Video Overview
Ghandhi once said that, “there is a sufficiency in the world for man’s need but not for man’s greed.” Here, Jigme narrates a story about greed, which ultimately leads to suffering after death. The Bhutanese believe that if one lets greed take over in the present life, he or she will be born as a hungry ghost. Hungry ghosts are pitiable creatures with huge empty stomachs. Their necks are too thin to swallow food so they are always hungry. Human beings are reborn as hungry ghosts because of being greedy in previous lives.
མོང་སྒར་ གླིང་མཁར་ལས་ འཇིགས་མེད་ཀྱིས་གཏང་མི་ སེར་སྣ་གི་སྲུང་དེ་ དོན་ཚན་ངོ་མ་ར་ སེར་སྣ་འབད་མ་བཏུབ་པའི་སྐོར་ལས་ཨིན་པས། སེར་སྣ་ཅན་གྱིས་ཡི་དྭགས་གནས་སུ་ལྷུང་། །ཟེར་དོ་བཟུམ་སྦེ་ ཐ་ན་ རྒྱུ་ནོར་ལུ་སེར་སྣ་འབད་བའི་རྣམ་སྨིན་གྱིས་ ཡི་དྭགས་ཀྱི་གནས་ལུ་སྐྱེ་བ་ཅིན་ ལྟ་བ་བཟང་ངན་ག་ཅི་བཟུམ་རང་ཨིན་རུང་ རང་གིས་ཉམས་སུ་མྱོང་བའི་ཆོས་ཅིག་ གཞན་གྱིས་ཤེས་པ་ཅིན་མི་བཏུབ་པས་ ཟེར་བའི་སེར་སྣ་ཅན་གྱི་མི་འདི་ ཕྱི་མ་ ཡི་དྭགས་ཀྱི་གནས་ལུ་སྐྱེཝ་མ་ཚད་ སྲུང་དེ་ནང་ལས་ཐོན་དོ་བཟུམ་སྦེ་ ད་ལྟ་མཐོང་ཆོས་སུ་ར་ རྣམ་སྨིན་འ་ནི་བཟུམ་སྦེ་མྱོང་ནི་ཡོདཔ་ལས་ སེར་སྣ་འདི་སྤང་དགོ་པའི་སྐོར་ལས་སྟོནམ་ཨིན་པས།
- Lingkhar
- Jigme> སྟེ་ ཕོ་རྒནམ་དང་ནུ་ཅུང་སྡོད་ཡོདཔ་མས་ ནམ་ཅིག་འབདཝ་ད་ ཕོ་རྒནམ་གྱི་ནུ་ཅུང་ལུ་སླབ་སླབ་མས་ ནུ་ཅུང་ ང་རྒྱ་ལུ་ སྒྱུ་མ་ལྷབ་པ་འགྱོ་ནི་སླབ་སླབ་མས།
- Jigme> དེ་ལས་ ནུ་ཅུང་གི་ཕོ་རྒནམ་ འགྱོ་མིང་དགོ་པས་ ཁྱོད་དཔེ་ཆ་རང་མ་བལྟ་བ་མི་ཤེས་ རོགས་ཀྱི་ཁྱོད་བྱ་རོགས་འབད་བཞག་འོང་སླབ་སླབ་མས།
- Jigme> འགྱོ་ནི་སླབ་ཉན་རང་མ་བཏུབ་པ་འགྱོ་ཡོདཔ་མས་ དེ་ལས་ ཟླཝ་གཅིག་གི་རྒྱབ་ལས་ ནུ་ཅུང་ཕོ་རྒནམ་རྟིང་བདའ་འགྱོ་བལྟཝ་ད་ མར་བྱ་རོགས་བཟོ་ནུག་ལོ།
- Jigme> སྟེ་ རྒྱ་གི་སྒྱུ་མའི་ཡི་གུ་འདི་ སྒོ་ཁར་སྦྱར་བཞག་ནུག་ལོ་ ནུ་ཅུང་གི་འདི་ལུ་བལྟ་སྟེ་ རྒྱ་གི་སྒྱུ་མ་ཤེས་ཡོདཔ་མས་ དེ་ལས་ སྒྱུ་མའི་སློབ་སྟོན་པ་བདུན་ཡོདཔ་མས་
- Jigme> ཁོང་ཆ་ཁྱབ་ཀྱི་ ཁོ་གི་སྒྱུ་མ་ཤེསཔ་ཨིན་ཤེས་འདི་ ཕོ་རྒནམ་འདི་ཡང་བྱ་རོགས་བཟོ་ཡོདཔ་སྦེ་སླབ་སྟེ་ གསད་ནི་སླབ་སླབ་མས། དེ་ལས་ ནུ་ཅུང་འདི་གི་ རྟ་ཕོ་ཆེན་སྦོམ་གཅིག་ལུ་བསྒྱུར་ཡོདཔ་མས་
- Jigme> དེ་ལས་ཁོང་བདུན་གྱིས་ ཆུ་ནང་བཀོ་ནི་འབད་འབགཔ་ད་ ཕོ་རྒནམ་རྟ་འདི་ཆུ་ནང་བཀོ་རུང་ སྒ་བཀོ་མ་བཅུག་མ་རེད་སླབ་སླབ་མས།
- Jigme> དེ་ལས་ ཁོང་བདུན་གི་ཆུ་ནང་བཀོ་ནི་འབདཝ་ད་ ཉ་ལུ་བསྒྱུར་སོང་ཡི་ལོ་ དེ་ལས་ ཁོང་བདུན་གྱི་སམ་ལུ་སྤྲུལ་བདའ་འོང་དེ་ལོ།
- Jigme> ཨ་མ་ ང་ཟ་རང་ཟ་ནི་མས་མནོ་ཀ་ཤ་་ལུ་སྤྲུལ་འགྱོ་ད་ འཕརཝ་ལུ་སྤྲུལ་རྟིང་བདའཝ་མས་ལོ་ དེ་ལས་ དེ་སྦེ་འདི་མི་བཏུབ་མནོ་ ལེ་ཀོ་ལུ་སྤྲུལ་འགྱོ་ད་ བྱ་རྒོད་ལུ་སྤྲུལ་འོང་མས་ལོ་
- Jigme> དེ་ལས་ ཡར་བདའ་ཡི་རང་ བོད་ལུ་ལྷོདཔ་ད་མི་ལུ་སྤྲུལ་ཡར་སོང་ཡི་ལོ་ སྟེ་ མི་ལུ་སྤྲུལ་འགྱོ་ད་བོད་ཀྱི་སྤྲུལ་པ་གཅིག་ཕྱད་ཡི་ལོ།
- Jigme> དེ་ལས་ ཁོ་གི་སླབ་སླབ་མས་ ཡ་དབའི་སྤྲུལ་པ་ ན་ལས་ཡར་མི་མ་འགྱོ་ག་ཟེར་བ་ཅིན་ མ་འགྱོ་སླབ་མས་ དེ་ལས་ ཁྱོད་ལག་པ་ཡོད་པའི་ཕྱེངམ་འབག་ཤོག་སླབ་འོང་ དེ་བསྒང་ ཕྱེངམ་སློབ་དཔོན་ཁ་ནང་བཙུགས་བཏོག་ཞིནམ་ལས་ བཏང་མ་རེད་སླབ་སླབ་མས།
- Jigme> དེའི་རྟིང་བདའ་འདི་རང་ ནང་ལས་ཡར་མི་མ་འགྱོ་ག་ཟེར་དྲི་ མི་བདུན་འོང་དེ་ལོ་ མ་འགྱོ་མས་སླབ་སླབ་མས་ དེ་ལས་ ཁྱོད་ཀྱི་ཕྱེངམ་བཏང་ཏ་ད་ཟེརཝ་མས་ལོ་ དེ་ལས་ ཁོ་གི་ཧེ་མ་སླབ་དོ་བཟུམ་ སློབ་དཔོན་ཁ་ནང་བཙུགས་ བཏོག་འབད་བཏང་དཔ་མས།
- Jigme> དེ་ལས་ མི་བདུན་འདི་ བྱམོ་བདུན་ལུ་བསྒྱུར་ཏེ་ ཕྱེངམ་འཐུ་ཟ་ཡི་ལོ་ དེ་ལས་ སྒོམ་ཆེན་འདི་གི་ ཤོག་ངེའི་ཕྱེངམ་ཟ་དོ་སླབ་ ཤིང་འཐུ་དྲང་འདི་ བསད་ཡོདཔ་མས་ བྱམོ་བདུན་བསད་ཡི་མནོ་སོང་པ་ མི་བདུན་བསད་ཡོདཔ་མས།
- Jigme> མི་བདུན་བསད་ དེ་ལས་ འ་ནི་བཟུམ་མེན་པས་ ང་རྒྱ་གི་སྒྱུ་མ་མི་ལྷབ་ བོད་ཀྱི་སྤྲུལ་པ་འབད་སྡོད་ནི་ཨིན་ཟེར་ འ་ནིམ་ཅིག་ཨིན།
- Jigme> དོན་དག་འདི་ རང་གི་ཆོས་འདི་གཞན་ལུ་མི་སྟོན་མནོ་བཞག་ནི་མི་འོང་ ག་དེ་ཅི་འབད་རང་ཆོས་རོགས་ཀྱི་ཤེས་པ་ཅིན་བསད་ནི་བསམ་པ་སྐྱེས་ནི་མི་འོང་ཟེར་བའི་དོན་ཨིན་མས།