Video Overview
A short story narrated here by Jigme Namgyal, a local from Phungsharang village in Pemagatshel was about a frog, which begs the hands of a princess for marriage. After several begging, the frog gets the princess and takes here to his home. The princes although she tires to kill the frog on their way, she fails in her attempt and arrives to a place of a huge ocean, which was the home of her husband frog.
༉ པདྨ་དགའ་ཚལ་རྫོང་ཁག་ ཕུང་ཤ་རང་གཡུས་ཚན་ལས་ འཇིགས་མེད་རྣམ་རྒྱལ་གྱིས་གཏང་མི་སྲུང་གི་གློག་བརྙན་ཐུང་ཀུ་འདི་ནང་ སྦལཔ་གིས་ རྒྱལ་པོའི་སྲསམོ་མནའམ་ལྷང་མི་སྐོར་ལས་ཨིནམ་ད་ སྦལཔ་དེ་གིས་ རྒྱལཔོ་དེ་ལུ་ལོག་ཅི་མནའམ་ལྷངམ་ད་ ཐབས་ར་མེད་པར་སྲསམོ་ཅིག་མནའ་མར་བཏངམ་ད་ རྟ་ཕོ་གཅིག་དང་མཉམ་རྡོའི་ཙི་ཀུ་(ཨེ་མ་བརྡུང་ནི་གི་ཅ་ཆས་ཅིག་)ཅིག་བཏང་སྟེ་ སྲསམོ་དེ་གིས་སྦལཔ་དེ་ལམ་ཁར་གསད་ནི་སྦེ་ རྡོའི་ཙི་ཀུ་དེ་བཀོ་ཡི་ར་ སྦལཔ་གུ་ཕོག་མ་ཚུགས་ སྦལཔ་གིས་འཐུ་ཡི་ར་ལོག་སྤྲོད་ དེ་སྦེ་ར་ ཁོ་རའི་རྒྱ་མཚོ་ཆེན་མོའི་ཁྱིམ་ནང་ལྷོད་ལྷོདཔ་ཨིན་མས། སྲུང་འདི་ གཞན་མི་གིས་གཏང་སར་གོ་གོཝ་བཟུམ་ཅིག་འབད་བ་ཅིན་ ཨ་ཙི་རིངམོ་སྦེ་ར་གཏང་ནི་ཡོདཔ་ཨིན་རུང་ ཁོ་གིས་ཐུང་ཀུ་ཅིག་ལས་གཏང་ནི་མིན་འདུག
- Pemagatshel
- འཇིགས་མེད་རྣམ་རྒྱལ་/ Jigme Namgyal:སྦལཔ་གི་ རྒྱལ་པོའི་སྲས་མོ་ལྷང་པར་སོང་སོངཔ་མས།
- འཇིགས་མེད་རྣམ་རྒྱལ་/ Jigme Namgyal:རྒྱལ་པོ་ ང་བཅས་གཉིས་ གཉེན་ཅིག་རྐྱབ་གེ་ཟེར་ སླབ་ནུག
- འཇིགས་མེད་རྣམ་རྒྱལ་/ Jigme Namgyal:ཤུད་ ག་ཅི་སླབ་ཨིན་ན་ ད་རེས་ འགྱོ་འགྱོ་སྦོག་ལོག་ཁར་སོང་བལྟ་ཟེར་ སླབ་ནུག་ འགྱོ་བལྟཝ་ད་ མིན་འདུག་མིན་འདུག་ ང་བཅས་གཉིས་ཟེར་ སླབ་དེས་ལོ།
- འཇིགས་མེད་རྣམ་རྒྱལ་/ Jigme Namgyal:དབའི་ ང་བཅས་གཉིས་ ག་ཅི་ཡང་མིན་འདུག་མིན་འདུག་ཟེར་ ད་རུང་ རྒྱལ་པོའི་ ང་བཅས་གཉིས་ གཉེན་ཅིག་རྐྱབ་གེ་ཟེར་ སླབ་དེས་ལོ།
- འཇིགས་མེད་རྣམ་རྒྱལ་/ Jigme Namgyal:མིན་འདུག་མིན་འདུག་ འགྱོ་འགྱོ་འགྱོ་བལྟ་སོང་། ཚངས་ལ་མི་གཅིག་གིས་ ཚོད་བལྟ་དེས་ ང་ལུ་ ག་ཅི་ཅིག་སླབ་མས། འགྱོ་འགྱོ་འགྱོ་བལྟ་ཟེར་སླབ་ད་ མིན་འདུག་མིན་འདུག་ ང་བཅས་གཉིས་ཟེརཝ་ད་ མ་མཐོང་པས་སྦལཔ།
- འཇིགས་མེད་རྣམ་རྒྱལ་/ Jigme Namgyal:དེ་ལས་ཏེ་ རྒྱལ་པོའི་སྲས་མོ་ལྷང་སྟེ་ སྦལཔ་ལུ་ ཕོག་ནུག་ རྒྱལ་པོའི་སྲས་མོ་དེ། རྒྱལ་པོའི་སྲས་མོ་ འདི་ནང་ཕོག་སྟེ་ སྦལཔ་དང་གཅིག་ཁར།
- འཇིགས་མེད་རྣམ་རྒྱལ་/ Jigme Namgyal:དེ་ལས་ཏེ་ སྦལཔ་ མ་དགའ་བས་ རྨགཔ་སྦལཔ་ཐོབ་ཅིག་ཟེར་ མ་དགའ་བས། མ་དགའ་བས། ཡ་ བཏུབ་ ད་སྔོན་་གྱི་ལས་དང་ཀུན་གྱི་འཕྲལ་ཟེར་ ཏེ་འཛོམས་ཡར་སོང་ཡི་ དེ་སྦེ་ནི་དེ་གིས་ བཏང་ནུག་བུམོ།
- འཇིགས་མེད་རྣམ་རྒྱལ་/ Jigme Namgyal:དེ་ལས་ རྟ་ཕོ་ཅིག་ཡང་བྱིན་ནུག་ རྟ་ཅིག་བྱིན་ནུག་ རྟ་དཀརཔོ་ཅིག་བྱིན་ནུག་ལགས། དེ་ལས་ཏེ་ ད་རུང་ རྩིས་ཀུ་རྡོ་ཏིག་ཅིག་ཡང་བྱིན་ནུག་ སྦལཔ་གསད་ཟེར་ རྡོ་ཏིག་བྱིན་ནུག
- འཇིགས་མེད་རྣམ་རྒྱལ་/ Jigme Namgyal:བུམོ་ སྦལཔ་ བརླད་དོ་གུ་སྦྱར་སྡོདཔ་ད་ རྟའི་བརླད་དོ་གུ་སྦྱར་སྡོདཔ་ད་ རྡོ་ཏིག་གི་རྐྱབ་ནུག། ཡ་ཡ་ཡ་ སྦལཔ་ འབག་ཤོག་ ངེ་གི་རྡོ་ཏིག་ཟེརཝ་ད་ ཡ་ སྦལཔ་ ཁྱོད་ཀྱི་སེམས་བཟུམ་མེད་ཟེར་ ཡ་ཡ་ཟེར་ འཐུ་སྟེ་བྱིན་པའི་བསྒང་རང་འདུག
- འཇིགས་མེད་རྣམ་རྒྱལ་/ Jigme Namgyal:དེ་ལས་ སྦལཔ་འདི་ རྩིས་ཀུ་རྡོ་ཏིག་གི་ཧོག་ཀ་ནང་ལས་ འགྱེལ་ཏ་རྐྱབ་སྟེ་ར་ ཡར་ལྷོད་ནུག། ཁོང་གཉིས་ཀྱི་ཁྱིམ་ནང་ སྦལཔ་གི་ཁྱིམ་ནང་།
- འཇིགས་མེད་རྣམ་རྒྱལ་/ Jigme Namgyal:སྦལཔ་གི་ ཁྱིམ་ནང་ལྷོད་དེ་ ཡར་ལྷོད་དེ་ ཁོང་གཉིས་ཡར་སྡོད་ནུག། ཡ་ འདུག་ལོ་ ཁོ་སྦལཔ་གི་ཁྱིམ་འདི་ རྒྱ་མཚོ་ རྒྱ་མཚོ་ཆེན་མོ་ མིག་གི་རང་བལྟ་མ་ཚུགས།
- འཇིགས་མེད་རྣམ་རྒྱལ་/ Jigme Namgyal:ཡར་ སྦལཔ་གི་གནའམ་མར་འགྱོ་མི་ ག་ཏེ་ཨིན་ན་ འདི་ནང་ལྷོདཔ་ད་ ཡ་བླ་མ་མཁྱེན་ནོ་ ཡ་ཡ་ ང་་བླམ་མཁྱེན་ནོ་ ཁྱོད་ཀྱི་ ཁྱིམ་འདི་ ང་མིག་གིས་ བལྟ་རངམི་ཚུགས་པས་ཟེར་ སླབ་ནུག་བུམོ་གིས་ ཁྱོད་ མིག་ཏོག་ ཨ་ཙི་ཅིག་བཙུམ་ཟེར་ སླབ་ཅི་ འབག་ཡར་སོང་ནུག་བུམོ་དེ།
- འཇིགས་མེད་རྣམ་རྒྱལ་/ Jigme Namgyal:དེ་ལས་ཏེ་ མོ་མཚོའི་སྦུག་ལུ་ལྷོད་ནུག། མཚོའི་སྦུག་ལུ་ལྷོད་ནུག། དེ་ལས་ཏེ་ མཚོའི་སྦུག་ལུ་ལྷོད་དེ་ ག་ཅི་ཡང་མེད་པར་ཁོང་གཉིས་ དེ་སྦེ་སྡོད་ནུག། ལེགས་ཤོམ་ཨིན་འདི་ལུ་དེ་ ག་ཅི་འོང་ནི།