Skip to main content Skip to search
01 Sep 2018
4 min 14 sec
Video Overview
Creators: 
Penchela

Gopal Kafley from Nyizergang in Tsirang Dzongkhag (district) narrates a story of a father fox living with his wife and children in the jungle. The female fox tells her husband that he needs to go searching for some meat during the Dassin festival, and so the father fox went to steal some chicken. The moment he reached the chicken coop, a dog started barking the fox ran away in fear. The fox fell into a pot where yarn was dyed. His whole body turned green. Later the fox became a leader of a group of other foxes after they saw the color of his skin. The fox ordered his comrades to steal chicken, which he and his wife and children consumed. Over time his skin color started fading. The other foxes began to doubt him and he was beaten and chased away. The story conveys the message that one shouldn't be bad and immoral.

༉  རྩི་རང་རྫོང་ཁག་ཉི་ཟེར་སྒང་ལས་ གོ་པཱལ་ཀཕ་ལེ་གིས་ འ་དོམ་ཕོ་ཅིག་ནགས་ཚལ་ནང་ ཁོ་རའི་བཟའ་ཚང་དང་ཅིག་ཁར་སྡོད་པའི་སྐབས་ འ་དོམ་མོ་གིས་ ཕོ་དེ་ལུ་ དཱ་སའི་དུས་སྟོན་གྱི་སྐབས་ལུ་ཤ་འཚོལ་བར་འགྱོ་དགོཔ་སྦེ་སླབ་སྟེ་ ཁོ་བྱམོ་ཨརཝ་བརྐུ་བར་འགྱོཝ་སྦེ་བྱམོ་ཡོད་སར་ལྷོདཔཅིག་ རོ་ཁྱི་ཚུ་གིས་ཧབ་སྟེ་ ཁོ་འདྲོག་བྱེལ་འཐབ་པའི་རྐྱེན་གྱིས་བྱོག་འགྱོ་བའི་སྐབས་ལུ་ སྐུདཔ་བཙོ་སྟེ་ཡོད་པའི་རྫམ་ཅིག་ནང་ཚུད་དེ་ ཁོ་གི་གཟུགས་ཀྱི་མཚོ་གཞི་ཚུ་ལྕང་ཁ་ལུ་གྱུར་ཏེ་ འདི་གིས་འབད་ ཁོ་འ་དོམ་ཚུ་གི་འགོ་ཁྲིདཔ་ལུ་གྱུར་ཏེ་སྡོད་ནུག འ་དོམ་གཞན་མི་ཚུ་བྱམོ་འཚོལ་བར་བཏང་སྟེ་ ཁོང་ར་བཟའ་ཚང་ཚུ་བྱ་ཤ་ཟ་སྡོད་ཡོདཔ་ཨིན་རུང་ དུས་ཚོད་རིམ་གྱིས་རྫོགས་འགྱོཝ་ད་ ཁོ་གི་གཟུགས་ཁའི་ཚོས་གཞི་ལྕང་ཁ་དེ་ཡང་ཡལ་འགྱོཝ་སྦེ་ཨ་རྟག་ཧ་ལུགས་འགྱོ་བའི་བསྒང་ལས་ གཞན་མི་ཚུ་གིས་རྟས་ཐག་བརྡུངས་སྟེ་ས་གནས་གཞན་ཁར་བདའ་བཏང་བཏངམ་ཨིན་པའི་སྲུང་འདི་གིས་ དུས་ནམ་ར་འབད་རུང་ ཚུལ་མིན་གྱི་ལཱ་འབད་སྡོད་ནི་འདི་ ལེགས་ཤོམ་མེན་པའི་སྐོར་ལས་སྟོནམ་ཨིན་མས།

Transcript search
No results found for this search
0 of 0
  • མགོ་པལ་ཀབ་ལེ་ Gopal Kaflay
    ཧེ་མ་ནགས་ཚལ་ནང་ འ་དོམ་ཨ་པ་དང་ བཟའ་ཚང་གཅིག་སྡོད་ནུག་ ཉིནམ་གཅིག་ཁོ་གི་ཨམ་སྲུ་གིས་ ལོ་གསར་རན་དོ་ཡོདཔ་ལས་ཤ་འཚོལ་བར་བཏང་ནུག་ དེ་ལས་ འ་དོམ་གྱིས་ ཉེ་འདབས་ཀྱི་གཡུས་ཁར་ལས་ཕར་ བྱམོ་ཨརཝ་བརྐུ་བར་འགྱོ་ནུག་ དེ་བསྒང་རོ་ཁྱི་ཧབ་ལས་ ཁོ་འདྲོག་སྟེ་ མགྱོགས་འགྱོཝ་ད་ རོགས་སྐུདཔ་ཚོས་བཏང་སར་ ཚོས་ཀྱི་རྫམ་ནང་ན་འཛུལ་སོངམ་ལས་ ཁོ་གི་གཟུགས་ཡང་ ལྗང་ཁུ་སྦེ་ཡར་སོང་ནུག་ དེ་ལས་ བྱོག་སྟེ་ཁོ་རང་ཁྱིམ་ནང་ལྷོདཔ་ད་ ཁོ་རའི་བཟའ་ཚང་ཚུ་གིས་ཡང་ངོ་མ་ཤེས་པར་ ཨམ་སྲུ་དང་ཨ་ལོ་ཚུ་ འདྲོག་སྟེ་བྱོག་ཡར་སོང་ནུག།
    Long ago, there was a fox living in jungle with wife and their children. Once wife or female fox told him that the time for Dassain have came and they need some meat to eat during that celebration. Therefore, she asked him to go to certain village to bring meat and chicken for them. For this reason, the fox went to one village and to one home to steal chicken. The moment he reached where chickens are housed, dog started barking and due to fear he ran away. There, people living in this house, have dipped the plant to dye thread in pot and as he ran, he got into this pot. Fearing to the barking of the dog, the fox continued to run away with himself having turned his skin color green. And upon back to home, even his wife and children fled in fear upon seeing him in green color.
  • མགོ་པལ་ཀབ་ལེ་ Gopal Kaflay
    དེ་གི་ཤུལ་ལས་ ཁོ་འ་དོམ་རུ་ཁག་གཅིག་ཡོད་སར་ལྷོདཔ་ད་ དེ་ལས་ ཁོང་ག་ར་བྱོག་འགྱོཝ་ད་ ཁོ་ཡང་རོགས་ཀྱི་རྟིང་བདའ་ཞིནམ་ལས་ ཁོ་རའི་ངོ་སྤྲོད་འབད་དེ་ ཁོང་ཆ་ཁྱབ་བསྒུགས་བཅུགཔ་ད་ ག་ར་གིས་ཁོ་ལུ་ལེགས་ཤོམ་བལྟ་ཞིན་ལས་ ཁོ་གི་སྐོར་ལས་དྲི་བའི་ལན་ལུ་ ཁོ་གིས་ ནཱ་ལུ་ཁྱོད་ཆ་ཁྱབ་ལུ་དཔོན་མེདཔ་ལས་ ང་དཔོན་འབད་བཏང་བཏངམ་ཨིན་ དེ་འབདཝ་ལས་ ད་རེས་ལས་ ང་གིས་ ག་སླབ་འབད་དགོ་ཟེར་སླབ་ནུག།
    Then he reached to the place where other fox have encamped. And even other fox started running away from him. Then he ran after them and asked not to flee but wait. Then he revealed his name and stopped the group of other fox. After having stopped, all stared at him because of the unusualness of his green color and asked his details. And this fox answered, “as you all have no leader and I am being appointed as your leader and been sent here. Therefore all of you must obey me and must do according to my directives.”
  • མགོ་པལ་ཀབ་ལེ་ Gopal Kaflay
    དེ་ལས་ ཁོ་གིས་ཆ་རོགས་ཚུ་ བྱམོ་ཨརཝ་བརྐུ་བར་བཏང་སྟེ་ དཔོན་འབད་སྡོད་ནུག་ ཉིནམ་གཅིག་ལོ་གསར་གྱི་སྐབས་ལུ་ཧབ་ད་ ཁོ་ར་ཡང་འ་དོན་གཞན་ཚུ་བཟུམ་སྦེ་ཧབ་ནུག་ དེ་ལས་ འགྲོས་ཀྱིས་འབད་ ཁོ་གི་ཚོས་གཞི་འདི་ཡང་ཡལ་ཡར་སོང་ནུག་ དེ་བསྒང་ལས་ ཁོ་འ་དོམ་རང་ཨིནམ་ཤེས་ཏེ་ རྡུང་རྫོབ་འབདཞིན་ན་ ས་གནས་གཞན་ཅིག་ཁར་བདའ་བཏང་ད་ནུག།
    Then after he got control of group of this fox, he would send some to steal chickens and some to do other work. He along his wife and children ate chickens that commanded to bring and they stayed like this. One day, on Dassain, after all of them ate meat and all, it was time to howl. In time of howling, he howled as same as other fox and also due to fleeting time, even his green color started fading. And after knowing him as ordinary fox, he was being beaten and was chased away to some other place.
  • མགོ་པལ་ཀབ་ལེ་ Gopal Kaflay
    སྲུང་འདི་གི་བཅུད་དོན་འདི་ ནམ་རང་འབད་རུང་ གཞན་དང་མ་མཐུནམ་སྦེ་འབད་བ་ཅིན་ འ་དོམ་གྱི་དཔྱེ་བཟུམ་སྦེ་ རོགས་ཀྱིས་རང་ལུ་ ཆ་མི་བཞག་ཟེར་ཨིན་པས།
    The moral or central theme is being bad and immoral anytime is not good thing. One should always walk the ordinary path and has to adopt uniformity with other. The immorality will result this.