Skip to main content Skip to search
28 Jun 2018
19 min 48 sec
Video Overview
Creators: 
Yeshi Wangchuk

Sangay Tshewang learned this story from an elder of Baezur, Bumthang. This story is well-known throughout Bhutan, having been recounted in movies and radio broadcasts. The main theme of this story is that to suffer now will bring more rewards than to suffer later. In this story, Garb Lungi Khorlo suffered a lot in order to fulfill the order given him by the king. in the end, he was rewarded with all the things that kings have, and became ruler of the country. This shows the importance of having faith.

 

སངས་རྒྱས་ཚེ་དབང་གིས་ སྲུང་འདི་ཚུ་ ཧེ་མ་སྦས་ཟུར་ལས་ཨིན་མི་ ཨ་རྒས་ཅིག་ལས་ཤེས་ཅི་ཟེར་ཨིནམ་ད་ དེ་ཡང་ ཁོང་ར་ཆ་ཁྱབ་བཟོ་བོ་གི་ལཱ་རེ་ གཅིག་ཁར་འབད་བའི་སྐབས་ལུ་ ཨ་རྒས་ཀྱིས་སྲུང་འདི་ཚུ་ བཏང་སྲོལ་ཡོད་ཟེར་ཨིན་མས། ད་རེས་ནངས་པ་ རྒྱལ་ཁབ་ཀྱི་གོང་འཕེལ་གྱི་འགྱུར་བ་ལུ་བརྟེན་ཏེ་ སྲུང་གཏང་ནི་སྲོལ་འདི་ ཉམས་དོ་ཡོདཔ་ཨིན་མས། སྲུང་འདི་གིས་ བརྡ་དོན་ག་ཅི་སྟོན་སྨོ་ ཟེར་བ་ཅིན་ དཀའཝ་སྤྱད་པ་ཅིན་ འབྲས་བུ་མ་ཐོབ་པའི་ དཔེ་མི་སྲིད་ཟེར་ཨིནམ་ད་ དེ་ཡང་ སྒརཔ་རླུང་གི་འཁོར་ལོ་འདི་ དཔོན་གྱི་བཀའ་བསྒྲུབ་ནིའི་ཕྱིར་དུ་ལུ་ དཀའཝ་གནམ་མེད་ས་མེད་སྤྱད་མི་ལུ་བརྟེན་མཇའ་མཇུག་ལུ་ རྒྱལ་པོའི་གོ་གནས་དང་ འབངས་འཁོར་ཚུ་ཡང་ ཁོ་ར་ཐོབ་སྟེ་ རྒྱལ་སྲིད་སྐྱོང་དོ་བཟུམ་དང་ དེ་མ་ཚད་ སྲུང་འདི་གི་རྗོད་གཅིགཔོ་འདི་ རང་སོའི་ ལུང་བསྟན་དང་འཁྲིལ་དགོ་ཟེར་བའི་བརྡ་སྟོནམ་ཨིན་པས་། 

  •  

Transcript search
No results found for this search
0 of 0
  • Sangay tshewang/སངས་རྒྱས་ཚེ་དབང
    བུ་སྤུན་གསུམ་སྡོད་སྡོདཔ་མས་ལགས། སྤུན་གསུམ་སྡོདཔ་ད་ལུ་སྟེ་གཅིག་ཤི་སོཔ་མས་ལགས། བར་ན་གོམ་འདི། ཏེ་འདི་ཡང་ཁྱིམ་ཅིག་ལས་རྒྱལ་ཁྱིམ་ཚང་དང་གཡུས་མེད་པ།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་ཤིཝ་ད་ལུ་རྩི་ལྟ་ནིའི་དོན་ལུ་ལཱ་རྒྱལ་འགྱོ་གོ་དོ་ཡོདཔ་མས། ཏེ་ཨ་ལྕོ་འདི་རྩི་ལྟ་བ་འགྱོ་ ལཱ་རྒྱལ་འབད། ཞག་ལོག་མ་ལྷོད་དོ་ཨིནམ་མས། ཏེ་ཕུངམ་དང་ཅིག་ཁར་ནོ་ལྕྩོ་ཅིག་ལས་མ་ལུད་པས། ཏེ་འདྲོ་སྟེ་ཏེ་ཕུངམ་འདི་ད་ཆ་ ཏེ་དེ་ལས་ཏེ་འ་ནི་ཕུངམ་འདི་རོ་ལོངམ་དེ་ལོང་འདི ཨིན་མས་།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་རོ་ལོང་ ལོང་སྦེ་་ཏེ་རོ་ལོང་ལོང་འབད་རང་རང་ལོང་སྦེ་འགྱོཝ་ད་ལུ་ཁོ་གྱི་ཁྱིམ་འདི་གནམ་མ་སོཔ་ལས་སྒོ་སྟོག་རྐྱབ་འབད་སྒྲིང་སྒྲི་བཟོ་བཟོཔ་མས་ཁོ་མི་འོང་ནི་དོན་ལུ་ཁོ་ར་མཆོད་བཤམ་ནང་ཉལ་ཉལཝ་མས། ཞག་ཅིག་ལོང་འདི་ཕ་རོང་རོང་ ཚུ་རོང་རོ་སྦེ་སྡོདཔ་མས། ཏེ་འདྲོ་འདི་ཏེ། ཧ་ལམ་ཅིག་ལས་ཏེ་གནམ་ལང་ལམ་མས་ཏེ་། གནམ་ལངམ་ཅིག་སྟེ་ཁོ་ལོག་ཤི་དགོཔ་ཨིན་མས་ བྱ་པོད་འབོཝ་ད་ལུ།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་འ་ན་ལས་ལོག་ཤིཝ་ད་ གནམ་ལང་འབད་ལྟཝ་ད་ལུ་རྒྱལ་ཡ་སོ་ནུ་ལོ། ཏེ་ལོང་འབད་ཨ་ལྕོ་འདིན་ཞག་གཉིས་ཡ་ལུད་སོ་ནུ། ལོག་མ་ལྷོད་སྦེ་རྩི་ལྟ་བ་འགྱོ་ རྩིབ་ལ་ཐོབ་པར་། ནུ་ལྕོ་འདིན་ལྟོ་བཟའ་འབད་ཁྱིམ་གྱི་འོག་ལུ་ཤིང་རྩིབ་སྡོད་སྡོདཔ་མས་ འ་ཤིང་མ་ཞིང་ན་འབག་སྦེ་ཤིང་རྩིབ་འབད་ཕུངམ་འདི་མེ་བཏང་ད་ནུག་། ཏེ་ན་སྦ་ཕྱི་རུ་སླབ་ད་ལུ་ཨ་ལྕོ་འདི་ལྷོད་ལྷོདཔ་མས།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་ཨ་ལྕོ་གྱི་དབའེ་ཀ་ལས་ཕུངམ་ ཟེར་དྲིཝ་ད་ལུ་ ཁྱོད་ཀ་ལས་ཕུངམ་ཟེར་སླབ་ ང་ན་བཟའ་ཚ་ནི་ར་འབད་ཡི་ ང་ན་གནམ་མེད་ས་མེད་འདྲོ་འདི་དཀའཝ་སྤྱད་ཡི་ཟེརཝ་མས་ལོ། འ་་ང་གྱི་མེ་དཔག་བཏང་ཡི་ཟོརཝ་ད་ལུ་དཔའོ་ཁྱོད་དང་འཕྱེདཔ་ད་ལུ་འདི་ ང་རྩིས་ལྟ་བ་འགྱོ་རུ་དོན་དག་ག་ནི་ཡང་མིན་འདུག་ལཱ་རྒྱལ་ལུང་རྒྱལ་འབད་དཀའཝ་སྤྱད་འབད་ ཁྱད་འདེ་མི་གྱི་བང་ཆད་མི་ཆད་མས་དེ་སྦེན་ང་ཁྱིད་དང་གཉམ་ཡང་མི་སྡོད་ཟེར་ང་འགྱོ་ནི་ཟེར་ལོག་འགྱོ་ནུག་ཨ་ལྕོ་འདི་བུང་གམ་སྦེ་ཕུངམ་མེད་དཔག་བཏངམ་ལས། ཏེ་ནོ་ལྕུ་འདི་ཁོ་ར་རྐྱངམ་ཅིག་ལུད་སོ་ནུག་ ཆ་རོགས་དང་སྤུན་ཆ་ཨམ་སྲུ་དང་ཁྱིམ་ཚང་ཚུ་ག་ནི་ཡང་མེདཔ་འབད།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་ཧ་ལམ་ཅིག་ལས་ཁོ་ལུ་ལུང་བསྟན་བཀོད་མི་ཅིག་སྡོད་སྡོདཔ་མས་ ཤུལ་ལས་བཟའ་ནིའི་བཟང་ལུང་ཅིག་ནང་བཀོད་མི། ཏེ་འདིའི་ཕྱི་རུ་མི་དཀརཔ་ཅིག་འོང་དེ་ཟེརཝ་མས་ལོ་ བགོ་ལ་དཀརཔ་བགོན་མི་ཅིག།
  • Sangay tshewang/སངས་རྒྱས་ཚེ་དབང
    ལྟོ་ཚང་ཁྱོད་ ཁྱོད་ར་རྐྱངམ་ཅིག་སྡོད་འདི་ག་ཅིག་འབད་ནི་ན་ ན་པ་དྲོ་པ་ཁྱོད་རགནམ་ལངམ་ཅིག་ར་འ་ན་ གྱི་ཅུ་བརྩོང་མི་འོང་དོ་ ཏེ་གྱི་ཅུ་བརྩོང་མི་འོང་དོ་ གྱི་ཅུ་འཁུར་ཆ་སྦེ་འབག་འདི་འོང་དེ་ ཏེ་གཟུགས་ཁ་ལུ་སྤྱཔ་མི་ཅིག་ཡང་ཡོད་ གྱི་ཅུ་ཅིག་བ་འདི་ཅིག་འཇའ་ འབོ་ཉོཝ་བ་འདི་ལྟཝ་དགའ་ཟོར་ལྟ་མས་།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་ཨ་ཕི་གྱི་ཅུ་གཅིག་བ་ཅིག་འཇའ་སེམས་ཤོ་རུང་ གཟུགས་ཁ་ལུ་སྤྱང་མི་འདི་འབའ་ཤོ། ངེའི་སམ་གཞི་དང་ཁྱིམ་འདྲག་བྱིན་གེ་ཟེར་སླབ་མས།་ཁྱོད་ར་འ་ནི་གྱི་ཅུ་གྱི་འགོ་ཆོད་འོང། འ་ནི་གྱི་ཅུ་གྱི་འགོ་ཆོད།
  • Sangay tshewang/སངས་རྒྱས་ཚེ་དབང
    འ་ནི་གྱི་ཅུ་གྱི་འགོ་ཆོད་ ཏེ་ནང་པ་དྲོ་བ་ཀྲིག་ཀྲི་ལྷོད་ཅི་ལོ་ ཕྱི་རུ་ལས་ལྷོད་འོང་ཟེར་སླབ་མི་འདི། ཏེ་ལྷོདཔ་ད་ལུ་ཏེ་ཉོཝ་བ་ལྟཝ་དགའ་ཟེར་སྟེ་ལྟ་ལྟཝ་མས་ཏེ་གྱི་ཅུ། ཏེ་ལྟཝ་ད་ལུ་གྱི་ཅུ་ཅིག་བ་ཅིག་འཇའ་བས་ལོ་ཨིན་རུ་ར་སྟེ་ཁོ་གྱི་མ་སོར་པ་ ཁྱོད་ཀྱི་གཟུགས་ཁར་ལུ་ལྟགས་མི་འདི་བྱིན་པ་ཅིན་ངོའི་སམ་ས་ཞགི་གེ་ར་ཁྱིམ་དང་འདྲགཔ་འབད་ཁྱོད་ལུ་སྤྲོད་ནི་ཨིན་ ང་ར་གཅིག་འདི་ང་ར་ག་ཏེ་འགྱོ་རུ་འགྱོ་ནི་ཨིན་ཟེརཝ་མས།
  • Sangay tshewang/སངས་རྒྱས་ཚེ་དབང
    དབའེ་དེ་སྦེ་འདི་མེནམ་འོང་ས་ཟེར་སླབ་ད་ལ་ བདེན་ད་ར་ཨིན་ཟེར་སླབ་ནུག་ ཏེ་བདེན་ད་ར་འབདན་ཁྱོད་ཀྱི་སམ་ས་གཞི་ར་བྱིན་ན་ངེའི་གྱི་ཅུ་འདི་བྱིན་ད་ནི་ཟེར་ གྱི་ཅུ་འདི་སྤྲོད་འབད་ གྱི་ཅུ་སྟགས་འབད་འགྱོ་འགྱོཔ་མས་ཏེ་ གདོང་ག་ཏེ་ཚུདཔ་ཅིག་འགྱོ་འགྱོཔ་མས་ཏེ།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་ཡ་ལས་མ་འབད་དཔོན་གྱི་ཕོ་བྲང་གཅིག་གི་རྩ་བ་ལས་མ་ལྷོད་ལྷོདཔ་མས་ གྱི་ཅུ་གཟུར་ཏོད་འབད་བཞག་གཟུགས་སྟོད་འདི་འགོད་མོ་བཤུབ་འབད། ཏེ་འ་ནེ་འབདཝ་ད་ལུ་དཔོན་གྱི་སྟེ་ དང་ཕུག་སྟེ་དཔོན་གྱི་སྦོ་ལོ་ཁར་ལས་ཕར་ རྟ་འབྲི་བུ་ཡང་སུབ་ མི་ཡང་ཧོད་ཏོབ་བཤུབ་སྟེ་ཡང་འགྱོ་མི་ཆོག་ ཞཱམ་བཙུགས་ཏེ་ཡང་འགྱོ་མི་ཆོག། འ་ནི་འདི་ཁོ་གྱི་ཏེ་ མགུ་ཏོག་དམ་ ཧོད་སྟོད་བཤུབ་ གྱི་ཅུ་གཟུར་སྟོད་སྦེ་སྟག་འབད་ལགཔ་གཡུག་སྟེ་འགྱོ་འགྱོབ་མས་།
  • Sangay tshewang/སངས་རྒྱས་ཚེ་དབང
    དབའེ་ངེའི་རྒྱལཔོ་གྱི་གཟིམས་ཅུང་རྩ་བ་ལས་མི་འདི་བཟུམ་འགྱོ་ནི་ར་མེད་ད་རེས་མི་འདི་བཟུམ་ཅིག་འགྱོ་དེ་ ཆོད་མི་འདི་ན་ཤོ་ཟེར་སླབ་ད་ ཟེར་ཏེ་ སྒརཔ་ཅིག་གི་འབོ་བར་བཏང་ནུག། དབའེ་དབའེ་ཁྱོད་གེ་འགྱོ་ནི་དཔོན་གྱི་ཁྱོད་ལུ་གོངམ་འཁྲེལཝ་མས་མ་རེ་ཟེརཝ་ད་ལུ། ང་སྒརཔ་རླུང་གི་འཁོར་ལོ་ རླུང་མ་གྱི་ག་ཏེ་འབགཝ་ཅིག་ གདོང་ག་ཏེ་ཚུདཔ་ཅིག་འགྱོཝ་ཨིན་ ། ཟེརཝ་ད་ལུ་ཏེ་ང་ཁྱོད་འཚོལ་བ་ཨིན་ ཨ་རྩི་འགུག་མས་ ང་ཡ་དཔོན་ལུ་ཞུ་བ་འགྱོ་དགོ་པས་ཟེར་ དེ་ལས་ཡ་དཔོན་གྱི་ག་དེ་སྦེ་གསུངས་མས་ཟེར་དྲིཝ་ད་ལུ་ བའེ་ང་དགོ་པའི་མི་ཅིག་མས་ཁོ་སྒརཔ་རླུང་གི་འཁོར་ལོ་ རླུང་མ་གྱི་ག་ཏེ་འབགཔ་ཅིག་ཨིན་པ་ཅིན་ཏེ་ང་བཅས་ར་དགོ་པའི་མི་ཅིག་མས་ཁོ་ཡ་ཤོ་ཟེར་སླབ་ད་ཟེརཝ་མས།
  • Sangay tshewang/སངས་རྒྱས་ཚེ་དབང
    དེ་ལས་སྒརཔ་འབད་བཞག་བཞགཔ་མས་་ལོ། ཏེ་སྒརཔ་འབད་བཞག་སྟེ་ཁོ་གྱི་ གྱི་ཅུ་འདི་ནོར་བུ་ཨིན་དོ་མས། ཏེ་ཁོ་དང་པ་ར་ཕགཔ་གསོཝ་མི་འབད་བཙུགས་བཙུགཔ་མས་ ཁོ་གྱི་ཏེ་ཉལ་ཡི་ར་ལྟོ་བཟད་བཟའ། དེ་ལས་དེ་ལས་ཕགཔ་ལུ་ལྟོ་གྱི་ཇ་ཁུ་དང་ལྟོ་ལྷ་མ་ཇུ་ར་ཀ་རོ་ཀ་ཚུ་བླུ་འབད་ཕགཔ་གནམ་མེད་ས་མེད་རྒྱགས་ཏོ་རིལ་རི་སོང་སོངམ་མས། ཏེ་ཤུལ་ལས་ཏེ་ཕགཔ་གསོ་མི་ཚུ་སྟེ་མཐར་འཁྱོལ་མ་ཚུགས་པས། ཨའོ་་ ཁྱོད་ཚུ་གྱི་ཕགཔ་ལེགས་ཤོམ་འབད་མ་གསོ་བས་ཨ་ན་ལྟ་ཁོ་གྱི་ཕགཔ་འདི་ན་མེད་ས་མེད་རྒྱགས་ཏོ་རིལ་རི་སོང་ནུ།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་འ་ན་ལས་ཡ་སྦེ་ ཧམ་ལམ་ཅིག་ལས་ཏེ་རྟ་འཚོ་མི་སྦེ་བརྩུགས་ནུག་སྟེ་རྟ་ཡང་དེ་སྦེ་ར་མས་ལོ་ ཐགཔ་རྟགས་བཞག་ཆགས་ཨ་རྩིས་རེ་བླུག་འབད་ ཁོ་ར་འདི་ཉལ་ཡི་ར་སྡོད་ གནམ་མེད་ས་མེད་ཆུ་ལས་སྟོནམ་བཟུམ་འབད་འགྱོ་འབད་ ཨའོ་ཁྱོད་རྟ་འཚོ་མི་ཚུ་གྱི་ཡང་ལེགས་ཤོམ་འབད་མ་འཚོ་བས་ ཁོ་གྱི་བཟུམ་རྒྱགས་མ་ཚུགས་པས།། ཁོ་གྱི་ལྟ་མས་ཆུ་ལས་སྟོནམ་བཟུམ་འབད་འགྱོ་ནུག ཏེ་འ་ནི་འབད་ནི་འདི་གྱི་སྟེ་རྟ་ཡང་དེ་སྦེ་མས་ཟེར་་
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་ཧ་ལམ་ཅིག་ལས་ཏེ་ཁོ་ཐང་ཚངཔ་འབད་སྐོད་ནུག་ ཐབ་ཚངཔ་འདི་ཡང་སྟེ་ཁོ་གྱི་ཨ་རྩིས་་རེ་སྦེ་ཏེ་ཁོ་གྱི་ལྟོ་འདི་ན་མེད་ས་མེད་ཞིམ་ཏོག་ཏོ་འགྱོ་དོ་ཡོདཔ་མས་ཏེ་ ཨའོ་་་་ཁྱོད་ཁྱ་ཁྱབ་ ད་ལྟོ་ཚུན་ཚོད་ཞུངམ་མ་པ་ལས་མ་འབད་བས་ གེ་ར་ར་སྟེ་ཁོ་དྲག་སྡོད་ནུ་ ཁྱོད་ཁྱ་ཁྱབ་ལེགས་ཤོམ་མ་འབད་བས་ཟེར་ ཏེ་རོ་གེ་ར་ཁོ་ལུ་ངལ་མ་རངམ་མས་ ཁོང་གེ་ར་མཐར་ཁྱེལ་མ་ཅུག་པ།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་ཤུལ་ལས་འབདཝ་ད་ལུ་ཁོ་བསད་ནིའི་དོན་ལུ་ནུབ་སྲིན་ཡུལ་ལུ་ ནུར་བུ་དགེ་དེན་འབུམ་ཆུང་ཟེར་མི་ལན་པ་འགྱོ་དགོ་པས་ཟེར་ ཆ་རོགས་ཚུ་གྱི་གནས་སྐབས་སྟོན་ནུག་རྒྱལཔོ་གྱི་སྐུ་མདུན་ལུ་མཆོད་བཤམ་གུ་ལུ་ནུར་བུ་དགོ་བས་ཟེར་ ཏེ་ནོར་བུ་འདི་ཁོ་གྱི་འབག་མི་ཚུ་སྲིན་པོའི་ཡུལ་ལུ་ཁོ་བཟའ་ཚར་འོང་ཟེར་ཆ་རོགས་ཚུ་གྱི་གནས་སྐབས་བཟོ ནུག་ ཏེ་སྲིན་པོའི་གཡུས་ཁ་ལུ་འགྱོ༌སྦེ་ཁོ་ལོག་མི་ལྷོད་ཟེར་ ཆ་རོགས་ཚུ་གྱི་གནས་སྐབས་བཟོ་འབད་རྒྱལཔ་ལུ་ཞུ་ནུག་ སྟེ་རྒྱལཔ་གྱི་ཡང་བཏུབ་ཀྲིག་ཀྲི་མས་ཟེར་གསན་ནུག་།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་སྲིན་པོའི་གཡུས་ལུ་འགྱོ་ཟེར་བཀའ་གནང་ནུག་ ཏེ་འགྱོཝ་ད་ལུ་སྟེ་ཁོ་གྱི་ག་དེ་སྦེ་ཨིན་ན་སྨོ་སྲིན་པོའི་གཡུས་ཁ་ལུ་སྨོ་ཟེར་་་་ཨིན་རུང་སེམས་ལུ་སྡུག་སྔལ་འདི་ག་ནི་ཡང་མ་འོང་པས་སེམས་གོ་ནི་འབད།་ ཏེ་ཁོ་འགྱོཝ་ད་ལུ་ཉིམ་གཅིག་ར་ལམ་འགྱོཝ་ད་ལུ་ཤིང་གཅིག་གི་རྩ་བ་ར་ལུདཔ་མས་ལོ།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་གནམ་བསོཝ་ཅིག་ར་བུམ་འཇའ་རིམ་ཅིག་ ཤིང་གི་ལྷ་མོ་ཨིན་མས་ལོ་ འ་ནི་འདི་གྱི་ཏེ་ལྟོ་ ལྟོ་ཆང་དང་འདྲག་སྟེ་ཁོ་ལུ་འབག་མས་ཟེརཝ་མས་ལོ། འ་ན་ཅིག་ཁར་ཉལ་ཉལཝ་མས་ ད་ལོག་འོངམ་ད་ལུ་འཁྱིད་འབག་གེ་ཟེར་སླབ་སྦེ་མས་ཁྱོད་ར་ན་ལུ་སྡོད་མས་ཟེར་སླབ་སྦེ་ ཏེ་ན་བ་འགྱོཝ་ད་ལུ་འཚོ་ཅིག་གི་ཟུར་ཁ་ར་སྡོད་སྡོདཔ་མས་ཏེ་དོ་རུ་ ཕྱི་རུ་འགྱོཝ་ད་ལུ་བུམོ་ཅིག་གི་ལྟོ་དང་ལྟོ་ཆང་དྲག་སྟེ་འབག་འོང་མས་ལོ་ ཁོ་ལུ་སྟེ་གདོང་ལན་སྒྲིག་དེ་ལས་ཞག་ཉལ་ དེ་ལས་ད་ལོག་འགྱོཝ་ད་ལུ་ཁྱིད་འབག་གེ་ད་ལྟོ་ན་སྡོད་མས་ཟེར་ ཏེ་འ་ན་ལས་འགྱོ་ཡི་འགྱོ་ཡི་ར་སྲིན་པོའི་གཡུས་ཁ་ལུ་ལྷོད་ལྷོདཔ་མས་།
  • Sangay tshewang/སངས་རྒྱས་ཚེ་དབང
    ལྷོདཔ་ད་ལུ་སྟེ་ རྫོང་སྦོམ་ཅིག་འདུག་ལོ་ རྫོང་རྙིངམ་ཅིག། ཨ་ཡ་འགྱོ་བལྟཝ་ད་ལུ་རོགས་ཡར་མཛད་ད་ནུ་ལོ་ སྟེ་ཡ་འགྱོ་ལྟཝ་ད་ལུ་འདི་ན་ག་ནི་ཡང་མིན་འདུག་ལོ་། ཁྱངམ་ནང་ན་ཚུན་ཚོནའགྱོ་རུ་མི་ རེ་རོ་ཁྱི་རེ་མིད་འདུག་ལོ། ཏེ་ཡ་ཁྱིམ་ཐོག་ལུ་ལྟ་རུ་མིན་འདུག་ལོ་ ཧ་ལམ་ཅིག་ལས་མ་ལྟ་བལྟཝ་ད་ལུ་བྱི་ལི་གྱིས་སྐད་ཅིག་རྐྱབ་དེས་ལོ ་མེའེུ་ཟེར་
  • Sangay tshewang/སངས་རྒྱས་ཚེ་དབང
    མེའུ་ཟེར་སྐད་རྐྱབ་ཅིག་ར་དབའེ་ད་ཅིག་ར་ག་ནི་ཡང་མེན་ད་རུ་སྐད་རྐྱབ་མས་ཟེར་ད་རུ་ལོག་བལྟ་བར་སོང་སོངམ་མས་ ཏེ་འགྱོཝ་ད་ལུ་འ་ནི་ཏེ་མོ་མཁའ་འགྲོ་ཨིན་དོ་འོང་ནི་མས་ བྱི་ལི་སྐད་རྐྱབ་མི་འདི་ ཡ་ལྷ་བྱིན་དབང་པོ་གྱི་སྲས་མོ་སིན་པོའི་བཟུང་དེ་་མནའམ་འབད་བཞག་མཞགཔ་མས་མ་བཏང་པར་ ཏེ་མོ་དཔོན་ཕ་དང་ཚུ་རེ་འབྱོནམ་ད་ལུ་རྩུན་མོ་གཞན་མི་ཚུ་གྱི་རང་ཅན་བཙོངས་འོང་མནོ་འདི་བྱི་ལི་དཀར་དཀར་སྒྲ་ཟེར་ བྱི་ལི་ལུ་སྤྲུལ་འདི་བཞག་བཞགཔ་མས་། ཏེ་བྱི་ལི་འདི་་ བྱི་ལི་སྐད་རྐྱབ་ ཚར་གསུམ་འགྱོཝ་ད་རྐྱངམ་ཅིག་མཐོང་མཐོངམ་མས།
  • Sangay tshewang/སངས་རྒྱས་ཚེ་དབང
    དེ་ལས་་རྐྱངམ་ཅིག་བྱི་ལི་གྱི་སླབ་སླབ་མས་ཁྱོད་ར་མཆོད་བཤམ་ནང་འབུམ་པ་ཡོདཔ་ཨིན་འདི་གྱི་ངེའི་གུ་ལུ་ཆབ་སྒྲོན་ ཆབ་སྒྲོནམ་ཅིག་རང་བྱི་ལི་ལས་བུམ་འཇའ་རིསམོ་ཅིག་ཐོན་འོང་འོངམ་མས འདི་བིལ་དཀར་དཀའ་ཟེར་མི་འདི་ ་དེ་ དེ་ལས་ཚུ་ཁོང་གཉིས་སྡོད་སྡོདཔ་མས་ ཏེ་ད་ང་བཅས་གཉིས་ད་ལྟ་ར་སྲིན་པོ་ཐོན་འོང་གནམ་གསོཝ་ད་ལུ་ ད་ང་བཅས་གཉིས་བཟའ་འོང་ག་དེ་སྦེ་འབད་ན་ཟེརཝ་མས་་བུམོ་འདི་གྱི་
  • Sangay tshewang/སངས་རྒྱས་ཚེ་དབང
    ཁྱོད་ན་ག་དེམ་ཅིག་སྦེ་འོང་ཡི་ཟེར་ ང་ན་ལུ་ནོར་བུ་སྒྲུབ་བ་འོང་འོངམ་ཨིན་ཟེརཝ་ད་ལུ་ ཡ་སྟེ་ནོར་བུ་སྒྲུབ་བ་ཨིན་པ་ཅིན་འདི་ མ་མ་མཇུག་་མཇུག་ལུ་གཅིག་ཡོདཔ་ཨིན་ འ་ན་རྒྱལ་པོའི་ཕོ་བྲང་ཡོདཔ་ཨིན་འདི་ན་ལུ་ རྒྱལཔ་ཚུ་གེ་ར་འཛོམ་འདུ་ལུ་སོང་ཡི་ འ་ནི་གཡོག་མོ་གནགཔ་གནགཔ་ཅིག་ཡོདཔ་ཨིན་ ཀ་ལ་རྫམ་གྱི་བཤམ་བཟུམ་ཅིག་ཡོདཔ་ཨིན་ འ་ནི་ལུ་ཁམས་མ་ལོག་པ་གཉན་རྐྱབ་དགོ་
  • Sangay tshewang/སངས་རྒྱས་ཚེ་དབང
    དེ་ལས་གཉེན་རྐྱབ་མགུ་ཏོ་ལུ་ཤིག་བལྟ་ མོ་གྱི་སྲོག་འདི་མགུ་ཏོག་ལུ་ཡོདཔ་ཨིན་ཤིག་སྦོམ་ཅིག་ཡོད་ ཤིག་ཆུང་ཀུ་བསད་དོ་བཟུམ་འབད་ཧ་ལམ་ཅིག་ལས་འ་ནི་སྦོམ་འདི་བསད་དེ་ལས་ཁོ་དྲེན་པ་མེདཔ་འགྱོཝ་འོང་དེ་ལས་ཁྱོད་ཀྱི་རྒྱལ་པོའི་ འདི་་་་་ཁྱོད་ཀྱི་ལྡེ་མི་འབའ་ཤོ་ཟེར་ ་ལྡི་མི་ལེནམ་ཅིག་སྒོ་འཕྱེད་འགྱོཝ་ད་ལུ་ རྒྱཔོའི་མཆོད་བཤམ་ནང་ལུ་ནོར་བུ་དགེ་དེན་བུམ་ཆུང་ངོ་མ་དང་རྫུན་མ་མཆོད་གཤམ་གུ་སྐལ་དེ་ཡོད་དེ་ལས་ ཁོང་གི་སླ་འཚོ་དང་སླ་སྟོར་ཚུ་ཡོད་རྫམ་བཏང་ སླ་འཚོ་ཚུ་འབོ་བཏང་ ཏེ་ཁོང་ཁྱ་ཁྱབ་ག་ཏེ་ཡང་མེདཔ་འགྱོཝ་འངོ་ ཏེ་གནས་སྐབས་མོ་གྱི་སྟོན་འབད་འགྱོ་འགྱོབ་མས་ ཏེ་མོ་གྱི་བསྟོན་དོ་བཟུམ་ར་འབད་བཞིནམ་ལས་ཏེ་ནོར་བུ་ཐོབ་ཐོབ་མས།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་འ་ན་ལས་ཡ་སྡོད་སྡོདཔ་མས་ཏེ་ཡ་ཞག་ཅིག་རྫོང་ན་ སྡོདཔ་ད་ལུ་སྲིན་པོ་ཚུ་འོང་དེ་ལོ་ཕྱི་རུ་ ན་མེད་ས་མེད་ས་ར་སྡིག་སྡི་སྡི་སྦེ་ ད་འབདན་འོང་དོ་འོང་དོ་ཟེརཝ་ཅིག་ར་ ཏེ་ཁོང་ར་གཉིས་འདྲོ་དེ་སྡོད་པའི་བར་ན་ར་ མོ་གྱི་གནས་སྐབ་ང་ལུ་ཡོད་ཟེར་སྒོར་ཁ་ལུ་སྒོ་དང་འདྲན་འདྲ་འབད་མི་རྩིགཔ་རྐྱབ་ ཨ་སྲིན་པོ་ཚུ་དམང་འབད་དེ་ཐོནམ་ད་ལུ་རྩིགཔ་ཚུ་གེ་ར་སྡལ་བཏང་སྦེ་ རྡོ་བཅལ་སྒང་སོང་ནུ།་
  • Sangay tshewang/སངས་རྒྱས་ཚེ་དབང
    ད་འབདན་འོང་ཡི་ང་བཅས་གཉིས་བཟའ་ཡི་ ད་ག་དེ་སྦེ་འབདན་ན་ཟེར་སྡོད་པའི་བར་ན་ལུ་ ཁོ་གྱི་ གྱི་ཅུ་གྱི་སོག་བཏང་ཁོ་ར་གྱི་ཐོན་སོང་ཡི་ཟེརཝ་མས་ལོ་། དེ་ལས་ཆབ་ཆབ་ཅེབ་ཅེབ་འབད་བའི་བར་ན་ར་སྐེད་འདི་ཁུ་སིམ་སིམ་སྦེ་སྐད་ཡལ་སོང་ཡི་ལོ་ དེ་ལས་སྐེད་འདི་སངམ་ཅིག་གྱི་ཅུ་འདི་གཤུབ་ནང་འཟུལ་ཡི་ལོ་། ཨ་ནི་གྱི་ཅུ་འདི་ནོར་བུ་ཨིནམ་འོང་ནི་མས་ གྱི་ཅུ་གྱི་འབད་བཟའ་ལུང་ཐོབ་ནུག། ཏེ་ཨ་ནི་རོ་བྱི་ལི་གྱི་བསྟོན་བྱིན་མི་སྟེ་རོ་ལྷ་གྱི་བསྟོན་མི་ ཏེ་ཨ་ན་ལས་་་་
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་གྱི་ཅུ་ གྱི་འོ་ངེའི་གྱི་ཅུ་འདི་ཅིག་འོང་ནི་མས་མནོ་དེ་ དེ་ལས་འབདན་ཁོ་ངལ་རངས་ནུག་། སྲིན་པོ་ཚུ་ཨ་ཕ་འོང་མི་ཚུ་གེ་ར་བསད་ནི་འབད་ ་ན་པ་དྲོ་པ་ལོང་དེ་འོང་ནུ་སྟེ་ ང་བཅས་རའི་ཁ་ཐུ་བལྟ་སྟེ་ འོངམ་ད་ལུ་སྟེ་མཚོ་སྨན་རྒྱལ་མོ་འབད་སར་ལྷོད་ན་ འདི་འཁྱིད་འབག་ ཁོ་ལུ་ཨམ་སྲུ་གསུམ་མས་ ཏེ་ན་པ་འགྱོཝ་ད་ལུ་ཤིང་གྱི་ལྷོ་འབད་ས་ལྷོད་འདི་ཡང་འཁྱིད་སྟེ་ཁོ་ལུ་ཨམ་སྲུ་གསུམ་མས་ དཔོན་ལུ་ཨམ་སྲུ་གཅིག་ཡང་མེད་དོ་མས།
  • Sangay tshewang/སངས་རྒྱས་ཚེ་དབང
    ཧ་ཧ་ཧ་ ན་ལྷོད་འབད་ཧ་ལམ་ཅིག་ལས་ཨམ་སྲུ་ཚུ་ཨིབ་བཞག་དེ་ལས་ནོར་བུ་འདི་འབག་སྦེ་ཁོང་རིའི་སྦ་སྒོའི་ནང་ བཞག་འབད་ ཏེ་ཁོ་འགྱོཝ་ད་ལུ་ཁོང་ཚུ་གྱི་ཤེས་ཤེསཔ་མས་ ཏེ་འོ་ད་འབདན་ཁོ་གྱི་ནོར་བུ་འབག་ནི་མི་འོང་ཨོལ་ལྐོ་ཏོགས་འབད་ཆུ་ནང་སྐོ་ནི་འབད་ཁ་ཚིག་བཟོ་བཞག་ནུག་དཔོན་ལུ་ཞུ་སྦེ་ །
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་ད་འབདན་ཁོ་གྱི་ནོར་བུ་འབའ་ར་མི་འབའ་ད་འབདན་ཁོ་ལྸོལ་ཀོ་སྟོག་བཏང་འབད་ཆུ་ནང་སྐོ་ནི་ཟེར་ སྟེ་ཁོ་ལུ་ངལ་མ་རང་པ་སྡོདཔ་མས་ དེ་འབདཝ་ད་ལུ་སྟེ་ཁོ་གྱི་ནོར་བུ་འབག་འོངམ་མས་ཏེ་ འབག་འོངམ་ད་ལུ་སྟེ་ ནོར་བུ་འབག་ཤོ་ཟེར་ཏེ་འབག་ནི་ཏེ་ ངོ་མ་འདི་ཁོང་རའི་སྦ་སྒོའི་ནང་བཞག་རྫུན་མ་འདི་འབགཝ་ད་ལུ་ འམ་་་བལྟ་ཤི་སྒརཔ་རླུང་གི་འཁོར་ལོ་ཟེར་མི་འདི་ཨ་ནི་འབད་ སྐྱོག་པས་ཁྱོད་ཚུ་གྱི་ཁོ་ལུ་འདི་མ་པ་ལས་ར་འདྲན་ད་འབད་མི་ཚུགས་པས། ནོར་བུ་འདིན་ཁོ་གྱི་འབག་ཚུགས་ནུག་ སྲིན་པོའི་གཡུས་ལས་ར་འབག་འོང་་ཚུགས་ནུག།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་ནོར་བུ་རྫུན་མ་ལུ་ར་སྟེ་ཁོ་མིག་ཏོ་ར་རྩུམ་ཡར་སོ་ཡི་ལོ་ཏེ་ ངོ་མ་འདི་ལུ་འདི་ག་ཅིག་མི་འགྱོ་ནི། ཏེ་དོ་རུང་ཉིམ་ འདུན་ཕྲག་གཅིག་དེ་ཅིག་ལས་དོ་རུང་ར་ ཆ་རོགས་ཚུ་གྱི་རྒྱལཔ་ཀྲོག་ནུ་སྟེ་ ད་ཁོ་གྱི་སྟེ་ནོར་བུ་ཐོབ་ཅིག་ནུབ་སྲིན་གཡུལ་ལས་ར་ཐོབ་ཚུགས་ཅི་། ་ད་འདི་ན་ཡ་ལྷའི་་ཨིན་མས་ཏེ་ ཡ་ལྷ་གྱི་ནོར་བུ་མེ་ཏོག་སྟོང་ལྡན་ཟེར་མི་འདི་དགོ་པས་ཟེར་ འ་ནི་སྒྲུབ་དགོ་པས་ཟེར་ཏེ་ འདི་སྒྲུབ་པ་བཏང་དགོ་པས་ འདི་ཐོབ་མ་ཚུགས་ན་ཨོལ་ལྐོ་བཏོག་་ཆུ་ན་སྐོ་ནི་ཟེར་ ཏེ་དཔོན་ལུ་ག་དེ་སྦེ་ཞུཝ་ཅིག་དཔོན་གྱི་གསན་འབད་ ཨིན་མས་ཟེར་ཁོ་ ལོག་འབོ་འབད་ད་རུ་བཀའ་གནང་ནུག
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་རོ་བིལ་ཀ་ཀ་འདི་ལྷ་ཨིན་མས་ ཏེ་མོ་གྱི་ཁྱིམ་ན་མས་ མེ་ཏོག་སྟོག་ལྡན་ཟེར་མི་འདི། ཁྱོད་ཀྱི་དཔོན་གྱི་བཀའ་གཅིག་གནང་དེ་ཟེརཝ་མས་ལོ་ དཔོན་གྱི་བཀའ་ག་ཅིག་གནང་ནི་ཏེ་ ང་འདི་ཁྱོད་གསུམ་དང་གཅིག་ཁར་སྡོད་མི་བཅུ་ནི་མས་ ད་མེ་ཏོག་སྟོང་ལྡ་ང་གི་ག་དེ་སྦེ་འབག་འོང་ནི་སྟེང་ལྷ་ཡུལ་ལུ་མས་ ཤོག་སྒྲོ་འདིན་ང་ལུ་མེད་ ཟེར་ནང་དོག་འདི་བསྔུུ་སྐེད་ཤོར་ནུག། ཨ་འཇམ་ཏོང་ཏོ་ འདི་འདི་ཁྱོད་ནང་དོག་ར་མི་དགོ་སྡུག་སྔལ་མ་འབག་ འདི་འདི་ངེའི་ཁྱིམ་ན་མས་ཏེ་ ང་གི་གནས་སྐབས་སྟོན་གེ་ མཚོ་སྨན་མོ་དང་ཤིང་གི་ལྷ་མོ་གཉིས་ཀྱི་ཆུ་སྐོལ་དེ་ལས་ཁྱོད་ར་ཆུ་བཤལ་རྐྱབ་སྦེ་རྩང་ཕྲོད་རྐྱབ་ ནང་པ་དྲོ་པ་ཉིམ་ཐོནམ་ཅིག་ར་ངེའི་ཁྱིམ་ནག་ལྷོད་ནི་ཡོདཔ་ཅིག་ང་གི་འབད་གེ་ཟེར་སླབ་སླབ་མས། འདི་བིལ་ཀ་ཀ་གྱི།་
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་ཨིན་མས་ཟེར་ ཆུ་སྐོལ་རྩང་ཕུད་རྐྱབ་ དེ་ལས་ཁོང་རའི་སྦ་སྒོའི་གུ་ལུ་ཉིམ་ཤརཝ་ཅིག་ར་ མིག་ཏོ་ཚར་ཅིག་རྩུམ་ཅིག་ར་ཡ་ལུ་ལྷོད་ནི་བཟོ་ནུག་ལོ་། དེ་འབདཝ་ད་ལུ་ངེའི་ཨ་ཞང་ཡ་མཆོད་བཤམ་ནང་ཡོདཔ་ཨིན་མཐུན་བཏང་འདི་ དོ་རུ་ནུམ་གཉིས་ཡོདཔ་ཨིན་ ནུམ་གཉིས་དྲོ་བ་ཧ་ལས་ཨོམ་ར་པར་པོར་བཟོ་སྦེ་འཇའ་རིངམ་བཟོ་སྦེ་གཟུགས་འཁྱུ་དེ་འོང་འ་ནི་ལུ་ཁྱོད་སེམས་ཤོར་ནི་མི་འོང་ སེམས་ཤོར་བ་ཅིན་ཁྱོད་ཡ་ར་ལུད་འོང་ལོག་མི་ལྷོད་ཟེར་མིག་ལྟ་ར་མ་ལྟ་བར་ གཟུགས་ཁ་ལུ་མ་ལྟ་ མཐོང་རུ་མ་མཐོང་བཟུ་ལྟབ་འགྱོ་ འཕྲང་ཕྲ་ནང་ན་འཛུལ་འགྱོཝ་ཅིག་ར་ དབའེ་འཇིག་རྟེན་མི་ཡུལ་ལས་ག་དེ་འབད་འོང་ཡི་ཟེར་ ཏེ་ཁྱོད་རྣམ་ཏོག་ཀྲོང་ཀྲོང་བཟོ་སྦེ་ འཕྲང་ཕྲ་འ་ནེ་སྦེ་འོང་མས་་ག་དེམ་ཅིག་འབད་འོང་ཡི་ཟེར་འདྲི་འོང་ སླབ་ད་ལུ་ང་བིལ་ཀ་ཀ་གྱི་བཏང་ཡི་ཟེར་སླབ་མས་ མེ་ཏོག་ན་མེད་ས་མེད་ཁག་ཆེ་ཡི་ནོར་བུ་མེ་ཏོག་སྟོང་ལྡན་ངོ་དང་རྫུན་མ་གཉིས་ཆ་ར་འབག་ཤོ་ལོ་ མ་ལས་ང་ལན་པ་བཏང་ཡི་ཟེར་སླབ་མས་།
  • Sangay tshewang/སངས་རྒྱས་ཚེ་དབང
    འ་དེ་འཕྲོ་ལས་ དེ་སྦེ་སྟོན་འབད་་ནང་པ་ཉིམའི་ཟེར་ཤརཝ་ཅིག་ར་ཡུདཔ་ཐེང་ཅིག་ན་ར་ རྐངམ་སྒོམ་ཅིག་ཡང་མ་སྤོཝ་ལས་ར་ཡ་ལྷོད་ཅིག་ལོ་ སྟེ་ཡ་ལྷོདཔ་ད་ལུ་མོ་གྱི་སླབ་སླྦབ་་ས་ར་མས་ལོ་ ནུམ་གཉངས་ཆུའི་གཟའ་ན་འཇའ་རིངམ་སྦེ་བཟོ་སྟེ་སྡོད་ནུ་ལོ་ སྟེ་མོ་གྱི་སླབ་སླབ་ས་ར་མིག་ཏོ་ར་མ་ལྟ་བར་འཕྲང་ཕྲ་འཛུལ་འགྱོཝ་ད་ལུ་སྟེ་དབའེ་དབའེ་ ཁྱོད་ག་དེམ་ཅིག་སྦེ་འོང་ཡི་་འཇིག་རྟེན་མིའི་ཡུལ་ལས་ག་དེམ་ཅིག་འབད་འོང་ཡི་ཟེརཝ་ད་ལུ་ ང་ལིལ་ཀ་ཀ་གྱི་བཏང་ཡི་མེ་ཏོག་སྟོང་ལྡན་མ་ངོ་མ་དང་རྫུན་མ་གཉིས་ཆ་ར་ འབག་ཤོ་ཟེར་ལན་པ་བཏང་ཡི་ཟེརཝ་ད་ལུ་ འབའ་འབའ་ད་ཏ་ར་ཨ་ཕི་གཉིས་ཀྱི་ཤེས་འོང་ ཟེར་འདི་ཡ་མིག་ཏོ་རྩུམ་ཅིག་ར་སྦ་སྒོའི་སྒོ་ལུ་ལྷོདཔ་ཅིག་མེ་ཏོག་སྟོང་ལྡན་འབག་འོང་ཚུག་ནུ་ལོ།
  • Sangay tshewang/སངས་རྒྱས་ཚེ་དབང
    འབག་འོང་ཚུགསཔ་ཅིག་སྟེ་དོ་རུ་ ཉིམ་དག་པ་ཅིག་འགྱོ་ནུ་ཨིབ་སྡོད་འདི་ མེ་ཏོག་ཡང་ཁོང་ར་འབད་ས་བཞག་སྦེ་ དོ་རུ་ཡང་ད་འབདན་ཁོ་སྐོ་ནི་ཆུ་ནང་་ཟེར་ ད་འབདན་འདི་སྐོ་ཚུགས་ནི་འོང་ཁོ་ན་མེད་ས་མེད་ཁམས་རྩོང་མས་ཟེར་སྟེ་ རྒྱལཔ་ལུ་ཞུ་ཞུཝ་མས་ཏེ་ཁོ་ལྷོད་ནུ་ཟེར་ ད་འདི་སྲིན་པོའི་གཡུས་ལུ་འདི་རྐང་ཏོང་འབད་འགྱོ་ནི་ཡོད་ ད་འདི་ཡ་ལུ་འདི་ ཁོ་རྐང་སྟོང་འབད་འགྱོ་ནི་མེད་ཁོ་གྱི་ག་ཏེ་ལས་ཐོབ་ནི་ཟེར་ཆུ་ནང་སྐོ་ནི་འབད་ར་མནོ་ནུ་ཁོང་གི་ ཏེ་ཧ་ལམ་ཅིག་ལས་ཁོ་ཆི་ནང་སྐོ་མ་ཚུགས་པས་ཏེ་ལོག་འབོ་འབག་ནུ་ ད་མེ་ཏོག་སྟོང་ལྡན་འབག་ཡི་ག་ཟེརཝ་ད་ལུ་ འབག་ཡི་ཟེར་སྟེ་ བྱིན་ནུ་ རྫུན་མ་འདི་བྱིན་ནུ། འདེ་འབད་རུ་ར་ཧ་ལས་འདི་སྟེང་ལྷ་ལས་ཡང་འབག་འོང་ཚུགས་པས ་ག་ནི་ཡང་མ་ལྕོགསཔ་མིན་འདི་ཟེར་སྟེ་་ཚར་ཅིག་ག་ནི་ཡང་སླབ་ས་མ་ཐོབ་པས་།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་དོ་རུང་འདུན་འཕྲ་ཅིག་དེ་ཅིག་ལས་དོ་ དཀྲོག་ནུ་ ཁོ་ཆུ་ནང་སྐོ་ནི་འཆར་བཞི་ར་བཟོ་ནུ་ འབག་མ་འཚུགས་པ་ཅིན་ ཏེ་འཆར་བཞི་རྩམ་ད་ལུ་ ཁོ་རའི་ལུང་བསྟན་དང་ཁྲིལ་ ཧ་ལམ་ཅིག་ལས་ཏེ་ག་ནི་ཡང་འབད་ས་མ་མཐོང་པ་ རྒྱལ་པོའི་ཕོ་འཕྲང་རྩ་བ་ལུ་ འ་ན་གདོང་ཁ་ལུ་མཚོ་ཅིག་དགོ་པས་ཟེར་ དེ་ལས་ཤིང་སྣམ་པ་སྣ་ཚོགས་དང་བྱ་སྣམ་པ་སྣ་ཚོགས་དགོ་པས་ཟེར་ འ་ནི་འདི་རྒྱལ་པོ་སྤྱན་གཟིགས་ནིའི་དོན་ལུ་ ཨ་ནི་ཅིག་སྒྲུབ་ཟེར་སླབ་དགོ་པས་ ཨ་ནི་འདི་གནམ་ལངམ་ལངམ་ན་སྒྲུབ་འདི་འབད་་ཏེ་ཨ་ན་ལས་ཁོང་གི་ཀྲོག་འདི་ ཁོ་ད་རུ་འབོ་འབག་ནུ་།
  • Sangay tshewang/སངས་རྒྱས་ཚེ་དབང
    ད་ཁྱོད་ཀྱི་ཏེ་ གཟིམས་ཅུང་རྩ་བ་ལུ་མཚོ་ཅིག་ ཤིང་སྣམ་པ་སྣ་ཚོགས་དང་ བྱཱ་སྣམ་པ་སྣ་ཚོངས་ཅིག་ དགོ་ནི་མས་ཨ་ནི་སྒྲུབ་དགོ་པས། ཏེ་ཨ་ནི་འབག་ནི་ཡོད་པ་ཅིན་ཨིན་ འདི་མེན་པ་ཅིན་འདི་ ཁྱོད་ར་ཆུ་ནང་སྐོ་ནི་ཨིན་ཟེར་སླབ་སླབ་མས་། ཏེ་དོ་རུང་ནང་དོག་སྔུུ་སྐད་ཤོར་སོ་ནུག་། དོ་རུང་ དཔོན་གྱི་བཀའ་ག་ཅིག་གནང་དེ་ཟེར་བིལ་ཀ་ཀ་གྱི་གསུངས་གསུངསམ་མས་། འ་ནེ་སྦེ་མས་མཚོ་ཡང་ན་སྒོ་ལས་འབད་མེན་པས་ཞག་ཅིག་ན་ཨིན་མས་། ང་གྱི་འདི་ག་དེ་སྦེ་བཟོ་ནི་་མཚོ་ཅིག་དང་ཤིང་དང་བྱ་་སྣམ་པ་སྣ་ཚོགས་གནམ་ལངམ་ད་ལུ་སྒྲུབ་དགོ་པས་ ང་གི་དེ་སྦེ་ག་དེ་འབད་འབད་ཚུགས་ནི།
  • Sangay tshewang/སངས་རྒྱས་ཚེ་དབང
    བང་ཅད་ན་མེད་ས་མེད་ཨིན་མས་ ཟེར་སྔུ་ད་ནུག། འ་འཇམ་ཏོང་ཏོ་ཨིན་ ཤིང་གི་ལྷ་མོ་གྱི་ཤིང་གྱི་སྐྱུ་ཀུ་ཡོད་རེ་ཡོད་ཚད་ སྐྱགས་འབག་ཤོ་ བྱ་ཡོད་རེ་ཡོད་ཚེ་གྱི་སྤུ་འཐུ་འབག་ མཚོ་མིན་རྒྱལ་མོའི་ཆུ་སྐྱོག་གང་འབག་ཤོ་ ཁྱོད་ར་འགྱོ་ར་མིང་གོ་ ཁོང་གཉིས་འགྱོ་འབད་གཟིམས་ཅུང་རྩ་བ་ལུ་ཆུ་ཨུམ་ཅིག་བཟོ་ དེ་ལས་ཤིང་དང་བྱ་སྣམ་པ་སྣ་ཚོགས་ཚུ་འདི་ན་བླུག་བཞག་། ཀྲིག་ཀྲི་ཨིན་འཇམ་ཏོང་ཏོ་ཨིན་ཟེརཝ་མས་ལོ།
  • Sangay tshewang/སངས་རྒྱས་ཚེ་དབང
    དེ་ལས་འབག་ནུ་སྟེ་ཁོང་གཉིས་ཀྱི་ དེ་ལན་སྟེ་གནམ་ལང་སུ་ལང་སུ་འགྱོཝ་ད་ལུ་སྟེ་ གཟིམས་ཅུག་གུ་ལུ་འོང་དེ་ལོ་ ཕྱགས་ཕྱགས་ཟེར་མཚོའི་རྦ་རླབས་ མཚོའི་ཨ་ནེ་སྦེ་འཕུར་ཏེ་ གཟིམས་ཅུང་ར་གཟིར་ཟིར་ཟེརཝཝ་མས་ལོ་། ཨ་ནེ་འབདཝ་ད་ལུ་སྟེ་གནམ་ལང་ནི་ལང་ནི་འབདཝ་ད་ལུ་སྟེ་བྱི་ཅུ་སྣམ་པ་སྣ་ཚོགས་ཚུ་ཅ་ལག་ཅི་ལིག་ཟེར་སྐད་རྐྱབ་མས་ལོ། ཏེ་འ་ནི་བྱ་སྣམ་པ་སྣ་ཚོགས་སྐད་རྐྱབ་ ཤིང་སྣ་ཚོགས་འདྲན་འདྲ་སྐྱེདཝ་ད་ལུ་སྟེ་ཡིད་ཆེད་འདི་ ཚར་ཅིག་ག་ནི་ཡང་སླབ་ས་མ་མཐོང་པས།
  • Sangay tshewang/སངས་རྒྱས་ཚེ་དབང
    དོ་རུང་ཤུལ་ལས་འབདཝ་ད་ལུ་ དོ་རུང་ར་རོགས་ཀྱི་གནས་སྐབས་བཟོ་ནུ་སྟེ་ཆུ་ནང་སྐོ་ནི་འབད་ར་ ཏེ་ད་ག་ཅིག་ཡང་སྒྲུབ་མས་མས་འདི་གྱི་ ད་ང་བཅས་ལུ་ཁག་ཆེཝ་ར་ ད་གནམ་དགུན་ཨིན་དོ་མས་ཏེ་ ཚོད་སྲས་མིན་འདུ་ཟེར་ན་རྫོང་ནང་ ནང་པ་དྲོ་པ་གནམ་ལངམ་ཅིག་ར་རྫོང་ཐོག་གང་ ཀ་ཀུར་འབག་དགོཔ་འབད་། ཀ་ཀུར་ཚོད་སྲས་ཏེ་འ་ནི་འབག་ན་ཏེ་ཁོ་ ཨིནམ་འབད་འདི་མིན་ཆུ་ནང་སྐོ་ནི་འབད།
  • Sangay tshewang/སངས་རྒྱས་ཚེ་དབང
    དོ་རུ་འབོ་འབག་སྦེ་ཀ་ཀུར་སྒྲུབ་དགོཔ་བཟོ་ནུ་ ཡ་བླ་མ་འདེན་འདི་དོ་རུ་ཟེར་དབུ་གམ་ནུ་ཏེ་ ག་ཏེ་ལསས་འབག་ནི་ཡ་ཁྱིམ་ཐོག་གང་ཡང་ན་འགོ་ལས་འབད་མེན་པས་ འདི་ཀ་ཀུར་ང་ག་དེ་སྦེ་སྒྲུབ་ཚུགས་ནི་ཟེར་ ཁོ་ར་འདི་སྔུུ་ནི་ར་མས་ ཏེ་བིལ་ཀ་ཀ་གྱི་འེ་འེ་ འཇམ་ཏོང་ཏོ་ཨིན་ཟེར་ ཁོང་རའི་ཀ་ཀུར་ཅིག་ཡོད་མི་འདི་ལེགས་ཤོམ་འབད་ཆུང་ཀུ་ཆུང་ཀུ་སྟོག་འབད་ ཤིང་གི་ལྷ་མོ་དང་མཚོ་མིན་གཉིས་ཁྱིམ་ཐོག་ལུ་བཏང་འབད་ ཕྱི་རུ་འགྱོ་འབད་གཏོར་བཞག་བསོན་བཏབ་དོ་བཟུམ་ འདི་གི་ཀྲིག་ཀྲི་ཨིན་ཟེར་ ཏེ་ནང་པ་དྲོ་པ་ གནམ་ལང་ལང་ལུ་གཟིམས་ཅུང་ར་རྩག་རྩ་འབད་དེ་ལོ་འདི་སྒང་ལས་ཀ་ཀུར་ཡ་ ཁྱིམ་ཡང་ཐོག་སྤོག་འགྱོ་ས་ས་འབད་འགྱོ་ནུ་ལོ་ ཏེ་འ་ན་ལས་ཁོང་ཡང་འབད་ས་མ་མཐོང་པ་རྫོགས་སོ་ནུ་ཏེ་འཐབ་འཚོལ་ནི་འདི་ཡང་། སྐོ་མ་ཚུགས་པས་།
  • Sangay tshewang/སངས་རྒྱས་ཚེ་དབང
    ཏེ་ཤུལ་ལས་ ཤུལ་ལས་འབདཝ་ད་ལུ་ཁོ་གྱི་ཨམ་སྲུ་ཡང་མཐོང་ནུག་ ཏེ་ཆ་རོགས་ཚུ་གྱི་དབའེ་རྒྱལ་པོ་ལུ་ཨམ་སྲུ་ཅིག་ཡང་མིན་འདུ་ ཁོ་ལུ་ཨམ་སྲུ་གསུམ་ཡང་མས་ཟེར་ ཅིག་ཁྱོད་ར་ལུ་འབག་ཤོ་ཟེར་སླབ་ད་ཟེར་དོ་རུང་ཀྲོག་ནུ་ ཧཧཧ ཏེ་ཨ་ན་ལས་དོ་རུང་ཁོ་ཡ་འབོ་འབག་སྦེ་ཁྱོད་ལུ་ཨམ་སྲུ་གསུམ་ཡང་མས་ང་ལུ་ཅིག་ཡང་མེད་ གཅིག་ང་ལུ་གནང་ཟེར་སླབ་སླབ་མས་
  • Sangay tshewang/སངས་རྒྱས་ཚེ་དབང
    དཔོན་གྱི་ གཅིག་ང་དགོ་སྦེ་ཟེར་ ཏེ་ཁོ་དབུ་གམ་ནུ་སྟེ་ ཨམ་སྲུ་ཅིག་བྱིན་ན་ཅིག་ཕང་ ག་དེ་སྦེ་འབདན་ན་ཟེར་སྔུ་སྡོདཔ་མས་ བི་ལི་ཀ་ཀ་གྱི་ ཁྱོད་ཀྱི་དཔོན་གྱི་བཀའ་ག་ཅིག་གནང་མས་ཟེརཝ་མས་ལོ་ ཏེ་ཁོ་གྱི་དོ་རུ་ཨམ་སྲུ་ཅིག་ཁོ་ལུ་དགོ་ནི་ལོ་ ཁྱོད་གསུམ་ལས་ག་བྱིན་ན་ ཅིག་བྱིན་ན་ཅིག་ཕང་ནི་མས་་འེང་ཁྱེད་མེད་དཀའ་ཡང་རང་སྤྱད་ ད་ཁོ་གྱི་རྫོང་ཡང་ང་བཅས་ལུ་སྤྲོད་དགོ་མནོ་མནོཝ་མས་ ང་གྱི་འགྱོ་གེ་ཁྱོད་སྡུག་སྔལ་མ་འབད་ ཕ་གཡུས་ཁ་ལུ་ནོ་ཤི་ཤིཝ་ཅིག་གི་སྒི་ཕུ་ཅིག་ལན་པ་འགྱོ་ ཏེ་ཁོ་ལུང་ཏན་མེདཔ་ལས་མི་བཏུབ་ནི་མས་ ་ མོ་ལྷ་འབད་ནི་འདི་གྱི་་་་་་འདི་འཕྲོ་ལས་འབད་བ་ཅིན་མི་བཏུབ་ནི་མས་ཟེར་སྟེ་ནོར་གྱི་མ་བརྩུག་འབད་ ཉིམ་དག་པ་ཅིག་ལས་དཔོན་འདི་ཤི་སོཔ་མས་མོ་གྱི་བྱིན་རླབས་མ་ཐལ་བ་།། དེ་ལས་སྒརཔ་རླུང་གི་འཁོར་ལོ་འདི་དཔོན་འབད་ཁོང་གསུམ་ཨ་ཞེ་འབད་སྦེ་སྡོད་སྡོདཔ་མས་ཟེརཝ་མས་ལོ་ ཁོང་གསུམ་། དཀའཝ་སྤྱད་འབད་འབྲས་བུ་ཡང་ཁོང་ར་ཐོབ་ཐོབ་མས་།ཨ་ནོ་སྦེ་མས་ལགས།