Skip to main content Skip to search
21 Jun 2018
11 min 31 sec
Video Overview
Creators: 
Yeshi Wangchuk, Dorji Nima

Chozom from Dagphel village in Zhemghang Dzongkhag narrated the story of the hunter and the ogre. She learned the story from her father as a child. The story reveals the importance of thinking and analyzing situations before taking any action. In the story, the elder sister of two siblings never complies with anyone in the family, and later risked losing her father and her own soul. Her sister's life was also put into danger as a result of her own character flaws. 

གཞལམ་སྒང་རྫོང་ཁག་ བདག་འཕེལ་གཡུས་ཚན་ལས་ ཆོས་འཛོམས་ཀྱིས་ ཤ་རོགསཔ་དང་ སྲིན་པོའི་སྐོར་ལས་ སྲུང་བཏངམ་ཨིནམ་ད་ མོ་གིས་ སྲུང་འདི་ ཆུང་ཀུའི་བསྒང་ མོ་རའི་ཨ་པ་ལས་སྦྱངས་ནུག། སྲུང་འདི་ནང་ རང་གི་མི་ཚེའི་ནང་ ལཱ་ག་ཅི་ཡང་མ་འབད་བའི་སྔོན་ལས་ མནོ་བསམ་གཏང་དགོ་པའི་སྐོར་ལས་ སྟོནམ་ཨིནམ་ད་ སྲུང་འདི་ནང་ སྤུན་ཆ་གཉིས་ལས་ ཨ་ཞེམོ་རྒས་ཤོས་འདི་གིས་ བཟའ་ཚང་ག་དང་ཡང་མ་འཁྲིལ་བར་ མོ་ར་གིས་མནོ་མི་འདི་ར་འབད་དོ་ཡོདཔ་ལས་ མོ་རའི་ཨ་པ་ཤི་ཡོདཔ་མ་ཚད་ མོ་ར་ཡང་སྲོག་ལུ་ ཐུག་ནི་འབད་ཡོདཔ་མས། འདི་མ་ཚད་ མོ་གི་འབད་ཞགས་འདི་ལུ་བརྟེན་ ནུམོ་འདི་ཡང་ ཉེན་ཁ་ནང་བཙུགས་ཡོདཔ་ཨིན་པས། 

Transcript search
No results found for this search
0 of 0
  • ཆོས་འཛོམས་ Chozom
    དང་ཕུ་འབད་འབདཝ་མས་ ད་རེས་འབད་འབདཝ་མས་ ཨ་ནཱི་ཨ་པ་གཅིག་ ཨ་པ་ཤ་རོགསཔ་གཅིག་སྡོད་སྡོདཔ་མས་ ཨ་མ་གཅིག་སྡོད་སྡོདཔ་མས་ བུམོ་གཉིས་སྡོད་སྡོདཔ་མས་ ཨ་པ་གིས་ ཤ་བཟུང་འབག་ཅི་འབག་ཅི་རང་བྱིན་བྱིནམ་མས་ ཤ་བཏོགཔ་ད་ལུ་ ཨ་པའི་བརླད་དོ་གུ་རང་བརླད་དོ་གུ་བཏོག་དོ་མས་ཏེ་ ཨམ་སྲུ་དང་ཨ་ལོ་ཚུ་གིས་ ཨ་པ་ཁོ་རའི་བརླད་དོ་གུ་ལས་བཏུབ་ཅི་རང་ ཟ་དོ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ ད་རུང་ཤ་འབག་ ད་རུང་ཨ་པའི་བརླད་དོ་གུ་ལས་བཏུབ་ཟ་ དེ་ལས་ ཨ་པ་དྲེགས་མ་ཚུགས་པར་ ང་དྲེགས་མ་ཚུགས་སྨ་རེད་ཟེར་ ང་འགྱོ་གེ་སྨ་རེད་ཟེར་ འགྱོ་འགྱོཝ་ཨིན་ལོ་ ཁྱིམ་ནང་ལས་ཐོན་འགྱོ་སྦེ་ ཨ་པ་ཁོ་རྐྱངམ་ཅིག་སོ་སོ་འབད་སྡོད་སྦེ་ དེ་ལས་ ཤུལ་ལས་འབདཝ་ད་ ཨའི་དང་ཨ་ལོ་ཚུ་ ཤ་ཟ་དགོ་མནོ་སྟེ་ ཤི་དོ་མས་ཏེ།
  • ཆོས་འཛོམས་ Chozom
    ཨ་པ་ཤ་རོགས་པའི་ཤ་ ཨ་པ་མེད་པར་ཤ་ཟ་དགོ་མནོ་སྟེ་ དེ་ལས་ཨ་མ་གིས་ ཨ་པ་འབད་སར་ཤ་ལེན་པར་འགྱོ་ཟེར་ བཏང་བཏངམ་མས་ལོ་ཏེ་བུམོ་གཉིས་ དེ་ལས་འགྱོ་དོ་མས་ཏེ་ ཁོང་གཉིས་འགྱོ་སྦེ་ དེ་ལས་ཕར་ཨ་པ་འབད་སར་ལྷོད་ལྷོདཔ་མས་ཏེ་ ཨ་པ་འབད་སར་ལྷོད་དེ་ ཨ་པ་གིས་ཤ་བྱིན་བཏང་སྦེ་ ལོག་སྟེ་འོང་དོ་མས་ཏེ་ ལོག་སྟེ་འོངམ་ད་ལུ།
  • ཆོས་འཛོམས་ Chozom
    ཨ་པ་གིས་སླབ་སླབ་མས་ལོ་ཏེ་ ལམ་དམརཔོ་ལས་མ་འགྱོ་སྨ་རེད་ཟེར་ ལམ་ལྗང་ཁུ་ན་ལས་མ་འགྱོ་ ལམ་ཨ་ནཱི་ དཀརཔོ་ལས་མ་འགྱོ་ གནགཔོ་ལས་མ་འགྱོ་སྨ་རེད་ཟེར་ སླབ་ནུག་མེན་ན་ཏེ་ རྒྱགས་ཚད་སླབ་ནུག་མེན་ན་ཏེ་ དེ་འབདཝ་ད་ ལམ་ཙག་ཙོག་བཏང་ཡོད་ས་ལས་འགྱོ་སྨ་རེད་ཟེར་ སླབ་བཏང་ནུག་མེན་ན་ཏེ་ཨ་པ་གིས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ ལྟ་མ་ལམ་ཁར་ལྷོདཔ་ད་ལུ་ ལམ་དམརཔོ་ དཀརཔོ་ སེརཔོ་ གནགཔོ་ རྒྱགས་ཚད་ཡོད་དོ་མས་ཏེ་ འཕྱད་དེ་ དེ་ལས་ ཨ་ཞེམོ་གིས་ འམ་་་ང་ར་ལམ་གནགཔོ་ན་ལས་ཕར་འགྱོ་ནི་སྨ་རེད་ཟེར་ འགྱོ་ནི་འབད་དོ་མས་ དེ་འབདཝ་ད་ལུ་ ནུམོ་གིས་ཨ་པ་གིས་ མ་འགྱོ་སླབ་ཅི་མེན་ན་ཏེ་ཟེར་ ཉན་མི་བཏུབ་དོ་མས།
  • ཆོས་འཛོམས་ Chozom
    དེ་ལས་ ད་རུང་ལྟ་མ་འབདཝ་ད་ ལམ་དཀརཔོ་ལས་འགྱོ་གེ་ ཟེར་སླབ་སླབ་མས་ ཨ་པ་གིས་ནཱ་ལས་མ་འགྱོ་ཟེར་སླབ་ཅི་མེན་ན་ཏེ་ སླབ་དོ་མས་ ད་རུང་ཨ་ཞེམོ་གིས་ ལམ་དམརཔོ་ལས་འགྱོ་གེ་ ཟེར་སླབ་སླབ་མས་ ཨ་པ་གིས་ནཱ་ལས་མ་འགྱོ་ཟེར་ སླབ་ཅི་མེན་ཏེ་ ཟེར་སླབ་སླབ་མས་ ཏེ་ལམ་ཙག་ཙོག་བཏང་ཡོད་ས་ལས་ཕར་འགྱོ་ ཟེར་སླབ་ཅི་མེན་ཏེ་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    ཨཱ་་་མ་ཉན་པར་ ལམ་དམརཔོ་བདའ་སྟེ་འགྱོ་འགྱོཝ་མས་ཏེ་ འགྱོ་སྦེ་ཕར་ལྷོདཔ་ད་ལུནི་ སྲིན་པོ་ཨ་པ་གཅིག་དང་ ཨ་མ་གཅིག་གི་ཁྱིམ་ནང་ལྷོད་ལྷོདཔ་མས་ཁོང་གཉིས་ ཨའེ་བུམོ་གཉིས་ག་ཏེ་ལས་འོངམ་སྨོ་ ཟེར་སླབ་དོ་མས་ཏེ་ དེ་ལས་ ཨ་པ་འབད་སར་འོང་འོངམ་ཨིན་ཟེར་ སླབ་སླབ་མས་ཏེ་མོ་གིས་ དེ་འབདཝ་ད་ནུམོ་གིས་མ་སླབ་དེ་སྦེ་ ཨ་པ་འབད་སར་འོང་འོངམ་ཨིན་ཟེར་ མ་སླབ་ཟེར་ (ལགཔ) གིས་ནོག་ཀོར་བཏང་འབད་འབདཝ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་མོ་གིས་ ཨ་པ་འབད་སར་འོང་འོངམ་ཨིན་ ཟེར་སླབ་སླབ་མས་ཏེ་ དེ་ལས་ཕྱི་རུ་ག་ཅི་ཟ་ནི་ག་ཅི་འཐུང་ནི་ཟེར་ དེ་ལས་ སྲནམ་བརྔོ་འབག་ཤོག་ག་ ཟེར་སླབ་སླབ་མས་ སྲནམ་བརྔོ་སྟེ་བྱིན་མས་ཟེར་ཨིན་པས་ཁོང་གཉིས་ལུ་ སྲནམ་ཨིན་ཟེར་ ལྟ་མ་འབདཝ་ད་ ག་ར་མི་གི་སེན་མོ་ཨིན་པས་ཟེར་ཨིན་པས་ སེན་མོ་ཨ་ནེམ་རེ་བཏོག་བཏོགཔ་སྐམ་སྐམ་ ལེགས་ཤོམ་སྦེ་ རིལ་བུ་འབད།
  • ཆོས་འཛོམས་ Chozom
    དེ་ལས་ མོ་གིས་མི་ཟ་ ཟེར་སླབ་ནུག་ཏེ་ ནུམོ་གིས་མི་ཟ་ཟེར་ དེ་འབདཝ་ད་ མི་ཟ་ཟེར་སླབ་ད་རང་ མོ་མི་ཟ་ལོ་སྨེ་ ཟེར་སླབ་སླབ་མས་ཏེ་ དེ་ལས་ ཟ་ད་ཁྱོད་ར་འཕྱོག་སྟེ་ ཟེར་སླབ་སླབ་མས་ འཕྱོག་ཟ་ཟཝ་མས་ཏེ་ འཕྱོག་ཟ་སྦེ་ལྟ་མ་འབདཝ་ད་ ཨ་པ་ག་ཏེ་ཡོདཔ་སྨོ་ ཟེར་སླབ་སླབ་མས་ སྲིན་པོ་ཨ་པ་དང་ཨ་མ་དེ་གིས་ ཨ་པ་ཕར་ཡོད་ ཟེར་སླབ་སླབ་མས་མོ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ ག་དེ་ཅིག་སླབ་རུང་མ་ཉན་ ནུམོ་གིས་ག་དེམ་ཅིག་སླབ་རུང་མ་ཉན་པས་ སྟོན་ཏེ་ཨ་པ་ དེ་ལས་ འགྱོ་འགྱོཝ་མས་ཏེ་ ང་བཅས་འགྱོ་གེ་འགྱོ་ཤིག་ཟེར་ དེ་ལས་ ཕར་འགྱོ་སྦེ་ ཨ་པ་བསད་སྦེ་འབག་འོང་འོངམ་མས་ཏེ་ བསད་འབག་སྦེ་ ཨ་པ་མགུ་ཏོ་བཏོག་སྟེ་ མགུ་ཏོ་དཔྱང་བཞག་བཞག་མས་ལོ་ཨ་པ་གི་མགུ་ཏོ་ དེ་འབདཝ་ད་ ནུམོ་འོངམ་ད་ ཨ་པ་མིག་ཆུ་རང་ཤོར་དོ་མས་ཏེ་ ཐིག་ཐིག་བཏང་ ཨ་ཞེམོ་འོངམ་ད་ མིག་ཏོ་དཀརཔོ་བལྟ་བྱིན་དོ་མས་ཨ་པ་གིས།
  • ཆོས་འཛོམས་ Chozom
    མིག་ཏོ་དཀརཔོ་བལྟ་བྱིན་སྦེ་ དེ་འབདཝ་ད་སླབ་དོ་མས་ལོ་མོ་གིས་ ཨ་རྒས་དང་ཨང་རྒས་ལུ་ བལྟ་ཤིག་བལྟ་ཤིག་ཨ་རྒས་དང་ཨང་རྒས་ ང་འོངམ་ད་ལུནི་ མིག་དཀརཔོ་སྦེ་བལྟཝ་མས་སྨ་རེད་ཟེར་ ནུམོ་འོངམ་ད་ལུནི་ མིག་ཆུ་ཐིག་ཐིག་བཏང་སྔུཝ་མས་སྨ་རེད་ཟེར་ སླབ་དོ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ བྱི་ཐུར་གྱི་རྩང་གི་འབད་གསོབ་བྱིན་ད་ ཟེར་སླབ་དོ་མས་ཏེ་ ཨ་རྒས་དང་ཨང་རྒས་ཀྱིས་ ཨ་ནཱི་ཨ་རྒས་དང་ ཨང་རྒས་ཀྱིས་ དེ་ལས་ བྱི་ཐུར་གྱི་རྩང་གི་འབད་ ཨ་པ་གི་མིག་ཏོ་འདི་ག་ར་གསོབ་བཏང་བཏངམ་མས་ཏེ་ བཏང་སྦེ་ཕྱི་རུ་ ཧ་ལམ་ཅིག་ཁར་འབདཝ་ད་ལུ།
  • ཆོས་འཛོམས་ Chozom
    ང་ནི་ཨ་ཞེམོ་གོ་གའི་འཕགས་པ་འབད་སར་ཉལ་བར་འགྱོ་ནི་ ཟེར་སླབ་སླབ་མས་ལོ་ནུམོ་གིས་ དེ་འབདཝ་ད་ ང་འདི་མི་འགྱོ་སྨ་རེད་ ང་འདི་ཨ་རྒས་དང་ཨང་རྒས་གཅིག་ཁར་ཉལ་ནི་སྨ་རེད་ཟེར་ མོ་གིས་འགྱོ་མ་བཏུབ་པས་ལོ་ དེ་ལས་མོ་ལུས་ནུག་ཏེ་ཉལ་སྦེ།
  • ཆོས་འཛོམས་ Chozom
    མ་འགྱོ་ཤིག་ཁྱོད་ར་ སྡོད་ཤིག་ང་བཅས་ར་ཤ་ཟ་སྟེ་ སྡོད་ནི་སྨ་རེད་ ཨ་པ་གི་ཤ་ཟ་ནི་ཟེར་ སྡོད་ནུག་མེན་ན་ཏེ་ དེ་ལས་སྡོད་སྦེ་ ཕྱི་རུ་ག་ཏེ་ཉལ་ནི་ཟེརཝ་ད་ ཁྱོད་གཉིས་ཀྱི་སྦུག་ན་ཉལ་འོང་ཟེར་ སླབ་སླབ་ཨིན་ལོ་མེན་ན་ཏེ་མོ་གིས་ དེ་ལས་ ཉལ་ཉལཝ་ཨིན་ལོ་མེན་ན་ཏེ་ དེ་ལས་ ནུབ་མོ་འབདཝ་ད་ ཨ་རྒས་དང་ཨང་རྒས་ཀྱིས་བཏོག་དོ་མས་ཏེ་མོ་ཨ་ནཱི་ ཤ་འདི་ཚུ་ ཧེ་མ་རང་ཟ་ལྟབ་བཏོག་དོ་མས་ཏེ།
  • ཆོས་འཛོམས་ Chozom
    ཧེ་མ་མེས་མེས་གིས་ ཕྱི་རུ་ལས་རང་ གྱི་ཅུང་རྣོས་ཁིག་ཁི་བརྡར་དོ་མས་ཏེ་མེས་མེས་གིས་ དེ་ལས་ གྱི་ཅུང་གཉིས་བརྡར་བཞག་དོ་མས་ཏེ་ དེ་འབདཝ་ད་ ག་ཅི་འབད་ནི་སྨོ་མེས་མེས་ཟེར་ དྲི་དྲིཝ་མས་མོ་གིས་ ང་བཅས་ཚུ་ཨ་པ་གི་ཤ་བཏོག་སྟེ་ཟ་ནི་ཨིན་ཟེར་ སླབ་སླབ་མས་ དེ་ལས་ཕྱི་རུ་ག་ཏེ་ལུ་ཉལ་ནི་སྨོ་ཟེརཝ་ད་ལུ་ ང་ཁྱོད་གཉིས་ཀྱི་སྦུག་ན་རང་ཉལ་འོང་ ཟེར་སླབ་མས་ལོ་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ཕྱི་རུ་འབདཝ་ད་ ཨ་པ་ཁ་ཐུག་གདོང་འབད་དེ་ཉལ་བ་ཅིན་ ཨ་པ་གི་ཟ་ལྟབ་ལོག་གཅིག་བཏོག་ཟ་དོ་མས་ དེ་ལས་ཨ་ཙ་ཙ་མེས་མེས་འདི་མི་དགོ་པས་ ཨང་རྒས་དགོ་པས་ཟེར་ ཨང་རྒས་ཁ་ཐུག་ལུ་གདོང་འབད་དོ་མས་ལོ་མོ་གིས་ དེ་ལས་ ཨང་རྒས་ཀྱི་ལེབ་བཏང་བཏོག་དོ་མས་ལོ་ ཨ་ཙ་ཙ་ཨང་རྒས་འདི་མི་དགོ་པས་ མེས་མེས་དགོ་ནི་ཟེརཝ་ད་ མེས་མེས་ཁ་ཐུག་ལུ་གདོང་འབད་དོ་མས་ལོ་ དེ་ལས་ ཨང་རྒས་དགོ་ནི་ མེས་མེས་དགོ་ནི་ཟེར་ ཞག་གཅིག་འབདཝ་ད་ རུ་ཏོ་ཁོག་ཁོ་བཟོ་བཏང་བཏངམ་ཨིན་ལོ་བུམོ་འདི་ག་ར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    གུ་ལ་ཟེར་མི་འདི་ ག་ཅི་སྡོད་སྡོདཔ་ཨིན་ན?
  • ཆོས་འཛོམས་ Chozom
    མི་དགོ་པས་ཟེར་བའི་བློ་ཨིན་པས་མེན་ན་ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ག་ཅི་འབྱོག་དཀར་པའི་ཁ་སྡོད་སྡོདཔ་འདྲས་མེན་ན?
  • ཆོས་འཛོམས་ Chozom
    ཨ་པ་འདི་མི་དགོ་ནི་མས་ ཨ་ནཱི་ཨང་རྒས་དགོ་ནི་མས་ ཨང་རྒས་འདི་མི་དགོ་ནི་མས་ མེས་མེས་དགོ་ནི་མས་ཟེར་ སླབ་སླབ་ཨིན་མས་མེན་ན་ཏེ་ དེ་ལས་ དེ་སྦེ་སླབ་སྦེ་ དེ་ལས་ ཨ་ཞེམོ་འདི་ ཕྱེ་ཐག་ཐག་ཟ་ཚར་ཚརཝ་མས་ཏེ་ དེ་ལས་ ནངས་པར་འབདཝ་ད་ ནུམོ་བདའ་དོ་མས་ཏེ་ དེ་ལས་ནུམོ་ཨ་ཞེམོ་གིས་ ཕྱི་རུ་ལས་རང་བཏང་ནུག་ཏེ་ ཁྱོད་ར་འགྱོ་ཤིག་ཟེར་ ད་ལྟོ་ལས་རང་འགྱོ་སྨ་རེད་ཟེར།
  • ཆོས་འཛོམས་ Chozom
    ཨ་ནཱི་གིས་བཟོ་བཞག་ ཐགས་ཅུང་ ཨུའི་ཏུང་ གྲཱི་ཕའི་ དེ་ལས་ ཨ་ནཱི་འདི་ཚུ་ སྣ་བཟུང་འདི་ཚུ་(ཐགས་ཀྱི་ཅ་ཆས་) ག་ར་བྱིན་བཏང་བཏངམ་ཨིན་ལོ་ ཨ་ཞེམོ་གིས་ འ་ནཱི་འདི་ཚུ་གིས་ ལ་ལུ་ཅིག་གིས་ སྤགོ་ཏོ་བཟོ་བཞག་སྨ་རེད་ཟེར་ ལ་ལུ་ཅིག་གིས་བྱག་བཟོ་བཞག་སྨ་རེད་ཟེར་ ལ་ལུ་ཅིག་གིས་ཨུམ་བཟོ་སྟེ་བཞག་སྨ་རེད་ཟེར་ (ཐགས་ཀྱི་ཅ་ཆས་ཅིག) འདི་ཚུ་གིས་ ཨུམ་བཟོ་སྟེ་བཞག་སྨ་རེད་ཟེར་ དེ་སྦེ་བཏང་སྟེ་ འགྱོ་དོ་མས་ཏེ་མོ།
  • ཆོས་འཛོམས་ Chozom
    དེ་སྦེ་བཟོ་བཞག་ཅི་བཞག་ཅི་བཞག་ཅི་འགྱོ་དོ་མས་ཏེ་ ཨ་ཞེ་གིས་ ཡར་ལུ་ཨ་ཞེ་གི་རྫོང་སྦོམ་་་་་ཅིག་ཡོད་དོ་མས་ཏེ་ གནམ་མེད་ས་མེད་ཡར་གནམ་བདའ་ཟུན་སག་ས་འབད་མི་རྫོང་ཅིག་ཨ་ཞེ་གི་ ཨ་ཞེ་གོ་གའི་འཕགས་པ་གི་རྫོང་ འ་ནཱ་འགྱོ་ཤིག་ཟེར་ བཏང་དོ་མས་ཏེ་ དེ་ལས་ དྲོ་པ་འབདཝ་ད་ལུ་ ཧ་སག་སྟེ་རང་ལྷོད་དོ་མས་ཏེ་ སྲིན་པོ་ཨ་པ་འདི།
  • ཆོས་འཛོམས་ Chozom
    ཨ་ཞེ་གོ་གའི་འཕགས་པ་རྒྱ་བཟའ་མོ་ཀུན་བཟའ་མོ་ ཁ་ཙའི་བུ་མོ་མ་ལོང་ག་ཟེར་ སླབ་དོ་མས་ལོ་ཏེ་ དེ་བསྒང་ བསྒུག་ཤིག་བསྒུག་ཤིག་ད་ལྟོ་རྐྱངམ་ཅིག་མ་ཅ་ལི་མུ་ཅ་ལི་བཏང་སྤར་དེས་སྨ་རེད་ཟེར་ སླབ་དོ་མས་ཨ་ཞེ་གིས་ ཨ་ཞེ་མོ་ར་འདི་ རྡོ་འ་ནེམ་ཅིག་འབད་མི་ཅིག་ ཕེའུ་ཕེའུ་ཕེའུ་བཏང་་་་་མར་རྡོ་མེ་བཏང་སྟེ་ ཁ་ནང་བཙུགས་བྱིན་ནི་སྦེ།
  • ཆོས་འཛོམས་ Chozom
    ད་རུང་ཨ་ཞེ་གོ་གའི་འཕགས་པ་རྒྱ་བཟའ་མོ་ཀུན་བཟའ་མོ་ ཁ་ཙའི་བུ་མོ་མ་ལོང་ག་ཟེར་ སྒུགས་ཤིག་སྒུགས་ཤིག་ད་ལྟོ་རྐྱངམ་ཅིག་ལོངས་ཡི་སྨ་རེད་ཟེར་སླབ་དོ་མས་ ད་ལྟོ་རྐྱངམ་ཅིག་ཁ་ལ་འཁྱུ་དོ་སྨ་རེད་ཟེར་ སླབ་དོ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ ཨ་ཞེ་གོ་གའི་འཕགས་པ་བརྒྱ་བཟའ་མོ་ཀུན་བཟའ་མོ་ ཁ་ཙའི་བུ་མོ་མ་ལོང་ག་ཟེར་ སླབ་དོ་མས་ལོ་ སྒུགས་ཤིག་སྒུགས་ཤིག་ད་ལྟོ་རྐྱངམ་ཅིག་ལྟོ་ཟ་དོ་སྨ་རེད་ཟེར་ སླབ་དོ་མས་ལོ་ཏེ་ དེ་ཅིག་བར་ན་ལུ་ ཨེ་ཁུག་གི་རྩ་བར་ལྷོད་ལྷོདཔ་མས་ཁོ་གིས།
  • ཆོས་འཛོམས་ Chozom
    ལྟོ་ཟ་དོ་ཟེར་སླབ་ཅིག་ ཨེ་ཁུག་གི་རྩ་བར་ལྷོད་སྦེ་ དེ་ལས་ ཨ་ཞེ་གིས་ རྡོ་དམར་ཚེག་ཚེ་འབད་མི་ ཁ་དམར་ཚེག་ཚེ་བརྒྱང་བརྒྱངམ་གི་ནང་ལུ་ བཙུགས་བཏང་བཏངམ་མས་ལོ་ཏེ་ བཙུགས་བཞག་སྦེ་ དེ་ལས་མོ་ར་འགྱོ་དོ་མས་ཏེ།
  • ཆོས་འཛོམས་ Chozom
    མོ་ར་འདིནི་འཕུར་འགྱོ་འགྱོཝ་མས་ཏེ་ འཕུར་འགྱོཝ་ད་ ནུམོ་འདིནི་བླ་མ་ནམ་ཡང་ལྷོད་ནི་མེད་པར་ ལམ་འགྱོ་སྟེ་ཡོད་དོ་མས་ཏེ་མར་ལས་ཡར་ སྤོག་ཏོ་བཟོ་ བྱག་བཟོ་སྟེ་ དེ་ལས་ སྲིན་པོ་ཨ་པ་གིས་ བདའ་དོ་མས་སྨ་རེད་ ཤུགས་འབད་རང་བདའ་དོ་མས་སྨ་རེད་ དེ་ལས་ བདའ་ཟུན་དོ་ཟུན་དོ་ཟེརཝ་ད་ སྲིན་པོ་ཡང་ལྟོཝ་བཀྱེས་དོ་འདྲས་མེན་ན་ཏེ་ འ་ནཱི་བསྒང་ཆུམ་གཏོར་བཞག་དོ་མས་ཏེ་ཨ་ཞེ་གིས་ ཨ་ནཱི་སྲིན་པོ་འདི་ ད་ལྟོཝ་བཀྱེས་ཏེ་ ཆུམ་འཐུ་ཡི་ར་ཟ་སྡོད་དོ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ནུམོ་དུམ་གྲ་ཅིག་ཐལ་བཅུག་དོ་མས་ དེ་ལས་ད་རུང་ འགྱོ་དོ་མས་ནུམོ་འདི་ ད་རུང་བདའ་ཟུན་དོ་ཟུན་དོ་་་་་ཟེརཝ་ད་ལུ་ ད་རུང་ཁ་རང་གཏོར་བྱིན་བཞག་དོ་མས་ཏེ་ ད་རུང་ཁ་རང་འཐུ་སྟེ་ ཟ་སྡོད་དོ་མས་ལོ་ དེ་ལས་འགྱོ་དོ་མས་ཏེ་ད་རུང་ ད་རུང་བདའ་ཟུན་དོ་ཟུན་དོ་ཟེཝ་ད་ལུ་ ད་རུང་རཱན་ཆུམ་གཏོར་བཞག་དོ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ རཱན་ཆུམ་རེ་རེ་འཐུ་སྟེ་ ཟ་སྟེ་སྡོད་དོ་མས་ལོ་ དེ་ལས་རྐྱངམ་ཅིག་རྫོང་གི་རྩ་བར་ལྷོད་དོ་མས་ཏེ་ནུམོ་ ནུམོ་རྫོང་གི་རྩ་བར་ལྷོདཔ་ད་ལུ་ ཨ་ཞེ་ཡར་རྫོང་གི་ཡར་ལྷོད་ལྷོདཔ་མས་ཏེ་ དེ་འབདཝ་ད་ ཨ་ཞེ་གོ་གའི་འཕགས་པ་ལ། ལྕགས་ཐགས་མ་ཐུར་བལ་ཐགས་ཐུར། ཟེར་ སླབ་དོ་མས་ལོ་ དེ་ལས་ ཨ་ཞེ་གིས་མཐོང་དོ་མས་ཏེ་ཡར་ལས་ བལྟ་དོ་མས་ཏེ་ དེ་ལས་ད་རུང་ ཨ་ཞེ་གོ་གའི་འཕགས་པ་ལ། བལ་ཐགས་མ་ཐུར་ལྕགས་ཐགས་ཐུར། ཟེརཝ་ད་ ལྕགས་ཐགས་སི་ལི་ལི་བཏང་བཏང་བཏངམ་ཨིན་ལོ་ཨ་ཞེ་གིས།
  • ཆོས་འཛོམས་ Chozom
    ལྕགས་ཐག་བཏང་སྟེ་ དེ་ལས་ མོ་ལྕགས་ཐག་གུ་ཏོ་ལོང་ཏོ་ལོང་བཏང་ འཛེགས་ཏེ་འགྱོ་འགྱོཝ་ཨིན་ལོ་ཏེ་ དེ་ལས་མོ་འཛེགས་ཏེ་ བར་ན་ལྷོདཔ་ད་ལུ་ ཁོ་ལྷོད་དོ་མས་ཏེ་ བར་ན་ལུ་ཁོ་ལྷོད་དེ་ གཅིགཔོ་འདི་ཨ་ཞེ་གིས་ ནུམོ་འཐུ་སྟེ་ འཐེན་ཏེ་ཡར་ལྷོད་ དེ་ལས་ ཁོ་གིས་ སླབ་དོ་མས་ལོ་ཏེ།
  • ཆོས་འཛོམས་ Chozom
    ཨ་ཞེ་གོ་གའི་འཕགས་པ་ལ། ལྕགས་ཐག་མ་ཐུར་བལ་ཐག་ཐུར། ཟེར་ སླབ་མས་ལོ་ དེ་ལས་ད་རུང་ བལ་ཐག་མ་ཐུར་ལྕགས་ཐག་ཐུར་ཟེར་ སླབ་དོ་མས་ལོ་ དེ་འབདཝ་ད་ ཨ་ཞེམོ་གིས་ བལ་ཐག་ཐུར་ནུག་མེན་ན་ཏེ་ བལ་ཤང་་་་བཏང་ཨ་ནཱི་བལ་ཐག་གུ་བཟུང་སྟེ་ འཛེགས་དོ་མས་ལོ་ཏོ་ཁོ་གིས་ བླ་མ་ཏ་ལང་ཏ་ལང་བཏང་སྟེ་ ཡར་་་ཡར་་་ལྷོད་དོ་ལྷོད་དོ་ཟེརཝ་ད་ གྱི་ཅུང་གིས་ ཏེབ་བཏང་བཏོག་བཏང་དོ་མས་ལོ་ ཨ་ཞེ་གིས།
  • ཆོས་འཛོམས་ Chozom
    དེ་བསྒང་ལས་ མགུ་མཇུག་འབད་དེ་རང་འགྱོ་ཡི་ལོ་ཁོ་འདི་ དེ་ལས་མར་རུ་ཏོ་རང་མེད་པར་ ལྷག་མཇུག་རང་མེད་པར་ཡལ་དོ་མས་ལོ་ ག་ཏེ་ཡང་མེད་པར་ དེ་འབདཝ་ད་ མོ་ནུམོ་ཟ་མ་ཐོབ་པར་མོ་རྐྱངམ་ཅིག་ལུས་དོ་མས་ལོ་ ཨ་ཞེམོ་དང་ ཨ་མ་དང་ཨ་པ་འདི་ཚུ་ག་ར་ཡལ་སོང་ནུག་ཏེ་ ཁོང་བཞི་འབདཝ་ད་ འ་ནེ་ཅིག་ དང་ཕུ་འབད་བ་ཅིན་སྲུང་ ད་ལྟོ་འབད་བ་ཅིན་གཏམ།། །།