Video Overview
Tshering Khandu of Joenkhar village tells a story about a goat tail in Dakpakha, the local language. The story is about an old couple who fought constantly and were unable to compromise. They decided to split up, and the old man took goat heads with him while the old woman took their tails. The goat tail was very clever and had magical powers—it helped the old woman get whatever she wished. With its help, she was able to steal turquoise from the king. The story shows that every small thing can be important and helpful in our daily life.
༉ སྲུང་གཏང་ནི་འདི་ ཧེ་མ་ལས་དར་ཏེ་ཡོད་པའི་འབྲུག་པའི་ལམ་སྲོལ་ངོ་མ་ཅིག་ཨིན། ངག་ཐོག་ཏུ་བརྒྱུད་དེ་འོང་བའི་སྲུང་ཐུང་ཀུ་ རའི་མཇུག་མ་འདི་ བཀྲ་ཤིས་སྒང་རྫོང་ཁག་སག་སྟེང་རྒེད་འོག་ གཡུས་ཇོན་ཁར་ལས་ཨིན་མི་ ཚེ་རིང་མཁའ་འགྲོ་གིས་གཏངམ་ཨིན་པས། ཚེ་རིང་མཁའ་འགྲོ་གིས་ སྲུང་འདི་ཁོ་རའི་གཡུས་སྐད་དག་པའི་ཁ་ནང་སྦེ་བཤད་ཡོདཔ་ད་ དེ་ཡང་ ང་བཅས་ར་འབྲུག་ལུ་ ཁ་སྐད་དང་ལམ་སྲོལ་གྱིས་ཕྱུགཔ་ཨིན་པའི་ངོ་རྟགས་སྟོན་ནི་གི་དོན་ལུ་དང་ མ་འོངས་བུ་རྒྱུད་ཚུ་གིས་ སྔར་སྲོལ་ལམ་ལུགས་ཚུ་ཧ་གོ་ཐབས་ལུ་དམིགས་ཏེ་ བློ་ལྡན་ཤེས་རྒྱུན་ཞིབ་འཚོལ་ལས་སྡེའི་ཁ་ཐུག་ལས་སྒྲ་བཟུང་འབད་འབདཝ་ཨིན། སྲུང་ཐུང་ཀུ་རའི་མཇུག་མ་འདི་ ཁོང་བཟའ་ཚང་གཉིས་འགྲིག་མ་ཚུགས་པར་ འཕྲལ་འཕྲལ་ར་འཐབ་འཛིང་འབདཝ་ལས་ ཨ་རྒས་དེ་གིས་རའི་མགུ་ཏོ་དང་ ཨང་རྒས་དེ་གིས་རའི་མཇུག་མ་འབག་ནི་སྦེ་ཐག་གཅད་པའི་སྐོར་ལས་ཨིནམ་ད་ རའི་མཇུག་མ་འདི་ སྤྱང་དྲགས་ཅིག་འབདཝ་ལས ཨང་རྒས་ཀྱི་རེ་བ་ཚུ་ག་ར་བསྒྲུབས་མ་ཚད་ མཇུག་མ་འདི་གིས་ རྒྱལ་པོའི་གཡུ་ཡང་ཨརཝ་བརྐུ་སྟེ་འབག་འོང་ནུག སྲུང་འདི་གི་བརྗོད་དོན་དེ་ཡང་ ང་བཅས་རའི་མི་ཚེ་འདི་ནང་ ཅ་ལ་ཆུང་ཀུ་ག་ཅི་འབད་རུང་གལ་ཆེ་ཏོག་ཏོ་ཨིནམ་མ་ཚད་ ཕན་ཐོགས་ཅན་ཡང་ཡོདཔ་སྦེ་སྟོནམ་ཨིན་མས།
- Trashigang
- Sakteng
- ཚེ་རིང་མཁའ་འགྲོ་Tshering Khandro: ཏེ་ ཧེ་མ་དང་ཕུ་ ཨང་རྒས་གཅིག་དང་ཨ་རྒས་གཅིག་ཡོདཔ་མས། ཨང་རྒས་དང་ཨ་རྒས་གཉིས་ ག་ཅི་ལོ་ ར་གཅིག་ཡོདཔ་ཨིན་མས། ཏེ་ར་འདི་ ཨང་རྒས་དང་ཨ་རྒས་གཉིས་འཐབ་སོང་སྦེ་ ཧ་ལམ་ཅིག་ལས་མ་འགྲིགས་པར་ ཨང་རྒས་དང་ཨ་རྒས་གཉིས་སོ་སོ་སྦེ་སྡོད་དེ་ ར་ཨང་རྒས་ཀྱིས་མཇུག་མ་བཟུང་ དེ་ལས་ཨ་རྒས་ཀྱིས་མགོ་ལས་བཟུང་སྟེ་འཐེན་ ཧ་ལམ་ཅིག་ལས་ཨང་རྒས་ཀྱིས་མཇུག་མ་བཏོག་འབག་ ཨ་རྒས་ཀྱིས་མགུ་ཏོག་ཐོབ་སྟེ་ ཨང་རྒས་ཀྱིས་མཇུག་མ་ཐོབ་ཐོབ་ཨིན་མས། ཐོབ་ཞིནམ་ལས་ ཁྱིམ་ནང་སོང་བལྟཝ་ད་ [ཚན་ཏ་?]ཐོག་ཁར་མཇུག་མ་འདི་ [ཚན་ཏ་?]ལས་བསྡམས་བཞག་ཡོདཔ་ཨིན་པས། དེ་ལསན་ ཞག་གཉིས་གསུམ་དེ་ཅིག་འགྱོཝ་ད་ལུ་ མཇུག་མ་ལས་མར་གྱི་ཐིག་པ་བུད་དོ་ཡོདཔ་མས། འུམ་ད་ མར་ཁུ་བུདཝ་མས་ ད་འ་ནཱི་མར་ཁུ་ག་ར་བུད་བ་ཅིན་ ལེགས་ཤོམ་མི་འོང་འོངམ་ཟེར་ མེ་བཏང་བཟའ་ནཱི་ཟེར་འབག་འོངམ་ད་ དེ་ལས་རའི་མཇུག་མ་གྱིས་ ཨང་རྒས་ང་མ་པ་ལས་ར་ མེ་བཏང་མ་བཟའ་ ཁྱོད་ལུ་ག་ཅི་ཨིན་རུང་ དྲིན་ལན་འཇལ་ནི་ཟེར་སླབ་སླབ་མས། ཡ་ཡ་ དེ་སྦེ་འབད་བ་ཅིན་ ཁྱོད་ཀྱིས་ ང་ལུ་ངྲིན་ལན་ག་ཅི་ཅིག་མཇལ་ནི་ཡོདཔ་ཨིན་ན་ ཡ་ད་ང་གིས་ཁྱོད་བཞག་གེ་ཟེར་སླབ་ཡར་སོང་ ཕར་ལུ་སོང་ ཁུར་ཆ་ལེ་ཤ་འབག་མི་ མི་གཅིག་འོང་འོངམ་མས། ཏེ་རའི་མཇུག་མ་གིས་ ཁུར་ཆ་གི་རྒྱབ་ཁར་འཛུལ་སྡོད་སྡོདཔ་མས། ཏེ་ ཁུར་ཆ་གི་རྒྱབ་ཁར་འཛུལ་སྡོད་དེ་ ག་ཅི་ལོ་ད་ ཆབ་གསང་སོང་ ལོག་ལྷོད་སྦེ་ཁུར་ཆ་འབག་བལྟཝ་ད་ མ་པ་ལས་ར་ཁུར་ཆ་འབག་མ་ཚུགས་པར་ ཡ་ད་ད་རེས་ངེའི་ཁུར་ཆ་ག་ཅི་ཅིག་འབད་དཔ་ཨིན་ན་ཟེར་ མི་གཞན་འབད་སར་སོང་ཞིནམ་ལས་ ངེའི་ཁུར་ཆ་ཨ་ཙི་ཕུད་གནང་ཤོག་ཟེར་ ཁ་འཐེན་སླབ་པར་འགྱོ་ཏེ་ ལོག་ལྷོད་བལྟཝ་ད་ རའི་མཇུག་མ་གིས་ འབག་ཡར་སོང་ནུག་ཟེར་ཨིན་མས་ ཁུར་ཆ་འདི།
- ཚེ་རིང་མཁའ་འགྲོTshering Khandu ཏེ་ཁུར་ཆ་འདི་ རའི་མཇུག་མ་གིས་འབག་ཡར་སོང་སྦེ་ དེ་ལས་ཨང་རྒས་འབད་སར་འཐོན་སོངཔ་མས། དེ་ལས་ ཨང་རྒས་ཀྱིས་ དབའེ་མཇུག་མ་ མཇུག་མ་གིས་ཨང་རྒས་སྒོ་ཕྱེས་ཟེར་སླབ་སླབ་མས། ཁའི་ ཁྱོད་ཆུང་ཀུ་ཅིག་མས་ lash སྒོའི་ཧོག་ཀ་ ཚུར་ལས་ཤོག་སྨེ་ཏེ་ ཟེར་སླབ་སླབ་མས། ང་ར་ཤོང་རུང་ཁུར་ཆ་མི་ཤོང་པས་ ཟེར་སླབ་སླབ་མས། སྒོའི་ཧོག་ཀ་ལས་ ཨང་རྒས་ཀྱིས་སྒོ་ཕྱེ་བྱིན་ དེ་ལས་ནང་ན་འབག་ དབའེ་ཁྱོད་ཀྱིས་ག་དེ་སྦེ་ཐོབ་ཅི་ འ་ནཱི་བཟུམ་ ཡ་བླ་ ཁྱོད་ཀྱིས་ཨརཝ་བརྐུ་འབག་འོང་ཡི་ཡ་ ཟེར་སླབ་སླབ་མས། འ་ནཱི་བཟུམ་ཅིག་ངལ་གསོ་སྟེ་སྡོད་ནུག་ ང་གིས་བཟུང་འབག་འོང་ཡི། དེ་ལསནི་ ད་རུང་སོང་སྦེ་ རྒྱལ་པོ་དང་བཙུནམོ་གཉིས་ཀྱི་གཡག་ཨརཝ་བརྐུ་སྟེ་ དེ་ལསནི་རྣམ་ཅོ་ནང་ལས་ཕར་འཛུལ་ ནང་ན་ཉམས་རྒྱགས་པ་ཡོད་མེད་བལྟ་ དེ་ལས་གཡག་འདི་ ཞག་བཞི་ལྔ་འགྱོཝ་ད་ ཉམས་ཤོར་ རྒྱལ་པོ་འདི་ ཡ་ག་ཅི་ཨིན་ན་མནོ་སྟེ་ ལྟ་མ་ཟེརཝ་ད་ ཁོ་གིས་རྣམ་ཅོ་ནང་འཛུལ་ཏེ་རྒྱལ་པོ་གི་ ལྷ་དཀར་པོ་ཟེར་སླབ་མི་གཡག་ནང་འཛུལ་ རྣམ་ཅོ་ནང་ལུ་འཛུལ།
- ཚེ་རིང་མཁའ་འགྲོTshering Khandu ད་ ཧ་ལམ་ཅིག་ལས་ ནང་གི་ཚིལ་ལུ་ག་ར་ ཁོ་གིས་བཏོན་འབག་ཏེ་ ཧ་ལམ་ཅིག་ལས་ རྒྱལ་པོ་གི་གཡག་ག་ར་ཤི་ཏེ་ ཧ་ལམ་ཅིག་ལས་ རྒྱལ་པོ་གིས་ཤེས་ཏེ་ ཁོ་ཁྲིམས་བཀལ་ནི་ཟེར་སླབ་།ཁྲིམས་ལུ་མ་འབག་ ང་གིས་ག་ཅི་ཨིན་རུང་ དྲིན་ལན་མཇལ་གེ་ཟེར་སླབ། ཏེ་རྒྱལ་པོ་གིས་བཞག་ ད་ཁྱོད་ཨརཝ་བརྐུ་ནི་ལུ་ ལུང་ཡོད་པ་ཅིན་ ངེའི་རྣམ་ཅོ་གི་གཡུ་བརྐུ་ཚུགསཔ་འབད་ཟེར་སླབ།ཁོ་གིས་བརྐུ་ཚུགསཔ་ཟེར་ རྒྱལ་པོ་གིས་ བརྐུ་མི་ཚུགསཔ་ཟེར་ ཁོའི་བརྐུ་ཚུགསཔ་ཟེར་ ཡ་ཡ་དན་ ངེའི་གཡུ་བརྐུ་འབག་ཟེར་ ཏེ་དུས་ཡུན་བཟོ་ ཏེ་རྒྱལ་པོའི་ ད་རིས་འ་ནཱི་རའི་མཇུག་མ་གིས་ངེའི་རྣམ་ཅོ་གི་གཡུ་འབག་ནི་གིས་འོང་དོ་འོང་ ད་རིགཔ་མ་འགྱིམ་པ་ཅིན་ཟེར་ ག་ར་རིགཔ་འགྱིམ་ ཕྱི་ཁ་གི་སྐུ་སྲུང་ག་ར་མེ་མདའ་འབག་བཅུག་ རྩ་རེ་བཀིག་ ཏེ་ཕྱི་ཁར་བཞག་སྦེ་ ལྟ་མ་ཟེརཝ་ད་ལུ་ཨེ་ཁུ་ཐོག་ཁར་ག་ར་ པ་ལང་འགྲིགས་བཙུགས་ཏེ་ རྒྱལཔོ་དང་བཙུན་མོ་གཉིས་ཀྱི་ཐོག་ཁར་ གཡུ་བརྐུ་མི་ལྷོད་འོང་ཟེར་ གནམ་མེད་ས་མེད་རིགཔ་འགྱིམ་ ཏེ་ལྟ་མ་འདི་ལུ་ རའི་མཇུག་མ་གིས་ ཁུ་སིམ་སིམ་འབད་འོང་སྡོད་སྡོདཔ་མས་ཐོག་ཁར་འོང་སྡོད་དེ་ རྒྱལཔོ་གིས་གཡུ་འདི་བཙུན་མོའི་ལགཔ་ལུ་བྱིན་ ཁོ་ཆབ་གསང་ལུ་འགྱོ་དགོ་པས་ ད་ངེའི་གཡུ་བདག་འཛིན་འབད་སྨེ་ཟེར་ བཙུན་མོའི་ལགཔ་ལུ་བྱིདམ་ད་ ཏེ་རའི་མཇུག་མ་གིས་བཟེད་སྡོད་ས་ལུ་ བྱིན་བཏང་ནུག་ཟེར་ཨིན་མས། ཏེ་ལྟ་མ་ཆབ་གསང་སོང་ ལོག་ལྷོདཔ་ད་ ཀྭ་ལས་ངེའི་གཡུ་ཟེར་སླབ་ད་ ངེའི་ལགཔ་ལུ་མ་བྱིན་ཟེར་སླབ་ ཡ་ད་རའི་མཇུག་མ་གིས་ འབག་ཡར་སོང་ནུག་ཟེར་ དེ་ལས་ཨེ་ཁུག་ཐོག་ཁ་ལས་བབས་འོང་སྟེ་ དབའེ་ རོ་ཁྱི་གཏང་ རོ་ཁྱི་གཏང་ཟེར་ རོ་ཁྱི་བཏང་པ་གིན་ བོང་ཀུ་བཏང་ནུག་ཟེར་ཨིན་མས། དེ་ལསནི་ སྐུ་སྲུང་ཚུ་ མེ་མདའ་གཏང་ཟེརཝ་ད་ ཤིང་གི་མེ་མདའ་དཔྱང་བཞག་སྟེ་ ཤིང་གི་མེ་མདའ་བཏངན་ ཏེ་སྐད་རྐྱབ་མ་བཏུབ་པར་ ཏེ་ཧ་ལམ་ཅིག་ལསནི་གཡུ་འདི་ ཏེ་རའི་མཇུག་མ་ལུ་ཤོར་སོངཔ་ཨིན་མས། ཏེ་འ་ནཱ་ལས་ སྐུ་སྲུང་ག་ར་བརྡུངས་ རྒྱལ་པོའི་རོ་ཁྱི་ག་ར་ སྤུས་རྩ་སྦེ་བརྡུངས་ དེ་ལསནི་ ག་ཅི་ཡང་མེད་པར་ རའི་མཇུག་མ་ལུ་ འ་ནཱི་སྦེ་ཤོར་ཡི་ཟེར་ཨིན་མས།། །།