Skip to main content Skip to search
21 Jan 2016
4 min 4 sec
Video Overview
Creators: 
Sherig Dhentshog

A local lay monk in Mendrelgang village in Pemagatshel district narrates a story about a prince and a wealthy boy. They go together to study; the prince studies diligently while the rich boy prefers spending his parents' wealth. As they completed their studies, the prince was rewarded with gold for his outstanding results. On the way back home, the rich boy kills the prince and take his gold. However before dying, the prince manages to convince the rich boy to take a letter, written in the form of a riddle which the rich boy does not understand, to the prince's father. The rich boy delivers the letter and is promptly sentenced to death after it is found that he killed the prince.

 

༉ པདྨ་དགའ་ཚལ་རྫོང་ཁག་ མནྜལ་སྒང་གཡུས་ཚན་ལས་ ཚེ་རིང་རྡོ་རྗེ་གིས་གཏང་མི་སྲུང་འདི་ སེམས་ཅན་སྟག་དང་སྦལཔ་ དེ་ལས་ཨ་ལྕོ་ཉེ་ཉེ་གི་སྐོར་ལས་ཨིན་པས། སྲུང་འདི་གིས་ རིག་པ་ཡོད་པ་ཅིན་ གཟུགས་ཆེ་ཆུང་ལུ་ཁྱད་པར་མེདཔ་སྦེ་སྟོནམ་ཨིནམ་ད་ དེ་ཡང་སྲུང་འདི་ནང་ སེམས་ཅན་སྟག་གིས་ སྦལཔ་བཟའ་ནི་གི་རྩིས་རྐྱབ་སྟེ་གནས་སྐབས་བཏོན་རུང་ རིག་པ་སྦལཔ་མཁས་ནི་དེ་གིས་ ཟ་མ་ཚུགས་པའི་ཁ་ལུ་ ཨ་ལྕོ་ཉེ་ཉེ་ཡང་མཁས་མཁས་ར་འདྲཝ་སྦེ་དཔའ་རྟགས་འཇུགཔ་ཨིན་ཟེར་ མཇུག་ལུ་ཁོ་ར་ཤི་དགོཔ་ཐལ་སོ་ནུག

Transcript search
No results found for this search
0 of 0
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཧེ་མ་འདི་ འ་ནཱི་ སྦལམ་དང་ ཨ་རྒས་སྟག་གི་ སྲུང་ཅིག་བཏང་ཟེར་ ཞུ་ནི་ཨིན་ལགས། ཧེ་མ་ ཁོང་གཉིས་ཆ་རོགས་སྦེ་སྡོད་སྡོདཔ་མས་ལགས། འ་ནཱི་ཨ་རྒས་སེམས་ཅན་་ སྦལམ་འདི་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཆ་རོགས་འབད་དེ་ ང་བཅས་གཉིས་ ཆ་རོགས་འབད་དེས་ ཤ་གཅིག་འདི་བཟའ་ནི་ཟེར་ ཨ་རྒས་སེམས་ཅན་གྱི་ ཕགཔ་ཨ་རྒས་ཅིག་བདའ་འོང་ནུག་ཕར་ལས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཕུའི་གུ་ལས་ མར་བལྟ་སྟེ་ མར་བསད་ཞིནམ་ལས་ དེ་ལས་ ཁོང་གཉིས་ ཤ་བཟའ་ཡི་ཟེར་ ཨིན་མས་ལགས། ཤ་བཟའ་ཚར་ཞིནམ་ལས་ དེ་ལས་ ཁོང་གཉིས་ ཤིག་བལྟ་ནུག་ལགས་ སྐྱ་གུ་ཤིག་བལྟ་ནུག་དེ་སྦེ།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཨ་རྒས་སེམས་ཅན་གྱི་སྐོར་ལས་འདི་ སྦལམ་བཟའ་ནི་དོན་དག་ལས་ ཤིག་བལྟ་ཞིནམ་ལས་ཏེ་ ལྐོད་མ་བཏང་ནིའི་ ཐབས་འབད་ཡི་ཟེར་ ཨིན་མས་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ཏེ་ འགོ་ར་ཨ་རྒས་སེམས་ཅན་གྱི་ བལྟ་ནི་ཟེར་ ཁོ་རིག་པ་ཅན་ མི་ ཆུང་ཀུ་ཨིན་རུང་ གནམ་མེད་ས་མེད་ ཨ་རྒས་སེམས་ཅན་གྱི་ བལྟ་ཡི་ཟེར་ ཨིན་མས་ཁོ།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཨ་རྒས་སེམས་ཅན་ འ་ནཱེ་སྦེ་ ཤིག་གསད་དོ་བཟུམ་འབད་དེ་ འ་ནཱེ་ སྐྱ་(སྤུ་)གཏོགས་ཅི་བཏོགས་ཅི་ ཁོ་རའི་ སོ་ནང་བཙུགས་ནུག་ལགས། བཏོགས་ཏེ་གཏོགས་ཏེ་བཏོགས་ཏེ་ དེ་ལས་ཚར་ཏེ་ ཚརཝ་ད་ལུ་ ཏེ་ཆ་རོགས་ ཤ་ག་ཅི་ག་ཅི་ར་བཟའཝ་སྨོ་ཟེར་ སླབ་སླབ་མས་སྦལཔ་གྱི་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    བཟའ་དོ་ ཐོབ་ད་ཤ་ཟཝ་ཨིན། མ་ཐོབ་ད་ རྩ་འདི་ཚུ་ཡང་ བཟའ་དཔ་ཨིན། ང་འདི་ཟེར་ སླབ་ནུག། ཁོ་གི་ཆ་རོགས་སྦལཔ་ལུ་ ཨ་རྒས་སེམས་ཅན་གྱིས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཁྱོད་ཀྱི་འདི་ཟེར་ སླབ་ནུག། ང་གི་འདི་ ཐོབ་ད་ཁྱོད་ཡང་ བཟའ་དོ་ཟེར་ སླབ་ནུག་ལགས། དེ་ལས་ཏེ་ སོ་གུ་བལྟ་བཅུག་བཅུགཔ་མས་ལགས། ད་ ཨ་རྒས་སེམས་ཅན་ལུ་ཏེ་ རྩ་ཅིག་རྐྱངམ་ཅིག་འདུག་ལོ་ སོའི་ནང་ན།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཁོ་གི་འདི་ ཨ་རྒས་སེམས་ཅན་གྱི་ འ་ནཱི་སོའི་ སྤུ་ག་ར་འཛུལ་ནུག། འ་ནཱི་སྦལཔ་གྱི་འདི་ བླ་མ་མཁྱེན་ནོ་ ང་བཟའ་ནི་འབད་སྡོད་ནུག་ཟེར་ བྱོག་སོང་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཁོ་ཏེ་ ཕར་སྒོམ་ཙངས་རྩ་བར་ ལུས་ནུག་ལགས་སྦལཔ་དེ་ འགྱོ་སྟེ་ འ་ནཱི་ ཨ་ལྕོ་ཉེ་ཉེ་དང་ཕྱེད་ནུག་ལགས་མར། ཨ་ལྕོ་ཉེ་ཉེ་ཕྱེད་དེ་ ཡ་ཁྱོད་ཨ་རྒས་སེམས་ཅན་ རི་དྭགས་་ག་ར་ལས་སྦོམ་སྦེ་ཏེ་ ག་ཅི་སྦེ་ བྱོག་འགྱོཝ་སྨོ་ ག་ཅི་སྦེ་ཟེར་ སླབ་ནུག
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    སྦལཔ་གྱིས་ གནམ་མེད་ས་མེད་ བཟའ་ནི་འབད་ཡི་ ང་འདི་ བྱོག་འོང་ཡི། ཨམ་ཅུང་ཟེར་ སླབ་ནུག་ལགས། འ་ནཱི་ ཨ་ལྕོག་ཉེ་ཉེ་ལུ་ཏེ་ ཨམ་ཅུང་ཟེར་ སླབ་ཨིནམ་མས་ ཨ་རྒས་སེམས་ཅན་གྱིས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ལ་ སྦལཔ་འདི་ ང་གིས་ རྡོག་ཐེ་བླུག་སྟེ་ར་ བསད་བཞགཔ་ཨིན། ཁྱོད་ག་ཅི་སྦེ་འདྲོག་སྨོ་ཟེར་ སླབ་ནུག་ལགས། འ་ནཱི་ ཨ་ལྕོ་ཉེ་ཉེ་གིས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཡ་ མེད་མེད་ ཨམ་ཅུང་ ང་གིས་འདི་ འདྲོག་འོང་ཟེར་ སླབ་ནུག་ལགས། འགྱོ་འགྱོ་ལོག་འགྱོ་གེ་ ད་འབདན་ཁྱོད་ཀྱིས་ ང་བཀོ་བཞག་འོང་ཟེར་ སླབ་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ ཁོང་གཉིས་ མཇུག་མ་གཉིས་ མཐུན་ཏེ་འཁྱིད་ནུག་ལགས། ཨ་ལྕོ་ཉེ་ཉེ་གིས་ ཨ་རྒས་སེམས་ཅན་ལུ་མཐུན་ཏེ་ ཨ་ལྕོ་ཉེ་ཉེ་གིས་ འཁྱིད་འོང་ནིའི་དོན་དག་ལས་ ཨ་རྒས་སེམས་ཅན་འདི་ འདྲོག་སྟེ་ཡོད་ ལུས་དར་འོང་ཟེར།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    སོང་སྟེ་ ཡར་ལྷོདཔ་ད་ རྫིང་གི་ཟུར་ལུ་ འདུག་ཟེར་ཨིན་པས། འ་ནཱེ་སྦེ་བལྟ་སྡོད་དེ་ ག་ཏེ་སྨོ་ཟེར་སླབ་ནུག། འ་ནཱེ་ ཨ་ལྕོ་ཉེ་ཉེ་གིས། ཨ་རྒས་སེམས་ཅན་ལུ་ ཨ་ཕར་ཟེར་ སླབ་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ག་ཏེ་སྨོ་ཟེརཝ་ད་ མ་མཐོང་པས་ལགས། དེ་ལས་ ག་ཏེ་ལས་འོངམ་ཨིན་ན་ཡང་མེད་པར་ ཀོ་ཀྲེག་འབདཝ་ད་ལུ་ཏེ་ ཨ་རྒས་སེམས་ཅན་གྱི་ འཐེན་འབགཔ་ད་ལུ་ཏེ་ ཨ་ལྕོ་ཉེ་ཉེ་འདི་ ཕར་ཕུད་ཚུར་ཕུད་འབདཝ་ད་ལུ་ སོ་སྟོན་ཏེ་ ཤི་སོང་ནུག་མར།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འ་ནཱེ་སྦེ་ རྒྱབ་ཁ་བལྟཝ་ད་ ཨམ་ཅུང་ཁྱོད་དེ་བགའ་སྡོད། ང་འདི་ སྦལཔ་གྱིས་ བཟའ་ནི་ཨིན་མས་ཟེརཝ་ད་ཟེར་ གནམ་མེད་ས་མེད་འགྱོ་ནུག། ད་རུང་སོང་སྟེ་ ཕར་ལྷོདཔ་ད་ ཤི་བའི་ཚང་ནང་ རླུང་དྲིམ་བསྣམ་འདྲས་མེན་ན?
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཨ་ཁུ་ ང་བཅས་ཀྱི་ ཨམ་ཅུང་ ཁྱོད་ཀྱི་ཕྱེན་བཏང་ནུག་ ང་དབུགས་བགམས་སི་སི་འབདཝ་མས་ཟེར་འགྱོ་ནུག། ད་རུང་ ལ་ལུང་དགུ། ཕུ་དགུ། གཤོང་དགུ་བརྒལ་ཏེ་ འགྱོ་བལྟཝ་ད་ ཁོ་གི་ ཨམ་ཅུང་འདི་ ཤི་སོང་ནུག་ལགས། འ་ ཨ་ལྕོ་ཉེ་ཉེ་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འ་ ཨ་རྒས་སེམས་ཅན་གྱིས་ བཟའ་སྟེ་འགྱོ་ཡི་ཟེར་ ཨིན་མས་ལགས། སེམས་ཅན་ཆུང་ཀུ་ཨིན་རུང་ མི་སྦོམ་འདི་ཕམ་ཚུགས། རིག་པ་ཅན་ཡོད་པ་ཅིན་ཟེར་ ཞུ་ནི་ཨིན་ལགས། དེམ་ཅིག་ར་ལགས།