Skip to main content Skip to search
20 Jan 2016
2 min 25 sec
Video Overview
Creators: 
Sherig Dhentshog

Jigme Namgyal from Phungsharang village in Pemagatshel district sings a song called "Tsheringmo", telling the story of a stag and a hind. The hind was having a bad dream and tells the stag not to go out. She describes her dreams of a blood ocean and skin being dried in the sun, cautioning the stag to be careful when going anywhere.

 

༉  པདྨ་དགའ་ཚལ་རྫོང་ཁག་ ཕུང་ཤ་རང་གཡུས་ཚན་ལས་ཀརྨ་ཚེ་རིང་གིས་ གློག་བརྙན་ཐུང་ཀུ་འདི་ནང་གཏང་མི་སྲུང་འདི་ ཨ་པ་ཚིལ་ལུ་དང་ ཨ་མ་ཀ་བལ་ དེ་ལས་ བུ་ཁབ་དང་ འཇར་རོགས་གྱོག་མོའི་སྐོར་ལས་ ཨ་ལོའི་བཅོས་སྲུང་ཅིག་ཨིནམ་ད་ ཉིནམ་ཅིག་འབདཝ་ད་ བུ་ཁབ་འདི་ ནགས་ཚལ་ནང་ མེ་ཆག་འཚོལ་བ་སོངམ་ད་ ཐང་ཆུ་གུ་སྦྱར་ཏེ་ཤི་སོངཔ་མས། དེ་ལས་ རྟིང་བདའ་གྱོག་མོ་བཏང་སྟེ་འགྱོཝ་ད་ལུ་ གཤོང་ནང་ལས་ཕར་མ་སོང་ སྤོ་ཏོ་གུ་ལས་སྦེ་སོང་སྨ་རེད་ཟེརཝ་ད་ མ་ཉན་པར་གཤོང་ནང་ལས་ཕར་སོང་སྟེ་ གྱོག་མོ་ཡང་ཤི་སོངཔ་མས། འ་ནཱི་བཟུམ་སྦེ་གཅིག་གིས་གཅིག་ལུ་སླབ་མི་འདི་མ་ཉན་པར་ཕྱི་འགྱུར་ར་འབད་དེ་ ཁོང་ག་ར་མཇུག་བསྡུ་ད་ནུག སྲུང་འདི་བཅོས་སྲུང་ཅིག་ཨིན་རུང་ བཅུད་དོན་འབད་བ་ཅིན་ གོ་ཤེས་ཉན་ཤེས་ཚུ་གིས་སླབ་མི་དེ་ལུ་ཉན་དགོཔ་ད་ ག་དེ་ཅིག་སྦེ་མ་ཉན་པ་ཅིན་ དཔེར་ན་ ཕ་སླབ་པའི་ཁ་ལུ་མ་ཉན་ན། །བུ་རུས་སྦལ་ཁ་ལས་ཤིང་ཡང་ཤོར། །ཟེར་བའི་དཔེ་བཟུམ་སྦེ་འགྱོ་འོང་ ཟེར་བའི་དོན་ཨིན་མས།

Transcript search
No results found for this search
0 of 0
  • ཀརྨ་ཚེ་རིང་/ Karma Tshering:
    སྲུང་འདི་ འ་ནཱི་ ཨཔ་ཚིལ་ལུ་དང་ ཨམ་ཀ་བལ་གྱི་སྐོར་ལས་ཞུ་ནི་ལགས།
  • ཀརྨ་ཚེ་རིང་/ Karma Tshering:
    ཧེ་མ་ དང་ཕུ་ ཨཔ་ ཚིལ་ལུ་སྤག་པ་ཟེར་ སྡོད་ནུག་ལག ཨམ་ཀ་བལ་ཟེར།
  • ཀརྨ་ཚེ་རིང་/ Karma Tshering:
    བུ་ ཁབ་ཟེར་ སྡོད་ནུག་ལགས། གཡོག་པ་ གྱོག་མོ་ཟེར་ སྡོད་ནུག་ལགས།
  • ཀརྨ་ཚེ་རིང་/ Karma Tshering:
    དེ་ལས་ཏེ་ མཇུག་ལུ་ལྷོད་ད་ ཁོང་གསུམ་འཛོམས་སྡོད་ས་ལས་ འ་ནཱི་ གཡོགཔ་ འ་ནཱི་ བུ་ ཁབ་དེ།
  • ཀརྨ་ཚེ་རིང་/ Karma Tshering:
    ཐང་ཤིང་འཚོལ་བར་སོང་ནུག་ལགས། ཐང་ཤིང་འཚོལ་བར་ ནགས་ཚལ་ནང་སོངམ་ད་ ཐང་ཆུ་སྦྱར་ཏེ་ཤིང་སོང་ནུག་བུ་དེ།
  • ཀརྨ་ཚེ་རིང་/ Karma Tshering:
    ད་ གཡོགཔ་ གྱོག་མོ་བཏང་བཏངམ་ཨིན་མས། བུ་ཁབ་འཚོལ་བར་ ད་ སོང་སྨ་རེ་ཟེར་ ཨཔ་ཚིལ་ལུ་གིས་ སོང་འཚོལ་མས་ཟེར་ བུ་ཁབ་མ་ལྷོད་ཟེར།
  • ཀརྨ་ཚེ་རིང་/ Karma Tshering:
    དེ་ལས་ ཨཔ་ཚིལ་ལུ་གིས་ སླབ་སླབ་ཨིན་པས། གཤོང་ནང་མ་སོང་ སྤོ་ཏོ་གུ་མ་སོང་ཟེར་ སླབ་ནུག་ གཡོགཔ་ གྱོག་མོ་ལུ།
  • ཀརྨ་ཚེ་རིང་/ Karma Tshering:
    དེ་ལས་ཏེ་ སྤོ་ཏོག་གུ་ མ་འགྱོ་བར་ གཤོང་ནང་ལས་སོང་སྟེ་ འདབ་མ་ གཡུར་གཡུར་ནང་འཛུལ་ཏེ་ ཤི་སོངཔ་མས་གཡོགཔ་གྱོག་མོ།
  • ཀརྨ་ཚེ་རིང་/ Karma Tshering:
    ཡ་ ད་འབདན་ བུ་ཁབ་ཡང་མ་ལྷོད་ གཡོགཔ་ གྱོག་མོ་ཡང་མ་ལྷོད་ ད་ ཨ་མ་ཀ་བལ་ བལྟ་སོང་ཟེར་སླབ་ནུག
  • ཀརྨ་ཚེ་རིང་/ Karma Tshering:
    ད་ ཨ་མ་ཀ་བལ་ འགྱོཝ་ཨིན་མས། འ་ནཱི་གཤོང་ནང་ གཤོང་ནང་ལས་འགྱོ་སྨ་རེ་ སྤོ་ཏོག་ལས་ མ་སོང་ཟེར་ སླབ་ནུག་ ཨཔ་ཚིལ་ལུ་གིས།
  • ཀརྨ་ཚེ་རིང་/ Karma Tshering:
    ཨཔ་ འ་ནཱི་ཀ་བལ་གྱིས་ སྤོ་ཏོག་ཁར་སོང་སྟེ་ རླུང་མ་གིས་ འཕྱག་སྟེ་ཤི་སོང་ནུག
  • ཀརྨ་ཚེ་རིང་/ Karma Tshering:
    ཡ་ བུ་ཁབ་ཡང་མ་ལྷོད་ གཡོགཔ་གྱོག་མོ་ཡང་མ་ལྷོད་ ཨ་མ་ཀ་བལ་ཡང་མ་ལྷོད་ཟེར་ སླབ་ནུག་ དེ་ལས་ཏེ་ ཁོ་གི་ ཐབ་རྡོ་གུ་འཛེད་དེ་བལྟ་བལྟཝ་ཨིན་པས། ཨ་པ་ ཚིལ་ལུ་གིས་ ཁོ་ཡང་ བཞུ་སྟེ་ཤི་སོང་ནུག
  • ཀརྨ་ཚེ་རིང་/ Karma Tshering:
    དེ་སྦེ་རྫོགས་སོང་ཡི་ དེམ་ཅིག་རང་ཨིན་ལགས།