Skip to main content Skip to search
04 Jun 2018
5 min 55 sec
Video Overview
Creators: 
Dawa Tshering

A king ordered his subject to make cloth out of stone. The subject's son was extremely poor, but he was also very clever. He asked for sand thread to sew stone cloth. Thus, the king lost to the poor boy and reveals the ultimately cursory nature of power. 

༉  ཆུ་ཁ་སྤང་མེ་ཁ་ལས་ པདྨ་བཟང་མོ་གིས་གཏང་མི་སྲུང་འདི་ རྒྱལ་ཁབ་ནང་ ད་རེས་ནངས་པ་བཟུམ་སྦེ་ དམངས་གཙོའི་རིང་ལུགས་དེ་མ་བཙུགས་པའི་ཧེ་མ་ རྒྱལ་ཁབ་དེ་རྒྱལཔོ་ཚུ་གིས་འབད་སྐྱོང་སྡོད་པའི་སྐབས་སུ་ དབང་ཚད་ཆ་མཉམ་རྒྱལ་པོའི་ཕྱག་ལུ་འབདཝ་ལས་ མི་སེར་རེམ་གཉིསམ་ ཨ་ཙི་དྲག་དོ་ཟེརཝ་ད་ར་ འབད་ཚུགསནི་ བང་ཅན་དབང་ཅན་བཙོང་སྟེ་ འབད་མ་ཚུགསནི་ ཐབས་ཤེས་གནས་སྐབས་ཀྱི་སྒོ་ལས་འབད་ ཁྲལ་དང་འུར་ལཱ་ཚུ་བཀོལ་ཏེ་ སྡུག་སྦྱོང་བཏང་བའི་ལོ་རྒྱུས་ཚུ་ཡོད་དོ་བཟུམ་སྦེ་ སྲུང་འདི་ནང་ཡང་ རྒྱལཔོ་ཅིག་གིས་ སྤྱང་ཀའི་བུཚ་ཅིག་ལུ་ རྡོའི་གོ་ལ་བཙེམ་བཅུག་བཅུགཔ་དང་ གླང་གི་བའུ་ཅུང་འཚོལ་བཅུག་པའི་སྐོར་ལས་ཨིན་པས། དེ་འབདཝ་ད་ རྒྱལཔོ་དེ་དབང་ཤུགས་ཆེ་སྟེ་འབད་རུང་ སྤྱང་ཀའི་བུཚ་དེ་ རིག་པ་གསལ་དྲགས་འབད་ནི་དེ་གིས་ ག་དེ་སྦེ་འབད་བལྟ་རུང་ བུཚ་དེ་གླགས་འཁེལ་མ་ཚུགས་པས། དེ་ཡང་ རྒྱལཔོ་དེ་གིས་ བུཚ་དེ་ལུ་རྡོའི་གོ་བཙེམས་འབག་ཤོག་ཟེརཝ་ད་ བུཚ་དེ་གིས་ རྡོའིའ་གོ་བཙེམ་ནི་གི་དོན་ལས་ བྱེམ་གྱི་སྐུདཔ་དགོ་པས་ ཟེརཝ་ལ་སོགས་པའི་ཐོག་ལས་རིག་པ་བཏང་སྟེ་ འབད་ར་མ་ཚུགས་པས། སྲུང་འདི་ནང་ལས་འཐོན་དོ་བཟུམ་སྦེ་ སྔར་གྱི་བསོད་ནམས་ཀྱི་སྟོབས་ཀྱིས་ཐོབ་པའི་ སྟོབས་དང་གོ་ས་ག་དེ་ཅིག་སྦོམ་སྟེ་འབད་རུང་ ནང་སེམས་ཀྱི་རིག་པ་དེ་ ཐ་ན་མི་ཉམ་ཆུང་ཅིག་ལུ་ཡང་ཡོད་ཟེར་ སྟོནམ་ཨིན་པས།

Transcript search
No results found for this search
0 of 0
  • པདྨ་བཟང་མོ
    Pema Zangmo: དང་ཕུ་དང་ཕུ་གཡུས་ཅིག་ནང་ལུ་ཨཔ་ཅིག་དང་བུ་ཅིག་ཡོདཔ་མས་ལོ་ཏེ་ དེ་ལས་རྒྱལཔོ་ཅིག་ཡང་ཡོདཔ་མས་ལོ་ དེ་ལས་ཚར་ཅིག་གི་ཚེ་རྒྱཔོ་འདི་མར་ཨཔ་དང་བུ་འདི་གི་ཁྱིམ་ནང་བཤལ་སྦེ་འོང་འོངམ་མས་ལོ་ དེ་ལས་བུ་འདི་གི་ཨཔ་འདི་ལུ་སླབ་སླབ་མས་ལོ་བུ་འདི་ བུ་འདི་ལུ་དྲི་དྲིསཝ་མས་ལོ་ཞབས་འདི་གིས་ རྒྱལཔོ་འདི་གིས་ དབའེ་ཨ་ལོ་ཨ་པ་ག་ཏེ་སྨོ་སླབ་སླབ་མས་ ཨ་པ་མིག་ཏོ་འཚོལ་བར་ཡར་སོ་ཡི་སླབ་སླབ་མས།
  • པདྨ་བཟང་མོ
    Pema Zangmo: དེ་ལས་ དབའེ་ཨ་ལོ་འདི་གིས་བློ་མ་འདྲཝ་ཅིག་སླབ་དོ་ ད་ག་དེ་སྦེ་སླབ་ཨིན་ན་སྨོ་ ཏེ་ཚར་ཅིག་ཨཔ་འདི་སྒུག་སྡོད་བལྟ་གེ་མནོ་ཟེར་མནོ་སྦེ་ བསྒུགས་སྡོད་སྡོཔ་མས་ལོ་ དེ་ལས་ཨཔ་འདི་འོང་དེས་ཟེརཝ་མས་ལོ་ ཏེ་མེ་ཕྱི་ཙེའུ་གང་འབག་སྦེ་ ཏེ་ཁྱོད་སླབ་པ་ ཨ་པ་མིག་ཏོ་འཚོལ་བར་ཨིན་ལོ་ ད་ལྟོ་འབདཝ་ད་མེ་ཕྱི་ཨིན་པས་བ་ཡ་ ཟེར་སླབ་སླབ་མས།
  • པདྨ་བཟང་མོ
    Pema Zangmo: ཏེ་འ་ནཱི་མིག་ཏོ་འཚོལ་བར་ཡར་སོ་ཡི་སླབ་མི་འདི་འ་ནཱི་ཨིན་ ང་བཅས་ན་མིག་ཏོ་མི་ཐོང་ གནག་དུང་ནང་ མི་ཏོག་མ་མཐོང་ནི་འདི་གིས་ འ་ནཱི་མེ་ཕྱི་བཏེག་པའི་བསྒང་ལས་མིག་ཏོ་མཐོང་ནི་འདི་གིས་སླབ་ཨིན་ཟེར་ནུག་ འོང་ འ་ནཱི་ཡང་བློ་གཅིག་རང་ཨིན་ཟེར་ནུག་ ད་རུང་དེ་གི་ཤུལ་ལས་ ད་རུང་ཤུལ་ལས་ཅིག་ཁར་འབྱོན་འབྱོནམ་མས་ད་རུང་ར།
  • པདྨ་བཟང་མོ
    Pema Zangmo: དབའེ་ཨ་ལོ་ ཁྱོད་ད་རེས་ཡང་ཁྱོད་ཨ་པ་ག་ཏེ་སྨོ་ཟེར་ནུག་ ཨེའེ་་་ ངེའི་ཨ་པ་བློ་འཚོལ་བར་ཡར་སོ་ཡི་ཟེར་ནུག་ དབའེ་ད་རེས་ཡང་ཨ་ལོ་འད་གིས་ བློ་མ་འདྲཝ་ཅིག་སླབ་དོ་ ག་ཅི་རང་ཨིན་རུང་ ཨཔ་འདི་ལྷོད་ལྷོད་བསྒུགས་སྡོད་བལྟ་གེ་ནོ་ཟེར་ནུག་ ཨཔ་འདི་འོང་དེས་ཟེར་ལས་ལོ་ ད་རུང་རང་ཆང་ཅིག་འབག་སྦེ་ ཏེ་ཁྱོད་སླབ་པ་ཨ་པ་བློ་འཚོལ་བར་ཨིན་ལོ་ ད་ལྟོ་འབདཝ་ད་ཆང་ཨིན་མས་མེན་ན་ཟེར་ནུག འ་ནཱི་ཆང་འདི་མར་འཛུལཝ་ད་རང་བློ་འདི་ཡར་འཐོནམ་ཨིན་ཟེར་ནུག
  • པདྨ་བཟང་མོ
    Pema Zangmo: འུམ་་་་ དེ་སྦེ་མེན་པས་ ཏེ་ཨ་ལོ་འདི་མ་འདྲཝ་ཅིག་ཨིན་མས་ཟེར་ནུག དེ་བ་འདི་ནངས་པར་ ཨ་ལོ་ཁྱོད་ར་ནངས་པར་ རྡོའི་བགོ་ཅིག་བཙེམས་འབག་ཤོག་སྨ་རེད་ཟེར་ནུག དེ་ལས་ཏེ་ ཨ་ལོ་འདི་གནམ་མེད་ས་མེད་ཧ་འགམ་ ད་འབདན་རྡོའི་བགོ་བཙེམས་འབག་ཤོག་སླབ་དེས་མནོ་ ཨཔ་འདི་ཧ་འགམ་འགམ་མས་ དེ་ལས་ཨ་ལོ་འདི་ལཱ་ས་ལས་འོང་འོངམ་མས་ཏེ་ དབའེ་ཨ་པ་གདོང་ཡང་ཧམ་པ་བཀལ་ག་ཅི་སྨོ་ཟེར་ནུག་ ཁྱོད་ར་འ་ནཱི་སྦེ་སྡོད་ ཞབས་རྒྱལཔོ་འདི་གིས་རོགས་ རྡོ་ཡི་བགོ་བཙེམས་འབག་ཤོག་སླབ་དེས་བ་ ནངས་པར་དྲོ་པ་འོང་དོ་ཟེར་ནུག
  • པདྨ་བཟང་མོ
    Pema Zangmo: ཁྱད་མེད་ཁྱད་མེད་ཨ་པ་ནང་རང་དོག་མི་དགོ་ཟེར་ནུག འདི་གི་ནངས་པར་རྒྱལཔོ་འདི་འབྱོན་དེས་ཟེར་མས་ལོ་ དབའེ་ཨ་ལོ་བཙེམ་བཞག་ཡོད་ག་ཟེར་ནུག རྡོའི་བགོ་བཙེམ་པ་ལུ་ རྡོ་ཡི་བགོ་བཙེམ་དགོན་ བཙེམ་ནི་གི་སྐུདཔ་ཅིག་ན་ལས་ཞུ་དགོ་པས་ལགས་ཟེར་ནུག དབའེ་ཨ་ལོ་འདི་ བཙེམ་ནི་གི་སྐུདཔ་འདི་ང་བཅས་བཟོ་ཚུགས་ག་ཟེར་ནུག ཏེ་རྡོའི་བགོ་ང་བཅས་བཙེམ་ཚུགས་ག་ཟེར་ནུག་ཏེ་ འེ་་་་ དེ་འབད་བ་ཅིན་ ཁྱོད་ཀྱི་བློ་འདི་སྦོམ་མས་ དེ་འབད་བ་ཅིན་ནངས་པར་ གླང་གི་བོའུ་ཅུང་འཚར་འབག་ཤོག་སྨེ་ཟེར་ནུག་ དེ་ལས་ཏེ་ད་རུང་ཨཔ་འདི་ཧ་འགམ་འགམ་མས་ཏེ་དབའེ་ ནངས་པར་གླང་གི་བོའུ་ཅུང་ག་དེ་སྦེ་འཚོལ་འབག་འོང་ན་སྨོ་ དེ་ལས་ད་རུང་རང་དྲོ་པ་འབྱོན་འབྱོནམ་མས་ རྒྱལཔོ་འདི་ཡར་ལས་མར་ དབའེ་ཨ་ལོ་འཚོལ་བཞག་ཡོད་ག་ཟེར་ནུག་ བོའུ་ཅུང་འཚར་བཞག་ཡོད་ག་ཟེར་ནུག་ ཏེ་ངེའི་ཨ་པ་ཤུགས་སྦེ་ན་སྟེ་ཡོད་ལགས་ཟེར་ནུག་ ག་ཅིག་འབད་དེ་ཟེར་ནུག
  • པདྨ་བཟང་མོ
    Pema Zangmo: ངེའི་ཨ་པ་ཨ་ལོ་སྐྱེ་ནི་འབད་གཟུག་རྐྱབ་ཏེ་ཟེར་ནུག་ དབའེ་ཕོ་རྒས་ཀྱིས་ཨ་ལོ་སྐྱེ་ནི་ཡོད་ག་ཟེར་ནུག་ འ་ནཱི་ཕོ་རྒས་ཀྱིས་ཨ་ལོ་སྐྱེ་ནི་མིན་འདུག་ ཏེ་གླང་གིས་བོའུ་ཅུང་འཚར་ནི་ཡོད་ག་ཟེར་ནུག་ འུམ་་་་ དེ་ལས་རྒྱལཔོ་འདི་ ཏེ་ལན་རྐྱབ་མ་ཚུགས་པས་ཏེ་ ཨ་ལོ་འདི་དང་ཅིག་ཁར་ དེ་བ་འདི་ད་ནངས་པར་ཁྱོད་དྲག་ར་དྲག་པ་ཅིན་ ངེའི་སྒོང་རྡོག་སྤུན་གསུམ་འདི་ཨརཝ་རྐུ་ཤོག་སྨ་རེད་ཟེར་ནུག ལགས་སོ་ལགས་ཟེར་ནུག་ དེ་ལས་ཏེ་ ཁོ་ཏེ་འདི་གི་ཕྱི་རུ་འདི་འཛུལ་སོང་ནུག་ཏེ་ན་ལས་མར་ཆུ་མཐའ་མ་ལུ་ ཆུ་རྡོ་བསྒྱོམ་པར་ ཏེ་ཆུ་རྡོ་ཁུར་ཆ་ཅིག་བསྒྱོམས་འབག་ ཕྱི་རུ་ཁམས་ཅིག་ཁ་ལས་ཡར་ཞབས་ རྒྱལཔོ་འདི་གི་ལྕགས་རི་རྩ་བར་སྒོམ་ཆི་ནུག་ཏེ་ཁོ།
  • པདྨ་བཟང་མོ
    Pema Zangmo: དེ་ལས་ཏེ་བྱ་རོགས་འདི་ཚུ་ཏེ་ སྲུང་སྲུངམ་མས་ཏེ་ ཁོ་འོང་དོ་མནོ་ འ་ནཱི་སྒོང་རྡོག་སྤུན་གསུམ་འདི་ཨརཝ་བརྐུ་བར་འོང་དོ་མནོ་ ཏེ་བསྒུགས་སྡོད་སྡོདཔ་མས་ཏེ་ དེ་ལས་ཏེ་ཁོ་ཏེ་གནམ་གནག་དུང་ནང་ ཁོང་ཞག་ཉལ་རནམ་ད་འོང་འོངམ་མས་ དེ་ལས་ཏེ་བྱ་རོགས་ཚུ་ག་ར་འབད་ ཏེ་བཀབ་ནེ་གི་མཐའ་མ་ལུ་ རྡོ་དེམ་ཆུ་རྡོ་རེ་བཏགས་ གཉིད་ཁུག་སོང་ནུག་ཟེརཝ་མས་ལོ་ དེ་ལསན་ དེ་ལས་དགེ་སློང་ཆ་ཁྱབ་འདི་ བཀབ་ནེ་གི་མཐའ་མར་ཆུ་རྡོ་རེ་བཏགས་བཞག་ དེ་ལས་ཨ་ནེམ་ཚུ་མགུ་ཏོ་འ་ནཱི་སྦེ་སྤེལ་ཏེ་ཉལ་སྡོད་ནུག་ཟེརཝ་མས་ལོ། དེ་ལས་ཨ་ཎིམ་འདི་ཚུ་ཡང་མགུ་ཏོ་སྐྱ་ག་ར་གཅིག་གིས་གཅིག་བསྡམས་ དེ་ལས་ཏེ་བྱཱ་ཁུ་ དེམ་ཉི་མ་ལྟོ་འབད་འབདཝ་གི་བྱཱ་ཁུ་ཟངས་གཞོང་གང་འདུག་ཟེརཝ་མས་ལོ་ འདི་ཕར་སྒོ་ཁ་ལས་ཕར་བླུགས་བཞག
  • པདྨ་བཟང་མོ
    Pema Zangmo: དེ་ལས་ཞབས་ཁོ་ར་ཏེ་ ཁོ་འོང་དོ་འོང་མནོ་ གནམ་མེད་ས་མེད་ཚ་གྱང་གིས་ཏེ་ གཉིད་ཁུག་མ་བཏུབ་པར་ ཏེ་གཉིད་སྡུག་ཨ་ཙི་ཅིག་རྐྱབ་ འ་ནཱི་སྦེ་ཉལ་སྡོད་སྡོདཔ་མས་ཟེརཝ་མས་ལོ་ དེ་ལས་ཞྭམོ་འདི་འཐེན་ཡི་འཐེན་ཡི་འཐེན་ཡི་འཐེན་ཡི་མར་རང་བཙུགས་བཞག་ དེ་ལས་ཏེ་ཁོ་སྒོང་རྡོག་སྤུན་གསུམ་འདི་ ཏེ་ཞུ་བདའ་ཆི་ནུག་ཏེ་ འཐུ་འབག་མར་མར་ལྷོདཔ་ད་ ཏེ་རྒྱལ་པོ་ལགས་ ད་འབདན་རྒྱལ་པོའི་སྒོང་རྡོག་སྤུན་གསུམ་འདི་ང་ཞུ་ཆི་ཡི་ལགས་ ཟེར་སླབ་སླབ་མས་ཏེ་ དབའེ་དབའེ་བྱ་རོགས་ཚུ་ལོངས་ལོངས་ལོངས་ཟེར་ནུག དེ་ལས་ཏེ་བྱ་རོགས་ཚུ་ དབའེ་དབའེ་ད་འབདན་ད་འབདན་ འོང་ཡི་འོང་ཡི་ཟེར་ལོངས་ཏེ་ བཀབ་ནེ་ཡར་འ་ནཱི་སྦེ་འཐུ་ཡི་ཟེར་ བཀབ་ནེ་དེམ་བཀབ་ནེ་གི་མཐའམ་རྡོ་བཏགས་ནི་འདི་གིས་ [རྣ་ཐ་མཁནམ་?]རྐྱབ་ དེ་ལས་གཅིག་གིས་གཅིག་མཛོག་ཁྱད་བརྗེ་སྡོད་ད་ནུག་ཏེ་ ཁྱོད་ང་ལུ་ག་ཅིག་འབད་རྐྱབ་སྨོ་ཟེར་ ཏེ་ཁྱོད་ང་ག་ཅི་འབད་རྐྱབ་སྨོ་ཟེར་
  • པདྨ་བཟང་མོ
    Pema Zangmo: ང་འ་ནཱི་སྦེ་ལོག་རྐྱབ་རྐྱབ་ཨིན་ཟེར་ ང་འ་ནཱི་སྦེ་ལོག་རྐྱབ་རྐྱབ་ཨིན་ཟེར་འཐབ་ དེ་ལས་ཨ་ཎིམ་ཆ་ཁྱབག་ར་ཕར་འཁྱིལ་ འདི་སེལ་སྡོད་པའི་བར་ན་ དེ་ལས་ཞབས་འདི་ཁོ་ར་ཡང་ དབའེ་དབའེ་ཟེར་རྒྱུགཔ་ཨིན་ཟེར་ བྱཱ་ཁུག་ནང་ལས་མར་སྒྱེལ་ཏ་རྐྱབ་ཁོ་ར་ཡང་མར་ལས་མར་ རྦོབ་རིལ་འགྱོ་ དེ་ལས་ནོརབུ་འདི་ཁོ་ཞུ་བདའ་ཆི་ནུག་ཏེ་ འ་ནཱི་དྭཝ་བུཚ་འདི་གིས། འ་ནཱིམ་ཅིག་ཨིན་མས།། །།