Skip to main content Skip to search
03 Feb 2016
5 min 54 sec
Video Overview
Creators: 
Dawa Tshering, Thinley Dorji

ཐིམ་ཕུ་ཁྲོམ་སྡེ་ལས་ སྣ་ཀོ་གིས་གཏང་མི་ རྡོ་སྒོར་རྐྱབ་པའི་སྲུང་དེ་ སྤྲོ་བ་ཆེ་ཏོག་ཏོ་ཅིག་འདུག སྲུང་དེ་ནང་ རྒྱལ་པོའི་སྲས་དང་ ཕྱུག་པོའི་བུ་ གཡུས་པའི་བུ་གསུམ་ རྒྱལ་ ཉ་བཟུང་མཛར་ཅུམ་ཟ་ནི་སྦེ་ རྡོ་སྒོར་རྐྱབ་ སྐུགས་ཆོད་ཚརཝ་ད་ ཉའི་སྲོག་གི་སྐོར་ལས་མ་འཆམ་པར་ ཉ་དེ་ཆུ་ནང་ལོག་ཤོར་ཤོརཝ་མས། དེ་གི་སྐོར་ལས་མ་འགྲིགས་པར་ རྒྱལཔོ་འབད་སར་རྩིས་རྒྱུ་ཕྱེ་བའི་སྐབས་ རྩ་བོ་རེ་རེ་གིས་ནང་གསུག་རྐྱབ་སྟེ་ བཀའ་འཕྲང་མ་ཚུགས་པའི་གནས་སྐབས་ལུ་ བློན་པོའི་རིག་པ་གིས་འབད་ རྒྱལཔོ་ལུ་ཁེ་ཡོད་པའི་གུ་ལུ་ རྩིས་རྒྱུ་ཕྱེ་མི་ཁོང་གསུམ་ལུ་ཡང་ ཉེས་ཆད་ག་ནི་ཡང་མེདཔ་སྦེ་ རྩིས་རྒྱུ་དེ་མཇུག་བསྡུ་བཏང་སྟེ་འདུག།

 

The illegitimate son of Genyen was born at Kabesa in Thimphu District during the time of Dzongpon Kuenzang Thinley. He was quite extraordinary compared to other kids. A strange thing about him was that he could not walk until he was nine years old, even though he had always had enough to eat. The Dzongpon heard about the rumor and sent a few men to catch him, but the information they heard was wrong and they were chased away.

Transcript search
No results found for this search
0 of 0
  • ན་ཀོ། Nako
    ཨ་་་་་ཧེ་མ་ ཧེ་མ་ང་བཅས་ ནཱ་འབྲུག་ལུ་ ད་རེས་ནངས་པར་གྱི་ ཏེ་རྒྱང་བསྒྲགས་འཕྲུལ་ཁང་གི་ གཉའ་རྒོད་ཀྱི་འགྲན་བསྡུར་འབད་དོ་བཟུམ་འབད་འབདཝ་མས་ལགས་དང་ཕུགས། གཞན་གཉའ་རྒོད་དེ་ཏེ་ དཀར་སྦྱིས་ས་ལས་ར་ཐོན་འོང་བ་ ཡར་ལས་ར།
  • ན་ཀོ། Nako
    འདི་ནཱ་ གཞན་ཁར་ཡང་ཡོད་ནི་ གཞན་ཁར་ཡང་ཡོད་དོ་ཡོདཔ་མས། ང་བཅས་ནཱ་གི་ འགྲོ་ངས་ཨ་ནས་རྩེནམ་ལོ། དཀར་སྦྱིས་སྤྱིད་འོགཔ་ལོ། འ་ནཱི་ཚུ་ རོགས་ཡར་ལས་ཐོན་དོ་མས་པ་ དཀར་སྦིས་ས་ལས་ དཀར་སྦྱིས་ ཨ་ཡར་སྤང་རི་ཟམ་པ་ ད་རེས་ནངས་པ་འབད་བ་ཅིན་ དཀར་སྦྱིས་ཟེར་ རོགས་སྤངས་རི་ཟམ་པ་ འ་ནཱི་ཚུ་གི་ ཡར་ལས་དཀར་སྦིས་ས་གི་ ཁྱལཔ་པའི་ནང་ལས།
  • ན་ཀོ། Nako
    ཡར་ལས་འཐོན་པའི་རྒྱུ་འདི་ག་ཅི་ཨིནམ་ཟེར་བ་ཅིན་ དགེ་གཉེན་གྱི་ དགེ་གཉེན་གྱིས་མི་གནགཔ་བཟོ་ཞིནམ་ན་ ང་བཅས་མི་གནགཔ་བཟུམ་འབད་ བཟོ་ཡོདཔ་ཅིག་ཧ་ལམ་ཅིག་འབད་བཟོ་ དེ་ལས་མི་གནགཔ་བཟུམ་སྦེ་བཟོ་ སྟེ་དེ་ལས་ཁོ་གིས་ ཕར་ཨ་ནཱེ་སྦེ་གཡུས་བཤལ་ ཡར་རི་ཁར་ལས་ཕར་བཤལ་འགྱོ།
  • ན་ཀོ། Nako
    ཏེ་ ཨམ་སྲུ་ ཨམ་སྲུ་ ཨ་ནཱི་ དྲག་མི་ལུ་ཁོ་གིས་ དེམ་མི་འབད་ལོ་སི་ གཉེན་མི་རྐྱབ་ལོ། དགེ་བསྙེན་གྱི་ ཁོ་ལྷ་ཚོགས་འབདན་དེ་གིས་ གཙང་ཏོག་ཏོ་བཞེས་དགོ་ནི་དེ་གིས། ཨམ་སྲུ་མགུ་ཐོབ་ཐོབ། ལྷབ་ཁོག་ཁོ། ར་སྡུག་ཆབ་ཆ། འ་ནཱི་ཚུ་གུ་ ཏེ་ཁོ་གིས་ དེམ་གཉེན་རྐྱབ་དོཝ་མས།
  • ན་ཀོ། Nako
    དགེ་བསྙེན་གྱིས་ འ་ནཱི་ དགེ་བསྙེན་གྱི་གཉེན་རྐྱབ་པར་འོང་། ཏེ་དེ་ལས་ འ་ནཱི་ཚུ་ལས་ ཁོ་ལས་ ཨ་ལོ་སྐྱེ་ནི་འབད་བའི་བསྒང་ལས་ ལོ་དགུ་ལང་ལང་ ཏེ་ཨ་ལོ་ཡར་ལོང་ནི་ར་མེད་པར་ པུས་མོ་ལོ་གོ་ར་སྦོམ་ཤོས་ ཨ་ནཱེ་སྦེ། ཡར་ལོང་ནི་མེད་པར་ འ་ནཱེ་འབད་སྡོད། ལོ་དགུ་འབྱིད་པའི་བསྒང་ལས་ཏེ་ ག་གིས་ཡང་མ་འཐེཐ་པའི་ཁུར་ཆ་འབག། ག་གིས་ཡང་ བཟའ་མ་ཚུགས་པའི་ བཞེས་སྒོ་ཁོང་གིས་བཟའ། ཆུམ་ཕུད་ཏ་ ཆུམ་འབྲེ་གང་ག་དོ་དོ། ནཱི་གིས་ཡང་ ཁོང་འགྲང་ཚུགས་མི་ཚུགས་སྦེ་ཏེ་ འ་ནཱེ་སྦེ་འབད་དོ་ཡོདཔ་མས། དང་ཕུགས།
  • ན་ཀོ། Nako
    ཏེ་ འ་ནཱེ་སྦེ་འབད་ཞིནམ་ན་ ཏེ་དེ་ལས་ དེ་ལས་ ང་བཅས་ཀྱི་ ནཱ་རྗོང་ནང་གི་དཔོན། དེ་ལས་ ཞབས་དྲུང་། འ་ནཱི་ཚུ་ གསུང་གྲོས་གནང་ཞིནམ་ན་ ཏེ་དེ་ལས་ ད་བློ་འདི་ ཡར་ལས་མར་ར་ བསལ་དགོ་པས་པ། མ་འགྲིག་པའི་ཁུངས་དེ་ ག་ཅི་ཨིནམ་ཟེར་བ་ཅིན་ ཁོང་གིས་ མགྲོན་གཉེར་ཐིམ་ཕུ་རྫོང་དཔོན་ཀུན་བཟང་འཕྲིན་ལས་ཟེར་མི་འདི་ བོད་མར་གཟིམ་ཅུང་ནང་སོང་སོངམ་མས།
  • ན་ཀོ། Nako
    ཁྱེད་ཡར་ དཀར་སྦྱིས་འབྲོང་ངེ་ཨ་ཎེ་རྩེནམ་ཟེར་མི་འདི་ མི་སེར་བྲོཝ་འབད། བང་ཅན་བཙོང་། འ་ནཱེ་སྦེ་སྐྱ་དྲགས་ ཨ་ནཱེ་སྦེ་འབད་དོཝ་མས། འཕྱོག་ས་ལས་འཕྱོག། བརྡུངས་ས་ལས་བརྡུངས། འ་ནཱེ་སྦེ་འབད་དོཝ་མས། ཁོ་ ནཱ་འབོ་འབད་དགོ་པས། ཁྱེད་ མི་བརྒྱད་དེ་ཅིག་ ཡར་སོང་སྨ་རེ། ཁ་དང་ག་འགྱོ་ནི་ཨིནམ་ཟེར་ ཏེ་ཨ་ནཱི་སོང་ ཨ་ནཱི་སོང་ཟེར་མ་གསུང་མས།
  • ན་ཀོ། Nako
    ཏེ་དཔའ་བོ་ ཡི་འདི་འདི་འཇམ་ལགས་། གཅིག་ང་གིས་འབད་འོང་། གཅིག་འདི་ག་འགྱོ་ནི་ལགས་ཟེར་ དཔའ་བོ་མར་ལས་ར་ཏེ་བདེ་བཟང་། དཔའ་རྟགས་བཏགས་འ་ནཱེ་སྦེ་ཏེ་ འེང་སོང་སོང་ ད་ལྟ་ར་ མི་བརྒྱད་འ་ནཱེ་སྦེ་ ཁ་ལབ་ཁོག་རཀང་གི་ དཔོན་གྱིས་བཀའ་མ་གནང་མས་ ཁོང་རང་གྱིས་ ཁ་ལབ་འཐོན་སོང་སོངམ་མས།
  • ན་ཀོ། Nako
    ང་གིས་འཇམ་ལོ། ང་ཁོ་ང་འབད་ཚུགསཔ་ལོ། ཁོ་ང་ འ་ནཱེ་འབད་ལོ་ཟེར། དེ་ལས་ཏེ་ མར་ལས་འ་ནཱེ་སྦེ་ དཔའ་རྟགས་བཏགས་ བགོ་ལག་རྒྱན་ལོག་འབད་སྦེ་ ཏེ་ཡར་འབྲོང་ངེ་ཨ་ནེ་རྩེནམ་མའི་ཁྱིམ་ནང་སོང་ ཏེ་ འབྲོང་ངེ་ཨ་ནེ་རྩེནམ་མའི་ཁྱིམ་དེ་ ཨ་ནཱེ་སྦེ་ ཨ་ཕར་དཀར་མེ་ཕུལ་ས་བཟུམ་སྦེ་ དམའ་ལེ་ལེ་ཨ་ནཱེམ་ཅིག་ཨིན་ལོ། གོབ་དྲགས་ཚ་ཅིག་ ཁ་ཐབ་པའི་རྩ་བར་འགོར། བགོ་ལ་ར་དུག་གྱོན། ཚོནམ་ཨེ་མ་དང་ རུ་ཏོག་སྲ་ཀྲག་ཀྲག་སྦེ་ མཛརཝ་རྨུར་དེ་ རྨུར་དེས་ཟེརཝ་མས་ལོ་ ཕོ་རྒས་ཅིག།
  • ན་ཀོ། Nako
    དབའེ་ཏེ་ གཟིམ་སྒརཔ་བུ་ ནཱ་ག་དེམ་ཅིག་སྦེ་བྱོནམ་ཟེརཝ་མས་ལོ། ཏེ་ཁོང་གིས་ བློ་འཕྲང་སླབ་ནུག། ང་བཅས་ ནཱ་འབྲོང་ངེ་ཨ་ནེ་རྩེནམ་ཟེར་མི་འདི་གིས་ ནཱ་མི་མགུ་བསྐོར། བརྡུང་རྫོབ་རྐྱབ། རྣམས་འཕྲོག་བཅོམ་སྦེ་ འ་ནཱེ་སྦེ་ འབད་འདི་སྡོད་དོཝ་མས། འ་ནཱེ་འབད་ནི་དེ་གིས་ མར་ཐིམ་ཕུ་རྗོང་དཔོན་ ཀུན་བཟང་འཕྲིན་ལས་ཀྱིས་ ཏེ་ནཱ་འབོ་པ་བཏང་བཏངམ་མས་ཟེར་བའི་ལོ།
  • ན་ཀོ། Nako
    འེང་་་ཁོ་མ་པ་ ནཱ་ཡོད་ག་ཟེར་ལོ། ཡོད་ནི་དེ་ ནཱ་ཡོད་ལགས། ད་ཅི་རང་ཡོད། ཆབ་གསང་ཡར་སོངམ་ཨིན་ན ག་ཏེ་ཡར་སོངམ་ཨིན་ན ཏེ་ཨ་རྩི་ ག་ལས་སྐོར་རུང་ ཨ་རྩི་བཞུགས་ཟེར་བའི་ལོ། ཁྱོད་ར་ཨ་རྩི་བཞུགས་ ད་ལྟོ་ར་འཐོན་འོང་ལགས་ཟེར། དེ་ལས་ ཁོ་ལྟོ་བཟའ་ཚར་ཚར་ བསྒུགས་ཀཀ་སྡོད་སྡོདཔ་མས།
    ? ?
  • ན་ཀོ། Nako
    ཁོ་ དྲོ་པ་སྦ་དྲངས་པ་སོང་། སྦ་སྦོམ་ཆུང་འ་ནཱེ་སྦེ་ གཉའ་རྒོད་འབད་ནི་དེ་གིས་ སྦ་སྦོམ་ཆུང་འ་ནཱེ་སྦེ་ ཏེ་ཨ་ཕར་ སྒོ་ཁར་ཧོང་བཞག་འབད་སྦེ་ དེ་ལས་ ཁོ་ལྟོ་བཟའ་ཚརཝ་ཅིག་ ད་གཟིམ་སྒརཔ་ཚུ་དང་ ང་ར་ མར་སྒོ་ཁར་ རྩེདམ་རྩེད་བར་འགྱོ་གེ་ལགས།
  • ན་ཀོ། Nako
    ནཱ་ཡང་ ཐུགས་ངལ་ཆེཝ་འོང་། དེ་ཅི་ལས་ནཱ་འབྱོན། འ་ནཱེ་སྦེ་ དེ་ལས་ མར་འབྱོན་གེ་ཟེར་ཏེ་ ཏེ་དེ་ལས་་ཁྱེད་ཀྱིས་ ཕྱག་བཤད་ཚུ་ དཔའ་་་་ཛའི་ ཁོ་གིས་ ལེན་བལྟ་ཞིནམ་ན་ དཔའ་་་་་སྦྱངམ་མི་ཤོགཔ་བ་འདི་ རྔམ་མས་ཛའི་་་་་དྲོགས་པས་སྨ་རེ་། ཏེ་ཨ་ནཱི་གུ་ ཚར་ཅིག་གནང་ཤིག་ཟེར་བའི་ལོ། ཏེ་སྦ་སྦོམ་ཤོས་གུ་ལུ་ གཉིས་གསུམ་ དྲག་མི་གིས་བཞི་ འ་ནཱི་ལས་འགལ་དེ་ཏེ་ བཏོག་མི་ཚུགས་པས་ཟེརཝ་མས་ལོ། ཧེ་མ་དེ།
  • ན་ཀོ། Nako
    ཏེ་ དེ་ལས་ ད་ཏེ་ ཁོང་བརྒྱད་ཆཔ་ར་ བསྐོར་ཚར་ཚར་རྐྱབ་ད་ འ་ནཱེ་ཅིག་ལས་འགལ་ འབད་མི་ཚུགས་པས་ཟེརཝ་མས་ལོ། དྲག་ མཐོ་ར་མཐོ་མི་གིས་ བཞི་ལྔ་ འ་ནཱི་ལས་ འགལ་བཏོག་མི་ཚུགས་པས་ལོ། སྦ་དེ་གུ་ལས་ སྦམ་ཆག་དེ་གུ་ལས། དེ་ལས་ ད་ཁྱེད་ཀྱིས་འབད་མི་ཚུགས་པས། ང་རྐྱབ་གེ་ཟེར་བའི་ལོ། ཏེ་ཁོ་གིས་ དཔའ་རྟགས་ཡར་ སྦ་བཅད་པར་འབག་མི་གི་ དཔའ་རྟགས་རིང་མེད་མཐོ་མེད་དེ་ གློ་བ་བཏགས་འབག་སྦེ་ མར་སོང་སྦེ།
  • ན་ཀོ། Nako
    སྦ་འདི་ཡར་ ཨ་ནཱེ་སྦེ་ ལག་པ་གིས་ ཡར་བཏངམ་ཅིག་ ཡར་ལས་མར་འོངམ་ཅིག་གང་ཕར་རྐྱབ། འདི་ལ་ཕུག་འགོར་ལྷོགཔ་དེ་ལྷོག། གང་ཕར་རྐྱབ་པའི་ཤུན་ གསུམ་ལྟབ་ གཉིས་ལྟབ་་གསུམ་ལྟབ་རྐྱབ་ དེ་ལསནི་་ སྦ་འདི་ ད་གདོང་ཁར་སྤུད་ད་ནུག་ཏེ།
  • ན་ཀོ། Nako
    སྦ་ད་གདོང་ཁར་སྤུད་པའི་ཤུན་ ཏེ་དེ་ལས་ ནཱ་ལས་མར་ བོད་ཁྱེད་ ཁྱེད་ཏེ་ མར་གོང་མ་མ་གནོན་པའི་བྱ་རོགས་་ཨིན་མས་པ་ཟེར་ ཁྱེད་ག་ཅི་སྦེ་ ནཱ་ལས་འོང་འོངམ་ཟེར་ ང་ར་འབད་རུང་ ཁ་གཡོ་སླབ་ ང་འགྱོ་བ་ཅིན་ འགྱོ་གེ་ཟེར་ སླབ་པ་ཅིན་ ང་རའི་འགྱོ་འོང་ཟེར། ཁྱེད་ཁྱེད་མར་གོང་མ་ལུ་ ལཱ་ཞུམ་མ་འབད་བར་ བཞེས་སྒོ་དེ་ མར་ལས་མ་བཏུབ་བཏུབ་བཟའ། བགོ་ལ་མར་ལས་གྱོན་ས། ནཱ་གོང་མ་ལུ་ ངོ་ལོག་ལོག་པའི་བཤལ་ འ་ནཱེ་སྦེ་ ག་ལམ་འཁྱམས་ བཟོ་བཟོ་སྦེ་ ནཱ་འོང་འོངམ་མས།
  • ན་ཀོ། Nako
    གྱི་འབད་བདའ། རྐངམ་ཐོགས་ས་ལས་ཐོགས་ ཏེ་བཀབ་ནེ་ ཨོལ་ལྐོག་ཁར་དཀྱི་ས་ལས་དཀྱི་བྱོག་ ཏེ་ཡར་ལས་མར་ ཐིམ་ཕུག་རྫོང་ནང་ སྒོ་ར་སྒོ་ལས་བཙུགས་ནུག། འ་ནཱི་ འབྲོང་ངེ་ཨ་ནེ་རྩེད་མོ་གྱིས་ ཁོང་བརྒྱདཔ་དེ་བསྐྱོར་བདའ་ཏེ་ འ་ནཱེ་བཙུགས་པའི་ཤུན་ ཐིམ་ཕུག་རྫང་དཔོན་ ཀུན་བཟང་འཕྲིན་ལས་ ཁྱོད་འབོད་ཚུ་ ཡར་ ནཱ་ཞུམ་འབད་མ་བཏུབ་པར་ ཡར་ལས་བཤལ་ཐོན་ནུག་ལགས། ང་ནཱ་སྐྱོར་བདའ་འོང་ཡི་ཟེར་བའི་ལོ། བདག་འཛིན་འབད་དགོ་པས་མས།