Skip to main content Skip to search
29 Jan 2016
6 min 48 sec
Video Overview
Creators: 
Sonam Tobgye, Sangay Tshomo

The story narrated here by Phuntsho Wangdi is about the lust and passion between a girl and a boy. This story falls under the humorous category, since it involves what can be considered "dirty humor."

 

མོང་སྒར་ སྔ་ཚང་ལས་ ཕུན་ཚོགས་དབང་འདུས་ཀྱིས་གཏང་མི་སྲུང་དེ་ དགོད་བྲོའི་སྲུང་བཟུམ་ཅིག་ཡང་ཨིནམ་ད་ བུཚ་དང་བུམོ་གི་བར་ནའི་འདོད་ཆགས་ ཤུགས་ཆེ་ཆུང་གི་དབྱེ་བ་ཚུ་གསལ་སྟོན་འབདཝ་ཨིན་མས། མ་གཞི་ ཕུན་ཚོགས་དབང་འདུས་ཀྱིས་གཏང་མི་སྲུང་བཟུམ་སྦེ་ དགོད་བྲོའི་ཐོག་ལས་ངོ་ཚ་བའི་སྲུང་ཚུ་ མི་རིག་པ་ཅན་ཚུ་གིས་བཟོ་བའི་སྲུང་དང་གཏམ་ཚུ་ ལེ་ཤ་ཡོདཔ་ཨིན་རུང་ ངོ་ཚ་བའི་སྲུང་ཅིག་འབདཝ་ལས་ སྲུང་ཤེས་མི་ཚུ་གིས་འབད་རུང་ མ་ཚུགས་པར་ དེ་སྦེ་ར་ཡལ་འགྱོཝ་ཨིན་པས། དེ་མ་ཚད་ ཧེ་མ་བཟུམ་སྦེ་ སྲུང་གཏང་ནི་གི་སྲོལ་ཡང་ཉམས་ཏེ་ཡོདཔ་ལས་ དེ་བཟུམ་གྱི་སྲུང་ཚུ་ ཉམས་འགྱོཝ་ཨིན་པས།

 

Transcript search
No results found for this search
0 of 0
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཧེ་མ་ གཡུས་མཚན་ཅིག་ནང་ལུ་ལགས། ཕ་སྤད་གཉིས་སྡོད་ཡོདཔ་མས་ལགས། བུ་གཅིག་ ཨ་པ་གཅིག་ ཏེ་བུ་འདི་གིས་ལཱ་འབད་མ་བཏུ་པར་ལགས། ཏེ་ལཱ་ག་དེ་སྦེ་བཀོལ་རུང་ ལཱ་འབད་མ་བཏུབ་པར་ ཉལ་སྡོད་དེ་ ལཱ་འབད་མ་བཏུབ་པར་ཏེ།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཉིནམ་ཅིག་འབདཝ་ད་ ཨ་པ་གིས་ ཐབས་ཤེས་ཀྱི་འབད་ ང་གིས་ ཚོང་གི་མ་རྩ་བྱིན་གེ་ཁྱོད་ལུ་ ཁྱོད་ཚོང་རྐྱབ་པར་ འགྱོ་མ་རེད་ཟེར་ ཚོང་ལམ་ག་ཅི་འབྱུངམ་ཅིག་ ཁྱོད་ར་གང་བལྟ་སྦེ་ ཚོང་རྐྱབ་ཟེར་ ང་གིས་ ཏི་རུ་༣༠བྱིན་གེ་ཟེར་ སྟོང་་་་་ ཏི་རུ་ ཁེབ་ཏང་སེ་(༣༠)ཐམ་པ་བྱིན་ནུག་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དང་ཕུགས་འབད་བ་ཅིན་༣༠གིས་འདི་ ད་ལྟོ་འབད་བ་ཅིན་ ལྷོདཔ་ཅིག་ སྟོང་ཕྲག་འབད་བ་ཅིན་ ལྷོདཔ་ཅིག་༡༠དང་༡༥གིས་མ་ཚདཔ་སྡོད་སྡོདཔ་མས་བ་ཏེ་ལགས། དང་ཕུགས་འབད་བ་ཅིན་ དེ་ལས་ བཏུབ་བཏུབ་ཟེར་ བུ་གིས་ ཏི་རུ་༣༠ཐམ་པ་ལེན་འབག་སྦེ་ སོང་སྟེ་ཡོད་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    འགྱོ་སྦེ་ ཏེ་ལ་གཅིག་བརྒལ་ལུང་གཅིག་སྤུབས་ ལ་གཅིག་བརྒལ་ལུང་གཅིག་སྤུབས་ཏེ་འགྱོཝ་ད་ལུ་ ག་ཅི་ལོ་ ཨ་ཕར་ཅིག་ཁར་ལྷོདཔ་ད་ལུ་ ག་ཅི་ལོ་ བུམོ་འཇའ་རིསམོ་ཅིག་ ནོར་བལྟ་སྡོས་ས་འཕྱད་འཕྱདཔ་ཨིན་པས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ བུམོ་འདི་ལུ་ཆགས་ཡར་སོང་ནུག བུམོ་འདི་ལུ་སེམས་ཆགས་ཏེ་ ཁོང་གཉིས་བློ་སླབ་སྡོད་དེ་ དབའེ་ ཁྱོད་མཐོངམ་ཅིག་ ང་གནམ་མེད་ས་མེད་ སེམས་ཆགས་སོ་ཡི་ དགའཝ་མས། ཁྱོད་ཀྱིས་ མི་ཚེ་གཅིག་གི་གཉེན་གྲོགས་འབད་སྡོད་ནི་གི་འདི་ ཁྱོད་ཀྱིས་མི་དགོཔ་འོང་།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཨིན་རུང་ ཁྱོད་ལུ་ང་གིས་ ཁྱོད་ཀྱི་ལུས་ངག་ཡིད་གསུམ་ནང་ལས་ ང་གིས་བརླད་དོ་ཨ་ཙི་ཅིག་བལྟ་གེ་ ཟེར་སླབ་ནུག་ལགས། ཨ་ཙི་ཅིག་སྟོག་བལྟ་ཟེར་ དཀྱི་ར་ཡར་ཤུབ་སྦེ་ཨ་ཙི་ཅིག་སྟོན་ དཀྱི་ར་ཡར་ཤུབ་སྦེ་ ཨ་ཙི་ཅིག་སྟོན་བལྟ་ཟེར་ དེ་ལས་ བུམོ་འདི་གིས་ཉན་མ་བཏུབ་པ་ཡོད་བ་ཏེ།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ད་རུང་ ཨུ་ཚུགས་རྐྱབ་སྟེ་རང་ དབའེ་ ང་གིས་ཁྱོད་ལུ་ ཏི་རུ་ ག་ཅི་ལོ་༡༥བྱིན་གེ་དབའེ་ བརླད་དོ་ཨ་ཙི་ཅིག་འདི་བལྟ་གེ་ཟེར་ ཡ་ཡ་ བཏུབ་བཏུབ་ཟེར་ ཏི་རུ་༡༥ལེན་སྦེ་ དེ་ལས་ བརླད་དོ་ཨ་ཙི་ཅིག་སྟོན་བྱིན་ཏེ་ཡོད་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཕྱི་རུ་ལོག་ཡར་སོ་ནུག་ལགས་ཁྱིམ་ན་ འགྱོ་སྦེ་བརླད་དོ་ཨ་ཙི་ཅིག་བལྟ་སྦེ་ བརླད་དོ་ཡུདཔ་ཅིག་ ཕྱེད་ཀ་ཅིག་སྟོན་བྱིན་ནུག་བ་ཏེ་ བུམོ་གི་བརླད་དོ་མཐོང་ འགྱོ་སྦེ་ དེ་ལས་ ཁྱིམ་ན་འགྱོ་སྦེ་ ཨ་པ་གིས་དྲིས་ནུག ཁྱིམ་ན་ལྷོདཔ་ད་ དབའེ་ ག་དེ་སྦེ་སྨོ་བུ་ ཚོང་ལམ་འགྱོ་དོ་ག? ལེགས་ཤོམ་འགྱོ་དོ་ག? ཟེརཉ་ད་ ཚོང་ལམ་འགྱོ་བའི་བསྒང་ར་ཡོད་ད་ལྟོ།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ནངས་པ་ལས་ ཁྱོད་ཀྱིས་ མ་རྩ་ཨ་ཙི་སེང་གནང་ ཟེར་སླབ་ནུག དེ་ལས་ དབའེ་ ཁྱོད་ཀྱི་ཚོང་འདི་ག་དེ་སྦེ་འགྱོ་དོ་ག་ ང་གིས་ཏི་རུ་ ལོག་ཡར་སེང་འབད་དེ་འདི་ བྱིན་མི་ཚུགས་མས་ མ་པ་ལས་ར་ ཟེར་སླབ་ད་ མེན་ཨ་པ་ ང་གི་ཚོང་ལམ་འགྱོ་བའི་བསྒང་རང་ཡོད་ ད་ད་རུང་༣༠འབད་མི་ཅིག་སེང་གནང་ བསྡོམས་ ཁ་ཙ་སུམ་ཅུ་བྱིན་ཡི་ ད་རུང་༣༠སེང་གནང་ཟེར་ ཨ་པ་ལུ་ཨུ་ཚུགས་རྐྱབ་སྟེ་ཡོད་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཨ་པ་གིས་ད་རུང་ སུམ་ཅུ་བྱིན་ནུག་བ་ཏེ་ དེ་ལས་འགྱོ་སྦེ་ འ་ན་ལས་ད་རུང་འགྱོ་སྦེ་ འ་ནི་བུམོ་གི་ས་སྒོ་ནང་ ད་རུང་ནངས་པར་ འ་ན་འཕྱད་གེ་མས་ཟེར་ དུས་ཚོད་བཞག་ནུག་བ་ཏེ་ ཁ་ཚིག་བཞག་སྦེ་ དུས་ཚོད་ཅིག་བཟོ་སྦེ་ ནངས་པར་ཡང་བུམོ་འཕྱད་ནུག་ ད་རུང་བུམོ་འདི་འཕྱད་སྦེ་ དབའེ་ ཁྱོད་ཁྱིམ་ན་འགྱོ་བལྟ་གེ་འགྱོ་ ཟེར་སླབ་ནུག འ་ནི་བུཚུ་གིས་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    འགྱོན་འགྱོ་གེ་ ཟེར་འགྱོ་སྦེ་ ཕར་འགྱོ་ ཇ་ཅིག་འཐུང་ བུམོ་དང་བློ་སླབ་སྦེ་ འ་ན་ལས་ཨུ་ཚུགས་རྐྱབ་ནུག་ད་རུང་ལགས། ཁྱོད་ཀྱི་ད་ བརླད་དོ་གཅིག་འདི་བལྟ་ཡི་ ད་བརླད་དོ་གཉིས་ཆ་ར་ཤུབ་སྟེ་ ཨ་ཙི་ཅིག་ཡར་ཡར་ཤུབ་སྟེ་ ཁྱོད་ཀྱི་མོ་མཚན་ཨ་ཙི་ཅི་སྟོན་ད་ང་ལུ་ ཁྱོད་ལུ་ང་གིས་ ཏི་རུ་ད་རུང་བྱིན་གེ་ ཟེར་སླབ་ནུག་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཨའོ་་་་་ མི་དགོ་མི་དགོ་ མི་བཏུབ་འ་ནི་འདི་མི་དགོ་མས་ཟེར་ དེ་ལས་ད་རུང་ཨུ་ཚུགས་རྐྱབ་སྟེ་ར་སྡོདཔ་ད་ལུ་ཏེ་ ཏི་རུ་ད་རུང་ ཁོ་གིས་ ཁ་ཙ་༡༥བྱིན་ས་ལས་ ༣༠ བྱིན་ནུག་ལགས། ༣༠བྱིན་སྦེ་ དེ་ལས་ ཨ་ཙི་སྟོན་བྱིན་ཏེ་ཡོད་ལགས། སྟོན་བྱིན་སྦེ་ ཡ་ང་ད་རུང་ ནངས་པར་ལོག་འོང་ནི་མས། ད་རུང་ང་གིས་ཁྱོད་ཀྱི་ཚོང་ ཡར་སེང་འོང་ཟེར་ གོང་སེང་འོང་ ང་ནངས་པར་ལོག་འོང་གེ་མས་ ཟེར་དུས་ཚོད་བཞག་ནུག་བ་ཏེ་ དུས་ཚོད་བཞག་སྦེ།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཁྱིམ་ན་ར་འཛོམས་ནི་སྦེ་བཞག་ནུག་དེ་ལས་ ཁྱིམ་ན་ར་འཛོམས་ནི་སྦེ་བཞག་ དེ་ལས་ ཏེ་ཨ་པ་ལུ་སླབ་ ཨ་པ་ལུ་ ད་རུང་ཁོ་གིས་ ཏི་རུ་ད་རུང་ ཨ་ཙི་ཅིག་ད་རུང་མངམ་སྦེ་སླབ་པ་ཅིན་ བྱིན་ནི་གི་དོན་ལས་ཨིན་མས་ ད་རུང་གནང་ ཟེར་སླབ་སླབ་ཨིན་མས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཨ་པ་གིས་ད་རུང་ ཚོང་ལམ་ག་དཆེ་སྦེ་འགྱོ་ཟེརཝ་ད་ ད་ལྟོ་འགྱོ་བའི་བསྒང་ར་ཡོད་ ཧ་ལམ་འགྱོ་དོ་ཟེར་ ཚོང་ཕར་ གོང་གཏན་འཁེལ་བཟོ་བའི་བསྒང་ར་ཡོད་ ཏི་རུ་གིས་ཨ་ཙི་གནས་སྟངས་མ་བཏུབ་ཟེར།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཨུ་ཚུགས་རྐྱབ་ནུག་བ་ལགས། ཨ་པ་ད་ ཏི་རུ་ཁྱོད་ཀྱི་༡༦༠འབད་མི་ཅིག་གནང་ ད་ད་རིས་འབདན་ ཚོང་འབྱུང་ཚུགས་ནི་མས་ རབ་འབྱུང་ནི་ཨིན། དེ་ལས་འ་ན་ལས་ ཨ་པ་གིས་ཚོགས་བརྡ་གཏང་ཡི་ར་ཏེ་ ཏི་རུ་༡༦༠བྱིན་ནུག་ལགས། དེ་ལས་༡༦༠བྱིན་སྦེ་ འགྱོ་ནི་ཡོད་ལགས། ཁོ་འདི་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ བུམོ་འཕྱད་ནི་ཡོད་ད་རུང་བུམོ་འཕྱད་སྦེ་ བློ་སླབ་སྦེ་ དེ་ལས་ ཡ་ད་རེས་འབདན་ཏེ་ ཁྱོད་ཀྱིས་མོ་མཚན་སྟོན་གནང་ཟེརཝ་ད་ མོ་མཚན་ཡང་སྟོན་བྱིན་ཡི། ད་རེས་ཨ་ཙི་ཅིག་ ད་ཁྱོད་གཅིག་ཁར་འབྲེལ་བ་འཐབ་སྟེ་ ཉལ་སྦེ་ ཁྱོད་ཀྱི་མོ་མཚན་དང་ངེའི་ཕོ་མཚན་གཉིས་ དབུར་ནི་ཅིག་གནང་ཟེར་ ཕྱི་ཁ་ལས་རྐྱངམ་ཅིག་དབུར་ཏེ་ ནང་ན་མ་པ་ལས་ར་མི་བཙུགས་ཟེར་སླབ་ནུག ཧ་ཧ་ཧ།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དབའེ་ ཐད་རི་བ་རི་ཨིན་ན་ཟེར་ ཁ་ཚིག་བཅད་དེ་ ཏེ་ཏི་རུ་ ཡ་ཐ་ད་རེ་བ་རེ་ཨིན་ཁྱོད་ར་ ཏི་རུ་༡༦༠བྱིན་ནི་མས་ ད་རེས་འབདན་ ཏེ་རུ་ཁྱོད་ཡར་སེང་ནི་ཟེར་ གོང་ཚད་ཡར་སེང་ནི་ཟེར་ དེ་ལས་གོང་ཚད་བཏང་ ཏི་རུ་༡༦༠སྤྲོད་སྦེ་ དེ་ལས་ ཕྱི་ཁ་ལས་ཕར་དབུར་ཏེ་ཡོད་བ་ཏེ།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    མོ་མཚན་གྱི་ཕྱི་ཁར་ ཕྱི་ཁར་ ཕྱི་ཁར་དབུར་འབདཝ་ད་ལུ་ ཨམ་སྲུ་གནམ་མེད་ས་མེད་ འདོད་ཆ་ལོང་འོང་ འདོད་ཆགས་ལོང་འོངམ་ད་ཏེ་ དེ་ལས་འབདན་ཏེ་ ཁོ་ཨ་པ་གིས་ ཁུ་སིམ་སིམ་འབད་ བུ་གི་རྟིང་བདའ་བྱ་བལྟ་ཡི་འོང་སྟེ་ཡོདཔ་མས་བ་ཏེ་ ཨ་པ་གིས་ཁུ་སིམ་སིམ་འབད་ བསྐོར་ར་རྐྱབ་སྟེ་འགྱོ་སྦེ་ ཡར་སྟེང་ཐོག་ཁར་འགྱོ་སྦེ་ ཕྱི་ཁ་ལས་ཡར་ཐོག་ཁར་འཛེགས་ཏེ་ མར་དུ་བ་འཐོན་ས་གི་དོང་ནང་ལས་ བལྟ་སྡོད་ཡོདཔ་མས། ཨ་པ་འདི།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ཏེ་ ཨི་ཧི་་་་་ དེ་ལས་ཏེ་བུམོ་འབད་མ་ཚུགས་པར་ ཡུདཔ་ལས་ཏེ་ དབའེ་ དེ་ལས་འབདན་ཏེ་ མོ་མཚན་ནང་བཙུགས་གནང་ཟེརཝ་མས་ལོ་ལགས། བཙུགས་ད་ ད་ ཏི་རུ་ཉི་ཤུ་གཅིག་བྱིན་གེ་ཟེརཝ་མས་ལོ་ལགས། ཉི་ཤུ་གཅིག་བྱིན་གེ་བཙུགས་ད་ཟེར།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཉན་མ་བཏུབ་པས་བ་ཏེ་རྩ་ལས་ རྩ་ལས་མི་བཏུབ་ འ་ནི་སྦེ་འདི་མི་དགོ་ཟེར་ མི་དགོ་ ཁྱོད་འ་ནི་ནང་བཙུགས་དགོཔ་རང་མེད་ཟེར་ ཏེ་ཧེ་མ་བརླད་དོ་སྟོན་ས་ལས་ཡ་ར་ ཡོད་བ་ཏེ་ གོ་རིམ་སྨོ་ལགས། བརླད་དོ་སྟོནམ་ཅིག་ར་ ཏི་རུ་འ་ནིམ་ཅིག་བྱིན་ཏེ་ དེ་ལས་ བརླད་དོ་སྟོནམ་ས་ལས་ བརླད་དོ་འདི་མཐོང་ཅི་ ད་ཁྱོད་ཀྱི་མོ་མཚན་བལྟ་གེ་ཟེར་ མོ་མཚན་སྟོན་ དེ་ལས་མོ་མཚན་སྟོནམ་སྟོནམ་གི་ཏི་རུ་ ག་ཅི་ལོ་འ་ནི་ སུམ་ཅུ་བྱིན།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ཏེ་ ཕྱི་ཁར་དབུར་ནི་དོན་ལས་ ཏི་རུ་༡༦༠བྱིན་ དེ་ལས་གོང་ཚད་འགྲིག་ཅི་འགྲིག་ཅི་ དེ་ལས་རྐྱངམ་ཅིག་ ༡༦༠ལས་རྐྱངམ་ཅིག་ ནང་ན་བཙུགས་གནང་ཟེར་ ཨུ་ཚུགས་རྐྱབ་ཨིན། ཉི་ཤུ་གཅིག་ལོག་བྱིན་གེ་ ཏི་རུ་ཉི་ཤུ་གཅིག་ཁྱོད་ལུ་བྱིན་གེ་ ཟེར་སླབ་དོ་ཡོདཔ་མས་བ་ཏེ་ བུཚུ་ལུ་ལྟ་སྟེ། དེ་ལས་བུ་གིས་ཉན་མ་བཏུབ་པས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ཏེ་ ཨ་པ་གིས་ཁུ་སིམ་སི་འབད་བལྟ་སྡོད་དོ་ཡོདཔ་མས་བ། བུ་བུ་ཟེར་འབོ་དོ་ཡོདཔ་མས། ཆིད་ཆིད་དབའེ་ ནང་ན་བཙུགས་བྱིན་ ནང་ན་བཙུགས་བཙུགས་ ཟེར་སླབ་དོ་ཡོདཔ་བ་ ག་ཅི་སླབ་མས་ག་བལྟ་ཏེ་ ནང་ན་བཙུགས་བྱིན་ཟེར། དེ་ལས་ ཁོ་གིས་མ་བཏུབ་པ་ཏེ་ དེ་ལས་ ཏི་རུ་ཉི་ཤུ་གཉིས་བྱིན་གེ་ ནང་ན་བཙུགས་གནང་ ཟེརཝ་མས་ལོ་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་རྐྱངམ་ཅིག་ བུ་གིས་ཏེ་ དེ་ལས་ཏེ་ སྤུས་ཙ་འབད་ཏེ་ བུམོ་འདི་ཏེ་ བཏང་བྱིན་ཏེ་ཡོད་བ་ཏེ།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཨི་ཧི་ཧི་ཧི་ ཏི་རུ་ཉི་ཤུ་གཉིས་ ལེན་འབག་ དེ་ལས་ཨ་པ་ཡང་སེམས་དགའ་དེ་ལས་ བུ་གིས་འ་ན་ལས་ཡར་ ལཱ་འབད་ སྒྱིད་ཐག་ཡང་ཀྲག་འབད་དེ་ འ་ནི་བུམོ་ལས་ ཏི་རུ་འབག་འོང་སྦེ་ འ་ན་ལས་ཡར་ལྟ་ལཱ་འབད་བཏུབ་ཅི་ལོ་ལགས།