Skip to main content Skip to search
20 Jun 2018
2 min 30 sec
Video Overview
Creators: 
Duptho, Sonam Chophel

Anung, a villager from Phongmey, Tashigang, shares a humorous story about a good and bad mind. Storytelling was a longstanding tradition in Bhutan, with different educational stories shared amongst those working in the fields, or after dinner with family. Parents would narrate different stories to their children before bed. Storytelling traditions are now rarely practiced, due to modernization.

 

བཀྲིས་སྒང་རྫོང་ཁག  ་ཕོངས་མེད་རྒེད་འོག་ ལས་འབད་མི་ ཨ་ནུང་གི་ སེམས་བཟང་ངན་གྱི་ སྐོར་ལས་ སྲུང་གཅིག་ བཤདཔ་ཨིན་མས། སྲུང་གཏང་ནི་ འདི་ཡང་ ཧེ་མ་ལས་ ལམ་སྲོལ་བཟང་པོ་ གཅིག་ཨིནམ་ མ་ཚད་ སྲུང་འདི་ཡང་ ཤེས་ཡོན་དང་ འབྲལ་བའི་ བཅུད་དོན་གྱི་སྒོ་ལས་ ཞིང་ཁ་ལཱ་འབད་བའི་སྐབས་ གཅིག་གི་གཅིག་ལུ་ བཤདཔ་ཨིན་མས། དེ་ཡང་ ལཱ་འབད་བའི་སྐབས་ འཇམ་ཏོ་ཏོག་ འོང་ནི་དང་ སྲུང་འདི་ལས་ ཐབས་ཤེས་མའདྲཝ་ ཐོབནིའི་དོན་ལས་ ཨིན་མས། སྲུང་གཏང་ནི་ ལུམ་སྲོལ་འདི་ཡང་ ཕམ་ཚུ་གི་ ཨ་ལོ་ཚུ་ལུ་ ཕྱི་རུ་ཉལ་རནམ་ད་དང་ ལྟོ་བཟའ་ཚར་བའི་ ཤུལ་ལས་ གཏངམ་ཨིན་མས། ཨིན་རུང་ དུས་གི་ འགྱུར་བ་ལས་བརྟེན་ ད་རེས་ ནངས་པར་ ཨ་ལོ་ཚུ་གི་ འཕྲུལ་རིགས་མ་འདྲཝ་ བརྒྱུད་འཕྲིན གློག་རིག་ཡོངས་འབྲེལ་དང་ འཕྲུལ་ཆོས་ཚུ་ལུ སྤོ་བ་ལེན་ཏེ་་སྔོན་གི་ ལམ་སློམ་བཟང་པོ་འདི་ ཉམས་ འགྱོ་དོ་ཡོདཔ་མས། 

Transcript search
No results found for this search
0 of 0
  • དཀར་ཅུང་ Karchung
    ཧེ་མ་ཧེ་མ་ ཨའི་གཅིག་དང་ཨ་ལོ་གཅིག་སྡོད་སྡོདཔ་མས།
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ཨོང་ལགས་
  • དཀར་ཅུང་ Karchung
    ཨའི་གཅིག་དང་ཨ་ལོ་གཅིག་སྡོད་པའི་ནམ་དུས་ལུ་ ཨའི་འདི་ལཱ་སར་འགྱོ་འགྱོཝ་ཨིན་མས།
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ཨུམ་
  • དཀར་ཅུང་ Karchung
    ཨའི་ལཱ་སར་བར་འགྱོ་ནི་འབདཝ་ད་ ནེའུ་ལེ་གཅིག་ཡོདཔ་ཨིན་མས་ ནེའུ་ལེ་ལུ་ ཨ་ལོ་ལྟ་སྨ་རེད་ཟེར་སླབ་བཞག་བཞགཔ་མས།
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ཨོང་
  • དཀར་ཅུང་ Karchung
    སླབ་བཞག་པའི་སྐབས་ལུ་ དེ་ལས་ ཨའི་ལཱ་སར་འགྱོ་སྦེ་ལོག་འོངམ་ད་ལུ་ ལམ་ཁར་ནེའུ་ལེ་གིས་ མཇུག་མ་སི་རི་རི་གཡུག་སྟེ་ ཁ་ག་ར་ཁྲག་ཁོག་ཁོ་སྦེ་ལྷོད་དེས་ལོ།
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ཨུམ་
  • དཀར་ཅུང་ Karchung
    དེ་སྦེ་ལྷོདཔ་ད་ལུ་ ཨ་ ངེའི་ཨ་ལོ་ལྟ་ཟེརཝ་ད་ འ་ནཱི་ཨ་ལོ་ ཁོ་གིས་ཟ་ཟཝ་ཨིན་མས།
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ཨུམ་
  • དཀར་ཅུང་ Karchung
    འ་ནཱི་ནེའུ་ལེ་ ལེགས་ཤོམ་མེན་པས་ཟེར་ བརྟག་དཔྱད་རང་མ་འབད་བར་ ཤིང་གཅིག་འབག་སྟེ་ མགུ་ཏོ་གུ་དྲངས་བཏང་ནུག
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ཨུམ་
  • དཀར་ཅུང་ Karchung
    ནེའུ་ལེ་ ཕར་ཤི་སོ་ནུག ཨ་ནཱ་ལས་ ནེའུ་ལེ་ཤི་ཞིནམ་ལས་
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ད་ ནེའུ་ལེ་ ཕར་ཤི་ཡི?
  • དཀར་ཅུང་ Karchung
    ཤི་ཡི་ དེ་ལས་ཨ་ནཱ་ལས་ ཁྱིམ་ནང་ཡར་སོང་ནུག ཁྱིམ་ ཨའི་ཁྱིམ་ནང་སོང་ ཨ་ལོ་སྐྱིད་ཏོང་ཏོ་སྦེ་ཉལ་སྡོད་ནུག་ལོ་ ཨ་ལོ་སྐྱིད་ཏོང་ཏོ་ སྦུལ་སྦོམ་གཅིག་འདུག་ལོ།
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ཨ་ལོའི་མལ་ཆ་ནང་ཡ?
  • དཀར་ཅུང་ Karchung
    དུམ་ཙན་གསུམ་ མེན་ དུམ་ཚན་གསུམ་བཟོ་བཞག་སྟེ་
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ཨེའེ་་་་
  • དཀར་ཅུང་ Karchung
    ཨ་ལོ་སྐྱིད་ཏོང་ཏོ་སྦེ་ཉལ་ཏེ་ སྦུལ་དུམ་ཚན་གསུམ་བཟོ་བཞག་སྟེ་ ཏེ་ཁོ་གིས་བསད་སྦེ་ ཨ་ལོ་གི་་་་ ཨའི་སྡོད་སར་ ཁོ་གིས་དེ་སྦེ་འགྱོ་འགྱོཝ་མས།
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ཨུམ་
  • དཀར་ཅུང་ Karchung
    སྦུལ་གྱིས་ཨ་ལོ་ཟ་བར་འོང་སྟེ་ ང་གིས་དེ་སྦེ་བསད་ད་ཡི་སྨེ་ཟེར་ འོང་འོངམ་མས། ཨའི་གིས་བརྟག་དཔྱད་མ་འབད་བར་ ཏེ་སྦུལ་བསད་བཞག དེ་ལས་ སྦུལ་བསད་ཞིནམ་ལས་ ཨའི་གནམ་མེད་ས་མེད་ བློ་འགྱོད་བསྐྱེད་ ད་རེས་ནངས་པའི་མི་ཚུ་ག་ར་ བརྟག་དཔྱད་མ་འབད་བར་ ལཱ་འདི་བཟུམ་མ་འབད་ཟེར།
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ཨེའེ་་་་་
  • དཀར་ཅུང་ Karchung
    སླབ་ནི་ ཤུལ་ལས་སེམས་བློ་འགྱོད་སྦོམ་འོང་ཟེར་ བརྟག་དཔྱད་འབད་ཡི་འབད་ཡི་ལཱ་འབད་དགོ་ཟེར་ བརྟག་དཔྱད་མ་འབད་བར་ལཱ་མ་འབད་ཟེར།
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ཨེའི་
  • དཀར་ཅུང་ Karchung
    དེམ་ཅིག་རང་ཨིན་ལགས།
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ཨེའེ་་་་ ཏེ་ད་ འ་ནཱི་འདི་ དེ་སྦེ་ཨིན་མས་སྨོ? ད་ལྟོ་ནཱ་ འ་ནཱི་ཨ་རྒས་ཀྱིས་སྲུང་གཏང་མི་གོ་བ་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ དཔེར་ན་ འ་ ང་བཟུམ་ཅིག་གིས་ ལཱ་ག་བཟུམ་ཅིག་རང་འབད་རུང་
  • དཀར་ཅུང་ Karchung
    ཨ་ཙི་ཅིག་
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ཨ་ཙི་ཅིག་བརྟག་དཔྱད་མ་འབད་བར་ ཨིན་དང་ཨིན་ཟེར་ ལོགས་ཅིག་ཁ་ལས་དྲངས་ཡི་རང་ ལོགས་ཅིག་ཁ་ལས་བརྡུངས་ཡི་རང་འབག་ ལོགས་ཅིགཁ་ལས་
  • དཀར་ཅུང་ Karchung
    ཤུལ་ལས་བློ་འགྱོད་སྐྱེ་འོང་
  • འཇིགས་མེད་དབང་ཕྱུག་ Jigme Wangchuk
    ལཱ་འབད་དེ་རང་བཏངམ་ད་ལུ་ ལཱ་འཛོལ་འགྱོཝ་ཨིན་ཟེར་བའི་གོ་དོན་ཅིག་ཨིན་པས་སྨོ་ལགས།། །།