Video Overview
This story addresses the question: Which came first, the Buddha or the Dharma? Before the Shakyamuni Buddha attain enlightenment and put forth his path, the Bodhisattva Manjushri told him to practice the Dharma, so the Dharma came first. The storyteller’s father and grandfather passed down this story to him; he says some of the details are missing.
མོང་སྒར་གླིང་མཁར་ལས་ འཇིགས་མེད་ཀྱིས་གཏང་མི་སྲུང་དེ་ འཇམས་དབྱངས་དང་སངས་རྒྱས་ཤཱཀྱ་ཐུབ་པ་གཉིས་ བསྟན་པ་བཙུགས་ནི་གི་དོན་ལུ་ གབ་ཐོབ་རྐྱབ་པའི་སྐོར་ལས་ཨིན་པས། དེ་ཡང་ སངས་རྒྱས་ཁོ་ར་ ཆོས་མ་མཛད་པའི་ཧེ་མ་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བཀའ་གནང་ཞིནམ་ལས་རྐྱངམ་ཅིག་ ཆོས་བསྒྲུབས་ཏེ་སངས་རྒྱས་པའི་ལོ་རྒྱུས་སྦེ་བཤདཔ་ཨིན་པས། དེ་འབད་ནི་འདི་གིས་ ཁོ་གིས་གཏང་མི་སྲུང་དེ་ བདེན་པ་ཅིག་ཨིན་པ་ཅིན་ སངས་རྒྱས་ཧེ་མ་བྱུང་ཡི་ག་ ཆོས་ཧེ་མ་བྱུང་ཡི་ག་གི་དོགས་པ་ཡང་སེལ་ཚུགས་ནི་ཨིན་པས། ཨིན་རུང་ འཇིགས་མེད་ཁོ་ར་ཡང་དོགས་པ་ཟ་སུ་ཅིག་སྦེ་ ཨ་པ་དང་ཨ་རྒས་ཀྱིས་ འ་ནི་སྦེ་གསུངས་ནི་འདུག འ་ནི་འབདཝ་ད་ ཡང་ཅིན་ལེགས་ཤོམ་འོང་ ཡང་ཅིན་ཟོགཔ་འོང་ ཟེར་སླབ་ནི་འདུག།
- Lingkhar
- འཇིགས་མེད།/Jigmeཏེ་ད་ ང་བཅས་ར་ ད་ལྟོ་བསྟན་པ་བཙུགས་བཙུགསཔ་གི་ ད་ལྟོ་སངས་རྒྱས་དང་འཇམ་དབྱངས་ཁོང་གཉིས་ བསྟན་པ་བཙུགས་ནི་གི་ གབ་ཐོབ་རྐྱབ་དགོཔ་དང་ ཁོང་གཉིས་ ང་གིས་བཙུགས་གེ་ཟེརཝ་ད་ ང་གིས་བཙུགས་གེ་ཟེར་ འབད་འབདཝ་གི་སྲུང་ཅིག་ཡོད།
- འཇིགས་མེད།/Jigmeའ་ནི་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ཏེ་ འཇམ་དབྱངས་འདི་བཞུགས་པའི་སྐབས་སུ་ ཁྱུ་གང་འདུག་ ཟེར་སླབ་ཨིན་པས།
- འཇིགས་མེད།/Jigmeཏེ་ སངས་རྒྱས་འདི་ ལག་མཐིལ་གང་རྐྱངམ་ཅིག་འདུག་ ཟེར་སླབ་ཨིན་པས། དེ་ལས་ སངས་རྒྱས་ཀྱིས་ དབའེ་ འཇམ་དབྱངས་ ཁྱོད་འདི་ ག་ཅི་སྦོམ་སྨོ? རྩ་བར་སྡོདཔ་ད་ ང་ལག་མཐིལ་གང་རྐྱངམ་ཅིག ཁྱོད་ཁྱུ་གང་ཅིག་འདུག་བ་ཏེ་ ང་ཆོས་བསྒྲུབས་བསྒྲུབས་ཨིན། ང་གནམ་མེད་ས་མེད་ཆོས་སྒྲུབ་པའི་སྐབས་ གནམ་མེད་ས་མེད་སྦོམ་འགྱོཝ་མས་ཟེར་ འཇམ་དབྱངས་ཀྱིས་འ་ནི་སྦེ་གསུངས་ནུག ཁྱོད་ཡང་ཆོས་སྒྲུབས་ད་ཟེར།
- འཇིགས་མེད།/Jigmeདེ་ལས་ སངས་རྒྱས་ཡང་ ཆོས་བསྒྲུབས་ཏེ་ ང་ཡང་སྦོམ་འགྱོ་ནི་ཨིན་མས། ཆོས་བསྒྲུབས་སྦེ་ འཇམ་དཔལ་དབྱངས་དང་འདྲཝ་སྦེ་ ཆོས་འདྲོངས་འབདཝ་ད་ ཁོང་གཉིས་བསྟན་པ་བཙུགས་ནི་ལུ་ལྷོད་ནུག
- འཇིགས་མེད།/Jigmeང་བཅས་ར་ འཛམ་བུ་གླིང་ནང་བསྟན་པ་བཙུགས་ནི་ཨིན་ཟེརཝ་ད་ ཡ་ ང་བཅས་གཉིས་བསྟན་པ་བཙུགས་ནི་གི་ ཚར་གཅིག་གཟིམ་གེ་སྨེ་ གཟིམས་ད་ལུ་ ང་བཅས་གཉིས་ཀྱི་མགུ་ཏོ་གུ་ལས་ མེ་ཏོག་ཅིག་ཤར་འོང་ མེ་ཏོག་ཤར་མི་འདི་ བསྟན་པ་འདི་གིས་བཙུགས་ནི་མས་ཟེར་ གསུངས་ནུག
- འཇིགས་མེད།/Jigmeཡ་ཡ་ བཏུབ་སངས་རྒྱས་ཟེར་ ཁོང་གཉིས་ གྱལ་སྒྲིག་སྦེ་གཟིམས་གཟིམས་མས། གཟིམས་པའི་སྐབས་ལུ་ འཇམ་དབྱངས་ཨ་ཙི་སྤྱན་གཟིམ་གནང་གནངམ་མས། སངས་རྒྱས་སྤྱན་གཟིམ་མ་གནང་པར་ ཚར་གཅིག་སྤྱན་གཟིམས་གནང་སྦེ་ ཚོར་ཏེ་བལྟཝ་ད་ལུ།
- འཇིགས་མེད།/Jigmeའཇམ་དཔལ་དབྱངས་ཀྱི་མགུ་ཏོ་ཁ་ལས་ མེ་ཏོག་འབུར་འབུར་སྦེ་ ཕར་སྒོགཔ་བཟུམ་ཤར་ནི་འབད་འབདཝ་མས། དེ་ལས་འ་ནི་འབདཝ་ད་ལུ་ སངས་རྒྱས་ཀྱིས་ཙང་བཏང་སྟེ་ འབལ་སྦེ་ཁོ་གི་མགུ་ཏོ་ཁར་བཀལ་བཞག་ནུག
- འཇིགས་མེད།/Jigmeཏེ་ ཁོ་གི་མགུ་ཏོ་ཁར་འབག་འོང་སྦེ་བཞགཔ་ད་ལུ་ མེ་ཏོག་ཤར་ཤརཝ་མས། ཤརཝ་ད་ལུ་ཏེ་ འཇམ་དབྱངས་མནལ་མ་ཚོར་བས་ དེ་ལས་འཇམ་དབྱངས་མནལ་ཚོར་ནུག དབའེ་འཇམ་དབྱངས་ བལྟ་ཤིག་ ང་བཅས་གཉིས་ བསྟན་པ་བཙུགས་གེ་ཟེརཝ་ད་ ག་གི་མགུ་ཏོ་གུ་མེ་ཏོག་འདུག ངེའི་མགུ་ཏོ་གུ་མེ་ཏོག་ཤར་ཡི་བ་ ཟེར་སླབ་སླབ་མས།
- འཇིགས་མེད།/Jigmeདེ་ལས་ འཇམ་དབྱངས་ཀྱིས་མཁྱེན་མཁྱེན་མས། འཇམ་དབྱངས་ཀྱིས་མཁྱེན་ཏེ་ ཡ་ ཁྱོད་བཙུགས་བཙུགས་ ཁྱད་མེད་ བཙུགས་ད་ ད་ཁྱོད་ཀྱི་ཨིན་མས། ཨིན་ནི་འདི་ ངེའི་མགུ་ཏོག་གུ་ཤར་ཡི་སྨེ་ ཁྱོད་ཀྱིས་ཨརཝ་བརྐུ་འབག་ཡི་བ་ ཏེ་བཙུགས་ད་ཁྱོད་ཀྱིས་ ཁྱོད་ཀྱིས་བཙུགས་པའི་སྐབས་ལུ་ ཏེ་ཁྱོད་ཀྱིས་བསྟན་པ་བཙུགས་པའི་སྐབས་ལུ་ ཁྱོད་ཀྱི་མི་ཚུ་ ག་དེ་སྦེ་འོང་གོ? ཟེར་བ་ཅིན།
- འཇིགས་མེད།/Jigmeཁྱོད་ཀྱི་ ཨརཝ་བརྐ་མི་ལེ་ཤ་འཐོན་འོང་། དེ་ལས་ ཁ་གིས་ཤོབ་སླབ་མི་ལེ་ཤ་འཐོན་འོང་། འཐབ་འཛིང་འབད་ནི་བཅའ་ནི་ལེ་ཤ་འཐོན་འོང་ ཁྱོད་ཀྱི། དེ་ལས་ ན་ནི་ཚ་ནི་ཡང་ལེ་ཤ་འཐོན་འོང་སྨེ་ ཁྱོད་ཀྱི། ན་ནི་ཤི་ནི་ཡང་ལེ་ཤ་འཐོན་འོང་ ཨརཝ་ཡང་ལེ་ཤ་འཐོན་འོང་ ཁྱོད་ཀྱིས་ ང་གི་ད་ལྟོ་མེ་ཏོག་ཨརཝ་རྐྱབ་འབག་ཡི་བ་ ཁྱད་མེད་ཁྱོད་ བསྟན་པ་བཙུགས་མ་རེད་ཟེར།
- འཇིགས་མེད།/Jigmeད་ལྟོ་ ང་བཅས་ཀྱི་གཡུས་ཁར་ ཨརཝ་འཐོན་མས་ལོ་ མཆོད་རྟེན་ཨརཝ་འཐོན་མས་ལོ་ ཁ་གིས་ཤོབ་སླབ་མས་ལོ་ ཁ་བང་རྐྱབ་མས་ལོ་ ཏེ་འཐབ་འཛིང་འབདཝ་མས་ལོ་ ཤི་ནི་མངམ་མས་ལོ་ ནད་མང་མས་ལོ་ ཟེར་མི་འདི་ འཇམ་དབྱངས་ཀྱི་སྨོན་ལམ་ཐེབ་ཐེབ་ཨིན། ཟེར་སླབ་ཨིན།
- འཇིགས་མེད།/Jigmeཧེ་མ་ ངེའི་ཨ་པ་དང་ཨ་རྒས་ཚུ་གིས་ འ་ནི་བཟུམ་གི་སྲུང་གཏམ་ འ་ནི་བཟུམ་གཏང་འོང་། ཡང་ཅིན་ ཐུགས་ཀྱི་དྲན་གསོ་རེ་ཨིནམ་འོང་ ཡང་ཅིན་ ལེགས་ཤོམ་རེ་ཨིནམ་འོང་ ཡང་ཅིན་ ཟོགཔ་རེ་ཨིནམ་འོང་། འ་ནིམ་ཅིག་ཨིན་ལགས། བཀའ་དྲིན་ཆེ།