Skip to main content Skip to search
28 Jun 2018
4 min 11 sec
Rating
0
No votes yet
Video Overview
Creators: 
Penchela
  • ཀུན་བཟང་རྒྱ་མཚོ་
    ཏེ་ཧེ་མ་ ཤ་རོགསཔ་གཅིག་ཡོདཔ་ཨིན་མས་ ཤ་རོགསཔ་གཅིག་སྡོདཔ་ད་ལུ་ཏེ་ ཁོ་ནགས་ཚལ་ནང་ར་སྡོད་དེ་ ཏེ་དུས་དག་པ་ཅིག་ ནགས་ཚལ་ནང་སྡོདཔ་ད་ ཁྱིམ་ནང་ཨ་ལོའི་ཨའི་འདི་ གཟུགས་མ་བདེ་བ་སྡོད་སྡོདཔ་མས།
  • ཀུན་བཟང་རྒྱ་མཚོ་
    ཨའེ་ཨ་ལོའི་ཨའི་གཟུགས་མ་བདེ་བ་སྡོད་དེ་ ནུབ་མོ་གསུམ་སོང་སོངམ་མས་ ཨ་ལོ་སྐྱེས་ཏེ་ ཨ་ལོ་སྐྱེས་ཏེ་ ནུབ་མོ་གསུམ་སོང་ད་ ཁོ་ ཤིང་གཅིག་གི་རྩ་བར་གནསཔོ་བརྙ་སྡོད་སྡོདཔ་མས།
  • ཀུན་བཟང་རྒྱ་མཚོ་
    གནསཔོ་བརྙ་སྟེ་སྡོདཔ་ད་ ཏེ་ཡར་ལས་སླབ་དོ་ཡོདཔ་ལས་ ཤིང་གི་གནསཔོ་གིས་ དབའེ་འཛམ་གླིང་ནང་ མི་གསརཔོ་ལྷོད་ནུག་ཟེར་ བཤལ་བ་འགྱོ་གེ་ཟེར་སླབ་དེས་ཟེར་ཨིན་མས།
  • ཀུན་བཟང་རྒྱ་མཚོ་
    དེ་སྦེ་སླབ་སྟེ་ ཁོང་ཚུ་འགྱོ་དེས་ཟེར་ཨིན་མས་ ཁོང་འདི་ཚུ་ གནམ་མ་བསྲོཔ་ལས་ དེ་སྦེ་སོང་བལྟཝ་ད་ ཁོ་ལོག་ལྷོད་ལྷོདཔ་མས་ ལྷོད་དེ་ག་དེ་སྦེ་སྨོ་ སྒོ་ལས་བལྟ་རུང་ ཁོ་གིས་སླབ་ད་ལུ་ཏེ་ ཁོ་ ལོ་དྲུག་གི་བར་ན་ སྟག་ལུ་ཕོག་བཅུག་ཟེར་ གོ་ཡི་ཟེར་ཨིན་མས།
  • ཀུན་བཟང་རྒྱ་མཚོ་
    སྟག་གི་རྐྱེན་འོང་ཟེར་ སླབ་སར་གོ་སྟེ་ ཨའེ་ངེ་ཨ་ལོའིཨའི་ འ་ནཱེ་བཟུམ་སྦེ་ཡོད་ཟེར་ ངེའི་ཨ་ལོའི་ཨའི་ཟེར་ ཁྱིམ་ནང་སོང་བལྟཝ་ད་ ཨིན་མས་ཟེར་ཨིན་མས།
  • ཀུན་བཟང་རྒྱ་མཚོ་
    འ་ནཱེ་སྦེ་སླབ་སྟེ་ འ་ནཱེ་སྦེ་སླབ་སྟེ་ཡོད་ ང་ལུ་ཤིང་གི་གནསཔོ་ཚུ་གིས་ དེ་སྦེ་སླབ་ཡོད་ཟེར་ ཨའི་དང་ཨ་པ་འདི་ སེམས་རྩང་གུ་ བཀལ་བཀལཝ་བཟུམ་སྦེ་སྡོད་མས།
  • ཀུན་བཟང་རྒྱ་མཚོ་
    གནམ་མེད་ས་མེད་ རྩང་གུ་བཀལ་བཀལཝ་བཟུམ་སྦེ་སྡོད་པའི་བར་ན་ ཨ་ལོ་འདི་བཟུམ་སྦོམ་སོང་སྟེ་ ཧ་ལམ་ལོ་དེམ་ཅིག་འགྱོཝ་ད་ ཁྲོམ་ཁར་འགྱོ་འགྱོཝ་འོང་ནི་མས་ཁོ།
  • ཀུན་བཟང་རྒྱ་མཚོ་
    ཁྲོམ་ཁར་སོང་སྟེ་ ངེའི་ཨ་ལོ་འདི་ དེ་སྦེ་སླབ་སྟེ་ཡོད་ཟེར་ ཨ་ལོ་འདི་ ཨ་པ་ལུ་འདི་ དགྲ་ལི་དགྲ་ཆས་གྲ་སྒྲིག་སྦེ་འབག་སྟེ་ ཁྲོམ་ཁར་འཁྱིད་དེ་ ཕར་ལས་ཁོ་གིས་འཁྱིད་འབག་སྟེ་ མར་ལྟག་སོང་སྟེ་ ཨའེ་ངེའི་ཨ་ལོ་འདི་ འ་ནཱི་བཟུམ་སྦེ་སླབ་སྟེ་ཡོད་ཟེར་ དེ་སྦེ་སླབ་སྟེ་ མར་ཁྲོམ་གྱི་ལམ་བར་ན་ ཉལ་ཉལཝ་མས་ཁོ།
  • ཀུན་བཟང་རྒྱ་མཚོ་
    ཁྲོམ་གྱི་ལམ་བར་ན་ཉལཝ་ད་ ནུབ་མོ་ཧ་ལམ་ཅིག་ལུ་ ཁོ་ཏེ་ཨ་པ་འདི་ མ་ཉལ་བར་ར་སྡོདཔ་སྡོདཔ་མས་ལགས་ ཏེ་མ་ཉལ་བར་སྡོད་དེ་ ཁོ་གིས་ ཕར་ལྟ་བལྟཝ་ད་ ནུབ་མོ་ བྱི་ཙི་གཅིག་འོངམ་མས་ཁོ་འབད་སར།
  • ཀུན་བཟང་རྒྱ་མཚོ་
    བྱི་ཙི་ཨིན་ན་ ག་ཅི་ཨིན་ན་ཅིག་འོང་དེས་མས་ཟེར་སླབ་སྦེ་ ཕར་བལྟཝ་ད་ ཕར་བྱི་ཙི་འོངམ་ད་ ཨ་ལོ་གུ་ཤིང་ཆུང་ཀུ་ཅིག་འབག་འོང་སྟེ་ ཨ་ལོའི་མགུ་ཏོག་གུ་བཞག་དེས་ཟེར་མས།
  • ཀུན་བཟང་རྒྱ་མཚོ་
    ཏེ་ཨ་ལོ་གུ་བཞག་སྟེ་ ག་ཅི་འབད་ནི་ཨིན་ན་འ་ནཱི་གིས་ཟེར་ ད་རུང་འ་ནཱེ་སྦེ་ བལྟཝ་བལྟ་ས་སྡོད་སྡོདཔ་མས་ཨ་པ་འདི་ ཨ་ལོ་ཉལ་སྡོད་མི་འདི་གུ་ བལྟ་སྟེ་ར་སྡོདཔ་ད།
  • ཀུན་བཟང་རྒྱ་མཚོ་
    ད་རུང་ར་ ཤིང་གི་རྡོག་བ་བཟུམ་ཅིག་འབག་སྟེ་ ཨ་ལོའི་མགུ་ཏོག་ཁར་ སྤུངས་དོ་ཡོདཔ་མས་ འ་ནཱི་འདི་གིས་ལགས་ དེ་སྦེ་སྤུང་སྦེ་བལྟཝ་ད་ ཧ་ལམ་ཅིག་བལྟ་སྟེ་ར་སྡོད་སྡོདཔ་མས།
  • ཀུན་བཟང་རྒྱ་མཚོ་
    ཏེ་ད་རུང་ར་ ལོག་འགྱོ་དེས་ཟེར་ཨིན་མས་འདི་ བྱི་ཙི་འདི་ བྱི་ཙི་ལོག་འགྱོ་སྟེ་ ད་རུང་ལོག་འོང་སྟེ་ ད་རུང་རང་ཤིང་ཆུང་ཀུ་ཅིག་འབག་འོང་དེས་ཟེར་ཨིན་མས་ ཚར་གསུམ་འོངམ་ད་ཏེ་ དེ་ལས་ཏེ་ སེམས་ཅན་ཅིག་འོང་དེས་ཟེར་མས་ ཨ་ལུ་བཟའ་ནི་སྦེ།
  • ཀུན་བཟང་རྒྱ་མཚོ་
    ཏེ་ཨ་ལོ་བཟའ་ནི་སྦེ་འོང་ད་ཏེ་ ཏེ་ཨ་པ་གིས་ དེ་སྦེ་ཡོད་ཟེར་ཟེར་ ཨ་པ་གིས་ ཏེ་དགྲ་ལི་དགྲ་ཆས་ གྲ་སྒྲིག་སྦེ་འབག་སྟེ་ཡོདཔ་མས་ ཁྲོམ་ཁར་འགྱོཝ་ད་ དགྲ་ལི་དགྲ་ཆས་གྲ་སྒྲིག་འབག་སྟེ་ ཏེ་ཁོ་གིས་ཏེ་ མདའ་རྐྱབ་རྐྱབ་མས།
  • ཀུན་བཟང་རྒྱ་མཚོ་
    ཏེ་ཁོ་གིས་ སེམས་ཅན་ཚུ་འདི་ནང་ར་བསད་དེ་ སེམས་ཅན་བསད་དེ་བཞག་སྦེ་ ཏེ་ནངས་པ་འབདཝ་ད་སླབ་སླབ་མས་ བུ་འདི་ལུ་ ཁྱོད་ཆུང་ཀུ་སྦེ་སྡོད་པའི་སྐབས་ འ་ནཱེ་སྦེ་ཡོདཔ་ཟེར་ ཁྱོད་བཟའ་འོང་ཟེར་སླབ་སྟེ་ཡོད་ཟེར་སླབ་ད།
  • ཀུན་བཟང་རྒྱ་མཚོ་
    ག་དེ་སྦེ་བཟའ་ཚུགས་ནི་ཨ་པ་ང་ཟེར་ ཨ་པ་ང་ག་དེ་སྦེ་བཟའ་ཚུགས་ནི་ཟེར་ རྐངམ་གྱི་རྡོག་ཐེ་བླུག་བྱིན་བྱིནམ་མས་ཁོ་གིས་ ཏེ་རྡོག་ཐེ་བླུགཔ་ད་ ཏེ་འདིའི་མཆེཝ་གི་ཏེ་ ཨ་ལོའི་རྐངམ་གུ་ རྨ་ཆུང་ཀུ་ཅིག་བཏོན་དཔ་མས།
  • ཀུན་བཟང་རྒྱ་མཚོ་
    རྨ་ཆུང་ཀུ་ཅིག་བཏོན་ཏེ་ ཨ་ལོ་འདི་ འདི་ནང་རང་ནད་གཞི་ལེན་ཏེ་ དེ་ནང་རང་ཤི་སོང་ཡི་ཟེར་ཨིན་མས། ཨ་ལོ་སྐྱེས་ས་བལྟ་བ་འགྱོ་མི་གནད་དོན་འདི་ ང་བཅས་ར་འབྲུག་པའི་ཨ་ལུ་སྐྱེས་ས་བལྟ་མི་འདི་ དྲོ་པ་བལྟ་དགོ་མི་གནད་དོན་འདི་ དེ་སྦེ་ཨིན་ཟེར་སླབ་ཨིན་མས།
  • ཀུན་བཟང་རྒྱ་མཚོ་
    ང་བཅས་ [ཤིང་གསོན་?]ལས་ཧེ་མ་ ང་བཅས་ལྷོད་དགོ་ཟེར་ཨིན་མས་ལགས། ལགས་སོ་བཀའ་དྲིན་ཆེ།