31 Aug 2015
14 min 59 sec
Video Overview
Creators:
Sherig Dentshog
"The Story of a Fisherman" narrated by Khangyam Dolma from Shali conveys the message that every task should be accomplished with diligence so that dreams and aspirations can be fulfilled. Moreover, the story says that even if one possesses the money to fulfill all kinds of aspirations, it is good fortune and karma that will determine whether or not it will be possible to hold on to that fortune.
༉ པདྨ་དགའ་ཚལ་ ཤ་ལི་ལས་ མཁས་མཉམ་སྒྲོལ་མ་གིས་ གཏང་མི་སྲུང་འདི་གི་བརྗོད་དོན་དེ་ ལཱ་ག་ཅི་ར་འབད་རུང་ སྙིང་རུས་དང་སེམས་ཤུགས་ཡོད་པ་ཅིན་ མནོ་བའི་དོན་ཚུ་ འགྲུབ་རང་འགྲུབ་ཚུགས་པའི་དཔེ་དང་ དེ་ལས་ རང་ལུ་བསོད་ནམས་ཅིག་མེད་པ་ཅིན་ ནོར་བུ་དགོས་འདོད་སྤུངས་འཇོམས་ཐོབ་རུང་ རང་གི་ལག་པར་མི་ཆགས་ ཟེར་བའི་དོན་སྟོནམ་ཨིན་མས།
- Shali
- མཁས་མཉམ་སྒྲོལ་མ་:Khengyam Demaདང་ཕུ་ ཉ་རོགསཔ་ཅིག་འགྱོ་འགྱོཝ་ཨིན་པས། ཉ་རོགསཔ་ཅིག་བསྐོར་ཏེ་འགྱོཝ་ད་ལུ་ ས་ ས་ གཡུས་ཚན་གཉིས་ཀྱི་མགུ་ལུ་ གཡུས་ཚན་གཅིག་ཕྱུགཔོ། གཡུས་ཚན་གཅིག་སྤྱང་ཀ་ཨིན་དོ་ཡོདཔ་མས། འ་ནཱི་ གཡུས་ཚན་གཅིག་ སྤྱང་ཀ་དེ་ཁར་ནོར་ག་ནི་ཡང་མེད་པར་ སྟོངམ་ཡོདཔ་མས་ལགས།
- མཁས་མཉམ་སྒྲོལ་མ་:Khengyam Demaཏེ་གཡུས་ཚན་ཕྱུགཔོ་དེ་ཁར་འདི་ མཚོ་གནམ་མེད་ས་མེད་ ལེགས་ཤོམ་ཅིག་འདུག་ཟེར་ཨིན་པས། ཏེ་འ་ནཱི་མཚོ་དེ་ཁར་ ཉ་རོགས་པ་འདི་ ཉ་བཟུང་ཡི་བཟུང་ཡི་ བཟའ་སྡོད་སྡོདཔ་མས་ཁོ།
- མཁས་མཉམ་སྒྲོལ་མ་:Khengyam Demaམཚོ་ནང་ལས་ ཉ་བཟུང་ཡི་བཟུང་ཡི་ བཟའ་སྡོདཔ་ད་ལུ་ཏེ་ གཞན་མི་ཁོང་ རྒྱལ་ཁབ་སྤྱང་ཀ་གཅིག་གིས་ སླབ་སླབ་མས་ལགས། དབའེ་ ང་བཅས་ཀྱི་ གཡུས་འདི་ ག་ཅི་སྦེ་ཡར་རྒྱས་མ་འགྱོཝ་ཨིན་ན་ཟེར་བ་ཅིན་ ང་བཅས་གསུམ་གྱིས་ཏེ་ རྟེན་ཚུ་ཡང་ག་ཅི་ཡང་མིན་འདུག།
- མཁས་མཉམ་སྒྲོལ་མ་:Khengyam Demaཡར་ལས་བཟུང་མི་ནོར་ཡང་ ག་ཅི་ཡང་མིན་འདུག། དེ་ལས་བརྟེན་ཏེ་ སྤྱང་ཀ་ཨིན་མས། ད་ ཁོང་གི་ ཕྱུགཔོ་པའི་གཡུས་འདི་ མཚོ་གནམ་མེད་ས་མེད་ གཡང་མཚོ་ཕྱུགཔོ་གཅིག་འདུག། འ་ནཱི་འདི་ ང་བཅས་རའི་ གཡུས་ཁར་ལྷོད་པ་ཅིན་ ང་བཅས་ཡང་ ཕྱུགཔོ་འགྱོ་ནི་ཨིན་མས་ཟེར་ སླབ་སླབ་མས་ རྒྱལ་ཁབ་གཅིག་གི་
- མཁས་མཉམ་སྒྲོལ་མ་:Khengyam Demaཨིན་ ང་བཅས་ཡང་ ཕྱུགཔོ་འགྱོ་ནི་ཨིན་མས་ཟེར་ སླབ་ད་ལུ་ཏེ་ དབའེ་ རྒྱལ་པོ་གིས་ སླབ་ནུག། དབའེ་ འ་ནཱི་གཡུས་ཀྱི་ མཚོ་འདི་ རང་གི་ གཡུས་ཁར་འབག་ནི་གི་ གནས་སྐབས་མེད་ག་ཟེར་ སླབ་ད་ལུ་ གྲུབ་ཐོབ་པ་ཅིག་གིས་ སླབ་ནུག་ལགས། ཨའེ་ གནས་སྐབས་འདི་འོང་ འོང་ནི་འདི་ཟེར་ སླབ་ད་ལུ།
- མཁས་མཉམ་སྒྲོལ་མ་:Khengyam Demaཏེ་ག་དེ་སྦེ་ནི་ཟེར་ ཁོང་ཚུ་ དུས་ཚོད་ཁར་འཛོམས་ཏེ་ འཛོམས་བསྡུ་བཀུག་ཏེ་ བྱེལཝ་ལངམ་ད་ལུ་ ད་ ག་ཅི་ཨིན་རུང་ ནུབ་མོ་ར་ཨིན་རུང་སོང་སྟེ་ འ་ནཱ་ལས་ ཡར་བལྟ་བཙུགས་ཏེ་ ཁོ་གི་ གསོལ་ཁ་ཕུལ་སྦེ་ མཚོ་འདི་ འབག་ནི་གི་ཡོད་ཟེར་ སླབ་ནུག་ གྲུབ་ཐོབ་པ་གིས།
- མཁས་མཉམ་སྒྲོལ་མ་:Khengyam Demaགྲུབ་ཐོབ་པ་གིས་ མཚོ་འདི་འབག་ནི་གི་ཡོད་ཟེར་ སླབ་ད་ལུ་ ད་ འ་ནཱི་མི་གིས་ ཡ་ཡ་ བཏུབ་འབད་ཚུགས་པ་ཅིན་ཟེར་ ཁོ་གི་ ཁ་བཟེད་ནུག་འབག་ནི་སྦེ་ འབད་ཚུགས་ཟེར་ ད་ འ་ནཱི་ གྲུབ་ཐོབ་པ་ཅིག་གི་ ད་ འ་ནཱི་ མཚོ་སྨན་རྒྱལ་མོ་འདི་ ཉན་ཏེ་སྡོད་དེ་ དབའེ་ ང་འབག་ནི་ཨིན་མས། ཉ་རོགསཔ་ཟེར་ ད་ ཁྱོད་ཀྱིས་ བདག་འཛིན་འབད་ཟེར་ མཚོ་ནང་ལས་ ཟོརཝ་རྙིངམ་ཅིག་ སྟོན་བྱིན་ནུག་མཚོ་ནང་ལས།
- མཁས་མཉམ་སྒྲོལ་མ་:Khengyam Demaཟོརཝ་རྙིངམ་སྟོན་བྱིན་ཏེ་འོང་ལས་ ཁོང་གི་ ང་ལེན་པར་འོངམ་ད་ བརྫམ་བཏང་ད་ཟེར་ སླབ་བཞག་སྟེ་ ད་ ཁོ་ ཞག་གསུམ་བསྒུགས་ནུག། ཞག་གསུམ་བསྒུགས་བལྟཝ་ད་ ནམ་ཡང་ལྷོད་ནི་མིན་འདུག་ཟེར་ཨིན་པས། ཞག་གསུམ་འགྱོ་རུང་ ཡ་ལ་ ང་ཡང་ནུབ་གཅིག་བསྒུགས་བལྟ་ཡི། གཉིད་སྡུག་ཡང་རྐྱབ་ཆེ་ཡི། ད་འབདན་ མི་ལྷོད་ནི་མས་ཟེར་ ཉ་རོགསཔ་ གཉིད་ཨ་ཙི་ཅིག་ལོག་སོངམ་མས་ཏེ།
- མཁས་མཉམ་སྒྲོལ་མ་:Khengyam Demaཨ་ཙི་ཅིག་ གཉིད་ལོག་སྟེ་སྡོདཔ་ད་ ཨ་ ཁོང་གསུམ་གྱིས་ གྲུ་བདའ་སྟེ་ མཚོ་ཚུ་མཐའ་མ་ལས་ སྐུདཔ་སྣ་ལྔ་གི་བསྐོར་ཏེ་ ཕུརཔ་བརྡབ་ཏེ་ ག་ར་ སྤར་བཅུག་ནུག། མཚོ་ག་ར་འཁོལ་ཏེ་ དབའེ་ དེ་ལས་ཏེ་ ཉ་རོགསཔ་ ཉ་རོགསཔ་ཟེར་ ལྷོང་ནུག་མཚོ་སྨན་རྒྱལམོ་གིས་ ཉ་རོགསཔ་ཉ་རོགསཔ་ཟེར་ལྷོངམ་ད་ ནམ་ཡང་ལོང་མ་བཏུབ་པར་ སྐད་ཤོར་ རྔུ་སྟེ་ ཧ་ལམ་ཅི་ལས་ཏེ་ མཚོ་འཁོལ་ཏེ་ ཁོ་ ཉ་རོགསཔ་ གཉིད་ལོག་མི་གི་གདོང་གུ་ ཨ་ཙི་ཅིག་ཕོག་ནུག།
- མཁས་མཉམ་སྒྲོལ་མ་:Khengyam Demaདེ་ལས་ཏེ་ འི་ཟེར་ ལོང་བཏངམ་ད་ལུ་ ང་ འབག་ནི་འབདཝ་ད་ ཁྱོད་ག་ཅི་འབདཝ་ ད་ཅི་ལས་ར་ཟེར་ སླབ་ནུག་ལགས། ཨ་མ་མ་ འབག་ནི་འབད་མི་ ག་ཏེ་འདུག་ཟེར་ འགྱོ་བལྟཝ་ད་ལུ་ མཚོའི་ལྟག་ལུ་ གྲུབ་ཐོབ་པ་ཅིག་གྲུབ་གནང་སྟེ་སྡོད་ནུག་ཟེར་ཨིན་པས། གསེར་སྐྱེམས་བཏང་སྟེ་ མཚོ་འབག་ནི་སྦེ་ དེ་ལས་ཏེ་ འབགཔ་ད་ལུ་མི་བཏུབ་ཟེར་ འ་ནཱི་ ཕུརཔ་གི་ ཨེབ་ནུག་ ཉ་རོགསཔ་གིས་ དབའེ་ ཁྱོད་ག་ཅི་འབདཝ་སྨོ་ཟེར་ སླབ་ད།
- མཁས་མཉམ་སྒྲོལ་མ་:Khengyam Demaཕུརཔ་སྟོན་མས་ཟེར་ཨིན་པས་ གྲུབ་ཐོབ་པ་གིས་ འ་ནཱི་ཨིན་ཟེར་ ཨ་ ཕུརཔ་འཕྱོག་སྟེ་ གྲུབ་ཐོབ་པ་ གསོབ་ནི་འབད་དེ་ ཁྱོད་དེ་སྦེ་མེན། འ་ནཱ་ལས་ མི་ཕུད་ག་ ག་ཅི་སྦེ་ མཚོ་འབག་དགོཔ་ཡོད་སྨོ་ ཁྱོད་ཟེར་ ཕུད་དེ་ སྐུདཔ་སྣ་ལྔ་ཕུད་བཅུག་སྟེ་ དེ་ལས་ཏེ་ མཚོ་འབག་མ་ཚུགས་ལོ། ཁོ་གི་གཡུས་ཁ་ལས། ཁོ་ཡང་ ཕྱུགཔ་སྦེ་ར་ལུས་ཡི་ཟེར་ཨིན་པས། མ་པ་ འ་ནཱི་ མཚོ་འབག་ཡར་སོང་པ་ཅིན་ འ་ནཱི་གཡུས་འདི་ སྤྱང་ཀ་འགྱོ་སྟེ།
- མཁས་མཉམ་སྒྲོལ་མ་:Khengyam Demaགཞན་མི་གཡུས་སྤྱང་ཀ་འདི་ ཕྱུགཔ་འགྱོ་ནི་ཨིན་པས། ཨ་ དེ་ལས་ མ་བྱིནམ་ལས་ ཨ་ དེ་ལས་ཏེ་ མཚོ་སྨན་རྒྱལམོ་གིས་ ཡ་ ཁྱོད་དྲག་ཅི། ཁྱོད་ཀྱིས་ འ་ནཱེ་སྦེ་ རྒྱབ་སྐྱོར་འབད་དེ་ བདག་འཛིན་ཐབས་ཏེ་ ང་མ་འབག། ད་ ངེ་གཡུས་ཁ་ ལྟདམོ་བལྟ་བར་འགྱོ་གེ་ཟེར་ སླབ་ནུག་ མཚོའི་ནང་ན། ལྟདམོ་བལྟ་བར་འགྱོ་ནི་ཟེརཝ་ད་ ཁྱོད་ ལོ་ག་དེམ་ཅིག་སྡོད་ནི་ཟེར་ སླབ་ནུག་ལགས།
- མཁས་མཉམ་སྒྲོལ་མ་:Khengyam Demaང་ ཞག་གསུམ་དེ་ཅིག་སྡོད་ནི་ཁོམས་ཟེར་ སླབ་ནུག་ ཉ་རོགསཔ་གིས། ཨ་ ལྟོདམོ་བལྟ་བར་འགྱོ་ནི་ཟེར་ མར་བལྟ་འཁྱིད་སོང་ནུག། འགྱོཝ་ད་ ནོརཔ་ལེ་ཤ་ཕྱད་དེ་ ས་ཆ་ལེགས་ཤོམ་ལེགས་ཤོམ་ཕྱད་དེ་ ནང་ན་བཅད་ མར་མེ་འབད་དེ་ ལྷ་ཁང་ཡོན་ཆགས་ག་ཅི་ཡང་ ཕྱད་ཅི་ཟེར་ཨིན་པས། དེའི་ཉིན་མ་ལུ་ ཡ་ ཁྱོད་ ལྟོདམོ་བལྟ་སྟེ་ ནོར་ལེ་ཤ་ ཁྱོད་ལུ་ རིན་སྤྲོད་ནི་ ཁྱོད་ ནོར་བུ་ ག་ཅི་དགའཝ་སྨོ? ཁྱོད་འབག་དགོན་འབག་ཟེར།
- མཁས་མཉམ་སྒྲོལ་མ་:Khengyam Demaཡ་ ནོརཔ་ལེགས་ཤོམ་ཅིག་བྱིན་ནུག། འ་ནཱི་ མཚོ་སྨན་རྒྱལ་མོ་གིས། ག་ཅི་ཡང་འབྱུང་བའི་ནོརཔ། ནོརཔ་འདི་ལས་ལྷག་མེད་པའི་ དགུ་དེར་སྤུང་དེར་ཟེར་མི་འདི་ འདི་ཨིན་ཟེར་སླབ་དེས། ཏེ་ཁོ་ འ་ནཱི་འབག་སྟེ་ བསྐོར་ཏེ་བལྟཝ་ད་ ཁོ་ཡར་བལྟ་ ལྷ་བྲག་སེང་ལས་ཡར་བལྟ་འགྱོཝ་ད་ལུ་ ལྷ་གཡུས་པ་ཚུ་ ཆུ་འཁྱུ་སྟེ་ སྡོད་ནུག་ཟེར་ཨིན་པས། ཆུ་འཁྱུ་སྟེ།
- མཁས་མཉམ་སྒྲོལ་མ་:Khengyam Demaལྷ་གཡུས་ལུ་ བུམོ་ཚུ་ ཆུ་འཁྱུ་སྟེ་ དེ་སྦེ་སྡོདཔ་ད་ལུ་ཏེ་ ཡ་ འ་ནཱི་བཟུམ་ཅིག་འདུག་ཟེར་ ག་དེ་འབད་ནི་ འ་ནཱི་བཟུངམ་ད་ ཏེ་ནོར་བུ་དེ་ འགྱོ་ནི་ཟེར་ སླབ་ཅི། དེ་གི་འདི་ བཟུང་ཚུགས། ལྷའི་བུམོ་བཟུང་མི་ཚུགས་ འ་ནཱི་ནོརཔ་འདི་ ད་ ལོག་སྟེ་འབག་ནུག་པ་སྟེ་ ནོརཔ་འབག་ཡི་འབག་ཡི། ནོརཔ་ལེགས་ཤོམ་འདི་ ལོག་འབག་སྟེ་ དེ་ལས་ ཆ་མཉམ་འབྱུང་བའི་ནོར་བུ་ཨིན་པས། མ་པ་ དེ་གི་ཡང་ ག་ཅི་ཡང་འབྱུང་ཚུགས་ནི་གི་ཨིན་པས། ཁོ་སེམས་ཁར་མནོ་མི་ག་ར་གྲུབ་པའི་ནོར་བུ།
- མཁས་མཉམ་སྒྲོལ་མ་:Khengyam Demaཡ་ འ་ནཱི་ ནོརཔ་ལོག་འབག་སྟེ་འགྱོ་ནུག། ཁོ་མར་བལྟ་མཚོ་ནང་ མཚོ་སྨན་རྒྱལ་མོ་ མཚོ་སྨན་རྒྱལ་མོ་ཟེར་འབོཝ་ད་ལུ་ ལན་སླབ་ར་ མི་སླབ་སྦེ་ཟེར་ཨིན་པས། དབའེ་ ཁྱོད་ཤི་ནི་འབདཝ་ད་ ཁྱོད་འབག་ནི་འབདཝ་ད་ ང་གིས་ བདག་འཛིན་དེམ་ཅིག་ཐབས་ཏེ་ ཁྱོད་ལུས་སྟེ་ཨིན་ལགས། ང་ དཀའ་ངལ་ཐོནམ་ད་ ཁྱོད་ཀྱིས་ ནཱེ་འབད་ར་ མ་གོ་བཟུམ་བཏབ་སྡོད་མས། ཨ་ རྩིགཔ་ཟ་སྟེ་ ཐོན་དེས་ཟེར་ཨིན་མས་ མཚོ་ལས་ཡར་བལྟ་ ཕོ་ཏོ་ཕོ་ཏོ་སྦེ་ཐོནམ་ད་ལུ།
- མཁས་མཉམ་སྒྲོལ་མ་:Khengyam Demaང་ ལྷ་གཡུས་བུམོ་དང་ དེ་བཟུམ་ སེམས་ཨིན། ང་ལུ་ ནོརཔ་དེ་བཟུམ་འབག་ཤོག་ཟེརཝ་ད་ ཡ་ ནོར་བུ་ ལེགས་ཤོམ་འདི་བྱིནམ་ད་ ཁྱོད་ཁུངས་མིན་འདུག་ཟེར་ སླབ་སྟེ་ ནོརཔ་ འདོད་གཞན་བཞག་པ་ཟེར་མི་ བྱིན་ནུག་ལགས། ནོརཔ་ འདོད་གཞན་བཞག་པ་བྱིན་ཏེ་ དེ་ལས་ཏེ་ ཁོ་ སོང་ནུག་ལགས། སོང་སྟེ་ར་ ལོ་དགུ་ཟེརཝ་ད་ ལྷ་དྲང་སྲོང་ལུ་ལྷོད་ཚུགས་ནུག་ ཉ་རོགསཔ།
- མཁས་མཉམ་སྒྲོལ་མ་:Khengyam Demaདེ་ལས་ ལྷའི་བུ་མོ་ཁྲུས་གནང་སྡོདཔ་ད་ བཀོ་གཏངམ་ད་ལུ་ཏེ་ ལྷ་མོ་ ཡིད་འཕྲོག་ལྷ་མོ་ཟེར་མི་འདི་ བཟུང་ནུག་ནོརཔ་གིས། ནོརཔ་གིས་བཟུང་སྟེ་ ཐོན་འབག་སྟེ་ གཡུས་ཁ་ལྷོདཔ་ད་ ད་ མཐུན་ལམ་མིན་འདུག། འ་ནཱི་ཏེ་ ལགཔ་ཁ་རེད་པ་ཅིན་ འ་ནཱི་ ལྷའི་བུ་མོ་ཤི་ནི་ཨིན་ཟེར་ སླབ་ནུག་ལགས། ཏེ་ཁོ་ ནོར་བུའི་བཟུང་སྟེ་ འཁྱིད་འོངམ་ད་ལུ་ཏེ་ ད་ མར་ལྷོད་དེ་ ད་ གཡུས་ཚན་གྱི་ རྒྱལཔོ་གནམ་མེད་ས་མེད་སྦོམ་ ཆོས་རྒྱལ་ནོར་བཟང་ཟེར་མི་སྡོད་སྡོད་མས།
- མཁས་མཉམ་སྒྲོལ་མ་:Khengyam Demaད་ འ་ནཱི་ ཆོས་རྒྱལ་ནོར་བཟང་དང་གཅིག་ཁར་ མཐུན་ལམ་འདུག་ཟེར་ ཁོ་ མཐུན་ལམ་མིན་འདུག་ཟེར། ད་ འ་ནཱི་ནོརཔ་ ལྷའི་བུམོ་ ཡིད་འཕྲོག་ལྷ་མོ་ཟེར་མི་དེ་ ཆོས་རྒྱལ་ནོར་བཟང་གི་ བཙུན་མོ་སྦེ་བཞེས་ཏེ་ བཙུནམོ་གཞན་མི་ལྔཔ་དེ་ ཆོས་རྒྱལ་ནོར་བཟང་གི་ བཙུནམོ་ལྔ་ཡོད་མི་ ཏེ་ཁོ་དང་ འ་ནཱི་བཞག་སྟེ་ ཁྱིམ་འདི་ ཐོག་ཚད་ གསུམ་འདི་ འ་ནཱི་ ཉ་རོགསཔ་ལུ་སྤྲོད་དེ་ ཐོག་ཚད་གཅིག་ ཉ་རོགསཔ་ལུ་ སྤྲོད་དེ།
- མཁས་མཉམ་སྒྲོལ་མ་:Khengyam Demaད་ ཁོ་ འ་ནཱི་གཅིག་ཡང་ བཞག་ནུག་ལགས། ཏེ་དེ་སྦེ་སྡོདཔ་ད་ དྲང་སྲོང་ལྷ་དྲང་སྲོང་གི་ དྲང་སྲོང་རྒྱལ་པོའི་བུམོ་ ཡིད་འཕྲོག་ལྷ་མོ་ཟེར་མི་འདི་ འ་ནཱ་ བཙུནམོ་ཚུ་གིས་ མ་དགའ་བར་ མོ་འདི་ གསད་ནི་འབད་ནུག་ལགས། གསད་ནི་འབད་དེ་ དེ་ལས་ འ་ནཱ་ གསད་ནི་འབད་དེ་ ཧེ་མ་ར་ ཁོ་ རྒྱལ་པོ་འདི་ ཡར་བྱོན་ནུག་ལགས། འབྱོནམ་ད་ལུ་ཏེ་ཡ་ མ་པ་ལས་ར་ སྲོག་ལུ་ཐུག་པ་ཅིན་ འ་ནཱི་ མཛུབ་དཀྱི་འདི་མེན་ ཞྭམོ་འདི་བཞག་ཟེར།
- མཁས་མཉམ་སྒྲོལ་མ་:Khengyam Demaཡིད་འཕྲོག་ལྷ་མོ་ལུ་ བྱིན་བཞག་ནུག་ལགས་ ཆོས་རྒྱལ་ནོར་བཟང་གིས། ད་ ཡ་ ང་སྲོག་ལུ་ར་ ཐུག་པ་ཅིན་ འ་ནཱ་ གསེར་གྱི་མཛུབ་དཀྱི་ཡོད་ཟེར་ གསེར་གྱི་མཛུབ་དཀྱི་དེ་ ཆོས་རྒྱལ་ནོར་བཟང་གི་ བསྣམས་ནུག་ལགས། ཡིད་འཕྲོག་ལྷ་མོ་གིས་ ཏེ་འ་ནཱི་འབག་སྟེ་ ལོག་སྟེ་སྡོདཔ་ད་ལུ་ ཏེ་ཨ་མ་དེ་ཚུ་གིས་ མ་དགའ་བར་ མ་དགའ་བར་ མོ་དེ་ གསད་ནི་འབད་དེ་ དེ་སྦེ་ སྲོག་ལུ་ཐུག་སྟེ་ ལྟོ་བཟའ་ནི་མ་འཐོབ་པར་ དཀའ་ངལ་བྱུང་སྟེ་ སླབ་ད་ལུ་ཏེ།
- མཁས་མཉམ་སྒྲོལ་མ་:Khengyam Demaཁོ་གི་ཨ་མ་ལུ་ ཆོས་རྒྱལ་ནོར་བཟང་གི་ཨ་མ་ལུ་ སྐྱེས་བའི་ཨ་མ་ལུ་ དཀའ་ངལ་འབྱུང་པ་ཅིན་ བལྟ་ཟེར་སླབ་ད་ལུ་ ཨ་མའི་ལག་པར་ ཞྭམོ་ཅིག་བྱིན་ཏེ་ཡོད་ཟེར། ད་ ཨ་ནེ་ ག་ནི་ཡང་ མ་བཞག་ག་ཟེར་ སླབ་ད་ལུ་ཏེ་ འ་ནཱི་ ཞྭམོ་བཞག་སྟེ་ཡོད་ཟེར་ སླབ་སྟེ་ འབག་འགྱོ་ཡི་ཟེར་ཨིན་མས། འ་ནཱི་ ཡིད་འཕྲོག་ལྷ་མོ་འདི་ འབག་འགྱོ་སྟེ་ ལྷ་གཡུས་ དྲང་སྲོང་ལུ་བལྟ་ཡར་སོང་ནུག། དེ་སྦེ་ སོང་སྟེ་ སྡོདཔ་ད་ལུ་ཏེ་ ལྷའི་དྲང་སྲོང་ལྷོད་དེ།
- མཁས་མཉམ་སྒྲོལ་མ་:Khengyam Demaགཡུས་ཀྱི་ གྲིབ་པ་མ་དག་པར་ ཆུ་འཁྱུ་བའི་འཁྱུ་སྟེ་ར་སྡོད་དེ་ དཀའཝ་སྤྱོད་དེ་ ད་ དེ་སྦེ་སྡོདཔ་ད་ལུ་ཏེ་ དེ་ལས་ ཆོས་རྒྱལ་ནོར་བཟང་ལོག་བྱོན་ཏེ་ ཨའེ་ ལེགས་ཤོམ་ར་ཡོད་ག་ ཁྱིམ་གྱི་ཚུ་ཟེར་སླབ་ད་ ག་ར་གིས་ ལེགས་ཤོམ་ར་ཡོད། ལེགས་ཤོམ་ཡོད་ཟེར་ ཞུ་བཞག་ནུག་ལགས། དེ་སྦེ་འགྱོ་ཡི་ཟེར་ ཞུ་མ་ཚུགས་པར་ ལེགས་ཤོམ་ར་ཡོད་ཟེར ཞུ་བཞག་སྟེ།
- མཁས་མཉམ་སྒྲོལ་མ་:Khengyam Demaསྐབས་སྐབས་ ཁོང་ལུ་ མཛར་ཅུམ་བྱིན་ཏེ་ འ་ནཱེ་སྦེ་ ག་ཅི་གུ་ཅི་བྱིན་ཏེ་ ལམ་ཁར་བྱོན་ཏེ་ དེ་སྦེ་ར་ ལམ་ཁར་ལྷོདཔ་ད་ ཧ་ལམ་ ཁྱིམ་གྱི་སྦོག་ལོག་ཁར་ལྷོད་ནི་འབདཝ་ད་ལུ་ཏེ་ ཁོ་ལུ་ ཨོམ་ཕོརཔ་གང་ཅིག་བླུག་སྟེ་ བྱ་སྤ་རོ་གཅིག་གིས་ བསྐོར་བ་རྐྱབ་བྱིན་ནུག། ཡ་ ཨ་མ་ལེགས་ཤོམ་ར་ཡོད་ག་ཟེརཝ་ད་ ལེགས་ཤོམ་ར་ཡོད་ཟེར་ ཕེར་ཟེར་སྡོད་མས་ཟེར་ཨིན་མས་ལགས། ད་ ད་རུང་ ཡ་ ཡིད་འཕྲོག་ལྷ་མོ་ལེགས་ཤོམ་ར་ཡོད་ག་ཟེརཝ་ད་ བསྐོར་རོ་རོ་སྦེ་ སྡོད་མི་ཚུགས་པའི་ཟེར་ཨིན་པས་ ཨོམ་གྱི་ཕོརཔ་གུ་
- མཁས་མཉམ་སྒྲོལ་མ་:Khengyam Demaཨའེ་ ཁྱིམ་ནང་མེདཔ་ཨིན་མས་ཟེར་ ཁོ་ རྔུ་ཡི་ར་ བྱོན་ཡི་ཟེར་ཨིན་པས། ཁྱིམ་ནང་ བྱོནམ་ད་ལུ་ཏེ་ ག་ར་གིས་ ཁོ་ལུ་ ཞུ་མ་ཚུགས་པར་ ད་ ཨ་མ་གི་ཏེ་་ ཞག་ ཧ་ལམ་འགྱོ་ཞིནམ་ལས་ཏེ་ ཨ་མ་གི་ཏེ་ ཡ་ ཡིད་འཕྲོག་ལྷ་མོ་འདི་ཡར་སོང་ཡི་མས། ག་ཡང་ཁྱིམ་ནང་མེད་ཟེར་ སླབ་ལས་ ཁོ་འདི་ ནང་ན་ར་འཛུལ་མ་ཚུགས་པར་ བྱོན་ཡི་ཟེར་ཨིན་པས་ འ་ནཱི་ ཉ་རོགས་པ་འབད་ས། ད་ ལྷ་དྲང་སྲོང་ལུ་འགྱོཝ་ད་ ཞག་ ག་དེམ་ཅིག་འགོར་འོང་ཟེར་ སླབ་ནུག་ལགས།
- མཁས་མཉམ་སྒྲོལ་མ་:Khengyam Demaལོ་ དགུ་ཟེར་ད་ལུ་ཏེ་ ལྷ་དྲང་སྲོང་འབད་ས་ལྷོད་ཚུགས་ཟེར་ སླབ་ནུག་ལགས། ལོ་ དགུ་འགྱོཝ་ད་ལུ་ ལྷ་དྲང་སྲོང་འབད་སར་ལྷོད་ཚུགས་ཟེར་ སླབ་ལས་ དེ་ལས་ ཁོ་འདི་ ཆུ་ནང་ལོ་གསུམ། བྱག་གུ་ལོ་གསུམ། ནགས་ཚལ་ནང་ན་ལོ་གསུམ། ལོ་ གསུམ་གསུམ་ར་འགྱོ་སྟེ་ ཧེ་མ་ར་འགྱོཝ་ད་ ཕྱད་མས་ཟེར་ཨིན་པས་ བྱག་ཚུ་གུ་ བྱག་ཚུ་གུ་ བྱག་ཚུ་གུ མ་ཐལཝ་སྦེ་ དེ་ལས་ བྱག་བརྒལ་ཞིནམ་ལས་ ལོ་གསུམ་སོང་ཞིནམ་ལས་ཏེ།
- མཁས་མཉམ་སྒྲོལ་མ་:Khengyam Demaཆུ་ནང་ དེ་ལས་ཏེ་ ག་ཅི་ལས་ཡང་ མ་ཐལ་བར་ དཀའཝ་སྤྱོད་ཏེ་ ནགས་ཚལ་ནང་ན་ ལོ་དགུ་སོང་ནུག་ལགས། ཡ་ལ་ འ་ནཱ་ལྷོདཔ་ད་ཏེ་ ལྷའི་བུམོ་ཚུ་ ཆུ་བཀལ་ཏེ་ བྱེལཝ་ལང་སྟེ་འདུག་ཟེར་ ཨིན་མས་ལགས། ཡ་ འ་ནཱ་ལུ་ ཁོ་ ཉན་ཏེ་ ཆུའི་གཟར་ཁར་ བསྒུགས་སྟེ་ར་སྡོད་དེ་ ཉམས་འཚེར་ཏེ་འབད་མ་ཚུགས་ འ་ནཱ་མི་ གོ་མ་ཆོད་པའི བོདཔ་ཅིག་སྡོད་དེ་ ད་ཅིག་ལས་ར་ འ་ནཱ་ལུ་འདུག་ ག་ཅི་ཨིན་ ཨིན་ནི་འདི།
- མཁས་མཉམ་སྒྲོལ་མ་:Khengyam Demaཡང་ན་ ཁ་སླབ་ནི་ཡང་མིན་འདུག་ རྩ་གིས་ཡང་ སྦྱར་ཚར་ཡི་ཟེར་ སླབ་དེས་ཟེར་ཨིན་པས། འ་ནཱི་ ལཱ་འབད་མི་ཚུ་ ཆུ་བཀལ་མི་ཚུ་ ང་བཅས་རའི་ གཡུས་ཁ་འགྱོ་དོ་ཟེར་ འུ་སྡུག་ཤི་ནི་མས། ཡིད་འཕྲོག་ལྷ་མོ་ མི་གཡུས་ལུ་སོང་སྟེ་ གྲིབ་དག་མ་ཚུགས་པར་ ཆུ་བཀལ་ནི་ཡང་ ཉམས་འཚེར་འབད་མ་ཚུགས་ཟེར་ སླབ་དེས་ཟེར་ཨིན་པས་ འ་ནཱི་ ཆུ་བཀལ་མི་ཚུ་གིས།
- མཁས་མཉམ་སྒྲོལ་མ་:Khengyam Demaཡ་ དེ་ལས་ཏེ་ འ་ནཱི་ ཆུའི་གཟར་ཁ་ མཛུབ་དཀྱི་ཕུད་དེ་ བཏོན་བཞག་ཡི་ཟེར་ཨིན་པས། དེ་ལས་ ཆོས་རྒྱལ་ནོར་བཟང་གིས་ དེ་ལས་ཏེ་ འ་ནཱི་ དོབ་ནང་ ཆུ་བཟེད་དེ་འབགཔ་ད་ སྐད་སེ་རེ་རེ་སྦེ་ རྐྱབ་དེས་ཟེར་ཨིན་པས། དབའེ་དབའེ་སྡོད་ཤིག། འ་ནཱི་ ཆུ་བལྟ་གེ་ཟེར་ སླབ་ད་ལུ་ཏེ་ གསེར་གྱི་མཛུབ་དཀྱི་འདུག་ཟེར་ཨིན་པས།
- མཁས་མཉམ་སྒྲོལ་མ་:Khengyam Demaཡ་ འདི་ག་ཏེ་ལས་ ག་ཅི་འདུག་ མི་འདུག་ག? འདུག་ མི་གོ་མ་ཆོད་མི་ཅིག་ དུས་ད་རེས་ཟེརཝ་ཡང་མེན་ ཧེ་མ་ལས་རང་ཨིན། རྩ་གིས་སྦྱར་ཚར་ནུག། ནམ་ར་འབད་རུང་ ཡང་ན་ འགྱོ་ནི་ཡང་མིན་འདུག། ཁ་སླབ་ནི་ཡང་མིན་འདུག་ཟེར་ སླབ་དེས་ཟེར་ ཨིན་མས་ ཆུ་བཀལ་མི་ཚུ་གིས། ཡ་ བསྒུག་ཤིག་བསྒུག་ཤིག་ཟེར་ དེ་ལས་ཏེ་ ཁོ་གི་ ཞྭམོ་ཕུད་དེ་ འབག་ཆེ་ཡི་ཟེར་ཨིན་པས་ འ་ནཱི་བཀལ་མི་ཚུ་གིས།
- མཁས་མཉམ་སྒྲོལ་མ་:Khengyam Demaའ་ནཱི་ ཞྭམོ་ཕུད་འབག་སྟེ་བྱིནམ་ལས་ དེ་ལས་ཏེ་ ཡིད་འཕྲོག་ལྷ་མོ་ར་བྱོན་ཏེ་ འཁྱིད་སོང་ནུག་ལགས། འཁྱིད་སོང་སྟེ་ ལྷ་གཡུས་དྲང་སྲོང་རྒྱལ་པོ་ལུ་ དེ་ལུ་ འཁྱིད་འོང་སྟེ་ ཡ་ བདུན་ཕྲག་གཅིག་སོང་ནུག། དེ་ལས་ཏེ་ ཨ་པ་འབད་སར་ ཕྱག་དབང་སོང་ནུག་ལགས། ཨ་པ་ཟེར་ མི་གཡུས་ལས་ ཆོས་རྒྱལ་ནོར་བཟང་ཟེར་མི་ཅིག་ལྷོད་དེ་ཡོད་ཟེར་འགྱོཝ་ད་ལུ་ གསད་བཞག་འོང་ ག་ཅི་འདུག་ཟེར་ སླབ་དེས་ཟེར་ཨིན་པས་ ཨ་པ་གིས། གསད་བཞག་འོང་ ག་བཟུམ་འདུག་ མི་དེ་བཟུམ་ཅིག་ཟེར།
- མཁས་མཉམ་སྒྲོལ་མ་:Khengyam Demaདེ་སྦེ་ ཙང་བཏང་སྡོད་དེ་ ད་རུང་ བདུན་ཕྲག་གཅིག་འགྱོཝ་ད་ལུ་ ད་རུང་ ཨ་པ་ གཡུས་ཁ་ལས་ ཆོས་རྒྱལ་ནོར་བཟང་ཟེར་མི་ཅིག་ལྷོད་དེ་ཡོད་ཟེརཝ་ད་ བཞག་ནི་འོང་། ནོར་རྫིཔ་དེ་འབད་དེ་ རོ་ཁྱི་བལྟ་མི་སྦེ་ འབད་དེ་ཟེར་ སླབ་དེས་ཟེར་ཨིན་པས་ལགས། ད་ ད་རུང་ བདུན་ཕྲག་གཅིག་འགྱོ་ཞིནམ་ལས་ཏེ་ ད་རུང་ར་ སླབ་ནུག་ལགས། གཡུས་ཁའི་ལྷོད་དེ་ཡོད་ ཨ་པ། ཆོས་རྒྱལ་ནོར་བཟང་ཟེར་ ལྷོད་དེ་ཡོད་ཟེརཝ་ད་ བཞག་ནི་འོང་། ཕྱག་སྒརཔ་ཅིག་སྦེ་ཟེར་ སླབ་དེས་ཟེར་ཨིན་པས་ལགས།
- མཁས་མཉམ་སྒྲོལ་མ་:Khengyam Demaདེ་སྦེ་སླབ་ཞིནམ་ལས་ཏེ་ ཕྱག་དབང་ལུ་བཅར་ནི་སྦེ་ འབག་ནུག་ལགས། དེ་ལས་ ཕྱག་དབང་བཅར་ནི་སྦེ་ ཡ་ ཕྱག་དབང་བཅར་ནི་ ད་ལྟོ་ཏེ་ འབད་མི་ཚུགས་ བཞག་ད་ ཁྱེད་གསུམ་ འ་ནཱི་ཡང་ བཅར་མི་ཚུགས། ད་ མི་ ཡིད་འཕྲོག་ལྷ་མོའི་ གཟིམ་ཅུང་ར་ ཁལ་ལྔ་ཐོན་འོང་ དེ་ལས་ ངོ་ཕྱེ་ཚུགས་མི་རྐྱངམ་ཅིག་ བདེན་ཨིན་ཟེར་ སླབ་ནུག་ལགས།
- མཁས་མཉམ་སྒྲོལ་མ་:Khengyam Demaད་ ཕར་ལུ་ལྷོད་མི་འདི་ ད་རུང་ ཤར་ཕྱོགས་རྒྱལ་པོའི་སྲས་ ནུབ་ཕྱོགས་རྒྱལ་པོའི་སྲས་ཡོདཔ་ལས་ གསུམ་ བཞི་དེམ་ཅིག་ དེམ་ཅིག་ལས་ མི་བདེན་ཟེར་ འ་ནཱི་ ངོ་ཕྱེ་ཚུགས་མི་ཅིག་དེ་ བདེནམ་ཨིན་ཟེར་ གསུངས་ནུག་ལགས། ཡ་ ཨ་པ་ ཨ་པ་གི་དེ་སྦེ་གསུངས་ཏེ་ཡོད། ག་དེ་སྦེ་གསུངས་དེས་ཟེར་ དེ་སྦེ་གསུངས་སྟེ་ཡོད་ཟེར་ སླབ་ནུག་ལགས།
- མཁས་མཉམ་སྒྲོལ་མ་:Khengyam Demaཡ་ ཁྱེད་ཚུ་བལྟ་སྨ་རེ་ འ་ནཱ་ གཟིམ་ཅུང་གི་ སྒོ་གུ་ ཡིག་གུ་ཆུང་ཀུ་ཅིག་འབྲི་བཞག་གེ་སྨ་རེ། ཅོག་འཐདཔ་ ཁལ་ལྔ་ཐོན་འོང་སྨ་རེ་ ང་བཅས་རའི་ ཨ་པ་གི་ཟེར་ སླབ་ནུག་ཡིད་འཕྲོག་ལྷ་མོ་གིས། ཡ་ཡ་ཟེར་ དེ་ལས་ གཞན་ཚུ་གི་ཏེ་ འ་ནཱི་ཨིན། དེ་ཨིན་ཟེར་ ཁལ་ལྔ་ཐོན་མི་ ཆ་མཉམ་བཟུང་ཚར་ཡི་ཟེར་ཨིན་པས། ཡ་ དེ་ལས་ཏེ་ ཁོ་གིས་ ཡི་གུ་ལས་ འ་ནཱེ་སྦེ་ བལྟ་སྟེ་ གཟིམ་ཅུང་ འ་ནཱི་ ཨིན་ཟེར་ སླབ་ནུག་ལགས།
- མཁས་མཉམ་སྒྲོལ་མ་:Khengyam Demaཡ་ འ་ནཱི་ གཟིམ་ཅུང་ལས་ཡང་མི་འགྱོ། ད་རུང་ ཡིད་འཕྲོག་ལྷ་མོ་བཟུམ་ཅིག་ར་ བཁལ་འཐོན་འོང་། འདི་ལས་ དབྱེ་བ་ཕྱེ་ཚུགས་པ་ཅིན་ བདེན་འོང་ཟེར་ སླབ་ནུག་ལགས་ཨ་པ་གིས། ཏེ་དེ་སྦེ་ སླབ་ད་ ད་རུང་ར་ ཡབ་ཀྱིས་ ག་དེ་སྦེ་གསུངས་དེས་ཟེརཝ་ད་ ཡ་ ཡིད་འཕྲོག་ལྷ་མོ་བཟུམ་ར་ ཁལ་ལྔ་འཐོན་འོང་། དེ་ ངོ་ཤེས་མི་འདི་ བདེན་འོང་ཟེར་ ཡ་ འཐོན་ཡང་འཐོན་འོང་། རིག་པ་སྒྲིམ་ཏེ་ར་ ཏེ་གོ་ལ་རྒྱན་ལུ་བལྟ་ ཡི་གུ་ཆུང་ཀུ་ཅིག་ འབྲི་བཞག་འོང་ཟེར་ སླབ་ནུག་ ཡིད་འཁྲོ་ལྷ་མོ་གིས།
- མཁས་མཉམ་སྒྲོལ་མ་:Khengyam Demaདེ་ལས་ གཞན་མི་ཚུ་འདི་ འ་ནཱི་ཨིན། དེ་ཨིན་ཟེར་ བཟུང་ཚར་ནུག་ཟེར་ ཨིན་མས་ལགས། ཡ་ འ་ནཱི་ ཏེ་སྒོ་ཡང་བདེན་ཡི། འ་ནཱི་ཨིན་ ཁོ་གིས་ར་བདེན་མས་ཟེར་རུང་ ཡ་ མི་བཏུབ་ དེ་གིས་ཡང་ ད་རུང་ རང་གིས་མ་འདྲ་བའི་ འ་ནཱ་ གནམ་ཁར་འཛེག་སྟེ་ འ་ནཱ་ འཇའ་ཤར་ཏེ་ དར་གྱི་བསྐོར་དགོ་ཟེར་ སླབ་ནུག་ལགས།
- མཁས་མཉམ་སྒྲོལ་མ་:Khengyam Demaདར་གྱིས་བསྐོར་དགོ་ཟེར་ སླབ་ད་ལུ་ཏེ་ ད་ ཁོ་དེ་ ནོར་རྫིཔ་ཨིན་ཟེར་ ཁོ་གི་ ཨ་བ་བཟུམ་ཅིག་གིས་ འ་ནཱ་ལུ་ མནྜལ་ཆུམ་ཅིག་བླུག་སྟེ་ དེ་སྦེ་སྡོད་ནུག་ལགས། གཞན་ཚུ་འདི་ གནམ་མེད་ས་མེད་ མར་མེ་འབད་དེ་ ལེགས་ཤོམ་བཟོ་སྟེ་འདུག་ཟེར་ཨིན་མས་ལགས། འ་ ཁོ་གིས་ ཡིད་འཕྲོག་ལྷ་མོ་གིས་ ཡར་ གནམ་མཁའ་ལས་མར་བལྟ་
- མཁས་མཉམ་སྒྲོལ་མ་:Khengyam Demaདར་བཀོ་བཏངམ་ད་ འ་ནཱི་ ཨ་བ་གུ་ཕོག་སྟེ་ ཨོལ་ལྐོག་ལས་ བསྐོར་གསུམ་བསྐོར་ཡི་ཟེར་ཨིན་མས། འབའ་ལུ་བསྐོར་ར་བསྐོར་ཟེར་བསྐོར་ཏེ་ འ་ དེ་ལས་ཏེ་ ཁོ་ བདེནམ་ཨིན་ཟེར་ ལྷའི་དྲང་སོྲང་རྒྱལ་པོ་གིས་ དེ་ལས་ཏེ་ ཕྱག་དབང་བཙུགས་ནི་ཟེར་ འགྱོ་ནུག་ཡབ་འབད་ས། ཕྱག་དབང་བཙུགས་ནི་ཟེར་འགྱོཝ་ད་ གཟུགས་ག་ར་ དར་གྱིས་སྤུར་ཏེ་ ཨ་ཙི་ཅིག་ བཏོན་ཡི་ཟེར་ཨིན་པས། ལགཔ་མཛུབ་མོའི་ སྤྱི་ཏོ་བཟུམ་ཅིག་ ཆུང་ཀུ་ཅིག་བཏོནམ་ད་ཏེ།
- མཁས་མཉམ་སྒྲོལ་མ་:Khengyam Demaདྲང་སྲོང་རྒྱལ་པོ་གིས་ འ་ནཱ་ ཁྲི་ལས་ཡར་བལྟ་ མེ་འབར་ཏེ་ ཚིག་ནི་འབད་ཡི་ཟེར་ཨིན་མས་ག་ར། ཨ་ དེ་ལས་ཏེ་ འ་ནཱི་ དྲང་སོྲང་རྒྱལ་པོ་ ལོག་བཞུགས་ཏེ་ ཁོ་ ཕྱག་དབང་ ཕྱག་ཕུལ་ཏེ་ དེ་ལས་ཏེ་ དྲང་སོྲང་རྒྱལ་པོའི་ཚབ་སྦེ་ ཁོ་ རྒྱལ་པོ་འབད་ཡི་ཟེར་ དེམ་ཅིག་སྦེ་ཚར་ཡི་ བཀའ་དྲིན་ཆེ།