Skip to main content Skip to search
30 Aug 2018
2 min
Video Overview
Creators: 
Rinzin Dema, Dorji Dolma

སྤ་རོ་རྫོང་ཁག་ ཧཱུཾ་རལ་རྒེད་འོག་ལས་གླེ་མོ་གིས་ ཀི་ཤིག་གི་བཀྱག་རྒྱ་སྨུག་དང་ ཤིག་གི་བྱང་ཁོག་དཀརཔོ་འདི་ ག་ཅི་སྦེ་འོང་དགོཔ་ཨིན་ནའི་སྐོར་ལས་ སྲུང་གཏངམ་ཨིན་མས། དེ་ཡང་ ཤིག་དང་ཀི་ཤིག་གཉིས་ བར་ནའི་རྒྱལ་འདི་ ཧེ་མ་ག་མགྱོགས་མི་དེ་གིས་ལྟོ་བཟའ་ནི་སྦེ་ བང་རྒྱུག་འགྲན་བསྡུར་འབད་བའི་སྐབས་ ཤིག་གིས་རྒྱལ་ཁ་ཐོབ་སྟེ་ ལྟོ་ཧིང་སང་ས་ཟ་སྦེ་ ཧོད་ཡང་ཆུ་འཁྱུ་སྦེ་ག་ཕུབ་རྐྱབ་བཞག་སྟེ་ངལ་འཚོ་སྡོདཔ་ད་ རྟིང་བདའ་ཀི་ཤིག་ལྷོད་དེ་ ཀི་ཤི་ལྟོ་ཟ་ནི་འབདཝ་ད་ ལྟོ་མེད་པར་ཁོང་གཉིས་འཐབ་འཛིང་འབདཝ་ད་ ཀི་ཤིག་གིས་ མེ་རུ་འཐུ་ཞིནམ་ལས་ ཤིག་གི་བྱང་ཁོག་གུ་བླུགས་བྱིནམ་ད་ ཤིག་གི་བྱང་ཁོག་དཀརཔོ་བཟོ་དཔ་ཨིན་པས། དེ་ལས་ཤིག་གིས་ ཀི་ཤིག་འཐུཝ་ཅིག་མེ་ནང་བཀོཝ་ད་ བཀྱག་རྒྱ་སྨུག་སྦེ་བཟོ་དཔ་ལས་ ད་རེས་ཀི་ཤིག་གི་བཀྱག་ རྒྱ་སྨུག་སྦེ་ཡོད་དགོ་མི་དེ་ འདི་ཨིན་ཟེརཝ་མས།

Lemo from Hungrel Gewog (county) in Paro district, narrates a story explaining the brown color of fleas and the white chest of lice. According to her story, a fight broke out between a flea and a louse. The flea took a piece of burning coal and hit it on the chest of the louse, turning its chest white. In return the louse threw the flea into the fire, turning it brown. The story also mentions the ideas and strategies the louse had in defeating the flea in an eating competition. The practice of storytelling has declined significantly since the old days.

 

Transcript search
No results found for this search
0 of 0
  • ཨམ་གླེ་མོ་ Aum Lemo
    ད་ང་གིས་སྲུང་ཆུང་ཀུ་ཅིག་ གངམ་འདི་མི་ཤེས་ད་མ་པ་ ཏེ་ཆུང་ཀུ་ཅིག་སླབ་གེ་ནོ།
    I don't know more stories but I will narrate a short story.
  • ཨམ་གླེ་མོ་ Aum Lemo
    དང་ཕུ་དང་ཕུ་ དིང་ཕུ་དིང་ཕུ་ ཀི་ཤིག་གཅིག་དང་ཤིག་མོ་གཅིག་རྒྱལ་སྤུངས་ཏེ་ ཁོང་གཉིས་ཀུ་ ཏེ་ད་ད་རེས་ལྟོ་འདི་ ཏེ་ང་བཅས་ར་ལྟོ་འབད་ སྤགས་བཙོ་སྦེ་ ཏེ་ནི་ལས་ཏེ་ རི་ཁར་ཤིང་འཐུ་བར་འགྱོ་གེ་ནོ་ཟེར་ ཏེ་ཤིང་འཐུ་ས་ལས་མར་ག་མགྱོགས་མི་འདི་གིས་ ཏེ་ལྷག་མ་མེད་པར་བཟའ་ནི་སྦེ་ ཏེ་ཁོང་གཉིས་ཀུ་རྒྱལ་སྤུངས་སྤུངསམ་མས།
    Long long ago, a flea and a louse had a bet, they cooked special rice and meat for lunch and then betted that who ever comes first from the forest with firewood will eat all the lunch.
  • ཨམ་གླེ་མོ་ Aum Lemo
    ཏེ་ཁོང་གཉིས་ཀུ་རྒྱལ་སྤུངས་ ཏེ་ཁོང་གཉིས་ཀུ་ལྟོ་འབད་ སྤགས་བཙོ་ སྤ་་་་་་་་ ཇ་ཀ་པག་པ་སྦེ་བཟོ་ཐབ་ཁར་བཀལ་བཞག་སྦེ་ ཏེ་ཁོང་གཉིས་ཀུ་ཤིང་འཐུ་བར་སོང་ནུག ཏེ་རི་ཁར་ཤིང་འཐུ་ ཏེ་ཤིང་ཁུར་སྦྲགས་སྦེ་ ཏེ་ནི་ལས་ ཏེ་ཡར་ལས་མར་ག་མགྱོགས་རྒྱུག་ནི་ཟེར་འགྱོཝ་ད་ ཏེ་ཀི་ཤིག་འདི་གནམ་མེད་ས་མེད་མཆོང་སྟབས་བདེ་ནི་འདི་གིས་ ཁོ་མཆོང་ཕོགས་རེ་ནང་ཤིང་ཁུར་ཚར་རེ་ཧྲམ་ ད་རུང་ཤིང་ཁུར་སྦྲགས་སྡོད་ མཆོང་ཕོགས་རེ་ནང་ཤིང་ཁུར་ཚར་རེ་ཧྲམ་ ད་རུང་ཤིང་ཁུར་སྦྲགས་སྡོད་ རོགས་ཤིག་མོ་གིས་ངལ་འཚོ་མི་དགོ་པ་གུར་གུར་བཏང་ ཏེ་མོ་མཆོང་མི་ཐེག་པ་འབད་ནི་འདི་གིས་ འ་ནཱི་སྦེ་ར་འགྱོཝ་ད་ ཏེ་རོགས་མར་བཞེས་སྒོ་རྩ་བར་ ཤིག་མོ་མགྱོགས་སོ་ནུག
    Two of them cooked their delicious lunch with special tea and went to collect firewoods as per their bet. They collected forewoods and made themselves ready to compete the race. As flea is expert in hooping, he hooped with the greed to get first but his single hoop crumbled his agganged firewoods and made him rearrangment it again; as the louse didn't know how to hoop, she ambled and she got first to reach near their lunch.
  • ཨམ་གླེ་མོ་ Aum Lemo
    ཤིག་མོ་མགྱོགས་ ཤིག་མོ་གིས་ལྟོ་དྭངས་འཕྲོས་འཕྲོས་ཟ་ རོགས་རྫམ་ཡང་ཆུ་འཁྱུ་ ག་ནི་ཡང་མེད་པ་ རོགས་ཐབ་ཁར་སྤུབས་བཞག་སྦེ་ ཏེ་རོགས་མོ་ཨ་རམ་(meaning 'rest' in Hindi Language)(ངལ་འཚོ་སྦེ་)སྡོདཔ་ད་ ཀི་ཤིག་འོང་དེས་ཟེར་བས་ལོ་ ཤིང་ཁུར་ཧྲམ་ཡི་ར་ ཏེ་ཁོ་འོང་ ཏེ་ཁོ་ལྟོ་ཟ་ནི་འབད་བའི་བསྒང་ལསན་ ཏེ་ཐབ་ཁ་ལུ་ཆུ་ཕོརཔ་གང་ཡང་མེད་སྦེ་ རྫམ་ཡང་ཆུ་བཤལ་ག་ཕུབ་རྐྱབ་བཞག་སྦེ་ ཏེ་འདི་ལས་ཁོང་གཉིས་ཀུ་རྒྱགས་སོ་ནུག་ དེ་ལས།
    She than eat all the food and washed all the pots making sure that even a particle of food is not left and she rested. Meanwhile, the flea came and he looked for lunch but he found all the pots washed and arranged upside down. Then teo of them qurreled.
  • ཨམ་གླེ་མོ་ Aum Lemo
    རྒྱགསཔ་ཅིགན་ ག་ཅི་ལོ་ ཨ་ནཱི་ཀི་ཤིག་གིས་ ཡར་ལས་[གས་རོག་?]འཐུཝ་ཅིགན་ཤིག་མོ་གི་བྱང་ཁོག་གུ་དབུརཝ་ཅིགན་ ཏེ་ཤིག་མོ་ད་རེས་བྱང་ཁོག་དཀརཔོ་སྦེ་ཡོད་མི་འདི་ [གས་རོག་?]དབུརཝ་ཏེ་ནཱ་ལས་ཡར་དཀརཔོ་བཟོ་དཔ་ཨིན་ཟེར་ཨིན་མས། ཏེ་ཤིག་མོ་ཙིགཔ་ཟ་ ཀི་ཤིག་འཐུཝ་ཅིགན་ ཡར་མེ་རོ་ནང་བཀོཝ་ཅིགན་ ཏེ་ཀི་ཤིག་ད་རེས་གསེར་རུག་རུག་སྦེ་ཡོད་མི་འདི་ འ་ནཱི་སྦེ་ཨིན་ཟེར་ ཨིན་མས་ལགས། ཨ་ནཱིམ་ཅིག་རང་ཨིན།། །།
    While qurreling, the flea took out a burining coal and rubbed on the chest of louse and thats why lice are with white chest these days, then the louse got angry and threw that flea in the fire and this is the reason for fleas being in yellowish brown colour. This is it.