Skip to main content Skip to search
25 Jun 2018
3 min 4 sec
Video Overview
Creators: 
Duptho, Sonam Chophel

Pema Yangzom of Yabrang village tells the story of a fox and a hen. The fox tries to kill to hen through different means, but it is the fox who ends up dying in the end. The story shows that trying to destroy others’ life will eventually destroy oneself. She first heard this story from her mother Pema Lhadon when she was a child. 

༉  སྲུང་གཏང་ནི་གི་ལམ་སྲོལ་འདི་ དང་ཕུ་གློག་མེ་ལ་སོགས་པའི་འཕྲུལ་ཆས་ཀྱི་མཐུན་རྐྱེན་ཚུ་མེད་པའི་བསྒང་ལུ་ དར་ཁྱབ་ཆེ་ཏོག་ཏོ་སྦེ་ཡོད་པའི་འབྲུག་པའི་ལམ་སྲོལ་ངོ་མ་ཅིག་ཨིན་པས། དེ་ཡང་ ད་རེས་ནངས་པར་བཟུམ་སྦེ་བརྒྱང་མཐོང་དང་ཡོངས་འབྲེལ་ གློག་མེ་ཚུ་མེདཔ་ལས་ ཕྱི་རུ་ཧ་སུ་ཅིག་ཉལ་དགོ་ནི་དེ་གིས་ གཉིད་ལོག་མ་ཚུགས་པའི་གནས་སྐབས་ནང་ མགུ་ཧང་ཁར་བཀལ་སྦེ་ སྲུང་ཤེས་མི་རྒན་ཤོས་ཚུ་གིས་ གཞོན་ཤོས་ཚུ་ལུ་གཏང་སྡོད་པའི་སྲོལ་ དར་ཁྱབ་ཆེ་ཏོག་ཏོ་སྦེ་སྡོད་ནུག དེ་བཟུམ་སྦེ་ར་ བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཡབ་རང་ལས་པདྨ་དབྱངས་འཛོམས་ཀྱིས་ འ་དོམ་དང་བྱམོ་གི་སྲུང་འདི་གཏངམ་ཨིན་མས། སྲུང་གི་ནང་དོན་དང་འཁྲིལ་ཏེ་ རང་གི་བསམ་སྤྱོད་ཚུ་ཡང་ཡར་རྒྱས་གཏང་ཚུགས་པའི་གོ་སྐབས་ཡོདཔ་ཨིནམ་ད་ སྲུང་འདི་ནང་ཡང་ འ་དོམ་གྱི་ཐབས་ཤེས་སྣ་ཚོགས་ཐོག་ལས་ བྱམོ་གསད་ནི་གི་རྩིས་རྐྱབ་རུང་ མཐའན་མཇུག་ལུ་འ་དོམ་ཁོ་ར་ཤི་དགོཔ་ཐོན་སོ་ནུག སྲུང་འདི་བཟུམ་སྦེ་ར་ དཔྱེ་གཏམ་ལས་ བསམ་ངན་རོགས་ལ་བསམ་ན། །རྣམ་སྨིན་རང་ལ་ཁུར། །ཟེར་དོ་བཟུམ་སྦེ་ དཔེ་དེ་ཚུ་ལུ་བལྟ་སྟེ་ རང་དགོ་འདོད་དང་བཟའ་འདོད་ཀྱི་དོན་ལས་ ཕར་ལོགསམ་ལུ་བསམ་ངན་མནོ་མ་བཏུབ་པའི་སྐོར་ལས་སྟོནམ་ཨིན་པས།