Video Overview
This story has many iterations in Bhutan, but each is marked by a twisted sense of humor. An old couple plants rice, but grasshoppers infest the crops, destroying them. The old man arms himself with a bow and arrow and goes with the old woman to the field to chase the grasshoppers. One of the insects lands on the throat of the old woman. She points to the insect on her throat and the old man shoots his arrow, killing his wife. In Bumthang, there is a similar story about crops of buckwheat that are plagued by butterflies.
གློག་བརྙན་འདི་ནང་ཡོད་པའི་སྲུང་འདི་ ཡོངས་གྲགས་ཅན་ཅིག་ཨིནམ་ད་ སྲུང་བཏང་མི་ཚུ་གིས་ རང་སོའི་ ས་གནས་ཀྱི་གནས་སྟངས་དང་ལམ་སྲོལ་ལུ་ གཞི་བཞག་་ཐོག་ལས་ བཤད་སྲོལ་ཡོདཔ་ཨིན། འདི་ནང ་སྲུང་བཏང་མི་འདི་ ཤར་ཕྱོགས་ཀྱི་ ཚངས་ལའི་ཁ་སྐད་ནང་སྦེ་ བཤདཔ་ལས་ ཤར་ཕྱོགས་ཀྱི་ ས་གནས་ཀྱི་གནས་སྟངས་ནང་སྦེ་ བཤདཔ་ཨིན་པས། དེ་ཡང་ ཨ་རྒས་དང་ ཨང་རྒས་བཟའ་ཚང་ཅིག་གིས་ ཞིང་ནང ་བྱཱ་བཙུགས་སྟེ་ བྱཱ་ཞིང་ནང་ བྱཱ་འཚོ་བའི་དུས་ཚོད་ཁར་ ཅིའུ་དབ་འབུཔ་ ཚངས་ལ་ཁ་སྐད་ནང་ ཏེག་ཏེག་པ་ ཟེར་མི་ཚུ་གིས་ བྱཱ་ཟ་ཚརཝ་ལས་ རྒན་རྒས་གཉིས་ ཅིའུ་དབ་སྲུང་པར་འགྱོཝ་ད་ ཅིའུ་དབ་འབུཔ་ཅིག་ ཨང་རྒས་ཀྱི ་ཨོལ་ལྐོག་ཁར་ཆགསཔ་ལས་ ཨང་རྒས་ཀྱིས་ བརྡ་སྟོན་ཐོག་ལས་ མོ་རའི་ ཨོལ་ལྐོག་ཁར་ཡོད་པའི་ ཅིའུ་དབ་སྟོནམ་མི་འདི་གུར་ ཨ་རྒས་ཀྱིས་ མདའ་རྐྱབ་བྱིནམ་ད་ ཨང་རྒས་བསད་ཡོད་པའི་ དགོད་བྲོའི་སྲུང་ཅིག་ཨིན་པས། སྲུང་དེ་ བུམ་ཐང་གི་ ས་གནས་ཚུ་ནང་ལུ་ སྲུང་བཏང་མི་ཚུ་གིས་ བྱཱོ་ཞིང་མེཏ་ོག་ཤར་ཤར་བའི་ནང་ ཕྱེ་མ་ལེབ་ཚུ་ འོང་བའི་གནས་སྟངས་ཐོག་ལུ་སྦེ་ བཤད་སྲོལ་ཡོདཔ་ཨིནམ་ལས་ སྲུང་དེ་ཚུ་མང་ཤོས་ར་ སྲུང་བཏང་མི་རང་སོའི་ ས་གནས་ཀྱི་གནས་སྟངས་དང་ ལམ་སྲོལ་ལུ་འབྲེལ་བ་གཙོ་བོར་སྟོནམ་ཨིནམ་ཤེས་ཚུགས།
- Shali
- ཡིད་མཐུན་སྤུན་དྲུག་:Yethuen Pindukའ་ནཱི་འདི་ བྱཱ་ཞིང་ནང་ ཚལ་མ་བརྫམ་བརྫམ་ཨིན་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukབྱཱ་ཞིང་ནང་ ཚལ་མ་བརྫམ་སྟེ་ ཧ་ལམ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཧ་ལམ་ བྱཱ་མགུ་བཏགས་ཞིནམ་ལས་ ཅིའུ་དབ་ཐོན་ཏེ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཅིའུ་དབ་ཀྱིས་ བཟའ་ཚརཝ་མས། ཅིའུ་དབ་སྦོམ་སྦེ་ཐོན་ཏེ།
- ཡིད་མཐུན་སྤུན་དྲུག་:Yethuen Pindukའ་་ད་འབདན་ མིན་འདུག་སྨ་རེ་ཨང་རྒས་ ང་བཅས་གཉིས་ མི་བཏུབ་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཅིའུ་དབ་བདའ་བ་འགྱོ་གེ་ཟེར་ མདའ་ མདའ་གྲ་སྒྲིག་རྐྱབ་ཏེ་ར་
- ཡིད་མཐུན་སྤུན་དྲུག་:Yethuen Pindukམདའ་དང་གཞུ་འབག་སྟེ་ ཅིའུ་དབ་བདའ་བདའཝ་ཨིན་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཅིའུ་དབ་བདའ་ཡི་བདའ་ཡི་ར་ ཏ་མ་ཅིའུ་དབ་ཀྱིས་ ཨང་རྒས་ཀྱི་ དཔྱལཝ་གུ་ཆགས་ཆེཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨང་རྒས་ཀྱིས་ ཅིའུ་དབ་ དེ་སྦེ་འབད་བ་ཅིན་ ཤེས་འོང་མནོ་སྟེ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukབྱི་སི་རྐྱབ་ཨ་རྒས་ འབོ་འབོཔ་མས། ཧེའུ་ཟེར་འབདཝ་ད་ ཨ་རྒས་བལྟ་བལྟཝ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཧེའུ་ཟེར་ མོ་རེའི་ ལྦཝ་གུ་བཏོན་བཏོན་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་་ཨ་རྒས་ཀྱིས་ ལྦཝ་གུ་བདའ་རྐྱབ་ཅིན་ ཨང་རྒས་འགྱེལ་སོང་མས་ ཨ་རྒས་ཀྱིས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཅིའུ་དབ་འདི་ཡར་སོང་ནུག། ཨང་རྒས་ཀྱི་ ལྦཝ་གུ་མདའ་རྐྱབ་སྟེ་ བསད་ནུག་ཟེར་ཨིན་པས་གཏམ་ཅིག།