Skip to main content Skip to search
25 Jan 2016
6 min 57 sec
Video Overview
Creators: 
Penchela

Karpu from Tashipang narrates a children’s story about a fox and a hen. The story explains at first the reason why foxes have yellow fur around their bums. In the story, the hen gets the fox to believe that it can lay an egg in a pan with hot oil, which leads the fox to burn its behind. The fox then kills the hen who leaves behind an egg. The lone egg goes looking for its missing mother. The egg meets some friends on the way— a donkey, a bee, a needle, a sheep, and so forth. They help the egg find the fox and kill him in revenge for killing its mother.

ཨ་ལུ་ཚུ་གི་དོན་ལུ་ རྩི་རང་རྫོང་ཁག་ བཀྲིས་སྤང་ལས་ ཨ་རྒས་ཅིག་གིས་ བཏང་མི་སྲུང་འདི་ འམ་དང་བྱའོ་གི་  བཅོས་སྲུང་ཨིནམ་ད་ འགོ་དང་པ་ར་ འམ་གི་ཨ་བུ་གུ་ སྤུ་སེརཔ་སྦེ་ཡོད་དགོ་པའི་དོན་དག་ བཤདཔ་ཨིནམ་ད་ དེ་ཡང བྱམོ་འདི་གིས་ འམ་ལུ་ མར་ཁུ་ཙག་བཅད་བཅད་པའི་ནང་ སྒོང་རྡོག་ཕུད་ནིའི་ཡིད་ཆེས་ བསྐྱེད་བཅུག་ཞིནམ་ལས་ ཁོ་གིས་ སྒོང་རྡོ་འབུད་བའི་གསེས་ ཨ་བུ་མེ་གིས་འཚིག་སོངཔ་ཨིན་པས། དེ་ལས་ འམ་འདི་གིས་ བྱམོ་འདི བཟའ་དཔ་ལས་ བྱའོ་གི་སྒོང་རྡོ་གཅིག་འདི་གིས་ ཨའི་བྱང་བྱངམ་འདི་ ག་དེ་འཚོལ་བ་འགྱོ་བའི་སྐབས་ ལམཁར་ལས་ ཆ་རོགས་སྦེ་་ བོང་ཀུ་ གསེར་སྦྱངམ་ དེ་ལས་ ཁབ་དང་ ལུག་ཚུ་དང་གཅིག་ཕྱད་དེ་ སྒོང་རྡོག་གི་ ཨའི་འཚོལ་ནི་ལུ་ ཆ་རོགས་འབད་དེ་་ འམ་བསད་སྲུང་ཞིནམ་ལས་ སྲུང་མཇུག་བསྡུ་མཇུགཝ་ཨིན་པས།

Transcript search
No results found for this search
0 of 0
  • དཀར་པོ Karpoo
    ཨ་ལྕོ་ཉེ་ཉེ་གིས་ བྱམོ་བཟའ་ནི་སྦེ་ཨིན་མས། ཏེ་ཁོ་གཉིས་ཆ་རོགས་འབད་སྦེ་ ལཱ་ཅིག་ཁར་འབད་སྡོད་སྡོདཔ་མས། ཏེ་ཨ་ལྕོ་ཝེ་ཉེ་གིས་ བྱ་བཟའ་ནི་སྦེ་ ཁྱོད་ཀྱི་ ལཱ་སར་འོང་གེ་ཟེར་ སླབ་སླབ་མས། བྱ་གིས་ཡང་ཤེས་སྦེ་ ཁྱིམ་གྱི་གདོང་ཁར་ དར་ཤིང་རིངམོ་ཅིག་ཡོད་མི་གི་ འཁོར་ལོ་གུ་ ཉལ་སྦེ་སྡོད་སྡོདཔ་མས། དེ་ལས་ འ་དོན་དེ་ བྱའི་ལཱ་སར་སོང་སྦེ་ བྱམོ་གི་ སྒོང་རྡོ་འབུལ་སྦེ་ ཚོདམ་བཟོ་དོ་ཡོདཔ་མས། དེ་ལས་ དབའི་ཆ་རོགས་ཁྱོད་ ཕྱི་རུ་ག་ཏེ་ཉལཝ་སྨོ་ ནཱ་ལུ་ ཉལ་སའི་ ས་སྒོ་མིན་འདུག།
    The fox wanted to eat the hen so he made a plan and went to the hen's work place. The hen came to know about his plan so she slept on top of the prayer flag which was infront of her house. Then the fox came to the hen's workplace looked around and asked where she sleeps usually at night. The hen was busy making egg's curry.
  • དཀར་པོ Karpoo
    ང་འདི་ བྱ་འབད་ནི་དེ་གིས་ ག་ཐོབ་ས་ལུ་ ཉལ་དོ་ཟེར་ སླབ་སླབ་མས། ཏེ་ཨ་ལྕོ་ཉེ་ཉེ་གིས་ མོ་བཟའ་ནི་སྦེ་ བྱམོ་གི་ ལཱ་ས་ར་འོང་དོ་ཡོདཔ་མས། དེ་ལས་ བྱམོ་གིས་ ཆ་རོགས་ཁྱོད་ ངེ་གི་ ལཱ་སར་འོང་མི་དགོ་ཟེར་ སླབ་རུང་ ཁོ་གིས་ ཉིནམ་གཉིས་གསུམ་དེ་ཅིག་ ཁྱོད་ལུ་རུབ་གེ་ཟེར་ སླབ་སླབ་མས། ཏེ་ཁོ་འདི་ བྱ་བཟའ་ནི་འབད་མས། དེ་ལས་ ཉིནམ་གསུམ་དེ་ཅིག་སོང་རུང་ འཚོལ་མ་ཐོབ་པས། བྱ་དེ་ དར་ཤིང་གུ་ཉལ་དོ་ཡོདཔ་མས།
    The hen told him that she sleeps everywhere as she is a bird. The fox visted him again and again to her work place saying that he will help her for few days but in reality the fox wanted to eat the bird. He tried searching for the bird at night but he couldn't as the hen always slept on top of the prayer flag.
  • དཀར་པོ Karpoo
    ཏེ་དེ་ལས་ ད་རུང་ ཉིནམ་གསུམ་དེ་ཅིག་ ཁྱོད་ཀྱི་ ལཱ་འབད་སྦེ་ ངེ་གི་ ལཱ་སར་འགྱོ་གེ་ཟེར་ སླབ་ནུག། བྱམོ་གི་ཡང་ བཏུབ་ཟེར་ནུག། ཆ་རོགས་ཁྱོད་ཀྱིས་ ཚོདམོ་འདི་ལེགས་ཤོམ་སྦེ་ བཟོ་ནི་འདུག། ང་སྒོང་རྡོ་འབུལ་མི་ཤེས་པས་ ག་དེ་སྦེ་འབད་དགོ་ཟེར་ འདྲི་འདྲིཝ་མས། དེ་ལས་ བྱམོ་གིས་ རྫམ་དམརཔོ་བཟོ་སྦེ་ ཨ་བུ་བཙུགས་ཟེར་ ཤོབ་རྐྱབ་རྐྱབ་མས། དེ་ལས་ ཁོ་གིས་ བྱམོ་གིས་ སླབ་དོ་བཟུམ་སྦེ་འབདཝ་ད་ སྒོང་རྡོ་མེན་པར་ ཨ་བ་ཐོན་ཏེ་ ཨ་བུ་བཤུར་བཏང་དཔ་ཨིན་པས།
    Again he told the hen that he will help her out for three days and asked her to come along with him to his work place and the hen agreed to it. The fox complemented on her cooking skills and told her that he doesn't know how to lay an egg so he asked her to teach him how to lay an egg as well. The hen lied to the fox saying that you need to heat the pot till it turns reddish in color and put your bum in it. He did what he was told by the hen and the fox ended up burning his bum.
  • དཀར་པོ Karpoo
    ད་ལྟོ་ ཨ་ལྕོ་ཉེ་ཉེ་གི་ ཨ་བུ་སེརཔོ་སྦེ་ཡོད་མི་འདི་ འ་ནཱེ་འབད་ཨིན་ལོ། ལྟོ་བཟོ་སྦེ་བཟའ་ དེ་ལས་ འ་དོམ་གྱིས་ མོ་འཚོལ་མ་ཐོབ་སྦེ་ མོ་གིས་ ཤོབ་རྐྱབ་ཏེ་ ང་ཨ་བུ་ཡང་མེ་བཏང་དའི་ བཟའ་ར་བཟའ་ནི་ཟེར་ དེ་ལས་ ཚེས་བཅོ་ལྔ་དང་ གནམ་གང་ལུ་ དར་ཤིང་གུ་ལས་ གྱིབ་མ་མཐོང་དོ་ཡོདཔ་མས། དེ་ལས་ གྱིབ་མ་བཟུངམ་ད་ བྱ་འབུལ་འོང་སྟེ་ འབག་ཡར་སོང་ནུག དེ་ལས་ སྒོ་རྡོ་འདི་ ཨའི་འོང་ནི་མེད་པ་བསྒུགས་སྡོད་སྡོདཔ་མས།
    This is the reason why the foxes bums are yellow in color. The fox got frsutrated as she lied to him and ended up burning his bum at the end so he made up his mind and decided to eat her. The fox saw the shadow of the bird on the ground, so he attacked the shadow and that scared the hen so she and ended up falling on the ground. The fox took her away with him and the egg waited for the mother to return.
  • དཀར་པོ Kapoo
    ཁྱིམ་ནང་ཁབ་ཀྱིས་ སླབ་སླབ་མས། ག་ཅི་འབདཝ་སྨོ? ངེ་གི་ཨའི་འདི་ ཨ་ལྕོ་ཉེ་ཉེ་གིས་ འབག་ཚར་འོང་ནི་མས། ང་འཚོལ་བར་འགྱོ་ནི་ཨིན་ཟེརཝ་ད་ ཁབ་ཀྱིས་ ཆ་རོགས་འབད་འགྱོ་གེ་ཟེར་ ཁབ་ཀྱིས་ ཆ་རོགས་སྦེ་སོང་ནུག། དེ་ལས་ ཕར་ལྷོདཔ་ད་ གསེར་སྦྱངམ་གྱིས་ ག་ཏེ་འགྱོཝ་་སྨོ་ཟེར་ འདྲི་འདྲིཝ་མས། ཁབ་ཀྱིས་ སྒོང་རྡོའི་ཨའི་ ཨ་ལྕོ་ཉེ་ཉེ་གིས་ འབག་ཆེ་ནུག། འཚོལ་བར་འགྱོ་དོ་ཟེར་སླབ་ད གསེར་སྦྱངམ་ང་ཡང་ ཆ་རོགས་འབད་བར་འགྱོ་གེ་ཟེར་ སོང་ནུག།
    The egg went to bring back their mother from the fox's place. There was a needle in their place who decided to join the egg and on their way to the fox's place, they met a bee and the bee also decided to help them out.
  • དཀར་པོ Karpoo
    དེ་ལས་ ས་གནས་སོ་སོར་ཅིག་ཁར་ལྷོདཔ་ད་ པ་ལང་གིས་ ཁྱོད་གསུམ་ག་ཏེ་འགྱོཝ་སྨོ་ཟེར་ འདྲི་འདྲིཝ་མས། སྒོང་རྡོ་གིས་ ངེ་གི་ཨའི་ཨ་ལྕ་ཉེ་ཉེ་གིས་ འབག་ཡར་སོངམ་ལས་ འཚོལ་བ་འགྱོཝ་ཨིན་ཟེར་ སླབ་ནུག་ ཏེ་པ་ལང་ཡང་ ཆ་རོགས་སྦེ་ འགྱོ་གེ་ཟེར་ ཏེ་ཁོ་བཞི་སོང་ནུག།
    And then they reached in a new place where they met a bed. The bed asked where they were heading to and they told them that they are heading toward fox's place to bring back the hen. The bed decided to join them.
  • དཀར་པོ Karpoo
    དེ་ལས་ ད་རུང་ རང་ཐག་དང་ཕྱད་ཕྱདཔ་མས། ཁྱོད་བཞི་ག་ཏེ་འགྱོཝ་སྨོ་ཟེརཝ་འདྲིཝ་ད་ སྒོང་རྡོའི་ཨའི་ འ་དོམ་གྱིས་འབག་ཆེ་ནུག་ འཚོལ་བར་འགྱོཝ་ཨིན་ཟེར་ སླབ་ད་ ཁོ་ཡང་ ཆ་རོགས་སྦེ་འོང་ནུག། ཏེ་ད་རུང་ ལམ་ཁར་བོང་ཀུ་ཅིག་དང་ཕྱད་ཕྱདཔ་མས། ཁྱོད་ག་ཏེའགྱོཝ་ཟེརབ་ད་ སྒོང་རྡོའི་ཨའི་ ཨ་ལྕོ་ཉེ་ཉེ་གིས་ འབག་ཆེ་ནུག་ འཚོལ་བར་འགྱོཝ་ཨིན་ཟེར་ སླབ་ད་ ཁོ་ཡང་ ཆ་རོགས་སྦེ་སོང་ནུག། ད་རུང་ཡང་ ལུག་དང་ཅིག་ཁར་ཕྱད་ཕྱདཔ་མས། ཁྱོད་ག་ཏེའགྱོཝ་ཟེརབ་ད་ སྒོང་རྡོའི་ཨའི་ ཨ་ལྕ་ཉེ་ཉེ་གིས་ འབག་ཆེ་ནུག་ འཚོལ་བར་འགྱོའི་ཟེར་ སླབ་་ད་ ཁོ་ཡང་ ཆ་རོགས་སྦེ་སོང་ནུག།
    Again they met a stone mill on their way, who also joined them. Along with the stone mill, a donkey and a sheep also joined their forces and went to the fox's place.
  • དཀར་པོ Karpoo
    དེ་ལས་ ཁོང་ ལམ་ཁར་ལྷོདཔ་ད་ བསྟུན་འགྲོས་རྐྱབ་རྐྱབ་མས། ཨ་ལྕོ་ཉེ་ཉེ་ ཁྱིམ་ནང་ལྷོདཔ་ད་ སྒོང་རྡོ་ཁྱོད་ མེ་ནང་སྡོད་སྨ་རེ། ཨ་ནཱི་ གསེར་སྦྱངམ་དེ་ པ་ལང་ནང་སྡོད་སྨ་རེ། ཁབ་ཁྱོད་ ཅ་ལ་གུ་སྡོད་སྨ་རེ། ལུག་དེ་ སྒོའི་རྒྱབ་ལུ་སྡོད་ཟེར། རང་ཐང་དེ་ སྒོ་གུ་སྡོད་སྨ་རེ་ཟེར་ བོང་ཀུ་དེ་ སྒོ་ཁར་སྡོད་སྨ་རེ་ཟེར་ བཞག་བཞགཔ་ཨིན་པས།
    On their way, they made a plan against the fox and each of them were assigned with a mission. According to the plan the egg was told to sit on the fire, Bee was told to stay on the bed, needle on some stuffs and the sheep was told to stay behind the door. The stone mill was told to stay on the door and the donkey in front of the door.
  • དཀར་པོ Karpoo
    ཏེ་ཨ་ལྕོ་ཉེ་ཉེ་ མེ་འཕུ་བ་འཐོན་ར་ཐོན་འོང་། ཏེ་མེ་འཕུ་བ་འོངམ་ད་ སྒོང་རྡོ་ ཁྱོད་གས་འགྱོ་སྨ་རེ། སྒོང་རྡོ་གས་ཏེ་ བྱོག་འགྱོཝ་ད་ པ་ལང་འཐུཝ་ད་ གསེར་སྦྱངམ་གིས་ རྡུང་རྐྱབ་སྨ་རེ། ཅ་ལ་ནང་ལས་ ཁབ་ཀྱིས་ གསོབ་སྨ་རེ། ཕྱི་ཁར་འགྱོཝ་ད་ ལུག་གི་རྡུང་། དེ་ལས་ བོང་ཀུ་གི་རྡོག་ཐལ་རྐྱབ་ནང་ན་བཏང་། དེ་ལས་ ནང་ན་འོངམ་ད་ རང་ཐང་གིས་ མགུ་ཏོ་ཁ་རྐྱབ་སྦེ་བསད་ཟེར་ བསྟུན་གྲོས་རྐྱབ་ཚར་ཏེ་ འ་ནཱི་ལས་ ཁྱོད་ཀྱི་ ཨའི་ཐོབ་ཟེར་ སླབ་ནུག།
    When the fox lit the fire, the egg was told to crack and escape. Then the bee was asked to stung the fox and the needle to prick him badly. So when he run outside the sheep had to jab him and then followed by a kick from the donkey. When he gets kicked inside by the donkey, the stone mill had to mash his head and kill him.
  • དཀར་པོ Kapoo
    ཏེ་སྒོང་རྡོ་དེ་ མེ་ནང་སྡོདཔ་ད་ ཨ་ལྕོ་ཉེ་ཉེ་ ལཱ་སར་ལས་འོང་སྦེ་ མེ་ཕུརཝ་ད་ སྒོ་རྡོ་གས་ཡར་སོང་ནུག། བྱོག་སྟེ་ པ་ལང་འབད་སར་འོངམ་ད་ གསེར་སྦྱངམ་གིས་ རྡུང་རྐྱབ་བྱིན་ནུག། དེ་ལས་ ཅལ་ནང་ལས་ ཁབ་ཀྱིས་གསོབ་བྱིན་ནུག། ཕྱི་ཁ་ཐོནམ་ད་ ལུག་གིས་རྡུངས་ཏེ་ ཕྱི་ཁ་འགྱོཝ་ད་ བོང་ཀུ་གིས་ རྡོག་ཐལ་རྐྱབ་ནང་ན་བཙུགས་ད་ ཡར་ལས་རང་ཐག་གི་རྐྱབ་ཏེ་ འ་དོམ་འདི་ འ་ནཱེ་སྦེ་བསད་ད་ནུག། ཨ་རྒས་དང་ ཨང་རྒས་ཚུ་གིས་ བཤད་ནི་འདུག།
    When the fox return from his work place he went to cook, so he lit the fire and the egg cracked as he was told to and ran towards the bed, then the bee stung him followed by the needle's mission. He tried to ran outside but the sheep jabbed him and got kicked from the donkey. The kick from the donkey threw him inside and his head got mashed by the stone mills. This is what our forfather told us.