅིག་ལས་ ཏེ་ཁྱོད་ཁོ་གི་བུམོ་མེན་ ཁོ་གི་བུམོ་མེན་པར་ མོ་་་་་ རྒྱ་གར་ཟམོ་ཨིན། ཁྱོད་ལུ་འ་ནཱི་བཟུམ་སྦེ་ ཁྱོད་གཉེན་རྐྱབ་ནུག གཉེན་རྐྱབ་འབདཝ་ལས་ དེ་ལས་འ་ནཱི་རྒྱ་གར་ཟམོ་འདི་ ཁྱོད་ཕོག་ཆི་ཡི་ ཟེརཝ་ད་ལུ།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཨིན་ན་ཟེརཝ་ད་ ཨིན་ཟེར་ འ་ནཱི་བཟུམ་སྦེ་སླབ་ཞིནམ་ལས་ ཏེ་མོ་འདི་ ང་ཁོ་གི་བུམོ་ཨིནམ་འདྲས་ཟེར་ གཉེན་རྐྱབ་ཅི། ཏེ་ང་འ་ནཱི་མེན་པས་ དེ་ལས་ཁོ་གསད་རང་གསད་ནི་ཟེར་ ཏེ་བསད་སྦེ་ འ་ནཱ་ལས་འདི།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཏེ་ཁོ་བཀྲོངས་ དེ་ལས་བཀྲོངས་ཞིནམ་ལས་ ཏེ་འ་ནཱི་མ་སྨད་ཚུ་ ཡ་་་ ང་བཅས་ཆ་ཁྱབ་ཀྱི་ཨ་པ་འདི་བཀྲོངས་ཡི་སྨོ་ད་ བསད་ད་ཡི་ ཏེ་ང་ ང་བཅས་ཆ་ཁྱབ་འགྱོ་གེ་ཟེར་ ད་འབདན་རང་གི་ཕར་གཡུས་ཁར་འགྱོ་ནི་ཟེར་ ཁང་མ་ལས་ཨིན་མས་ ཁོ་རའི་ཨའི་གི་ག་ཅི་ལོ་ས་ཆ་འདི་ ཏེ་སྐྱེངས་མཁར་ཁང་མ་ཟེར་ས་ལས།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:དེ་ལས་སྐྱེངས་མཁར་ཁང་མ་ཟེར་ས་འགྱོཝ་ད་ལུ་ ཏེ་སྤག་ཤིང་བཙུགས་འབག་སྟེ་ ང་བཅས་རའི་མར་ ཝའི་ལམ་འཛོམས་མོ་ཟེར་སའི་གད་པ་ལུ་ ཏེ་འ་ནཱི་ ཆད་ན་མ་ཆད་དར་ན་མ་དར་ འ་ནཱི་སྤག་ཤིང་འདི་སྐྱེ་བཅུག་ཅིག་ཟེར་ བཙུགས་བཙུགསཔ་ཨིན་ཟེར་ ཏེ་ཆད་ཡང་མ་ཆད་ དར་ཡང་མ་དརཝ་སྦེ་ འ་ནཱི་སྦེ་རང་སྡོདཔ་ཨིན།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཏེ་དེ་ལས་ མོ་རའི་འཁརཝ་གཅིག་འབག་ ཏེ་དེ་ལས་ད་རུང་ཕར་ སྐྱེངས་མཁར་ལྷོདཔ་ད་ ཡ་ ང་འ་ནཱ་ལུ་བསྟན་པ་ཡོད་པ་ཅིན་ འ་ནཱི་འདི་སྐྱེ་བཅུག་ཅིག་ཟེར་ མོ་རའི་འཁརཝ་བཙུགས་འབག་མི་འདི་ མགུ་འགྱུར་ལོགས་ཏེ་བཙུགས་བཞགཔ་ད་ལུ།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཏེ་སྐྱེས་སྐྱེསཝ་མས། དེ་ལས་འ་ནཱི་སྐྱེས་ཞིནམ་ལས་ ཏེ་ད་ལྟོ་ ཚིགས་མགུ་འགྱུར་སྦེ་ཡོད། དེ་ལས་འ་ནཱ་ལས་ མོ་ར་ཕར་ལྷོད་ཞིནམ་ལས་ཚུར་ མོ་རའི་སྲས་གཉིས་ མདའ་ར་རྩེད་བཅུག་སྟེ་ ལཱ་གཞན་ག་ཅི་ཡང་མ་འབད་བར།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:འབའ་ལུ་ཕོག་ཕོག་ས་རང་སྡོད་སྡོདཔ་མས། དེ་ལས་ལྷོདཔ་ཅིག་ཁ་ལས་ སྒོང་རྡོག་བཀལ་བཀལཝ་མས། ཏེ་སྒོང་རྡོག་བཀལ་རུང་ཡང་ཕོག་ཕོགཔ་མས། ཕོ་རྒནམོ་གིས་དང་ནུ་གཅུང་གིས་དང་ སྒོང་རྡོག་གས་ནུག དེ་ལས་འ་ནཱ་ལས་ ད་རུང་མེནམ་པས་ ཁྱེད་གཉིས་ཀྱིས་ སྒོང་རྡོག་སྦོམ་ལུ་འདི་ཕོགཔ་མས།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཏེ་འ་ནཱི་ཆུང་ཀུ་ ཁབ་ལུང་{སྐུདཔ་བརྒྱུ་ས་གི་དོང་}ལུ་ཕོག་པ་ཅིན་ ཁྱེད་གཉིས་ཀྱིས་ཨིན་ཟེར་ ཁོ་གི་བྱང་འཕྱད་ལྕོགས་ཟེར་ ཏེ་ཁབ་ལུང་བཙུགས་བཙུགསཔ་མས་ འ་ནཱི་འབའ་གུ། ཏེ་འབའ་གུ་འ་ནཱི་བཙུགས་ཞིནམ་ལས་ ད་རུང་ ཏེ་ཕོ་རྒནམོ་གིས་རྐྱབ་རུང་ འ་ནཱི་ཁབ་ལུང་ནང་ཕོག་ཕོགཔ་མས། ཏེ་ནུ་གཅུང་གིས་རྐྱབ་རུང་ནུ་གཅུང་གིས་ཡང་ཕོག་ནུག
- ལྷ་བརྒྱ་དབང་འདུས་/Lhaja Wangdi:དེ་ལས་འ་ནཱི་འབད་ཞིནམ་ལས་ ཏེ་ ཡ་ ཁྱེད་གཉིས་ཀྱིས་ ཁོ་གི་བྱང་འཕྱད་ལྕོགས་སྨ་རེད་ ཁོ་འ་ནཱི་སྦེ་འགྱོཝ་སྦེ་གསད་སྨེ་ ཁོ་ང་བཅས་ཀྱི་ཁྱིམ་ནང་ ང་བཅས་ཀྱི་ཨཔ་དང་ ང་བཅས་ཀྱི་ས་ཟ་ ཁོ་ངོ་སྟོན་ཏེ་ ཁོ་འ་ནཱི་སྦེ་སྡོད་ནུག
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཁོ་གསད་ད་ཟེར་ དེ་ལས་བཏང་སྟེ་ དེ་ལས་འ་ནཱ་ལས་ མར་ག་ཅི་ལོ་ ལྡེམ་རི་ལས་ཡར་ལྟ་འོངམ་ད་ལུ་ རྡོ་ཆང་ཟེར་ རྡོ་ཆང་ལས་ཡར་ལྟ་ འ་ནཱི་བསྐོར་ལམ་ཤ་རང་ཟེར་ བསྐོར་འོང་ས་ལུ་ བསྐོར་ལམ་ཤ་རང་ཟེར་ཡོད་ལགས། དེ་ལས་འ་ནཱ་ལས་ ཡ་ ཁོ་བསད་ཚུགས་པ་ཅིན་ ཏེ་འ་ནཱི་བསང་རི་ཟེར་ཡོད་ འ་ནཱ་ལུ་ ཁྱོད་བསང་གཏང་སྨ་རེད་ཟེར་ ཏེ་འ་ནཱི་འབད་ཞིནམ་ལས་ ཏེ་བསྐོར་འོང་སྟེ་ ནཱ་ཕར་ཚུར་འོང་ ཉི་མ་ཉི་མ་ལུ་འདི་ [ཉལ་དོ་འོང་ཟེར་?] གྱིབ་མ་ནང་འཛུལ་སྡོད།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:དེ་ལས་ལྷོདཔ་ཅིག་ ཕྱི་རུ་ཕྱི་རུ་འབདཝ་ད་ལུ་ རྒྱབ་འགྱིམ་ཡི་འགྱིམ་ཡི་འོང་ ཏེ་བཤལ་འགྱོ་ ཞག་བདུན་ཟེརཝ་ད་ལུ་ ལྷོདཔ་ཅིག་ གསུར་གྱི་དུས་ཚོད་ཡར་མར་ཅིག་ཁར་ ངོ་མ་ཤེསཔ་ཅིག་ནང་ན་ལུ་ ཏེ་ཁོ་ མར་ལྟ་སྟེ་ ག་ཅི་ཅིག་མཐོང་མས་ས་ཟེར་ མར་ལྟ་སྟེ་སྒོ་སྒྲིག་ལས་མར་མཐོང་སྟེ་བལྟ་སྡོདཔ་ད་ལུ།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:ཏེ་ ཕོ་རྒནམོ་དང་ནུ་གཅུང་གིས་ གཅིག་གིས་དཔྱལཝ་ལུ་ཕོག་ གཅིག་གིས་ ཏེ་འ་ནཱི་ཨོལ་ལྐོག་ཁར་ཕོག་སྟེ་ ཏེ་འ་ནཱི་བསད་ནུག བསད་ཞིནམ་ལས་ ཨ་ནཱི་རྒྱ་གར་བཟངམོ་གིས་ ཨའེ་་་་ ཨིན་ང་གི་ ད་འབདན་བསད་ད་ཡི་སྨོ་ཟེར་ ཁོང་ཆ་ཁྱབ་ བཟའ་ནི་འཐུང་ནི་མ་བྱིན་མི་ ས་འདི་ འཕྲོ་བརླག་བཏང་བཅུག་གེ་ཟེར་ མ་པ་དམོད་གནང་ས་ཟེར་མི་འདི་ ཧེ་མ་བསམ་གྲུབ་རྩེ་ཟེར་མི་དེ་ཨིན།
- ལྷ་བརྒྱ་དབང་འདུས་/Lhaja Wangdi:དེ་ལས་འ་ནཱ་ལས་ འ་ནཱི་ས་མཐའ་འཁོར་ཚུ་ ཁྲག་གིས་ འ་ནཱི་རྡོབ་ནང་ ཧེ་མ་འདི་རྡོབ་ཟེར་འབག་འོང་ འ་ནཱི་རྡོབ་འབག་སྟེ་ མར་འབག་འགྱོཝ་ད་ལུ་ ཏེ་འ་ནཱི་གཏོར་སྦེ་ ཏེ་འ་ནཱ་གི་ས་བཟའ་བ་ཅིན་ ཡང་ན་སྦོ་སྟེ་ ཡང་ན་སྐམ་སྟེ་ དེ་སྦེ་ར་ཤི་བཅུག་ཟེར་ འ་ནཱི་ས་བཟའ་མ་བཏུབ་ཅིག་ཟེར་ འ་ནཱི་རྒྱ་གར་བཟངམོ་གིས་ ཏེ་འ་ནཱ་ལུ་དམོད་མོ་བཏབ་བཏབ་ཨིན་པས། འ་ནཱི་དམོད་མོ་བཏབ་ཞིནམ་ལས་ མོ་རའི་ཁྲག་ཡང་ཨ་ནཱ་ལས་མར་ ནགས་ཚལ་ནང་ལས་མར་ལྟ་འབདཝ་ད་ དེ་ལས་འ་ནཱི་ཐགཔ་བདོག་འགྱོཝ་སྦེ་ ཁྲག་ཡང་འ་ནཱ་ལུ་འབོ་ད་ནུག
- ལྷ་བརྒྱ་དབང་འདུས་/Lhaja Wangdi:གཞན་འདི་ མོ་གིས་འ་ནཱ་ལས་མར་རང་ བཟའ་མ་བཏུབ་བཟོ་བཟོཝ་འོང་ནི་མས། ཏེ་མོ་ར་གི་སྐལཝ་མ་སྡོདཔ་མས། ཏེ་འ་ནཱི་ནང་འབོ་ད་ནུག་ལགས། ཧེ་མ་ རྒྱལ་བ་གོངམ་ཚུ་གིས་ དེ་སྦེ་གསུངས་དེས་ འ་ནཱི་འདི་ང་གིས་ ད་ལྟོ་དེ་སྦེ་ཞུཝ་ཨིན་ལགས།། །།