Video Overview
This story conveys the message that one should always have good thoughts and good intentions about everything. A positive attitude will yield good results. Once upon a time there were three brothers who got married to three sisters. While the husbands were away for business, the three wives stayed behind. The three wives never listened to what their husbands told them, and as a result they six suffered a lot. The youngest brother was very kind and also clever. He helped his wife and her sisters along with his two brothers to escape from the witch land. Instead of being grateful, his two older brothers assaulted him. Later, due to their bad deeds, the older brothers ended up working as servants, while the younger became a king.
མོང་སྒར་ གླིང་མཁར་ལས་ འཇིགས་མེད་ཀྱིས་གཏང་མི་ བསམ་པ་བཟང་དགོ་པའི་སྲུང་དེ་ བུ་སྤུན་གསུམ་དང་ མོ་སྤུན་གསུམ་ འབད་མི་ཁོང་དྲུག་ གནསམོ་གནས་ཚི་བསྡོམས་ཏེ་ སྡོད་སྡོད་པའི་སྐབས་ཅིག་ལུ་ རྨགཔ་གསུམ་ ཚོང་ལུ་འགྱོཝ་ད་ ཁྱིམ་ན་སྡོད་མི་ཨམ་སྲུ་གསུམ་ རྨགཔ་གསུམ་གྱིས་སླབ་པའི་ཁ་ལུ་མ་ཉན་པའི་སྟབས་ཀྱིས་ ཁོང་དྲུགཔོ་ཆ་ར་ དཀའཝ་སྦོམ་སྤྱད་པའི་མཐའ་མར་ ནུ་གཅུང་ཆུང་ཤོས་དེ་གི་ཐབས་ཤེས་གནས་སྐབས་ཀྱིས་འབད་ སྲིནམོ་གི་གཡུས་ཁ་ལས་ སྲོག་སྐྱབས་འབད་རུང་ ཨ་ཅོ་གཉིས་ཀྱིས་ནུ་གཅུང་ལུ་ལེགས་ཤོམ་འབད་ནི་ཕར་བཞག་ བརྙས་བཅོས་འབད་དེ་བཞག་ནུག་ ཨིན་རུང་ ཁོ་ར་བསམ་པ་བཟང་བའི་ཁ་ལུ་ ཐབས་དང་གནས་སྐབས་མཁས་ནི་འདི་གིས་ ཤུལ་ལས་ ཨ་ཅོ་གཉིས་ གཡོགཔ་བཟུམ་དང་ ཁོ་ར་དཔོན་བཟུམ་སྦེ་སྡོད་ནི་གི་གོ་སྐབས་ཐོབ་ནུག དེ་ཡང་ བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །ཟེར་སླབ་དོ་བཟུམ་སྦེ་ བསམ་པ་བཟང་དགོ་ནི་ཨིན་པས།
- Jigme> ད་ ཧེ་མ་ སྤུན་ཆ་གསུམ་སྡོད་སྡོདཔ་མས། སྤུན་ཆ་གསུམ་སྡོདཔ་ད་ལུ་ ཁོ་སྤུན་ཆ་གསུམ་ཆ་ར་ལུ་ བུམོ་སྤུན་ཆ་གསུམ་ད་ ཁོང་གསུམ་གྱིས་བུམོ་གསུམདང་ གཅིག་ཁར་གཉེན་བསྡོམས་བསྡོམསམ་མས། བསྡོམས་ཏེ་འབདཝ་ད་ ཉིནམ་ཅིག་ཟེརཝ་ད་ ཁོ་གསུམ་ མར་ ཚོང་ལུ་སོང་སོངམ་ཨིན་མས། ཁོང་ སྤུན་ཆ་གསུམ་ཚོང་ལུ་སོང་སྟེ།
- Jigme> འགྱོ་བའི་སྟབས་ལུ་ཏེ་ ཡ་ ཁྱེད་གསུམ་ མེ་ཤི་མ་བཅུག་ ཁྱིམ་ཚང་མིན་འདུག་ འ་ནཱ་ མེ་ཤི་བ་ཅིན་ མེ་ག་ཏེ་ལས་འབག་ནི། ཁྱེད་ཚུ་ ལྟོ་མི་ཐོབ་ མེ་ཤི་མ་བཅུག་ཟེར་ སླབ་སྟེ་ ད་འགྱོ་འགྱོཝ་ཨིན་པས། འགྱོཝ་ད་ལུ་ ནུབ་ ནུབ་གཉིས་འགྱོ་ད་ལུ་ དབའི་ ང་གི་མེ་ནང་ ཆུ་ཨ་ཙི་ཅིག་ བླུག་ནི་ཟེར་ སླབ་ནུག་ ཨ་ཞེམོ་གིས་ དབའི་ མ་བླུག་ ང་བཅས་གསུམ་ མེ་ག་ཏེ་ལས་འབག་ནི་ཟེར་ སླབ་ད་ དབའི་ ཨ་ཙི་ཅིག་ བླུག་བལྟ་ནི་ཟེར་ སླབ་ད།
- Jigme> མ་བླུག་ཟེར་སླབ་ད་ ཨ་ཞེམོ་རྒྱལ་ཏེ་ར་ མེ་ནང་ ཆུ་བླུག་སྟེ་བསད་བཞག་ནུག། ད་ ལྟོ་བཟའ་ནི་མེད་པར་ མེ་ ག་ཏེ་ལས་ དུ་པ་ཐོནམ་བལྟ་སྟེ་སྡོདཔ་ད་ ཡར་ ཕུ་གི་རྩེ་ལས་ གངས་ཏོ་སྦོམ་ཅིག་གུ་ལས་ དུ་པ་ཐོན་དེས་ཟེར་ཨིན་མས། དེ་ལས་ཏེ་ ཡ་ འ་ནཱ་ལས་ དུ་པ་ཐོན་དེས་དབའི་ ང་བཅས་གསུམ་ མེ་ལེན་པར་འགྱོ་གེ་ཟེར་སོང་ནུག་ ཁོང་གསུམ་ སོང་སྟེ་ ཡར་སོང་སྟེ་བལྟཝ་ད་ བལྟཝ་ད་ལུ་ ཨང་རྒས་ཅིག་འདུག་ཟེར་ ཨིན་པས་ལགས།
- Jigme> ཡ་ ཨང་རྒས་ ཁྱོད་ཀྱི་ མེ་ ཨ་ཙི་ཅིག་འབག་དགོ་པས། ང་བཅས་གསུམ་ མེ་མིན་འདུག་ཟེར་ སླབ་ད་ ཡ་ འ་ནཱི་ གསིག་མ་ནང་འབག་ གསིག་མ་ནང་འབག་སྟེ་ མེའི་ཐེལཝ་གསིག་སྟེ་ར་འབག་ཟེར་ སླབ་སླབ་ཨིན་པས་ལགས། ད་ མེའི་ཐེལཝ་གསིག་སྟེ་ར་འབག་སྟེ་ མར་ ཁྱིམ་ནང་ལྷོད་དེ་ མེ་ཕུག་སྟེ་ ནངས་པ་ ལཱ་ལུ་ གཞན་མི་ སྤུན་ཆུང་ཤོས་གཉིས་ ལཱ་ལུ་སོང་སྟེ་ ཨ་ཞེམོ་ ལྟོ་འབད་དེ་ ལྟོ་ཀྲིག་ཀྲི་ཚུདཔ་ད་ ཨང་རྒས་ལྷོད་དེ་ཟེར་ཨིན་པས།
- Jigme> ཨང་རྒས་ལྷོདཔ་ད་ལུ་ཏེ་ ད་ ང་ལུ་ ལྟོ་བྱིན་ནི་སྨོ? མི་བྱིན་ནི་ཟེར་ སླབ་དེས་ཟེར་ཨིན་མས། ངེ་གི་མེ་འབག་ཡི་སྨོ? ལྟོ་བྱིན་ནི་སྨོ མི་བྱིན་ནི? ཟེར་ སླབ་དེས་ཟེར་ཨིན་པས། མི་བྱིན་ ང་བཅས་གསུམ་ ག་ཅི་བཟའ་ནི? ཧེ་མ་ལས་རང་ ང་བཅས་གསུམ་ མེ་མེད་པར་ ལྟོ་བཀྱེས་ཏེ་ཡོད། མ་བྱིན་པ་ཅིན་ བཟའ་ནི་ཟེར་ སླབ་དེས་ཟེར་ཨིན་པས། བཟའ་ནི་ཟེར་སླབ་ད་ འ་ བཟའ་བཟའ་ཟེར་ བྱིན་བྱིནམ་མས་ལགས།
- Jigme> ད་ གཞན་མི་ཅིག་ སྤུན་ཆུང་ཤོས་གཉིས་ ལྟོའི་དུས་ཚོད་ལུ་ འོངམ་བལྟཝ་ད་ ཨ་ཞེམོ་ ལྟོ་ ཀྭ་ལས་ཟེརཝ་ད་ འ་ནཱི་ ཨང་རྒས་ལྷོད་དེ་ བཟའ་ཡར་སོང་ཡི། མ་བྱིན་པ་ཅིན་ ང་བཟའ་ནི་ཟེར་ སླབ་དེས་ཟེརཝ་ད་ ཁའི་ ཁྱོད་ཀྱི་མིན་འདུག། ང་སྡོད་གེ་ཟེར་ ནུམ་བར་ན་གིས་ སྡོད་སྡོདཔ་མས། ད་ ལྟོ་འབད་དེ་ ད་རུང་ར་ ལྟོ་ཀྲིག་ཀྲི་འབད་ཚརཝ་ད་ ཨང་རྒས་ལྷོད་དེ་ཟེར་ཨིན་མས། ཨང་རྒས་ལྷོད་དེ།
- Jigme> ཡ་ ང་ལུ་ ལྟོ་བྱིན་ནི་སྨོ་ མི་བྱིན?ཟེར་ སླབ་དེས་ཟེར་ཨིན་པས། ངེ་མེ་འབག་ཡི་ཟེར་ ངའི་ཨ་ཞེམོ་ལས་ཡང་ འཕྱོག་ཟ་ནུག། ང་གིས་འདི་མི་བྱིན་ཟེརཝ་ད་ མ་བྱིན་པ་ཅིན་ ཁྱོད་དེ་བཟའ་ནི་ཟེར་ སླབ་ནུག ད་ ཨ་ཞེམོ་བར་ན་གི་ཡང་ བྱིན་ད་ནུག་ ད་ དེ་ལས་ལྷོདཔ་ད་ དེ་སྦེ་འབད་དེ་ཟེར་ སླབ་ཅི་ཟེར་ སླབ་ནུག་ ཨ་ཞེམོ་གིས།
- Jigme> དེ་ལས་ཏེ་ ཁྱེད་གཉིས་ཀྱི་ གོ་མི་ཆོད་ནི་ཨིན་མས་ཟེར་ ང་གི་མི་བྱིན་ཟེར་ ནུམ་གཞན་མི་དེ་ སྡོད་སྡོདཔ་མས་ལགས། ད་རུང་ར་སྡོད་བལྟཝ་ད་ ལྟོ་ཀྲིག་ཀྲི་འབད་ཚརཝ་ད་ ཨང་རྒས་ལྷོད་ནུག་ལགས། ཨང་རྒས་ལྷོད་དེ་ ང་ལུ་ ལྟོ་བྱིན་ནི་སྨོ? མི་བྱིན་ ངེ་ཨ་ཞེམོ་གཉིས་ལས་ ཁྱོད་བང་ཅན་འབད་དེ་ བཟའ་ནུག། མི་བྱིན་ཟེརཝ་ད་ མ་བྱིན་པ་ཅིན་ ཁྱོད་བཟའ་ནི་ཟེར་ ཨང་རྒས་ཀྱིས་ ཆེཝ་བཏོནམ་ད།
- Jigme> འདྲོག་སྟེ་ བྱིན་ད་ནུག། དེ་ལས་ཏེ་ ཞག་བདུན་ཟེརཝ་ད་ ཁོང་གསུམ་གྱི་ རྨགཔ་ལྷོད་ནུག་ལགས། ལྟོ་བཀྱེས་ཏེ་ ཤི་ནི་གུ་དཔག་ནུག་ཟེར་ཨིན་མས་ལགས། ག་ཅི་སྦེ་ཡི་ཟེརཝ་ད་ ཨ་ཞེམོ་གིས་ མེ་བསད་དེ་ ཡར་ལས་མར་ འབགཔ་ད་ ཨང་རྒས་ཀྱིས་ དེ་སྦེ་ སྲིན་པོ་ཨང་རྒས་ཅིག་འོང་སྟེ་ ལྟོ་ འཕྱོག་བཟའ་སྟེ་ ཉན་མ་བཏུབ་པས་ཟེར་ སླབ་སླབ་མས། ཡ་ ཕོ་རྒནམོ་སྦོམ་ཤོས་ཀྱིས་ ང་གིས་ དམ་བཏགས་ནི་ ང་སྡོད་ནི་ཟེར།
- Jigme> ལྟོ་འབད་དེ་ ལྟོ་འབད་དེ་སྡོདཔ་ད་ལུ་ ཨང་རྒས་ཀྲིག་ཀྲི་ལྷོད་དེ་ཟེར་ཨིན་མས། འ་ནཱི་ ལྟོ་བྱིན་ནི་སྨོ་ མི་བྱིན་ཟེར་ སླབ་དེས་ཟེར་ཨིན་མས་ ཨང་རྒས་ཀྱིས་ ག་ཅི་སྦེ་བྱིན་ནི། ང་བཅས་ར་ ཨམ་སྲུ་གསུམ་ལས་ བང་ཅན་འབད་དེ་ བཟའ་ནུག་ཁྱོད་ཟེར་སླབ་ད་ མ་བྱིན་པ་ཅིན་ ང་གི་ དེ་སྦེ་ བཟའ་ནི་ཟེར་ ཆེཝ་བཏོནམ་ད་ དེ་ལས་ཏེ་ ཕོ་རྒནམོ་གི་ཡང་ བྱིན་ད་ནུག་ལགས།
- Jigme> ད་ ལྟོ་བཟའ་ནི་མེད་པར་ དཀའཝ་སྤྱོད་ནུག་ ད་རུང་ར་ ནུ་གཅུང་བར་ན་གིས་ སླབ་ནུག་ ང་གིས་ སྡོད་དེ་ ཤུད་ ཨང་རྒས་ དམ་བཏགས་ནི་ ང་གིས་ མོ་ཟེར་ ད་ ཁོང་གསུམ་གྱིས་ ཁོང་གསུམ་ བཞི་ ཁྱོད་ཀྱི་ འ་ནཱི་བཟུམ་སྦེ་ བང་ཅན་འབད་དེ་བཟའཝ་ད་ ང་གི་འདི་ མ་པ་ལས་ར་མི་བྱིན་ ཨང་རྒས་ ཁྱོད་ཟེར་སླབ་ད་ མ་བྱིན་པ་ཅིན་ དེ་སྦེ་ བཟའ་ནི་ཟེར་ སླབ་སླབ་མས་ལགས། ད་ བྱིན་བཞག་ནུག་ ཨའེ་ ཁྱེད་ཀྱི་གོ་མ་ཆོད་ ནུ་གཅུང་ ཆུང་ཤོས་ཀྱི་ ང་གིས་ སྡོད་ནི་ལྟོ་འབད་དེ།
- Jigme> ད་ ཁོ་གིས་ ལྟོ་མ་འབད་བར་སྡོད་སྡོདཔ་མསལགས། དེ་ལས་ཏེ་ ཨང་རྒས་ལྷོད་དེ་ཟེར་ཨིན་མས་ལགས། ལྟོ་ཟ་བར་ ལྟོ་འབད་ཡི་ག་ ཁོང་ ལྟོ་འབད་དེ་ཡོད། ང་ ལྟོ་བཟའ་བར་འོངམ་ཨིན། ལྟོ་མ་འབད་བར་ཡོད་ ད་ལྟོ་ ཆུ་ལེན་དགོཔ་ཡོད་ ཨང་རྒས་ཟེར་ པ་ལང་ ཨ་བུ་དོང་སྤད་དེ་ བྱིན་ནུག་ནུ་གཅུང་གིས་ ད་ ཕར་ཆུའི་གཟར་ཁར་འབག་སྟེ་ བཟེད་བལྟཝ་ད་ ཆུ་གང་ནི་ར་མེདཔ་ཨིན་མས་ལགས། ད་ ཨང་རྒས་ཀྱིས་ ཕད་ཅུང་ སེལ་བལྟཝ་ད།
- Jigme> ལྕགས་ཀྱི་ ལྕགས་ཐག་ཡོད་ཨིན་མས་ལགས། ད་ མཐོཝ་ ལྕགས་ཀྱི་མཐོཝ་ཡོད་ད་ོཡོདཔ་མས་ལགས། འ་ནཱི་ ཐོཝ་ ཨ་ ཁོ་གི་ ཕད་ཅུང་ནང་ན་བླུགས་ཏེ་ ཀོང་ཀུ་ཕྱེ་གི་ བཟོ་སྟེ་ མོ་གིས་ ནང་བཙུགས་ནང་ བཞག་ནུག་ལགས། ཨང་རྒས་ཀྱི་ ཕད་ཅུང་ནང་ན་བཙུགས་བཞགཔ་ད་ ད་ ཨང་རྒས་ ཆུ་འབག་སྟེ་ལྷོདཔ་ད་ ནུ་གཅུང་ ཁྱོད་ཀྱི་ པ་ལང་འདི་ ཨ་བུ་ དོང་སྤེད་ནུག་ སྤེད་ནུག། ཆུ་འདི་ནམ་ཡང་གང་ནི་མིན་འདུག་ཟེར་ སླབ་ད།
- Jigme> ཡ་ ཨང་རྒས་ ཁྱོད་ཀྱིས་ ང་ བཟའ་ནི་ཟེར་ སླབ་དེས་ བཟའ་ད་ཁྱོད་ཀྱིས། ཁྱོད་ལུ་ག་ཅི་ཡོད་ ངེ་ལགཔ་བསྡམས་ད་ཟེར་ སླབ་ནུག་ལགས། ད་ཨང་རྒས་དེ་ ཀོང་པོ(མོན་བྱ)གི་ལྕགས་ཐག་བཟོ་མི་གིས་ ལགཔ་བསྡམས་ཏེ་ ནུ་གཅུང་གིས་ མགུ་ཏོག་གུ་ བླུག་བླུགཔ་མས་ཐོཝ་གིས་ ཀོང་པོ་ཕྱེ་གི་ཐོཝ་གིས་ ཐོའི་ཐོའི་ མོ་གིས་ ཤུགས་མེད་པར་ ཡ་ ཨང་རྒས་ ཁྱོད་ཡང་ བཟེད་བལྟ་ཤིག་ཟེར་ མོ་རའི་ ལྕགས་ཐག་གི་ མོ་རའི་ ལགཔ་བསྡམས་ཏེ་ ཐོཝ་གིས་ ཨང་རྒས་བརྡུངས་ཏེ་ བསད་དཔ་ཨིན་པས་ ཁོ་གིས།
- Jigme> ད་ བསད་ཞིནམ་ལས་ ལྟོ་བཟའ་སྟེ་ ད་རུང་རང་ ཡ་ ཨང་རྒས་དེ་བསད་ཡི་ད་ ད་ ང་བཅས་གསུམ་ ལོག་སྟེ་རང་ ཚོང་ལུ་འགྱོ་ནི་ ཨང་རྒས་ ཁྱིམ་གྱི་ལྟག་ལུ་འབག་སྟེ་ དོང་ནང་བཙུགས་བཞག་བཞགཔ་མས། ཡ་ ང་བཅས་གསུམ་ ད་རུང་ ལོག་ ཚུང་ལུ་འགྱོ་ནི། འ་ནཱི་ ཁ་མ་ཕྱེ་ཟེར་ ཁ་ཕྱེ་བ་ཅིན་ ཁྱེད་ཚུ་ འཛུལ་འགྱོ་འོང་ཟེར་ སླབ་སླབ་མས་ལགས།
- Jigme> ཞག་གསུམ་འགྱོཝ་ད་ལུ་ ཨ་ཞེམོ་གིས་ ཨ་ཙི་ཅིག་ རྡོ་སྤེད་བལྟན་ན་ཟེར་ སླབ་ནུག་ མ་བཏོན་ཟེར་ སླབ་དེས་མེན་ན་ ང་བཅས་ཚུ་ འཛུལ་འགྱོ་འོང་ཟེར་ སླབ་དེས་ཟེར་ སླབ་སླབ་མས་ལགས། མེན་ ཨ་ཙི་ཅིག་སྤེད་བལྟ་གེ་ ག་ཅི་ཡང་མི་འགྱོ་ཟེར་ སླབ་སྟེ་ ད་ ཨ་ཞེམོ་རྒྱལ་ཏེ་སྤེད་བལྟཝ་ད་ འཛུལ་སོང་སྟེ་ མར་ སྲིན་པོའི་གཡུས་ཁར་སོང་ནུག།
- Jigme> ཡ་ ལོག་སྟེ་ ཁོང་གསུམ་ལྷོད་དེ་བལྟཝ་ད་ ཨམ་སྲུ་གསུམ་མིན་འདུག་ཟེར་ སླབ་ཨིན་མས། ཨ་མ་ འ་ནཱི་ དོང་ནང་ལས་མར་བལྟ་འདི་ ཡར་སོངམ་ཨིན་འདྲས་ཟེར་ འགྱོཝ་བལྟཝ་ད་ ཨིན་མས་ཟེར་ཨིན་པས་ལགས། ད་ ཁོང་གསུམ་ ལྕགས་ཐག་བརྡུངས་ཏེ་ ཉིནམ་ གསུམ་དེམ་ཅི་ བཞི་དེམ་ཅི་ ལྕགས་ཐག་བརྡུངས་ཏེ་ ད་ ལྕགས་ཐག་ལས་མར་ བལྟ་ ཕོ་རྒནམསྦོམ་ཤོས་ ཁྱོད་སོང་ཟེར་ སླབ་བལྟཝ་ད་ ང་མི་འགྱོ་ཟེར་ སླབ་དེས་ཟེར་ཨིན་མས།
- Jigme> ད་ ནུ་གཅུང་ བར་ན་སྐོརམ་སོང་ ཕོ་རྒནམ་བར་སྐོརམ་སོང་ཟེར་རུང་ མི་འགྱོ་ཟེར་ སླབ་དེས་ཟེར་ཨིན་པས། ད་ ནུ་གཅུང་ གཞན་མི་ཆུང་ཤོས་དེ་གིས་ སོང་སྟེ་ ལྕགས་ཐག་ལས་མར་བལྟ་ མར་སོང་སྟེ་བལྟཝ་ད་ མར་སྲིན་པོའི་གཡུས་ཁར་ ལུག་རྫིཔ་ཅིག་འདུག་ཟེར་ སླབ་ཨིན་མས་ ནུ་གཅུང་ཅིག།
- Jigme> ཕར་ ནུ་གཅུང་ ནཱ་ལས་མར་བལྟ་ ཁྱེད་ ཤ་མ་ཐོབ་ག་ཟེརཝ་ད་ ང་བཅས་ཀྱིས་ ཤ་གསུམ་ཐོབ་སྟེ་ཡོད། ཨ་པ་དང་ཨ་མ་གིས་ སྒྲོམ་སྦོམ་ནང་ན་ བཙུགས་བཞག་སྟེ་ཡོད་ཟེར་སླབ་དེས་ཟེར་ཨིན་པས། ཡ་ད་ ཁྱོད་ཀྱིས་ ཁྱེད་ཀྱིས་ སྲོག་འོང་ལོ་མེན་ན? སྲོག་ག་ཏེ་ཡོད་ཟེར་ སླབ་ད་ ངེ་འ་ནཱ་ སྤྱི་གཙུག་སྦུག་ལུ་ཡོད་ཟེར་ སླབ་སླབ་མས། ཁྱོད་ཀྱི་ འ་ནཱི་ ཤིགས་བལྟ་གེ་ཟེར་སླབ་སྟེ་ ཨ་ སྤྱི་གཙུག་སྦུག་གི་ཤིགས་འདི་ ཁོ་གིས་ ཨེབ་ཏེ་ མ་གསད་པའི་བར་ན་ ཁོ་གིས་འདྲིས་ཏེ་
- Jigme> ཁྱེད་ཀྱི་སྲོག་ཡོད་ཟེར་ཨིན་མས། སྲོག་འདི་ ག་ཏེ་བཞག་སྟེ་ཡོད་ཟེར་ སླབ་སྟེ་ རྩིམ་(ཤོས་ཀུམ)ནང་ན་བཙུགས་སྟེ་ ང་བཅས་ཀྱི་ སྒྲོམ་ནང་ན་བཙུགས་བཞག་སྟེ་ཡོད་ཟེར་ སླབ་དེས་ཟེར་ཨིན་མས་ལགས། དེ་ལས་ཏེ་ ཁོ་གི་སྲོག་འདི་ མགུ་ཏོག་ཁར་བླུག་སྟེ་ སྲིན་པའི་ཨ་ལོ་བསད་དེ་ ཁོ་གིས་ གོ་ལ་ག་ར་སོར་ཏེ་སོང་ཞིནམ་ལས་ ཕར་ ན་རྫུ་བཏབ་ནུག་ ཨ་ལ་ལ་ལ་ ཨ་ཙ་ཙ་ཙ་ ཨ་ལ་ལ་ལ་ཟེར་ ཨའེ་ ཨ་ལོ་ག་ཅི་སྦེ་ ན་ཡི་ཁྱོད་ཟེར།
- Jigme> ང་བཅས་ཚུ་གི་ ཤ་ ནངས་པ་བཟའ་ནི་ཟེར་ སླབ་ཅི་མེན་ན་ཟེར་ ཁྱོད་ གཅིག་ནངས་པ་བཟའ་ནི་ཟེར་ གཅིག་ ནངས་པ་བཟའ་ནི་ཨིན། ག་ཅི་སྦེ་ ནཝ་སྨོ་ཟེར་སླབ་སྟེ་ ད་ ནུབ་གཅིག་ དེ་སྦེ་ར་སྡོད་ནུག། ཁོ་གིས ཨ་ལ་ལ་ལ་ ཨ་ཙ་ཙ་ཙ་ཟེར་ར་སྡོད་དེ་ ད་ ནངས་པ་ ཁོང་ སྲིན་པོ་ ཕ་སྤད་ ཨཔ་ཚུ་ ཨ་མ་ ཕོ་རྒནམ་ཚུ་ ད་ ལཱ་འབད་བར་སོང་ནུག་ ལཱ་ལུ་སོངམ་ད་ ཨ་ འ་ནཱི་སྲོག་འདི་འབག་སྟེ་ མེའི་ཐབ་ནང་བཙུགས་ནུག་ ཁོ་གིས།
- Jigme> པོར་པོར་པོར་ མེའི་ཐབ་ནང་ བཙུགསཔ་བཏངམ་ད་ལུ་ཏེ་ བླ་མ་ བླ་མ་མཁྱེན་ནོ་ བླ་མ་མཁྱེན་ནོ་ཟེར་ སླབ་སྟེ་ མཆོངས་ཏེ་ ཁྱིམ་ནང་ལྷོད་དེ་ ཤི་ཚར་ཡི་ཟེར་ སླབ་ནི་ཨིན་པས་ལགས། ཤི་ཚར་ཞིནམ་ལས་ ད་ སྒྲོམ་ཕྱེད་བལྟཝ་ད་ ཁོང་གསུམ་གྱི་ ཨམ་སྲུ་ སྒྲོམ་ནང་ན་འདུག་ཟེར་ སླབ་ནི་ཨིན་པས། ཁྱེད་གསུམ་ ག་ཅི་སྨོ་ འ་ནཱི་བཟུམ་མ་འབད་ཟེར་ སླབ་ཅིག་མེད་ན་ཟེར་ སླབ་སྟེ།
- Jigme> ཏེ་ཕར་འཁྱིད་དེ་ ཡར་བལྟ་བཀལ་ནུག། ཧེ་མ་ར་ ཨ་ཞེམོ་བཀལ་ཏེ་ ནུམ་བཀལ་ཏེ་ ད་ ནུ་གཅུང་ ཁོ་རའི་ ཨམ་སྲུ་དེ་ ད་ ཁོ་རའི་ ཨམ་སྲུ་ ཡར་ཀྲིག་ཀྲི་ཐོནམ་ད་ལུ་ ཕོ་རྒནམ་གཉིས་ཀྱི་དེ་ ཁོའི་ལྕགས་ཐག་ ཁོའི་ གདོང་ཁར་ བཀོ་བྱིན་ཡི་ཟེར་ སླབ་ཨིན་པས། སོར་ཟེར་ ཨའེ་ ང་ ང་ེ་ཕོ་རྒནམོ་གཉིས་ཀྱིས་མ་དགའ་སྨོ? ངེ་ཨམ་སྲུ་ལུ་ ལེགས་ཤོམ་མི་འབད་ ཁོང་གཉིས་ཀྱིས་ཟེར།
- Jigme> ཁོ་ རྔུ་སྟེ་ མར་ས་ཞར་ཏེ་སྡོདཔ་ད་ ཁམ་ཤིང་རྡོ་ཅིག་མཐོང་ཡི་ཟེར་ སླབ་ཨིན་མས་ ཁོ་གིས། ཁམ་ཤིང་རྡོ་མཐོངམ་ད་ བླ་མ་མཁྱེན་ནོ་ ང་ལུ་ འདོད་པ་ཨིན་པ་ཅིན་ འ་ནཱ་ལས་ཡར་བལྟ་ འ་ནཱི་ ཁམ་ཤིང་ནངས་པ་ལས་ སྐྱེ་སྟེ་ ཡར་ གཡང་ལུ་ལྷོད་བཅུག་ཅིག་ཟེརཝ་ད་ དོན་ལས་ར་ ཁམ་ཤིང་སྐྱེ་སྟེ་ ཡར་གཡང་ལུ་ ཡར་ཐོན་ནི་འབདཝ་ད་ ད་རུང་ར་ ལྕགས་ཐག་གི་ མར་བལྟ་འོང་སྟེ་ ཕོ་རྒནམ་གཉིས་ཀྱིས།
- Jigme> གཡང་ལས་ བཏོགས་བཏང་ནུག་ཟེར་ སླབ་ཨིན་མས་ལགས། ཁོ་འ་ནཱི་ ཡར་ ནུ་གཅུང་ཡར་ མི་བཞག་ཟེར་ དེ་ལས་ཏེ་ ཨའེ་ ང་ལུ་མི་དགའ་དོ་ཡོདཔ་མས། ངེ་ཨམ་སྲུ་འདི་ དེ་སྦེ་ ཁོང་གཉིས་ཀྱི་ བྱ་རོགས་བཟོ་བཟོཝ་འོང་། ཕོ་རྒནམོ་གཉིས་ཀྱིས་ ལེགས་ཤོམ་མ་འབདཝ་འོང་ཟེར་ ད་ སེམས་ཤི་སྟེ་ ཡ་ ཨིན་ཟེར་བ་ཅིན་ ནུབ་མོ་ར་ ཡར་ཐལ་བཅུག་ཅིག་ཟེར་ ཁོ་གིས་ སྨོན་ལམ་བཏབ་སྟེ་ གནམ་མེད་ས་མེད་ སྨོན་ལམ་བཏབ་སྡོད་དེ།
- Jigme> ད་ དོན་ལས་ར་ ནུབ་མོ་ཡར་ཐལ་ཏེ་ ངེ་ ཡར་ གཡུས་ཁར་ལྷོད་ནུག། ཁོ་ལྷོད་དེ་ ཡར་ ལྷོད་བལྟཝ་ད་ ཁོ་གི་ ཨམ་སྲུ་དེ་ དོན་ལས་ར་ བྱ་རོགས་བཟོ་ནུག་ཟེར་ སླབ་ནི་ཨིན་པས་ལགས། ཕོ་རྒནམ་གཉིས་ཀྱིས་ཏེ་ ཁོ་ ངོ་མ་ཤེས་ཟེར་ཨིན་པས། ད་ ངོ་མ་ཤེས་པར་ གནོད་དོན་བཀོད་དེ་ ཧ་ལམ་ཅིག་ལས་ ངོ་མ་ཤེས་པར་ ཁོ་གི་ ཨམ་སྲུ་འདི་ ལོག་ལེན་ཏེ་ ད་ ཕོ་རྒནམ་གཉིས་ཡང་ ཁོ་གིས་ གནམ་མེད་ས་མེད།
- Jigme> ད་ཁོ་གིས་ ཕར་བལྟ་སྤྱོད་དེ་ ཁོ་གིས་ དྲག་ཤོས་བཟུམ་ཅིག་བཟོ་སྟེ་ ཁོང་ བྱ་རོགས་འདི་བཟུམ་བཟོ་སྟེ་སྤྱོད་ཡི་ཟེར་ ད་ འ་ནཱི་འདི་ དུས་ནམ་ར་འབད་རུང་ ང་བཅས་སྤུན་ཆ་ནང་ན་ཨིན་རུང་ རང་གི་ ཁྱིམ་ཚང་ཨིན་རུང་ ག་ཏེ་ར་ཨིན་རུང་ ག་བཟུམ་གྱི་མི་ཨིན་རུང་ སྤུན་ཆ་ ལེགས་ཤོམ་འབད་དགོ། ཟོགཔོ་འབད་ནི་མི་འོང་། ཁོང་འདི་ཡང་ རང་ལུ་འབད་དོ་བཟུམ་ ཁོང་ལུ་ཡང་ འབད་དགོ་ཟེར་ཨིན་པས།
- Jigme> ད་ འ་ནཱི་འདི་ ཟོགཔ་འབད་བ་ཅིན་ རང་ལུ་ར་གནོད་འོང་། ཁོང་འདི་ཤུལ་ལས་འབདཝ་ད་ ཁོང་རང་ ནུ་གཅུང་ར་རྒྱལ་ཏེ་ དེ་བཟུམ་འབད་ཡི་ཟེར་ སླབ་ནི་ཨིན་པས་ལགས། དེམ་ཅིག་ཨིན་ལགས།