Skip to main content Skip to search
04 Jul 2018
5 min 20 sec
Video Overview
Creators: 
Monika Subba
Transcript search
No results found for this search
0 of 0
  • ཧ་རི་པར་སད་ཤར་མ Hari Parsad Sharma
    ང་གི་མིང་ཧ་རི་ཕར་སད་ཤར་མ་ཨིན། ང་ཨིན་བུན་དུ་ཟེར་མི་གཡུས་ཁ་ལས་ཨིན་ ད་རེས་ནང་པ་ མིག་ལམ་ཐང་ཟེརཝ་ཨིན། ཏེ་ང་ཨིན་བུན་དུ་ལས་ཨིན་ ད་རེས་ཨམ་ནང་བྱོནམ་ལས་ང་གི་སྲུང་ཅིག་བཏང་ནི་ཨིན། སྲུང་འདི་སྦུལ་ཙི་ཙི་དམངམོ་དང་སྦལཔ་ཁོང་གསུམ་གྱི་ཨིན། སྦུལ་ཙི་ཙི་དམརམོ་དང་སྦལཔ་ཁོང་གསུམ་ག་རིག་པ་མཁས་དང་མི་མཁས་ག་ཡོད་ག་རྒྱལ་སྤུང་ནུག
    My name is Hari Prasad Sharma. I am from N Bindu village and now it's called as Miglamthang. So i am from N Bindu, since Madam have come here, I want to share a story. The story is about Snake, Lizard and the frog. Snake, Lizard and the frog. They started to play betting about who is less clever and clever.
  • ཧ་རི་པར་སད་ཤར་མ Hari Parsad Sharma
    ག་རང་ལས་དང་པ་འདི་ག་མཐོ་ཁ་ལས་འཐོན་འོང་ག་ འདི་རང་མཁསཔ་འབད་རྩིཝ་མས། སྦུལ་གི་སླབ་ནུག་ ང་རིག་པ་བརྒྱ་འབད་ཡོད། ཏེ་རིག་པ་བརྒྱ་ཡོད་པའི་སྦུལ་ཨིན་མས་བ་ཏེ། ཏེ་སྦལཔ་གི་སླབ་ནུག་ ད་སྦལཔ་འདི་སྦུལ་གི་བཟའ་ད་བ་སྨོས། ཁོ་རིག་པ་བཅུ་ཐམ་གི་ཅམ་ཅིག་མས། ཁོ་རིག་པ་བཅུ་ཐམ་གི་འབད་ནི་འདི་གི་ ཙི་ཙི་དམརམོ་གི་སླབ་ནུག་ད་ང་འདི་རིག་པ་གཅིག་ཅམ་ཅི་ཨིན།
    In the top ranking among all who ever win are considered clever. The Snake said; "I am blessed with hundred wisdom." Since the Snake is very powerful and easily shallow the frog. The frog said; "I am blessed with ten wisdom." And then the Lizard. The Lizard said; "I am blessed with one wisdom only."
  • ཧ་རི་པར་སད་ཤར་མ Hari Parsad Sharma
    དེ་ལས་ཁོ་ཆ་ཁྱབ་ ད་ག་རང་ལས་རྒྱལ་ཁ་ང་གི་འཐོབ་ཅིག་ཟེར་སྦུབ་གྱི་སླབ་ནུག ཨིན་ལས་ཁྱོད་རང་རྒྱལ་སོངའི་ཟེར་སྦལཔ་གི་སླབ་ནུག དེ་ལས་འདི་གི་ཤུལ་ལས་འདི་ང་འོང་ནི་མསཟེར་སྦལཔ་གི་མནོ་ནུག ཏེ་ཙི་ཙི་དམརམོ་གི་སླབ་ནུག་ ན་རང་ཨིན། ང་འདི་མཇུག་ཨིན་ག་ཅིག་འབད་ཟེར་བ་ཅིན་ ང་ལུ་རིག་པ་གཅིག་ཅམ་ཅིག་ཡོད། ང་ལུ་རིག་པ་ལེ་ཤཱ་མེད་ ག་ཅིག་འབད་ཟེར་བ་ཅིག་རིག་གཅིག་ མི་ཚེ་ཡང་གཅིག་རང་ཨིན། ན་བུ་བཟུམ་འབད་མི་ཚེ་བཅུ་དང་བརྒྱ་འབད་མེད།
    So, now I am the highly blessed, said the Snake. The frog said yes you are the one. The frog declared himself in the second position. Even Lizard agreed with him and said yes you are the one to be placed in second. Though I am the one to have only blessed with one wisdom, I don't have more wisdoms and I have only one life.
  • ཧ་རི་པར་སད་ཤར་མ Hari Parsad Sharma
    ན་བུ་བཟུམ་འབད་བཟུམ་མི་ཚེ་བརྒྱ་དང་བཅུ་ང་ལུ་མེད། འདི་འབད་ནི་འདི་གི་སྦུལ་གི་ག་རང་ལས་ཡང་དང་པ་ང་ཨིན་ ན་བུ་བ་ལས་འདི་ང་ཡར་རང་ཨིན་མས། ཁོ་གི་མཐོ་ཁ་གི་རྐང་འཁྲི་གུ་སྡོད་ནུག་ དེ་རྐང་འཁྲི་སོ་སོ་འདི་ནང་སྦལཔ་སྡོད་ནུག་ རྐང་འཁྲི་གསུམ་པ་ནང་ཙི་ཙི་དམརམོ་སྡོད་ནུག
    I am not blessed like both of you with 100 and ten wisdoms. So, the Snake said I am the one with the highest number of wisdom and he wanted to occupy the highest chair, infact the first chair. The second chair was occupied by the frog and the third by the lizard.
  • ཧ་རི་པར་སད་ཤར་མ Hari Parsad Sharma
    དེ་ལས་ཉི་མ་གཅིག་ཁོང་སྤྲོ་བཏོན་སྡོད་སྡོད་པའི་བར་ན་ ཅིག་ཁར་འཛོམས་འབད་བློ་སླབ་སྡོད་པའི་སྐབས་ལུ་ ཉི་མ་གཅིག་དུས་ཚེས་ངན་པ་འོང་འདི་ ག་རང་འབད་རུང་ཤི་རེན་ད་ག་གི་ཡང་མི་ཤེས་འབད་ ང་ལུ་དེ་སྦེ་འབད་འོང་ ང་རིག་པ་བརྒྱ་གི་ཨིན། ང་ལུ་དེ་འབད་འོང་ཟེར་ག་གི་ཡང་མི་ཤེས། འཛོམས་སྡོད་པའི་སྐབས་ ཉིམ་ཤར་སྡོད་པའི་བར་ན་ སེརཝ་དང་ཆརཔ་ཤུག་འབད་འོང་ནུག སེརཝ་འོང་ད་ལུ་ཚབ་ཚ་འབདཝ་ད་ རིག་པ་བརྒྱ་འབད་མི་ཨང་དང་པ་ སྦུལ་འདི་ཚབ་ཚ་འབད་འགྱོག་འགྱོཝ་ཤིང་གུ་འཛེགཔ་ད་ལུ་སེརཝ་གི་མགུ་ཏོ་བརྡུང་འདི་ སྦུལ་འདི་ཤི་སོང་ནུག ག་ཅིག་འབད་ཟེར་བ་ཅིག་སྦུལ་འདི་ཤིང་གུ་ཤི་དགོཔ་མས།
    So, one day while they were having a good time teogether, they didn't imagine that they are going to face with problems. It was a beautiful bright sunny day. Suddenly, it was hit by rain and hell strome. The Snake got scared with hell strome and quickly climbed the tree for his safty. Unfortunately it was a bad day for the Snake. He was hit by the hell strome and was no more. The Snake was meant to die on the tree.
  • ཧ་རི་པར་སད་ཤར་མ Hari Parsad Sharma
    དེ་ལས་དེ་འབད་རང་ཚབ་ཚ་འགྱོག་འགྱོཝ་ད་ ཡང་གཉིས་པ་སྦལཔ་འདི་ མཆོངས་ཅིག་མཆོངས་ཅིག་འགྱོཝ་ད་ལུ་ སེརཝ་གི་མགུ་ཏོ་གུ་ཕོག་ཚད་ནུག་སྦལཔ་ལུ་ཡང་། མཆོངས་ཅིག་མཆོངས་ཅིག་འགྱོཝ་ད་སྦལ་ཡང་སེརཝ་ མགུ་ཏོ་གུ་ཕོག་ཤི་སོང་ནུག དེ་ལས་ཡང་གསུམ་པ་ག་ནི་ཡང་རི་པ་མེད་མི་ ག་བ་ཡང་རིག་པ་ཉུང་འབད་ཡོད་མི་ མི་ཚེ་ཡང་གཅིག་འབད་མི་ བྱང་ཆུབ་སེམ་ས་པ་བཟུམ་འབད་སྡོད་མི་ཙི་ཙི་དམརམོ་འདི་ ཉི་ཤརཝ་ད་ཁེམ་པ་ཤིང་གུ་ དང་ འདབ་མ་སྐམ་ནང་ལས་ཕར་སྡོད། དེ་ལས་ཆརཔ་རྐྱབ་ཅིག་དོང་ནང་འཛུལ་སྡོད། ཏེ་ཆརཔ་རྐྱབ་ནི་འབད་ གནམ་ནག་དུང་དུ་འགྱོཝ་ཅིག་ ཙི་ཙི་དམངམོ་འདི་གི་དོང་ནང་འཛུལ་སོང་ནུག ཏེ་དོང་ནང་འཛུལ་འབད་སྲོག་སྐྱབས་འབད་ད་ནུག
    And in hurry, the one in the second position, a frog ran away. He also got hit by a hell strome on his head and was killed. He was laid upside down. The one blessed with least wisdom, the Lizard had only one goal in life. During sunny day, Lizard usually stays beneth the leaf [dried.] When it was about to rain, he quickly went into hole. And safe his life.
  • ཧ་རི་པར་སད་ཤར་མ Hari Parsad Sharma
    དེ་ལས་ཉི་མ་ཤརཝ་ཅིག་ སེརཝ་རྐྱབ་པའི་ཤུལ་ལས་ཉིམ་ཤར་འོང་ ང་བཅས་ཀྱི་ག་རང་གི་ཤེས་ ཉི་མ་ཤར་འོང་། ཉི་མ་ཤརཝ་ཅིག་ཕྱི་ཁར་མཐོན་འབད་བལྟ་ནུག ཆ་རོགས་ཚུ་ག་ཏེ་སོང་འདི་སྲོག་སྐྱབས་འབད་ཡོད་ག་ཟེར་ བལྟཝ་ནི་འབད་འགྱོག་འོངམ་ད། སྦུལ་འདི་ཤིང་གུ་ དཔྱང་འབད་སྡོད་ནུག དེ་ལས་སྦལཔ་ཆ་རོགས་འདི་ག་ཏེ་ཡར་སོངའི་ག་མནོ་འགྱོཝ་ད་ གང་རྐྱེལ་རྐྱབ་འབད་ ཁོ་ཡང་ཤི་སོང་ནུག་སེརཝ་གི་ཕོག་འབད།
    Usually after the hell strome, the appears a bright sun shine. He rushed outside to look after his friends and where did they go the save their lives. Lizard saw the snake hanging on the tree. where did the frog went? said the Lizard. He went searching for frog and found death, lying upside down.
  • ཧ་རི་པར་སད་ཤར་མ Hari Parsad Sharma
    དེ་ལས་ཁོང་རིག་པ་གཅིག་འབད་མི་འདི་ལུས་སོང་ནུག ག་ཅི་འབད་ཟེར་བ་ཅིག་རིག་པ་བརྒྱ་འདི་དཔྱངས་ རིག་པ་བཅུ་འདི་གང་རྐེལ་རྐྱབ། རང་རིག་པ་གཅིག་འབད་མི་ག་ཅིག་མི་ཤེས་ ཁྱིམ་ནང་འགྱོ་ ཟེར་ཙི་ཙི་དམརམོ་གི་ཉིམ་ཤརཝ་ཅིག་དེ་འབད་སླབ་ནུག
    The Lizard was alive with only one wisdom. The one blessed with 100 wisdom has become more or less a waste. The one blessed with ten wisdom was meant to die upside down. Though I am blessed with only one wisdom and knows nothing. I am heading towards my home. Said the Lizard after the sun shine.
  • ཧ་རི་པར་སད་ཤར་མ Hari Parsad Sharma
    ད་འདི་བཟུམ་འབད་རང་ ག་བ་ལས་ཡང་ཤེས་ཟེར་ མཁས་པ་བཟོ་འདི་ སྦོམ་འགྱོ་ནི་ཨིན་ ཟེར་རུང་ཉིམ་གཅིག་འདི་མར་འབུལ་དགོ འདི་འབདཝ་ལས་ག་རང་ལུ་ཕྱུག་པོ་ སྤྱང་ཀ་ ག་བཟུམ་ལུ་ཡང་རེ་དགོ ང་རང་ཤེས་མཁས་ཟེར་འབད་འདི་མི་བཏུབ་ ག་ཅིག་འབད་ཟེར་བ་ཅིན་ སྤྱང་ཀ་གི་རོགས་རམ་ལས་འབད་འདི་ཡར་ལྷོགདཔ་ཨིན་དྲོག་ཚུ་ཡང་། ཏེ་དྲོག་ཚུ་གི་ཡང་མནོ་བསམ་བཏང་དགོ་ སྤྱང་ཀ་ཚུ་མི་ཚེ་ག་དེ་འབད་སྐྱོང་དགོ་ག་བལྟ་དགོ་་ཟེར་བའི་སྲུང་ཅིག་བཏང་དའི། ཏེ་འཛུལ་བ་རེ་ཡོདན་སྲུང་འདི་དེ་ཅིག་འབད་བཞག་ནི་ཨིན།
    So, by this the one who says I am the most geneious has his/her bad times. So, everyone, be it rich or poor, be it good or bad should have an equal opportunity and should be looked after equally. He/She won't reach to the highest position only by their attitude or hardwork. He/She reaches to the high post either by the poor's help or support. The rich people should also know how diffcult it would be for the poor to lead a healthy life style. So, this is all I have to say about this story. Any mistakes are taken into consideration and I want to end my story here.