Skip to main content Skip to search
23 Aug 2018
3 min 11 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཀུན་བཟང་དབང་མོ་ Kuenzang Wangmo
    དང་ཕུ་ཨིན་པས་ དིང་ཕུ་ཨིན་པས་ དང་ཕུ་དིང་ཕུ་ཏེ་ འདྲེ་ཏོག་ཟེམ་ཨ་པ་གཅིག་དང་ཨ་མ་གཅིག་ཡོདཔ་མས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཏེ་ ཁོང་གཉིས་ལུ་ཚང་གསརཔ་གཅིག་དང་ རྙིངམ་གཅིག་ཡོདཔ་མས་ ཏེ་ ཁོང་གཉིས་ལུ་ བོད་སྲནམ་ཕུད་རྡོག་གཅིག་ཡོདཔ་མས་ དེ་ལས་ བོད་སྲནམ་ཕུད་རྡོག་གཅིག་འཐོབ་སྟེ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཨ་པ་གིས་ ལྟོ་འཚོལ་བར་འགྱོ་འགྱོཝ་མས་ དེ་ལས་ ཨ་མ་དེ་གིས་ ཨ་པ་དེ་མ་ལྷོདཔ་ལས་ ཚང་རྙིངམ་ལས་ ཚང་གསརཔ་ནང་ལུ་ སྤོ་འབག་འབགཔ་མས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་འདི་ བོད་སྲནམ་འདི་ རྩིགཔ་གི་བར་ན་ལས་མར་ཤོར་ཡར་སོངཔ་མས་ བོད་སྲནམ་ཕུད་རྡོག་གཅིག་ དེ་ལས་ ཨ་པ་འོང་འབད།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཕྱི་རུ་ དེ་ལས་ ཨ་མ་མཆོ་ཏོ་རྐྱབ་སྟེ་བསད་བསདཔ་མས་ བོད་སྲནམ་འབྱང་སྟོར་ཤོར་བཅུག་ནུག་ཟེར།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ བོད་སྲནམ་འབྱང་སྟོར་ཤོར་བཅུག་ནུག་ཟེར་ མཆོ་ཏོ་རྐྱབ་བསད་དེ་ དེ་ལས་ ཧ་ལམ་ཅིག་ཁར་ལས་ དེ་ལས་ བོད་སྲནམ་གཅིག་ སྐྱེས་སྐྱེསཝ་མས་ དེ་ལས་ བོད་སྲནམ་ཅིག་སྐྱེསཝ་ད།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ ཨ་པ་གིས་ གླུའི་གདངས་འཐེན་ཏེ་ དེ་ལས་ འདྲེ་ཏོག་ཟེམ་ཨ་མ་ཡར་ལོང་ཟེར་སླབ་སླབ་མས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    སྭོ་་་་པུ་པུ་མ་མ་མ་ཉལ། པུ་པུ་ཡར་ཡར་ལོང་ཤོག ང་ནི་སྐྱེས་སའི་ཀྲེ་མ(བོད་སྲནམ)། ཀྲེ་མའི་མེ་ཏོག་ཤར་སོང་། ཟེར་ སླབ་སླབ་མས་ཨ་པ་གིས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཏེ་ ང་བཅས་གཉིས་ཀྱི་ བོད་སྲནམ་མེ་ཏོག་ཤར་ནུག་ ཡར་ལོང་ད་ མ་ཉལ་ཟེར་ སླབ་སླབ་མས་ ཤི་མ་ཤི་ཡང་ མ་ཤེས་ཤེསཔ་མས་ཏེ་ ཨ་པ་གིས་ ཏེ་ད་རུང་ཨ་མ་འདི་ ཡར་ལོང་ནི་མེདཔ་ཨིན་མས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཏེ་ད་རུང་ཨ་པ་གིས་ དེ་སྦེ་འཐེན་ནུག་ སྭོ་པུ་པུ་མ་མ་ཉལ། པུ་པུ་ཡར་ཡར་ལོང་ཤོག ང་ནི་སྐྱེས་སའི་ཀྲེ་མ། ཀྲེ་མའི་མེ་ཏོག་ཤར་སོང་ཟེར་ སླབ་སླབ་མས་ ཨཔ་གིས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་འབད་རུང་ཨ་མ་ལོང་ནི་མེདཔ་ཨིན་པས་ དེ་ལས་ ཨ་པ་གིས་འབག་འབགཔ་མས་རོ་དེ་ དེ་ལས་ རོ་འབག་སྟེ་ དེ་ལས་ ལཱ་ཁག་འབད་དེ་ ཨ་མའི་རོ་འབག་འགྱོ་སྟེ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ ཐང་གཅིག་ནང་ལྷོདཔ་ད་ ཨ་པ་འདི་འུ་སྡུག་ ཐང་ཆད་ཆདཔ་མས་ ད་ནཱ་བཞག་དགོ་ནི་མས་ཟེར་མནོ་མནོཝ་མས་ ཨ་མའི་རོ་དེ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཨ་ནཱ་བཞག་དགོ་ནི་མས་ཟེར་མནོཝ་ད་ དེ་ནང་བྱི་ཙི་ལེ་ཤ་ཅིག་འགྱོ་འགྱོཝ་མས་ དེ་ལས་ ཨ་པ་གིས་ ནཱ་ད་ བྱི་ཙི་གིས་ཟ་ནི་མས་ ངེའི་འདྲེ་ཏོག་ཟེམ་ནཱ་བཞག་རུང་ད་ བྱི་ཙི་གིས་ ཟ་ནི་མས་ཟེར་མནོ་སྟེ་ དེ་ལས་ དེ་ཁར་མ་བཞག་པར་འབག་ཡར་སོངཔ་མས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ ལ་གཅིག་ ལུང་གཅིག་བརྒལ་ཏེ་ འབག་སོང་སྟེ་ དེ་ལས་ ལ་གཅིག་ན་ལྷོདཔ་ད་ ད་རུང་ཨ་པ་འུ་སྡུག་ཐང་ཆད་ཆདཔ་མས་ཏེ་ དེ་ལས་ ད་རུང་ཨ་པ་གིས་ རྩ་འགེངས་ཏེ་ གླུ་འཐེན་ཡི་རང་འབག་ནུག་འབག་ནི་འདི་ དེ་ལས་ གླུ་འཐེན་ཏེ་རང་འབག་སོང་རུང་ དེ་ལས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཡུདཔ་ཅིག་ལས་ ད་རུང་ལ་ཅིག་གི་རྩ་བར་ལྷོདཔ་ད་ ཨ་པ་གིས་ (འ་ནེམ་ཅིག་རང་ཨིན་) ཨ་པ་འདི་ འུ་སྡུག་ཐང་ཆད་དེ་ དེ་ལས་ ཤིང་རྩིག་ཞིནམ་ལས་ དེ་ལས་ ཨམ་དེ་ནང་བཙུགས་ཏེ་ དེ་ལས་ ཨ་པ་ཁོ་རང་ཡང་ དེ་ཁར་འཚིགས་ཏེ་ དེ་ལས་ ཤི་ཤིཝ་མས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ ལོག་སྟེ་སྐྱེཝ་ད་ དེ་ལས་ ཕྱུག་པོའི་བུམོ་གཅིག་དང་ བུ་གཅིག་འབད་ ཏེ་ ཁོང་གཉིས་ཕྱུག་པོ་ཅིག་འབད་སར་ མི་ཚན་ཕྱུག་པོ་ཅིག་འབད་སར་ ཏེ་ མཉམ་གཅིག་སྐྱེས་སྐྱེསཝ་མས་ དེ་ལས་ འ་ནེམ་ཅིག་ཨིན་མས་ སྲུང་འ་ནེམ་ཅིག་མ་གཏོགས་མིན་འདུག་ད་ རྣམ་རྟོག་མི་འོང་པས་ང་ར་བརྗེད་སོང་སྟེ།