Skip to main content Skip to search
01 Sep 2018
4 min
Video Overview
Creators: 
Sherig Dentshog

This story is about a flea and a louse who were very close friends. One day they made an agreement to collect firewood together from the forest. They had prepared food before they went out. The two of them agreed not to eat food until both of them are back at home. The louse reached home and was very tired and went to sleep. The flea came later and thought that the louse had eaten all the food. The flea pricked the louse with burning wood on his chest. Later the flea found the food left untouched and regretting his mistake of killing the louse. The flea was devastated and began to cry. A man asked the flea why he was so sad. The flea responded that his friend, the little louse, had burnt to death. Hearing this sad tale the man's eyes began to well up with tears. Seeing the man like this, a footpath asked the man and he narrated the entire story. Heartbroken, the footpath started to become crooked. Meanwhile, a bird standing next to the footpath also heard the story and turned blind. A body of water also saw the footpath and asked what the matter was. It told the same sad tale to the water. Shocked, the water broke into tears and started to dry. Lastly a goat heard the sad tale and bent its horn in sorrow.

༉  ཤིག་དང་ཀི་ཤིག་གི་སྲུང་དེ་ མང་ཤོས་ཅིག་གིས་ར་ མཛར་ཅུམ་བཟའ་ནི་གི་དོན་ལས་འགྲན་བསྡུར་འབད་བའི་སྐོར་ལས་སླབ་སྲོལ་ཡོདཔ་ཨིན་རུང་ རྩི་རང་རྫོང་ཁག་བཀྲིས་སྤང་ལས་དཀར་པོ་གིས་བཏང་མི་སྲུང་འདི་ནང་འབད་བ་ཅིན་ འགྲན་བསྡུར་འབད་བའི་སྐོར་ལས་མེན་པར་ ཀི་ཤིག་གིས་རྟགས་དཔྱད་མ་འབད་བར་ ཤིག་བསད་བཏང་པའི་སྐོར་ལས་ཐོན་ནི་འདུག དེ་ཡང་ ཁོང་གཉིས་ལྟོ་དང་ཚོདམ་འབད་བཞག་སྦེ་ ཤིང་འཐུ་བར་སོང་སྟེ་ལོག་ལྷོདཔ་ད་ ཤིག་ཧེ་མ་ལྷོད་དེ་ངལ་འཚོ་སྟེ་ཉལ་སྡོདཔ་ད་ ཤིག་ཧེ་མ་འོང་སྦེ་ལྟོ་ཟ་དཔ་འོང་ནི་མས་ཟེར་ ལྟ་ར་མ་བལྟ་བར་ ཀི་ཤིག་ཙིགཔ་ཟ་སྟེ་ (མེ་རོ་) བྱང་ཏོག་ཁར་དབུར་བྱིན་ཏེ་ ཤིག་ཤི་སོང་པའི་སྐོར་ལས་འཐོན་ནི་འདུག དེ་ལས་འདི་གི་མྱ་ངན་གྱིས་འབད་རིམ་པ་བཞིན་དུ་ མི་དང་ལམ་ བྱིའུ་ཅུང་དང་ཆུ་ དེ་ལས་ལུག་ཚུ་ཡང་མྱ་ངན་འབད་བའི་སྐོར་ལས་འཐོན་དོ་ཡོདཔ་ལས་ གཞན་གྱི་བཏང་མི་སྲུང་དང་མ་འདྲཝ་ཅིག་ར་འདུག

Transcript search
No results found for this search
0 of 0
  • དཀར་པོ། Kapoo
    ཀི་ཤིག་དང་ཤིག་འདི་འ་ནི་འབད་མས་བ་ ཁོང་གཉིས་ཆ་རོགས་ཨིན་མས་ ཀི་ཤིགག་དང་ཤིག་འདི། ཁྱིམ་ནང་ལྟོ་བཟོ་ ཕགཔ་ཤ་སྤག་དང་ཉ་འཚོ་བཞག་འབད་ཤིགང་འཐུ་བར་འགྱོ་ནུག་ ང་བཅས་གཉིས་ག་ཧེ་མ་ལྷོད་རུང་མ་བཟའ་བར་སྡོད་ གཅིག་ཁ་བཟའ་གེ་ཟེར་སླབ་སླབ་མས། ཤིགང་འཐུ་འབད་ལོག་ལྷོདཔ་ད་ལུ་ དེ་ལས་ཤིགང་འཐུ་བར་འགྱོ་ནུག་ལྟོ་ག་རང་བཟོ་འབད། དེ་ལས་ཤིགང་འཐུ་འབད་འོངམ་དང་ཤིག་འདི་ཤ་ར་ར་འོང་ནུག་ ཏེ་ཀི་ཤིག་འདི་མཆོངའི་རང་ཤིང་ག་རང་བཀོའི་རང་འདི་འཐུ་སྡོད་ནུག ཏེ་ཤིག་འདི་ཁྱིམ་ནང་ལྷོད་འབད་འུ་སྡུག་འབད་ཉལ་སྡོད་སྡོད་མས་ ཏེ་ཀི་ཤིག་འདི་ལྷོདཔ་ཅིག་ལྟོ་མ་བལྟ་བ་རང་ མེ་གི་བྱང་ཁོག་གུ་རྐྱབ་བྱིན་ད་ནུག
    The flea and louse were once friends. And back at home they prepared food and curry of pork and fish then they went to collect firewood. And they agreed not to eat food unless both of them are back to home. They left for firewood collection then and while returning louse came steadily and flea jumped here and there and lost most of his firewood. Louse reached home feeling tired and he slept. And after flea arrived he pricked louse with burning wood on his chest and accused louse by saying
  • དཀར་པོ། Kapoo
    ཁྱོད་སྒུག་སྡོད་ཟེར་སླབ་ད་ ལྟོ་བཟའ་ད་ནུག་མས་ན་ ཟེར་རྐྱབཔ་བྱིནམ་ལས་ཤིག་འདི་ཤི་སོང་ནུག དེ་ལས་བལྟཝ་ད་ལུ་ལྟོ་དང་ཚོདམ་གཉིས་ཆ་རང་འདུག་ལོ་ དེ་ལས་ཨའེ་ང་ལྟོ་དང་ཚོདམ་མ་བལྟ་བར་རང་བསད་ད་ནུག་མནོ་ འབད་ཤེམ་མྱ་ངན་འབད་སྡོད་ནུག ཏེ་མི་གཅིག་འོང་འབད་ ཀི་ཤིག་ཁྱོད་ག་ཅིག་འབད་མྱ་ངན་འབདཝ་སྨོ་ཟེར་ནུག ང་དང་ཤིག་འདི་ལྟོ་བཟོ་འབད་ ག་ལྷོད་རུང་ལྟོ་མ་བཟའ་བ་སྡོད་ནི་འབད་ཁ་ཚིག་བཞག་འབད་ཤིང་འཐུ་བར་འགྱོའི་ དེ་ལས་ལོག་འོངམ་ད་ང་གི་མ་བལྟ་བར་ལྟོ་བཟའ་ད་ནུག་མནོ ཁོ་མེ་གི་བྱང་ཁོག་རྐྱབ་ལས་བསད་ད་ཡི།
    “I told you to wait, you have eaten all food.” As pricked by burning wood louse died. And after that he regretted after seeing the food left untouched and while he was regretting for his mistake a man came and asked “why you are saddened?” and flea answered “me and louse agreed not to eat food unless both of us are back form firewood collection. And he came first and I thought he eat food. I pricked him with burning wood and killed.
  • དཀར་པོ། Kapoo
    ང་འདི་མྱ་ངན་འབད་འདི་སྡོདཔ་ཨིན་ཟེར་ནུག་ ཨ་འོ་ཁྱོད་མྱ་ངན་འབད་སྡོད་པ་ཅིན་ང་མིག་ཏོ་སྦོ་སྡོད་ནི་ཟེར་མིག་ཏོ་སྦོ་འབད་སྡོད་ནུག ཏེ་དེ་ལས་མིག་ཏོ་སྦོ་འབད་ལོག་འགྱོཝ་ད་ ལམ་གི་སླབ་ནུག་དབའི་ཁྱོད་མིག་ཏོ་ཧེ་མ་ལེགས་ཤོམ་ཡོད་ ག་ད་རེས་ག་ཅིག་འབད་སྦོ་ཚད་ཡི་ཟེར་ནུག ད་ཤིག་ཤི་ཀི་ཤིག་མྱ་ངན་འབད་ དེ་ལས་ང་མིག་ཏོ་ལོག་གཅིག་སྦོ་སྡོད་ཨིན་ཟེརཝ་ད་ ལམ་གི་ཡང་ང་ཡང་བཀུག་འབད་སྡོད་ནི་ཟེར་ལམ་བཀུག་འབད་སྡོད་ནུག ད་རུང་བྱ་ཅིག་ཆུ་མཐུང་མ་འགྱོ་ད་ བྱ་གི་དྲིས་ནུག ལམ་ཁྱོད་ཧེ་མ་ལེགས་ཤོམ་ཡོད་ད་རེས་བཀུག་ཡར་སོང་ནུག་བ་ཡ། ཤིག་ཤི་ ཀི་ཤིག་མྱ་ངན་འབད་ ང་བཀུག་སྡོད་ཡི་ཟེར་སླབ་ནུག
    So I am sad” and man said “if you regret then I shall make my either part of my eye swollen” and the man left with swollen eye and the foot path asked him “what have happened to you, your eyes used to be in good term but why happened to it today?” man responded “louse has been killed, flea was saddened by this, so I thought of swelling my eye and so I am.” And foot decided to be crooked. And then bird while going to drink water he asked the road “what happened, you are crooked today.”And road said “louse has been killed, flea was saddened by this, and resulted in swelling of man’s eye, so I decided to be crooked,” responded the road.
  • དཀར་པོ། Kapoo
    དེ་ལས་བྱ་འདི་ཆུ་མཐུང་མ་འགྱོ་འགྱོཝ་མས་ ཏེ་བྱ་འདི་གི་ལམ་ཁྱོད་ལེགས་ཤོམ་འབད་ཡོད་ ཏེ་བཀུག་ཡར་སོང་ནུག་བ་ཡ་ཟེར་ནུག མི་ཤིག་ཤི་ཀི་ཤིག་མྱ་ངན་འབད་ལམ་བཀུག་འགྱོ་ཏེ་ང་ཡང་མིག་ཏོ་གཅིག་ཞརཝ་འགྱོ་སྡོདཔ་ཨིན་ཟེར་ ཆུ་ལུ་སླབ་ནུག དབའི་ཁྱོད་མིག་ཏོ་ཞརཝ་འབད་སྡོད་པ་ཅིན་ང་ཡང་བསྐམས་སྡོད་ནི་ཟེར་ནུག་ཆུ་གི་ དེ་ལུག་ཆུ་མཐུང་པར་འགྱོ་ནུག ང་ཨ་རྟག་རང་ཆུ་མཐུང་དག་ག་ཅིག་འབད་བསྐམས་སོངམ་སྨོ་ཟེར་སླབ་ད། ཤིག་འདི་ཤི་ཀི་ཤིག་མྱ་ངན་འབད་ བྱ་མིག་ཏོ་སྦོ་ ལམ་ཡང་བཀུག་ དེ་ལས་ང་ཡང་བསྐམས་སྡོད་ཅིག་ཟེར་ནུག ཨ་དབའི་འདི་འབད་ང་ཡང་རཱ་ཝ་གཡོ་སྡོད་ནི་ཟེར་ རཱ་ཝགཡོ་སྡོད་ཅིག་ཟེར་བའི་སྲུང་བཏང་ནི་འདུག
    And bird decided to have blinded his eyes and was being questioned by water as before and water said “if you want to be blinded, I too want to dry.” And at last goat went there and asked “I always came here to drink but you are dried today. What happened to you today?” asked the goat. And river told “louse has been killed, flea was saddened by this and resulted in swelling of man’s eye, road got crooked and bird got blinded and I decided to get dried” said the water. then goat decided to bend his horn. This is how story is narrated to us.