Video Overview
བཟའ་ཚང་བཞིའི་སྐོར་ལས་འབད་མི་སྲུང་འདི་ མོང་སྒར་རྫོང་ཁག་ སྔ་ཚན་རྒེད་འོག་ལས་ ཀུན་བཟང་གི་བཏངམ་ཨིནམ་ད་ སྲུང་འདི་ ང་རྒྱལ་དང་ཕྲ་དོག་གི་སྐོར་ལས་འབད་མི་ བཅོས་སྲུང་ཅིག་ཨིན་པས། བཟང་ཚང་ཆ་མཉམ་ནང་ བྱ་སྤྱོད་ཚུ་ཅོག་འཐདཔ་སྦེ་ ཡོད་དོ་བཟུམ་སྦེ་ སྲུང་འདི་ནང་ཡང་ ཨ་པ་དང་ བུ་ བུམོ་འདི་ཚུ་ གཅིག་གིས་གཅིག་ལུ་ རྒྱུད་སྐུལ་འཇམ་ཏོང་ཏོ་མེད་པར་ མཐའ་མཇུག་ལུ་ གོ་ར་ཆ་མཉས་ ཤི་དགོཔ་གུ་ཐུག་ཆེ་ནུག། ཏེ་དོན་དག་ངོ་མ་འདི་ སྲུང་ཉན་མི་ཆ་ཁྱབ་ལུ་ ཤེས་ཡོན་སྤྲོད་དེ་ འདི་བཟུམ་གྱི་ བྱ་སྤྱོད་ཚུ་སྤང་ཐབས་ལུ་ཨིན་པས།
- Ngatsang
- ཀུན་བཟང་།/Kinzangདང་ཕུག་ ཨ་པ་༼བོག་པི་ལོམ་ནང་༽ ཨའི་ ༼ཤིང་སི༽ བུ་གྱོག་མོ་དང་བུམོ་ཀ་བལ་འབད་དེ་ ཁོང་བཟའ་ཚང་བཞི་སྡོད་ཡོདཔ་མས། ཧེ་མ་ ད་རེས་ནང་པ་བཟུམ་འབད་གློག་མེ་མེདཔ་ལས་མེ་ཆག་འབག་འོང་དགོ་དོ་མས། ཚར་ཅིག་འབདཝ་ད་ བུ་གྱོག་མོ་འདི་གི་ ང་བཅས་གནག་མདོག་ནང་སྡོད་མི་བཏུབ་པས་ ང་གི་མེ་ཆག་འབག་འོང་པ་འགྱོ་གེ་སླབ་དོ་མས་བུ་གི་
- ཀུན་བཟང་།/Kinzangཏེ་ མེ་ཆག་འབག་པ་འགྱོ་མིང་དགོ་བུ་ ཏ་མ་ཁྱོད་ཐང་ཆུ་གི་སྦྱར་ཁྱིམ་ནང་ལོག་མི་ལྷོད་སླབ་ད་ སྲུང་འདི་སྲུང་རང་མས་ མེ་ཆག་ཐང་ཆུ་མེད་པ་མེ་འབར་མི་བཏུབ་ ང་འགྱོ་ཐང་ཆུ་མེདཔ་འབག་གེ་སླབ་ ཡར་སོངམ་མས།
- ཀུན་བཟང་།/Kinzangདེ་ལས་ ཨ་པ་དང་ཨའི་གི་སླབ་བྱ་བྱིན་དོ་མས་ བུ་ཁྱོད་ཀྱི་ཐང་ཆུ་ལུ་སྦྱར་ལོག་ཁྱིམ་ནང་མི་ལྷོད་མས་ཟེར་སླབ་སླབ་མས་ དེ་ལས་ ཁོ་མར་ལྷོདཔ་ཅི་ སྟོང་ཕུག་ཤིང་ཐང་ཆུ་ཡོད་མི་ཅིག་སྤོག་གེ་ཟེར་འགྱོ་ད་ ཐང་ཆུ་གི་སྦྱར་གྱོང་ཡོདཔ་མས།
- ཀུན་བཟང་།/Kinzangཨ་པ་དང་ཨའི་ཚ་གྱང་ལང་ ལོག་མི་ལྷོད་པའི་ཟེར་ ཞག་གཅིག་ཡར་སོངམ་མས་ དེ་ལས་ དྲོ་པོ་བུམོ་གྱི་ཕོ་རྒནམ་མི་འོང་འབད་ ང་ལམ་ཁར་བལྟ་བ་འགྱོ་དགོ་པས་སླབ་སླབ་མས། དེ་ལས་ ཨ་པ་གི་ ཁྱོད་མེན་པ་ང་གི་འགྱོ་གེ་སླབ་མས་ལོ། དེ་ལས་ བུམོ་གྱི་ཨ་པ་ང་འགྱོ་གེ་ཁྱོད་ལས་ ང་མགྱོགས་སླབ་ བུམོ་ཀ་བལ་སོང་ཡོདཔ་མས།
- ཀུན་བཟང་།/Kinzangཁྱོད་གཤོང་བདའ་འགྱོ་མ་རེད་ སྤོ་ཏོ་བདའ་འགྱོ་བ་ཅིན་རླུང་མ་གྱི་འཕྱག་བདའ་སྟེ་ ལོག་ཁྱིམ་ནང་མི་ལྷོད་མས་སླབ་སླབ་མས་ དེ་ལས་ འ་ག་ཅི་འབད་རླུང་གི་འཕྱག་བདའ་ནི་ང་གཤོང་བདའ་འགྱོ་ནི། དེ་ལས་ གཤོང་བདའ་མེན་པར་སྤོ་ཏོ་བདའ་འགྱོ་འབད་དེ་ རླུང་མ་གི་འཕྱག་བདའ་སྟེ་གྱོང་ཡོདཔ་མས།
- ཀུན་བཟང་།/Kinzangའ་ ད་ཕོ་རྒནམ་གྱོང་ཡི་ས་ བུམོ་ཡང་འོང་ནི་མིན་འདུག་ ཨ་པ་ ༼བོག་པི་ལོམ་ནང་༽ ད་ཨ་ལོ་གཉིས་འོང་ནི་མིན་འདུག་ ང་འགྱོ་བལྟ་གེ་སླབ་སླབ་མས་ དེ་ལས་ ཨམ་གྱི་ཁྱོད་ཀྱི་ཡང་ལོག་ལྷོད་ཚུགས་མེད་མ་རེད་ གཤོང་བདའ་མིན་པར་སྤོ་ཏོ་བདའ་འགྱོ་རྦོབ་རིལ་འགྱོ་འོང་མེད་སླབ་ད་ འ་རྦོབ་མི་རིལ་གཤོང་བདའ་འགྱོ་འོང་བ་སྟེ་སླབ་འགྱོ་ སྤོ་ཏོ་ལས་སོང་རྦོབ་རིལ་ཤི་སོངམ་མས།
- ཀུན་བཟང་།/Kinzangཨ་པ་ཡང་ལྷོད་ནི་མེད་ བུ་ཡང་ལྷོད་ནི་མེད་ བུམོ་ཡང་ལྷོད་ནི་མེད་ ཨའི་འདི་༼ཤིང་སི༽ ཐབ་ཀྱི་རྩ་བ་སྡོདཔ་ཨིན་ཟེར་ མེ་གི་ཞུ་ཤི་ཡི་ལོ་ མཇུག་ལུ་ལྷོདཔ་ད་ཁོང་བཟའ་ཚང་བཞིཔ་ཆ་རང་གྱོང་སོང་ཡི་ལོ། བཀྲིན་ཆེ།