Video Overview
Aum Chenzom from Tali village, Zhemgang Dzongkhag narrates the story of the girl and the ogress. Storytelling was very popular among all villagers as a form of entertainment in the past. In the evening after dinner, parents or elders narrate the story and children listen. This particular story reveals the theme of intelligence: the ogress tried to eat the girl, but due to her intelligence she managed to escape and saved her life.
གཞལམ་སྒང་རྫོང་ཁག་ རྟ་ལི་གཡུས་ཚན་ལས་ ཨམ་ཆོས་འཛོམས་ཀྱིས་སྲིནམོ་དང་ བུམོ་ཅིག་གི་སྐོར་ལས་ སྲུང་བཏངམ་ཨིནམ་ད་ ཏེ་དང་ཕུགས་ ད་རེས་ནངས་པ་བཟུམ་སྦེ་ སྤྲོ་སྟོན་གྱི་ལས་རིམ་ཚུ་ ག་ནི་ཡང་མེད་པའི་ནམ་དུས་ལུ་ སྲུང་བཏང་ནི་འདི་ སྤྲོ་སྟོན་གྱི་ལས་རིམ་ཅིག་ཨིན་པས། སྲུང་བཏང་ནི་འདི་ ངོ་མ་ར་ ཕྲྱི་རུའི་ལྟོ་བཟའ་ཞིནམ་ལས་ ཨ་པ་དང་ཨའི་ ཨང་རྒས་ཨང་རྒས་དང་ ཨ་ལུ་ཚུའི་བར་ན་ བཏང་དོ་ཡོདཔ་ད་ ཕམ་ཚུ་གིས་ སྲུང་བཏང་བའི་སྐབས་ ཨ་ལུ་ཚུ་གིས་ ཉན་དོ་ཡོདཔ་མས། སྤྱིར་བཏང་ད་ལྟོའི་སྲུང་འདི་གིས་ རིག་པ་རྩལ་ཡོད་པའི་སྐོར་ལས་ཨིནམ་ད་ འདི་ཡང་ སྲིནམོ་འདི་གིས་ བུམོ་འདི་བཟའ་ནི་འབདཝ་ད་ བུམོ་མོ་ར་རིག་པ་སྤྱང་དྲགས་ཡོདཔ་ལས་ སྲོག་དང་འབྲེལ་ནི་ལས་ སྲོག་སྐྱབས་འབད་ཚུགས་ཚུགསཔ་མས།
- Tali
- Nangkhor
- Zhemgang
- ཆོས་འཛོམས་ Chozomདང་ཕུ་བུམོ་གཅིག་ དེ་སྦེ་སྡོད་སྡོདཔ་ཨིན་ལོ་ བུམོ་ཐོག་བསྲུང་པར་སོང་སྟེ་ ཨ་པ་གཅིག་ ཨ་མ་གཅིག་ བུམོ་གཅིག་སྡོད་སྡོདཔ་ཨིན་མས་ ཡོན་ཟེར་ དང་ཕུ་འོང་ལོ་མེན་ན་ རཱན་(foxtail millet) བཟུམ་སྦེ་ སྲུང་པར་འགྱོཝ་ད་ ཤཱ་་་་་ཏོང་ཏོང་ཏོང་་་་་་་་འབད་བར་འགྱོ།
- ཆོས་འཛོམས་ Chozomབུ་ཀུར་(ཐི་ལི་)རྒྱལམོ་ལྕོག་ཏོར་བཏང་ཆགས་ཅི་ལོ་ བུ་ཀུར་བུ་ཀུར་(ཁེངས་ཁའི་ནང་ཐི་ལི་རྒྱལམོ་) ཁྱོད་ཀྱི་ཨ་པ་དང་ ཁྱོད་ཀྱི་ཨ་མ་དང་ གནམ་ལ་འཕུར་ཤོག་བུ་ཀུར་བུ་ཀུར་ཟེར་སྡོད་དེ་ བུ་ཀུར་གྱིས་ཉིན་ལྟར་བཞིན་དུ་རང་ དེ་སྦེ་སྡོད་དེ་ ཨའེ་ངེའི་ཨ་པ་དང་ཨའི་འགྱོ་རང་མི་འགྱོ་ ཁྱོད་ཀྱིས་ཤོབ་སླབ་དེས་ཟེར་སླབ་ད་ དེ་ལས།
- ཆོས་འཛོམས་ Chozomད་རུང་སླབ་དེས་ལོ་ འགྱོ་ཤིག་ཁྱོད་ར་ཁྱིམ་ནང་བལྟ་བར་ཟེར་ འགྱོ་དོ་མས་ལོ་བུམོ་འདི་ ཡ་ག་ཏེ་འོང་ཡི་ཁྱོད་ཟེར་ སླབ་དོ་མས་ལོ་ ཁྱོད་གཉིས་ག་ཅི་འབདཝ་མས་ འགྱོ་ནི་སྦེ་ ཅ་ལ་སྒྲིག་དེས་མེན་ན་ཏེ་ཟེར་སླབ་ད་ དེ་འབདཝ་ད་ བུ་ཀུར་གྱིས་སླབ་དེས་ཟེར་ མ་སླབ་པས་མོ་གིས།
- ཆོས་འཛོམས་ Chozomཁྱོད་གཉིས་འགྱོ་ནི་འདྲས་ཟེར་ འོང་འོངམ་ཨིན་ཟེར་སླབ་ནུག ག་ཏེ་འགྱོ་ནི་ང་བཅས་གཉིས་ འགྱོ་རང་མི་འགྱོ་ཟེར་ ཨ་པ་དང་ཨའི་གིས་ ཡར་རླུང་ཐོག་ལས་སྦེ་ ཁྱིམ་འཕྱགཔ་མས་ཟེརཝ་མས་ལོ་ དེ་ལས་ འགྱོ་འགྱོ་ད་རུང་ཟེར་ ད་རུང་ལྟོ་ ཨ་ནཱི་ཀེབ་ཏང་བྱིན་སྦེ་བཏངམ་མས་ལོ་ ད་རུང་འགྱོ་དོ་མས་ལོ་མོ།
- ཆོས་འཛོམས་ Chozomཕར་ལྷོདཔ་ཅིག་རང་ ད་རུང་ལྕོག་ཏོར་བཏང་ཆགས་པར་འོང་སྦེ་ ད་རུང་བུ་ཀུར་བུ་ཀུར་ཁྱོད་ཀྱི་ཨ་པ་དང་ ཁྱོད་ཀྱི་ཨ་མ་དང་ གནམ་ལ་འཕུར་ཤིག་བུ་ཀུར་བུ་ཀུར་ཟེར་ དེ་སྦེ་རང་འབད་དེ་སྡོདཔ་མས་ལོ་བྱ་གིས་ དེ་ལས་ ག་དེ་སྦེ་ཨིན་ན་ད་ཟེར་ ད་རུང་འགྱོ་དོ་མས་ཏེ་ འགྱོ་རང་འགྱོཝ་མས་ཟེར་སླབ་དེས་ཟེར།
- ཆོས་འཛོམས་ Chozomདེ་བསྒང་ཁྱིམ་གྱི་ནང་འཕྱག་མས་ཟེར་ཨིན་པས་ཨ་དང་ཨའི་ ཁྱིམ་གྱི་ནང་འཕྱག་སྦེ་འདུག་ཟེར་ཨིན་པས་ལོ་ དེ་ལས་ ད་རུང་ལོག་འགྱོ་དོ་མས་ཏེ་ འགྱོ་འགྱོ་ཤིག་ཟེར་སླབ་སྟེ་ ཨ་པ་དང་ཨའི་གིས་ ཐོག་ཟ་ཚར་འོང་སྨ་རེད་ ག་ཏེ་འགྱོ་ནི་ང་བཅས་གཉིས་འགྱོ་རང་མི་འགྱོ་ཟེར་སླབ་སྦེ།
- ཆོས་འཛོམས་ Chozomད་རུང་འགྱོ་དོ་མས་ཏེ་ ད་རུང་ཕར་ལྷོད་དེ་ ཤཱ་་་་་འབདཝ་ཅིག་ ད་རུང་བྱ་ལྕོག་ཏོར་བཏང་ཆགས་པར་འོང་སྟེ་ བུ་ཀུར་འདི་ ད་རུང་བུ་ཀུར་བུ་ཀུར་ཟེར་ སླབ་མས་ཟེརཝ་མས་ལོ་ད་རུང་ ཁྱོད་ཀྱི་ཨ་པ་དང་ ཁྱོད་ཀྱི་ཨ་མ་དང་ གནམ་ལ་འཕུར་ཤིག་བུ་ཀུར་བུ་ཀུར་ཟེར་ ད་ག་དེ་སྦེ་ཨིན་ན་སྨོ་ཟེར་ ད་རུང་བལྟ་བར་འགྱོ་བའི་སྐབས་ ཨ་པ་དང་ཨའི་ཤག་སྐོར་འཕྱག་པར་ལྷོད་ནུག་ཟེརཝ་མས་ལོ།
- ཆོས་འཛོམས་ Chozomདེ་ལས་ད་རུང་ལོག་འགྱོ་ ཨ་པ་དང་ཨའི་གིས་ ལོག་སྟེ་འགྱོ་ཤིག་འགྱོ་ཤིག་ཐོག་ཟ་ཚར་འོང་སྨ་རེད་ ང་བཅས་ག་ཅི་ཟ་ནི་ཟེར་ སེམས་ཅན་གྱི་བྱ་གིས་ཟ་ཚརཝ་ད་ ང་བཅས་ར་ག་ཅི་ཟ་ནི་ཟེར་སླབ་ཏེ་ ལེགས་ཤོམ་སྦེ་ ལྷུ་སྟེ་བཏང་དོ་མས་ད་རུང་ ད་རུང་འགྱོ་འགྱོཝ་མས་ཏེ་ འགྱོ་སྟེ་ཕར་ལྷོདཔ་ད་ལུནི་ སླབ་མས་ཟེརཝ་མས་ལོ།
- ཆོས་འཛོམས་ Chozomད་ཁྱོད་ཀྱི་ཨ་པ་དང་ཨའི་ཐད་རི་བ་རི་ ངེའི་ཨ་པ་དང་ཨའི་འགྱོ་རང་མ་འགྱོ་ ཤོབ་སླབ་མས་ཁྱོད་ཀྱིས་ཟེར་ སླབ་སླབ་མས། འགྱོ་མ་བཏུབ་དོ་མས་མོ་གིས་ ཨཱ་་་འགྱོ་རང་འགྱོ་དེས་ཟེར་སླབ་དོ་མས་ མ་ཉན་དོ་མས་ཏེ་ ཁྱོད་ཀྱིས་ཤོབ་སླབ་མས་ ང་ཚར་གཉིས་ཡང་བལྟ་བར་ཐོན་སོང་ཡི་ མ་འགྱོ་བས་ཟེར་སླབ་སླབ་མས།
- ཆོས་འཛོམས་ Chozomམ་འགྱོ་བར་སྡོད་ནུག་མེན་ན་ཏེ་མོ་གིས་ དེ་འབདཝ་ད་ བུ་ཀུར་གྱིས་ཤུགས་འབད་རང་སླབ་དོ་མས་ཏེ་ ལོག་ཅི་ལོག་ཅི་རང་སླབ་དོ་མས། དེ་འབདཝ་ད་ བལྟ་བར་འགྱོཝ་ད་ལུནི་ཏེ་ འགྱོ་ནུག་ཟེར་ཨིན་པས་ལོ་ཏེ་ ཨ་པ་དང་ཨའི་འདིནི་ སྲིན་པོའི་གླིང་ལུ་ཨིན་པས་ཏེ་ཁོང་ དྲེགས་རང་མ་ཚུགས་པར་འགྱོ་དོ་མས་ལོ་ཏེ།
- ཆོས་འཛོམས་ Chozomསྲིན་པོའི་གཡུས་ཁ་ལས་ དེ་འབདཝ་ད་ བུམོ་འདི་བཀོ་བཞག་དོ་མས་ཏེ་ དེ་ལས་ ཨ་པ་དང་ཨའི་འདིནི་མིན་འདུག་ཟེརཝ་མས་ལོ་མོ་འདི་ ཡར་བལྟ་བ་ཅིན་ཀེབ་ཏ་ཕུད་རྡོག་གཅིག་འདུག་ལོ་ དེ་ལས་ ཐབ་རྡོ་གསུམ་རེ་རེའི་གུ་ལུ་ ཀེབ་ཏ་རེ་རེ་བཞག་ནུག་ཟེརཝ་མས་ལོ་ ཨེ་ཁུག་གུ་ལུ་ཡང་ ཀེབ་ཏ་རེ་རེ་བཞག་ནུག་ཟེརཝ་མས་ལོ་ དེ་ལས་ ཁྱིམ་གྱི་ནང་ན་ལུ་ཡང་ ཀེབ་ཏ་རེ་རེ་བཞག་ནུག་ཟེརཝ་མས་ལོ་ཨ་པ་དང་ཨའི་གིས།
- ཆོས་འཛོམས་ Chozomདེ་ལས་ ཀེབ་ཏ་འཐུ་ཡི་འཐུ་ཡི་འབག་སྦེ་ དེ་ལས་ སྔུ་སྡོད་དོ་མས་ཏེ་མོ་ དེ་ཅིག་གི་བར་ན་ལུ་ སྲིནམོ་ཨམ་ལྷོད་ཅི་ཟེརཝ་མས་ལོ་ ཨ་ནཱི་ཙེའུ་སྦོམ་གཅིག་འབག་སྟེ་མོ་ལེན་པར་ དེ་ལས་ ཏེ་འབག་ནི་སྦེ་ ཙེའུ་ནང་ལུ་འཛུལ་ཤིག་ཟེར་སླབ་དོ་མས་ཏེ་ དེ་ལས་འཛུལ་དོ་མས་ཏེ་མོ་ འབག་འགྱོ་དོ་མས་ཏེ་དེ་ལས།
- ཆོས་འཛོམས་ Chozomའབག་སྟེ་ལམ་ཁར་ལྷོདཔ་ད་བསྒུག་དོ་མས་ཏེ་ ང་མགུ་ཏོ་གཡའ་ཡི་ ངེའི་མགུ་ཏོ་གུ་ཤིག་བལྟ་ཤིག་ཟེར་སླབ་སླབ་མས་ལོ་ སྲིནམོ་ཨམ་དེ་གིས་ དེ་མོ་ཙེའུ་ནང་ལས་བཏོན་སྦེ་ མགུ་ཏོ་ཁ་གི་ཤིག་བལྟ་བཅུག་དོ་མས་ཏེ་ ཤིག་བལྟ་དོ་བཟུམ་ མ་བལྟ་དོ་བཟུམ་སྦེ་ ལགཔ་གཅིག་གིས་ ཤིག་བལྟ་རྫུ་འབད་ ལགཔ་གཅིག་གིས་ རྡོ་འཐུ་ཡི་འཐུ་ཡི་ མར་ལུ་བཙུགས་ཡི་བདའ་དོ་མས་མོ་གིས།
- ཆོས་འཛོམས་ Chozomཨ་ནཱི་ཙེའུ་གི་ནང་ལུ་ དེ་ལས་ ཨ་ནཱི་ཙེའུ་ནང་ལུ་རྡོ་བཙུགས་སྦེ་ མོ་གི་ལྗིད་དང་འདྲན་འདྲ་བཙུགས་བཞག་དོ་མས་ཏེ་ དེ་ལས་མོ་འགྱོ་དོ་མས་ཏེ་ ཨིབ་སྟེ་སྡོད་དོ་མས་ ཤིང་གུ་འཛེགས་སྦེ་ ཨིབ་སྟེ་སྡོདཔ་ད་ལུ་ ཨ་ནཱི་སྲིནམོ་ཨམ་འདི་ གཉིད་ཚོར་སྦེ་ མོ་ནང་ན་རང་འདུག་ཟེར་མནོ་སྟེ་ བལྟ་རང་མ་བལྟ་བར་འབག་འགྱོ་དོ་མས་ཏེ།
- ཆོས་འཛོམས་ Chozomའགྱོ་འགྱོཝ་མས་ཏེ་ འགྱོ་སྦེ་ དེ་ལས་ ཤ་འབག་དོ་སྨ་རེད་ ཆུ་ཚན་བསྐོལ་ཤིག་ཟེར་ སླབ་སླབ་མས་ཏེ་ སྲིནམོ་ཨམ་གིས་ དེ་འབདཝ་ད་ ཁྱིམ་ནང་མི་ཚུ་གིས་ ཆུ་ཚན་ཏག་ཏག་བསྐོལ་བཞག་དོ་མས་ཏེ་ ད་ཤ་འབག་རང་འབག་དོ་མས་ཟེར།
- ཆོས་འཛོམས་ Chozomལྟ་མ་འབདཝ་ད་ ཕྲང་ཕྲང་མིག་ཏོ་མ་བལྟ་བར་ ཆུ་ཚན་འཁོལ་འཁོལ་བའི་ཀ་ལ་ནང་ལུ་ བླུགས་དོ་མས་ཏེ་ དེ་འབདཝ་ད་ [རྡོ་ཀྲཱུ?]་་་་་བཏང་བླུགས་དོ་མས་ཏེ་ སྲིནམོ་ཨམ་གིས་ དེ་ལས་ཏེ་ ཀ་ལ་མེདཔ་བཏང་མས་ཟེར་ གནམ་མེད་ས་མེད་ ཚོགས་བརྡ་བཏང་དོ་མས་ཏེ་ ཨ་པ་དང་ཨ་ལོ་འདི་ཚུ་གིས།
- ཆོས་འཛོམས་ Chozomདེ་ལས་ཚོགས་བརྡ་བཏངམ་ད་རང་ དེ་ལས་ཙིགཔ་ཟ་ཟཝ་མས་ཏེ་མོ་ ཙིགཔ་ཟ་སྟེ་ད་རུང་ ཨ་ནཱི་ག་ཏེ་ལུས་སོང་ཡི་འདི་ རོ་རྒསཔ་ཟེར་ ལོག་སྟེ་ ལེན་པར་འགྱོ་དོ་མས་ཏེ་ དེ་ལས་ག་ཏེ་ཡང་འགྱོ་མ་ཤེས་པར་ ཤིང་གུ་འཛེགས་སྡོད་སྡོདཔ་མས་ཏེ་བུམོ་འདི་ དེ་ལས་ ཤིང་གུ་འཛེགས་སྡོདཔ་ད་ལུ་ འཕྱད་འཕྱདཔ་མས་ཏེ་ད་རུང་ འཕྱད་དེ་ཤིང་བཏོག་ད་ག? ཟེར་སླབ་སླབ་མས་ མར་འབབ་ཤིག་ཟེརཝ་ད་ འབབ་མ་བཏུབ་དོ་མས།
- ཆོས་འཛོམས་ Chozomཤིང་བཏོག་ག? ཟེར་སླབ་སླབ་མས་ དེ་ལས་ཁྱད་མེད་ཁྱད་མེད་ང་མར་འབབ་འོང་གེ་ ཟེར་འབབ་སྟེ་ དེ་ལས་ ཙེའུ་ནང་བཙུགས་སྦེ་ འབག་ནུག་ཏེ་ད་རུང་ འབག་སྦེ་ མར་ཏེ་ཆུ་ཚན་བསྐོལ་ཤིག་ ཟེར་སླབ་དོ་མས་ད་རུང་ དེ་ལས་ ཁོང་གིས་ཆུ་ཚན་བསྐོལ་མ་བཏུབ་མས་ཏེ་ ཤོབ་རྐྱབ་མས་ཟེར་ དེ་འབདཝ་ད་ ཆུ་ཚན་བསྐོལ་མ་བཏུབ་པར་ དེ་ལས་ནངས་པར་བཟུམ་ཅིག་ མོ་ཟ་ནི་ཟེར་ཨིན་པས་ཏེ་ མར་ཆུ་ཚན་བསྐོལ་བཞག་ དེ་ལས་ཐོག་ཁར་མོ་དཔྱངས་བཞག་སྟེ་ ཨ་ནཱི་ཅུའི་ཅུའི་བཏང་དཔྱང་བཞག་དོ་མས་ཏེ་མོ།
- ཆོས་འཛོམས་ Chozomཤི་མ་བཅུག་པར་དེ་སྦེ་ མར་འོག་ལུ་ཆུ་ཚན་བསྐོལ་སྦེ་ དེ་ལས་ ཁོང་ར་ལཱ་སར་འགྱོ་འགྱོཝ་མས་ཏེ་ འགྱོ་སྦེ་ བུམོ་འདི་ ཕྱི་རུ་ཁམས་ལུ་ཐགཔ་བཏོག་ཞིན་ན་བཙོ་ནི་མས་ཏེ་ ཨ་ནཱི་ཁོང་རའི་བུམོ་ལུ་ སླབ་བཞག་བཞག་མས་ཏེ་ སྲིན་མོའི་བུམོ་ མོ་དང་འདྲན་འདྲ་འབད་མི་ཅིག་ཡོད་དོ་མས་གཅིག
- ཆོས་འཛོམས་ Chozomཕྱི་རུ་ཧ་ལམ་ཅིག་ཁར་ ཁྱོད་ཀྱིས་ཨ་ནཱི་ཐགཔ་བཏོག་སྦེ་ བཙོ་སྨ་རེད་ཟེར་ བཞག་བཞག་མས་ལོ་ དེ་ལས་ ཐགཔ་བཏོག་སྦེ་ བཙོ་སྨ་རེད་ཟེར་སླབ་བཞག་སྦེ་ ཁོང་ར་འགྱོ་ དེ་བསྒང་མོ་གིས་སླབ་སླབ་མས་ ཅུའི་ཅུའི་ཟེར་སླབ་སླབ་མས་ ནཱ་ལས་ཕར་བལྟ་ད་ལུ་ ང་རའི་ཨ་པ་དང་ཨ་མ་ཡང་མིག་གིས་མཐོང་མས་ཅུའི་ཅུའི་ཟེར་འཐེན་ནུག
- ཆོས་འཛོམས་ Chozomཤོབ་འོང་མིག་གིས་ཡང་མི་མཐོང་འོང་ཟེར་ སླབ་སླབ་མས་སྲིན་མོའི་བུམོ་གིས་ མཐོང་མས་ཟེར་ ད་རུང་ཅུའི་ཅུའི་ཟེར་སླབ་ནུག ནཱ་ལས་ཕར་བལྟཝ་ད་ལུ་ ང་རའི་ཨ་ཞང་ཉེ་ཉེ་ཡང་མིག་གིས་མཐོང་མས་ཅུའི་ཅུའི་ ཟེར་སླབ་སླབ་མས།
- ཆོས་འཛོམས་ Chozomཤོབ་འོང་ས་ཁྱོད་ཀྱིས་ ཟེར་སླབ་སླབ་མས་ མཐོང་མས་ཟེར་ སླབ་སླབ་མས་མོ་གིས་ ད་རུང་ང་རའི་ཨ་ཁུ་ཨམ་ཅུངམོ་ཡང་མིག་གིས་མཐོང་མས་ ག་ཡང་སྤུན་ཆ་ག་ཡང་མིག་གིས་མཐོང་མས་ཟེར་ སླབ་སླབ་མས་ལོ་མོ་གིས་ ཤོབ་སླབ་དོ་མས་ དེ་འབདཝ་ད།
- ཆོས་འཛོམས་ Chozomང་དཔྱང་ན་ཏེ་ཟེར་ སླབ་མས་ལོ་སྲིན་མོའི་བུམོ་འདི་གིས་ བཏུབ་ཏེ་ཟེར་སླབ་སླབ་མས་ དེ་ལས་ དཔྱང་ཡི་ལོ་མོ་གིས་ཚར་གཅིག་ དཔྱངས་ཞིན་ན་ ག་ཏེ་སྨོ་ང་གིས་འདིནི་ག་ནི་ཡང་མིག་གིས་མི་མཐོང་པས་ཏེ་ ཟེར་སླབ་སླབ་མས་ མི་མཐོང་ཁྱོད་ཀྱིས་ གོ་ལ་ཡང་ག་ར་ངེའི་གོ་ལ་གྱོན་དགོ་ ཟེར་སླབ་སླབ་མས་ གོ་ལ་ཡང་ ངེའི་གོ་ལ་གྱོན་ དེ་ལས་ སྐེད་རགས་ཡང་ ངེའི་སྐེད་རགས་ སྟོད་གོ་ཚུ་ཡང་ག་ར་ངེ་གི་གྱོན་པ་ཅིན་རྐྱངམ་ཅིག་ མིག་གིས་མཐོང་འོང་ ཟེར་སླབ་སླབ་མས།
- ཆོས་འཛོམས་ Chozomདེ་ལས་ སོར་སོཝ་མས་ཏེ་ ཁོང་གཉིས་ གོ་ལ་ཡང་སོར་ག་ར་སོར་སྦེ་ ཕར་ཚུར་སོར་སྦེ་ དེ་ལས་མོ་དཔྱངས་དཔྱངསམ་མས་ཏེ་གཅིག་ སྲིན་མོའི་བུམོ་འདི་ དཔྱང་སྦེ་ དེ་ལས་ ཅུའི་ཅུའི་ཟེར་འབད་འབདཝ་མས་ མོ་གིས་ ག་ཏེ་ག་ནི་མི་མཐོང་པས་ ཟེར་སླབ་སླབ་མས་ དེ་ལས་ མར་ཆུ་ཚན་ཏག་ཏག་འཁོལ་བཅུག་སྦེ་ མོ་གིས་ཐགཔ་བཏོག་བཏང་བཏང་མས་ཏེ་ ཨ་ནཱི་བུམོ་འདི་གིས།
- ཆོས་འཛོམས་ Chozomཐགཔ་བཏོག་བཏང་སྦེ་ སྲིནམོ་མོ་རའི་ཤ་བཙོ་སྦེ་བཞག་བཞག་མས་ཏེ་ བུམོ་གི་ཤ་བཙོ་སྦེ་ ཕྱི་རུ་ལྷོད་དོ་མས་ཏེ་ཁོང་ད་ ལྷོད་ཞིནམ་ལས་ ནངས་པར་དྲོ་པ་ ད་རུང་ཨ་ཞང་འདི་ཚུ་ཡོད་དོ་མས་ཏེ་ ནངས་པ་དྲོ་པ་ཟ་ནི་ཨིན་མས་ཏེ་ ཕྱི་རུ་བཙོ་བཞག་དོ་མས་ཏེ་ ཨ་ཞང་འདི་ཚུ་ ཨ་ཞང་དོང་དོང་ལ་ལོ་ ཆེམ་ཆེམ་ལ་ལོ་ ཨ་ཞང་པོ་ཏོང་བ་ལོ་ ཨ་ཞང་ཏི་ལིང་པ་ལོ་ཟེར་ ཡོད་དོ་མས་ལོ།
- ཆོས་འཛོམས་ Chozomཨ་ཞང་གི་མིང་འདི་ཚུ་ དེ་ལས་ བུམོ་ལུ་སླབ་དོ་མས་ཏེ་ དབའི་ཁྱོད་ཨ་ཞང་འདི་ཚུ་འབོ་བར་སོང་ད་ ཤ་ཟ་བར་ཤོག་ཟེར་འབོ་ད་ ཟེར་སླབ་སླབ་མས་ཏེ་ ཨ་ཞང་ཆེམ་ཆེམ་ལ་འབོ་བར་འགྱོ་ཤིག་ཧེ་མ་རང་ ཟེར་སླབ་སླབ་མས་ཏེ་ དེ་འབདཝ་ད་ ཨ་ཞང་ཆེམ་ཆེམ་ལ་འབོ་བར་འགྱོ་ནིའི་ལམ་ག་ཏེ་ལས་སྨོ་ ཟེར་སླབ་སླབ་མས་མོ་གིས།
- ཆོས་འཛོམས་ Chozomཡ་་་་ ག་ཅི་ཨ་རྟག་འགྱོ་བའི་ལམ་ག་དེ་སྦེ་མ་ཤེསཔ་སྨོ་ ཟེར་སླབ་སླབ་མས། ནཱ་ལས་ཕར་ཏེ་ ཟེར་སླབ་སྟེ་བཏང་བཏངམ་མས་ འགྱོ་འགྱོཝ་མས་ ཨ་ཞང་ཆེམ་ཆེམ་ལ་ ཤ་ཟ་བར་ཤོག་ལོ་ ཟེར་སླབ་སླབ་མས་མོ་གིས་ དེ་འབདཝ་ད་ ག་ཅི་ངེའི་ཚམོ་ཡང་མེནམ་བཟུམ་སྦེ་ མར་ལས་སྐད་རྐྱབ་སྡོདཔ་ཨིན་ན་ ཡར་མི་འོང་ག་ ཟེར་སླབ་སླབ་མས།
- ཆོས་འཛོམས་ Chozomཡར་འགྱོ་སྦེ་ ཤ་ཟ་བར་ཤོག་ལོ་ ཟེར་སླབ་སླབ་མས་མོ་གིས་ དེ་ལས་ འོང་འོངམ་མས་ཏེ་ ཨ་ཞང་གཅིག་ལྷོད་ ད་རུང་ཨ་ཞང་དོང་དོང་ལ་འབོ་བར་འགྱོ་ཤིག་ ཟེར་སླབ་སླབ་མས་ འ་ནཱི་ཡང་ལམ་ག་ཏེ་ལས་སྨོ་ ཟེར་དྲི་དྲིཝ་མས་མོ་གིས།
- ཆོས་འཛོམས་ Chozomད་རུང་སླབ་དོ་མས་ཏེ་ ཨ་ནཱི་ཨ་མ་གིས་ ད་རུང་ལྷོད་ལྷོདཔ་མས་ དེ་ལས་ ཨ་ཞང་པོ་ཏོང་པ་འབོ་བར་འགྱོ་ཤིག་ ཟེར་སླབ་སླབ་མས་ ཨ་ཞང་པོ་ཏོང་པ་འབོ་བར་སོང་སོངམ་མས་མོ་ ཨ་ཞང་པོ་ཏོང་པ་ཡང་ལྷོད་སྦེ་ དེ་ལས་ ཨ་ཞང་ཏི་ལིང་པ་འབོ་བར་འགྱོ་ཤིག་ ཟེར་སླབ་སླབ་མས།
- ཆོས་འཛོམས་ Chozomཨ་ཞང་ཏི་ལིང་པ་ཡང་ལྷོད་ལྷོདཔ་མས་ དེ་ལས་ཤ་ཟ་དོ་མས་ཏེ་ མོ་ལུ་སླབ་དོ་མས་ཏེ་ ཤོག་ཤིག་ཤ་ཟ་བར་ ཟེར་སླབ་སླབ་མས་ ང་ཤ་ཟ་དགོ་མ་མནོ་ཨ་མ་ ང་རེད་བྲེ་གང་དེ་ཅིག་གནང་ ང་ལྟོ་བཟོ་སྟེ་ཟ་དགོ་མནོ་ཡི་ ཟེར་སླབ་སླབ་མས་མོ་གིས།
- ཆོས་འཛོམས་ Chozomརེད་འབག་ཤོག་ ཟེར་སླབ་སླབ་མས་ རེད་བྱིན་བྱིནམ་མས་ཏེ་ བྲེ་གང་དབོག་སྦེ་ དེ་ལས་ འགྱོ་འགྱོཝ་མས་མོ་ ལྷིའུ་གི་རྩ་བར་འགྱོ་སྦེ་ ལྷིའུ་ཡོད་སར་འགྱོ་སྦེ་ རེད་ལྷིའུ་ནང་བླུགས་ཏེ་ ལྷིའུ་གི་མཐའམ་བདའ་ ཨ་ནཱི་ལྒང་ཕུ་འ་ནཱི་སྦེ་བཟོ་འོང་མེན་ན་ང་ཅས་ཀྱིས་ འ་ནཱི་སྦེ་ཚིལ་མ་གི་ལྒང་ཕུ་ པོག་པོག་བཏང་གས་མི་ འ་ནཱི་ལྷིའུ་བསྐོར་ཏེ་ བཟོ་སྡོད་སྡོདཔ་ཨིན་ལོ་མོ་ བཟོ་སྦེ།
- ཆོས་འཛོམས་ Chozomདེ་སྦེ་བཟོ་སྡོད་སྦེ་ སྡོད་ནུག་ཏེ་མོ་ དེ་ལས་ དེ་སྦེ་བཟོ་སྡོད་སྦེ་ ལྟ་མ་འབདཝ་ད་ལུནི་ ཤ་ཟ་ཡི་ཟ་ཡི་འབགཔ་ད་ ལྟ་མ་སེན་མོ་ལུ་ལྷོདཔ་ད་ ཁོང་རའི་སེན་མོ་ངོ་ཤེས་ཤེསཔ་ཨིན་ལོ་མས་ འདི་ཚུ་གིས་ ཡ་བླ་མ་་་་ ང་བཅས་རའི་བུམོ་གི་ ཧེ་མ་རང་ཨ་ནཱི་ཨ་པ་གིས་ སླབ་སླབ་མས་ལོ་ དབའེ་ངེའི་བུམོ་གི་སེནམོ་བཟུམ་སྦེ་འདུག་ས་འདི་ ཟེར་སླབ་སླབ་མས་ལོ།
- ཆོས་འཛོམས་ Chozomཨཱ་་་འོང་རང་མི་འོང་ཟེརཝ་ད་ ཨ་མ་གིས་འཕྱོག་ཟ་ཟཝ་མས་ལོ་ ད་རུང་ཨ་མ་གིས་ཟ་སྦེ་ ད་རུང་ཨ་མ་གིས་བལྟ་བལྟཝ་མས་ལོ་ ཡ་ཨིན་པས་ས་ ངེའི་བུམོ་གི་སེན་མོ་རང་ ཆིད་འོང་རང་མི་འོང་ཟེར་ ཨ་ཞང་ཆེམ་ཆེམ་ལ་གིས་ཟ་ཟཝ་མས་ལོ་ དེ་ལས་ ཨ་ཞང་ཆེམ་ཆེམ་ལ་གིས་ ཨིན་པས་ཟེར་ ངེའི་ཚམོ་གི་སེན་མོ་རང་ དེ་ལས་ག་ཅི་འོང་རང་མི་འོང་ཟེར་ ཨ་ནཱི་གིས་འཕྱོག་འབག་འགྱོ་དོ་མས་ལོ་ ཨ་ཞང་དོང་དོང་ལ་གིས།
- ཆོས་འཛོམས་ Chozomད་དོང་དོང་ལ་གིས་ཁམས་ཏོ་གཅིག་ཟ་སྦེ་ ད་རུང་བལྟཝ་ད་ ད་རུང་ཨིན་པས་ ཟེར་སླབ་སླབ་མས་ལོ་ དེ་ལས་ ཨ་ཞང་པོ་ཏོང་པ་གིས་ འོང་རང་མི་འོང་ཟེར་ ཁོ་གིས་འཕྱོག་འབག་སྟེ་ ད་རུང་ཁམ་ཏོ་གཅིག་ཟ་ཟཝ་ཨིན་ལོ་ དེ་ལས་ ད་རུང་ཨིན་པས་ ཟེར་སླབ་སླབ་མས་ལོ་ འདི་གིས་ ལྟ་མ་ཨ་ཞང་ཏི་ལིང་པ་འབད་སར་ལྷོདཔ་ད་ལུནི་ ཨིན་པས་སྨ་རེད་ཨིན་པས་ ང་བཅས་རའི་འདི་རང་ཨིན་པས་སྨ་རེད་ཟེར།
- ཆོས་འཛོམས་ Chozomདེ་ལས་ མར་གྱི་བུམོ་འདི་ གསད་རང་གསད་ནི་ཟེར་ འགྱོ་འགྱོཝ་མས་ཏེ་ དཔའ་རྟགས་འབག་སྟེ་ ཨ་ཞང་ཆེམ་ཆེམ་ལ་ དཔའ་རྟགས་ལགཔ་ཁར་འབལ་སྦེ་འགྱོ་འགྱོཝ་མས་ལོ་ཏེ་མར་ དེ་འབདཝ་ད་བུམོ་གནམ་ཁར་ ཐལ་དོ་མས་ཏེ་ མོ་འཕུར་ཏེ་ སྐར་མ་སྨིན་དྲུག་ཡོད་སར་ དེ་འབདཝ་ད་བུམོ་ཡར་་་་ལྷོད་ལྷོདཔ་ཨིན་མས་ལོ་ ཨ་ནཱི་མོ་ར་ལུ་ བུ་ཀུར་བུ་ཀུར་འབད་མི་གིས།
- ཆོས་འཛོམས་ Chozomབུ་ཀུར་གྱིས་ འཕུར་ཏེ་འབག་འབགཔ་ཨིན་ལོ་མོ་ཡར་ལུ་ བུ་ཀུར་གྱིས་ ནཱ་མོ་གི་སྦོ་ལོགས་ཁར་འོང་སྦེ་ བུ་ཀུར་གྱི་ཤོག་སྒྲོ་གུ་འབད་འཕུར་ཏེ་སྐྱེལ་སྐྱེལཝ་ཨིན་ལོ་ཡར་ལུ་ བུ་ཀུར་བུ་ཀུར་འབད་མི་འདི་གིས་ དེ་ལས་ ཡར་སྐྱེལཝ་ད་ལུ་ ཏེ་ཨ་པ་དང་ཨའི་ཡང་དེ་སྦེ་འགྱོ་འགྱོཝ་མས་ཏེ།
- ཆོས་འཛོམས་ Chozomདེ་ལས་ དེ་སྦེ་འགྱོཝ་ད་ལུ་ བུམོ་ཨ་ཙི་ཅིག་ རྐངམ་གི་གཤམ་ཨ་ཙི་ཅིག་བདའ་ཟུན་ཟུནམ་ཨིན་ལོ་མས་ཁོ་གིས་ དཔའ་རྟགས་གཡུག་བཀོཝ་ད་ལུ་ རྐངམ་ལེབ་གཤམ་ལས་ སིབ་བཏང་གཞོག་བཏང་ནི་གི་བདའ་ཟུན་ཏེ་ དཔའ་རྟགས་ཀྱིས་ དེ་ལས་ དེ་སྦེ་གཞོག་བཏང་སྟེ་ ད་ལྟོ་སྐར་མ་སྨིན་དྲུག་ང་བཅས་རའི་གནམ་མཁའ་ལུ་བལྟ་མས།
- ཆོས་འཛོམས་ Chozomསྐར་མ་སྨིན་དྲུག་ དྲུག་འབདཝ་ད་ གཅིག་ག་དེ་སྦེ་འབད་རུང་རྒྱབ་ཁར་ལུས་ཏེ་འོང་སྦ་ འ་ནཱི་འདི་ ཨ་ནཱི་བུམོ་ཨིན་ལོ་ཏེ་ སྐར་མ་སྨིན་དྲུག་ དེ་ལས་མོ་ཟ་ནི་མ་ཐོབ་པར་ལུས་ནུག་ཏེ་ དེ་ལས་ འ་ནེམ་ཅིག་ དང་ཕུ་འབད་བ་ཅིན་གཏམ་ ད་ལྟོ་སྲུང་། དང་ཕུ་འབད་བ་ཅིན་ གཏམ་བཟུམ་ཅིག་སྡོད་སྡོདཔ་མས་ཏེ་ མོ་རྐངམ་ཞརཝ་འགྱོ་འགྱོཝ་ཟེར་ མོ་རྐངམ་མེད་མི་ཟེར་ རྒྱབ་ཁར་ལུས་ལུསཔ་ཨིན་ལོ་མོ་ འ་ནཱི་ སྐརམ་སྨིན་དྲུག་ དྲུག་འབདཝ་ད་ ན་ར་ར་བཏང་འབདཝ་ད་ གཅིག་རྒྱབ་ཁར་འོང་བ་ ག་དེ་སྦེ་འབད་རུང་ མཇུག་ལུ་ འ་ནཱི་བུམོ་ཨིན་དེ་འབདཝ་ད།། །།