Skip to main content Skip to search
28 Jun 2018
6 min 22 sec
Video Overview
Creators: 
Sherig Dentshog

In this video, Sempa from the Richanglu village in Martshala gewog, Samdrup Jongkhar narrates the story of a Gomchen (lay monk). The story says one a lay monk was going to work, when his religious book was stolen by another man. Finally, he was caught by the lay monk, and the man was beaten up mercilessly. This story teaches us not to steal things from other people.

 

བརྙན་འཁོར་འདི་ནང་ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་རྒེག་འོག་ རི་ཆངས་ལུ་གཡུས་ཚན་ནང་ལས་ སེམས་པ་གིས་ སྒོམ་ཆེན་གྱི་སྐོར་ལས་ སྲུང་བཏང་ས་མཐོང་ཚུགསཔ་ཨིན། སྲུང་འདི་ནང་ ཉིནམ་གཅིག་ སྒོམ་ཆེན་འདི་ ལཱ་འབད་བར་འགྱོཝ་ད་ ཁོ་གི་མཐུན་གྱི་དཔེ་ཆ་འདི་ མི་གཅིག་གི་ཨརཝ་བརྐུ་སྟེ་འབག་ཡར་སོངམ་ཨིན་མས། ཨིན་རུང་ མི་འདི་ སྒོམ་ཆེན་གྱི་ བདའ་ཟུན་ཏེ་ བྱམས་དང་ སྙིང་རྗེ་རང་མེད་པར་ དྲང་བྱིན་ནུག སྲུང་གི་བརྗོད་དོན་འདི་ ནམ་རང་འབད་རུང་ མི་གཞན་གྱི་ ཅ་ལ་ཨརཝ་བརྐུ་ནི་མི་འོང་ཟེར་དོན་སྟོནམ་ཨིན་མས།

 

Transcript search
No results found for this search
0 of 0
  • སེམས་དཔའ་
    དང་ཕུ་སྒོམ་ཆེན་ཅིག་གི་ཁྱིམ་ནང་ཏེ་ ཡར་མཆོད་བཤམ་ནང་ཏེ་ ཁོ་གི་དཔེ་ཆ་ལེ་ཤ་ བསྡམས་བཞག་བཞགཔ་ཡོད་མས་ ཏེ་འ་ནཱེ་སྦེ་འབདཝ་ད་ སྒོམ་ཆེན་འདི་གིས་ ལྡེ་མིག་རྐྱབ་སྟེ་ ལཱ་སར་སོང་ནུག་མེན་ན་ ཡར་སོང་ནུག
  • སེམས་དཔའ་
    ལ་སར་སོང་སྡོདཔ་ད་ ཉི་མ་སྒོ་སྒྲིག་ནང་ལས་ཨརཝ་འཛུལ་ཏེ་ ཁོ་གི་དཔེ་ཆ་ལེགས་ཤོམ་ག་ར་ ཏེ་སེལ་ཞིནམ་ལས་འབག་ཡར་སོང་ནུག་མེད་ན་ བཀྲ་མ་ཤིསཔ་གིས་ ཨརཝ་བརྐུ་འབག་སོང་སྟེ།
  • སེམས་དཔའ་
    དེ་ལས་ཏེ་ ཁོ་གིས་ ཞིབ་དཔྱད་འབད་བལྟཝ་ད་ལུ་ ཏེ་ལེགས་ཤོམ་འདི་ཚུ་ག་ར་བསྡུ་འབག་སོང་སྟེ་ ག་འོང་འོངམ་ཨིན་ན་ སྒོ་འདི་མ་ཕྱེ་བས་ཟེར་ ཁོ་ གནམ་མེད་ས་མེད་ སེམས་ཤི་སོང་ནུག་མེན་ན་ཏེ་ འ་ནཱི་སྒོམ་ཆེན་དེ།
  • སེམས་དཔའ་
    ཏེ་འ་ནཱེ་འབདཝ་ད་ ཏེ་ནངས་པ་བཟུམ་ལུ་ ཁོ་བཞེས་སྒོ་བཟའ་ སྒོ་བསྡམས་ལྡེ་མིག་རྐྱབ་སྦེ་ ཁོ་ལཱ་སར་ལཱ་འབད་བར་སོང་ནུག་ ཏེ་སོང་ནུག་ འགྱོཝ་ད་ད་རུང་ནངས་པ་བཟུམ་ཅིག་ལུ་ ད་རུང་ར་ རང་འབག་འགྱོ་ནུག་ཟེར་མས།
  • སེམས་དཔའ་
    ཡ་ ངེའི་འ་ནཱི་ཁྱིམ་ནང་འཛུལ་མི་ མི་གཅིག་འདུག་སྨ་རེ་ཟེར་ ག་ཅི་ཨིན་ན་སྨོ་ཟེར་ ཨ་ ཁོ་གིས་ཏེ་ འགྱོ་དོ་བཟུམ་སྦེ་བཟོ་སྟེ་ ལཱ་འབད་བར་འགྱོ་དོ་རྫུ་བཏབ་སྟེ་ ལྡེ་མིག་རྐྱབ་སྟེ་འགྱོ་དོ་རྫུ་བཏབ་སྟེ་ གྱི་ཀུ་ཅིག་ནང་ ཙང་བཏང་ས་ཁར་སྡོད་སྡོདཔ་མས།
  • སེམས་དཔའ་
    ནཱེ་སྦེ་སྡོདཔ་ད་ ཉི་མ་ཁམས་ཅིག་ཁར་ སྒོམ་ཆེན་ཅིག་ མར་ལས་ཡར་ལྟག་འོང་མས་ཟེར་མས་ སྒོམ་ཆེན་ཅིག་འོང་སྦེ་ ཏེ་སྒོ་སྒྲིག་ནང་ལས་འཛུལ་ཏེ་ སྒོ་སྒྲིག་ལས་མ་ཐལ་རུང་ ཨེབ་འཛུལ་ཞིནམ་ལས་ ཏེ་ཁོ་གི་དཔེ་ཆ་ཚུ་སློང་སྟེ་ ཡ་ འ་ནཱི་ལེགས་ཤོམ་འདུག་ འ་ནཱི་ལེགས་ཤོམ་མིན་འདུག་ འ་ནཱི་ལེགས་ཤོམ་ འ་ནཱི་ལེགས་ཤོམ་མིན་འདུག
  • སེམས་དཔའ་
    ལེགས་ཤོམ་མེད་མི་ཚུ་བཀོ་དགོ་པས་ ལེགས་ཤོམ་ཚུ་འབག་གེ་ནུག་ཟེར་ ཁོ་ར་བློ་སླབ་དེས་ཟེར་མས་ལགས་ དེ་སྦེ་བློ་སླབ་སྟེ་ ཡ་ འ་ནི་མི་ ཁོ་ཨིན་མས་ཟེར་ དེ་ལས་དཔེ་ཆ་བསྡམས་ཏེ་ ཨ་འགྱོ་ནི་སྦེ་ སྒོ་སྒྲིག་ལས་མར་ལྟག་ མགུ་ཏོག་འཛུལ་སོང་ནུག
  • སེམས་དཔའ་
    འཛུལ་ཏེ་ ཨ་ དེ་ལས་ཏེ་ ཁོ་གིས་ཏེ་ འ་ནཱ་ རྐེད་པ་ལས་ སྐེ་རགས་ལས་བཟུང་སྟེ་ དཔེ་ཆའི་པོ་ཏི་གིས་ བླུག་བྱིན་ནུག་ལགས་ བླུག་བྱིན་ནུག་ཁོ་འདི་ སྐུ་ཆེ་སྐུ་ཆེ་ཟེར་ ངེའི་དཔེ་ཆ་འབག་མི་ཁྱོད་ཨིན་མས།
  • སེམས་དཔའ་
    བླ་མ་ལ་སྐྱབས་སུ་མཆིའོ་ཟེརཝ་ད་དེང་ ཆོས་ལ་སྐྱབས་སུ་མཆིའོ་དེང་ དགེ་བདུན་ལ་སྐྱབས་སུ་མཆིའོ་ དེང་ དུས་ལྟ་བུ་བླ་མ་ལ་སྐྱབས་སུ་མཆིའོ་ དེང་དེང་བླུག་བྱིན་ནུག་མེན་ན་ དཔེ་ཆའི་པོ་ཏི་གིས་ཁོ་ཏེ་ འ་ནཱེ་སྦེ་བདའ་བཏང་ནུག་ལགས།
  • སེམས་དཔའ་
    བཏང་ཞིནམ་ལས་ ཁོ་ཡར་ཡར་སོང་ནུག་བློ་འགྱོད་དེ་ ཨེའི་ ང་ ད་རེས་དྲངས་ཡི་སྨ་རེ་ཟེར་ ཁྱད་མེད་ང་ཟེར་སོང་ནུག་ ཁོ་སོང་སྟེ་ སོང་སྟེ་མར་ གནམ་མེད་ས་མེད་ཀྱི་ ཆུ་སྦོམ་ གནམ་མེ་ས་མེད་ཆུ་སྦོམ་ཅིག་ཡོདཔ་མས།
  • སེམས་དཔའ་
    འ་ནཱེ་སྦེ་ ཟམ་གནམ་མེད་ས་མེད་ ཟམ་རིངམ་ཡོདཔ་མས་ལགས་ འ་ནཱ་ལྷོདཔ་ད་ལུ་ ཁོ་གནམ་བསྲོ་བསྲོཔ་མས་ གནམ་བསྲོ་སྟེ་ ཨའེ་ང་ལུ་ཁྱིམ་འདི་མེད་ མེ་ཡང་མེད་ཟེར་ ད་རེས་ང་དཔེ་ཆ་གིས་དྲངས་ཡི་ཟེར།
  • སེམས་དཔའ་
    ཨ་ འ་ནཱི་ཟམ་གྱི་སྦུག་ནང་ བཅད་སྦེ་ཉལ་ནུག་མེན་ན་ ཉལ་ཏེ་སྡོདཔ་ད་ལུ་ ནུབ་མོ་ ཧ་ལམ་ ཆུ་ཚོད་ བཅུ་ཐམ་ བཅུ་གཅིག་དེམ་ཅིག་ཁར་ ཉལ་སྡོདཔ་ད་ལུ་ ཕར་ལས་ཚུར་ ཁྱལ་དྲེལ་ བོང་དྲེལ་བདའ་སྟེ་ ཨ་པ་དང་ཨ་མ་ཚུ་ ཀ་ཀུ་ཀི་ཀི་རྐྱབ་སྟེ་འོང་འོངམ་མས་ལགས།
  • སེམས་དཔའ་
    ཡ་ ནུབ་མོ་ཕྱེད་ལུ་ ག་ཅི་འོངམ་ཨིན་ན་སྨོ་ མི་ཚུ་ཉལ་ཚར་ཡི་ཟེར་ ཁོ་ མནོ་བསམ་བཏང་བཏངམ་མས་ བཏངམ་ད་ལུ་འདི་ ག་ཅི་ཨིན་ན་ཟེར་སླབ་སྟེ་ འ་ནཱི་གདོང་ཁ་ལས་ར་ ཨ་ལོ་ཆུང་ཀུ་ཅིག་འདུག་ཟེར་མས་ འ་ནཱི་འདི་གིས་ ཡ་ལ་ ཨ་པ་ ང་འདི་ འ་ནཱ་ལས་ཕར་ལྟག་ བརྒལ་འགྱོ་མི་ཚུགས་ནི་མས་ཟེར་སླབ་དེས་ཟེར་དེས་ལོ་ ག་ཅི་འདུག་ཟེར་སླབ་ད་ལུ་ བལྟ་རང་མི་ཚུགས་པས་ གནམ་མེད་ས་མེད་ མེ་འབར་མི་མི་ཅིག་འདུག་ཟེར་ སླབ་དེས་ལོ།
  • སེམས་དཔའ་
    གཅིག་འོང་བལྟ་སྦེ་ དབའི་ ག་ཅི་ཅིག་ཨིན་ན་སླབ་ད་ ཡ་ལ་ ག་ཅི་ཅིག་འདུག་ཟེར་ ཏེ་རྟ་འདི་ཚུ་གིས་བསྣད་དེ་ར་འོང་སྟེ་ དབའི་རྒྱབ་ཁའི་ཚུ་ ག་ཅི་ཅིག་འདུག་ཤོག་ཟེར་སླབ་སྟེ་ དབའི་ སོང་ག་ཅི་ཡོད་རུང་ཡོད་ མེད་རུང་མེད་ རྟ་འདི་ཚུ་གིས་བསྣད་སོང་ཟེར་ སླབ་དེས་ཟེར་མས།
  • སེམས་དཔའ་
    མ་པ་ལས་ར་འབད་མི་ཚུགས་ནི་མས་ཟེར་སླབ་ད་ དེ་ལས་ཏེ་ མི་འགོ་ཅན་གཅིག་འོང་སྦེ་ དབའི་ཁྱོད་ག་ཅི་འབདཝ་ ང་བཅས་ཀྱི་ལམ་ཁར་ ཟ་འདྲེ་མི་གསུམ་ ཁོ་འདི་གཞན་མེན་པར་ ཟ་འདྲེ་མི་གསུམ་ཨིན་མས་ལགས།
  • སེམས་དཔའ་
    ག་ཅི་ལོ་གཡུས་སྒོ་ནང་འཛུལ་ཏེ་ ནད་བཙུགས་ནི་གི་དོན་ལས་ ཟ་འདྲེ་མི་གསུམ་འོང་འོངམ་མས་མེན་ན་ དེ་ལས་ཏེ་ དབའི་ ཁྱོད་ ག་ཅི་འབདཝ་ཟེར་སླབ་ད་ ཡ་ལ་མ་ ཁྱེད་ཚུ་ག་ཏེ་འབྱོན་ནི་ཟེར་སླབ་ད་ལུ་ ང་བཅས་ བཟའ་ནི་འཐུང་ནིའི་དོན་ལས་ གཡུས་ཁར་སོང་དཀྲོག་ ཕར་དཀྲོག་སྟེ་ ནཱ་དཀྲོག་སྟེ་ ན་བཅུག་སྟེ་ དེ་སྦེ་འབད་ནི་ཨིན་ ང་བཅས་ཟེར་ གཡུས་ཁ་ལུ་ཉལ་ཚར་ཡི་མེན་ན་ ང་བཅས་འགྱོ་ནི་ཨིན།
  • སེམས་དཔའ་
    ཁྱོད་ལམ་ཁར་ག་ཅི་འབདཝ་ཟེར་སླབ་ད་ ང་འདི་ཟེར་ ཡར་ ཁོང་གི་ དགོན་པ་གཅིག་ཡོད་ དགོན་པ་ལུ་དཔེ་ཆ་ ཨརཝ་རྐྱབ་པར་སོང་ཡི་ ཏེ་སྦྱིན་བདག་གིས་བདའ་ཟུན་ཏེ་ དཔེ་ཆ་པོ་ཏི་གིས་ ང་དྲངས་ཡི་ཟེར་སླབ་ད་ ཁྱོད་ག་ཅི་སྦེ་དྲངས་ཡི་ཟེར་ད་ ཚིག་ག་དེ་སྦེ་སླབ་དེས་ཟེར་འདྲི་འདྲིཝ་མས།
  • སེམས་དཔའ་
    ཚིག་འདི་ག་དེ་སྦེ་སླབ་ནི་ཟེར་བ་ཅིན་ འ་ནཱེ་སྦེ་འེམ་ བླ་མ་ལ་སྐྱབས་སུ་མཆིའོ་དེང་ ཆོས་ལ་སྐྱབས་སུ་མཆིའོ་དེང་ དགེ་བདུན་ལ་སྐྱབས་སུ་མཆིའོ་དེང་ དུས་རྟག་པར་སླབ་མ་ལ་སྐྱབས་སུ་མཆིའི་ དེང་དེང་ཟེར་དྲངས་ཡི་ཟེར་སླབ་ད་ བླ་མ་མཁྱེན་ནོ་ འབད་མི་ཚུགས་ནི་མས་མས་ཟེར་ ག་ར་ལོག་ཡར་སོང་ཡི་ཟེར་ཨིན་མས་ ཟ་འདྲེ་མི་གསུམ་ཚུ།
  • སེམས་དཔའ་
    ཟ་འདྲེ་མི་གསུམ་ཚུ་ ལོག་སོང་ཡི་ཟེར་ཨིན་མས་ ལོག་སོང་སྟེ་ དེ་ལས་ཏེ་ འུམ་ ལོག་ཡར་སོང་ཡི་ད་འབདན་ཟེར་ ཁོང་ཚུ་ག་དེམ་ཅིག་ ག་ཅི་ལོ་ གཡུས་ཁར་འོང་སྟེ་ གནོདཔ་བཀལ་བ་ཅིན་ ང་གིས་བདའ་བཏང་ཡི་ ཁོང་ཚུ་བདའ་ཚུགས་ཅིག
  • སེམས་དཔའ་
    དེ་ལས་ཏེ་ གཡུས་ཁར་སོང་སྟེ་ ཁོ་གི་གཡུས་ཁར་སོང་སྟེ་ ཆོསཔ་ཆ་རོགས་ སློབ་དཔོན་དང་ སློབ་ཕྲུག་ཚུ་ག་ར་ལུ་སླབ་སྟེ་ ཡ་ གཡུས་ཁ་ལུ་ ཟམ་གུ་ཉལ་སྡོདཔ་ད་ ནུབ་མོ་འ་ནཱེ་ཅིག་ཁར་ ཁོང་ཁྱལ་དྲེལ་བདའ་སྟེ་འོང་དེས་མས་ འ་ནཱི་འདི་ ང་བཅས་ཚུ་གིས་ རིམ་འགྲོ་འབད་དགོ་པས་མས།
  • སེམས་དཔའ་
    ཏེ་འ་ནཱི་འདི་ རིམ་འགྲོ་འདི་ ག་ཅི་འབད་དགོཔ་ཟེར་བ་ཅིན་ ཁ་སྒྱུར་བཞེངས་ཏེ་ ཁ་སྒྱུར་བཞེངས་ཏེ་ འ་མེ་ཆག་བཏེག་སྟེ་ ཨེ་མ་བླུག་སྟེ་ འབྲུ་སྣ་བཙག་སྟེ་ དེ་སྦེ་འབད་དགོ་པས་མས་ཟེར།
  • སེམས་དཔའ་
    ཨོཾ་སུམྦྷ་ནི་སུམྦྷ་ནི་སུམྦྷ་ནི་གྲྀ་ཧ་ཎ་གྲྀ་ཧ་ཎ་གྲྀ་ཧ་ཎ་སྭཧཱ་ཟེར་ འ་ནཱེ་སྦེ་འབད་དགོ་པས་སྨ་རེ་ དེ་སྦེ་འབདཝ་ད་ རྒྱབ་ཤུལ་རྐྱབ་ནི་མས་མས་ཟེར་ཁོ་གིས་ཏེ་ གཡུས་ཁར་ལུ་དར་ཁྱབ་བཏང་སྟེ་ ད་ལྟོ་འབད་བ་ཅིན་ འ་ མོ་བཏབ་ད་ལུ་ འ་ནཱི་གི་ཁ་སྒྱུར་བཀོ་དགོ་པའི་ཟེར་ འཐོན་མི་འདི་གིདཔེ་འདི་ཁོ་གིས་ གཡུས་ཁར་སླབ་སྟེ།
  • སེམས་དཔའ་
    ཁོ་ འ་ནཱི་དཔེ་ཆ་གིས་དྲངས་མི་ལས་བརྟེན་ཏེ་དང་ འ་ ཟ་འདྲེ་མི་གསུམ་ཚུ་བདའ་བ་ལས་བརྟེན་ཏེ་ ཁོ་གིས་ཏེ་ གཡུས་ཁ་ལུ་སྟེ་ ད་ལྟོ་ རིམ་འགྲོ་ ཁ་སྒྱུར་དཔེ་བཀོ་མི་འདི་ ཁོ་གི་དཔེ་འདི་ ཁོ་གིས་བཞག་བཞགཔ་ཨིན་ཟེར་ ཨེང་ཞུ་དེས་ལགས།
  • སེམས་དཔའ་
    བཀའ་དྲིན་ཆེ།