Skip to main content Skip to search
27 Aug 2015
1 min 56 sec
Rating
0
No votes yet
Video Overview
Creators: 
Sherig Dentshog

༉ པདྨ་དགའ་ཚལ་ ཤ་ལི་ལས་ མཁས་མཉམ་སྒྲོལ་མ་གིས་གཏང་མི་སྲུང་དེ་ནང་ གླངམོ་ཆེ་དང་བྱི་ཐུར་ ཀ་ཤ་ གསུམ་སྦེ་འདུག སྲུང་དེ་ནང་ལས་ཐོན་དོ་བཟུམ་སྦེ་ བདེན་འཛིན་ག་དེ་སྦེ་ར་ཡོད་རུང་ མ་པ་ ཀ་ཤ་གི་དཔྱལཝ་དེ་ ཨོ་ཀྲོ་བཙུམས་བཙུམས་ས་རང་ཡོད། མ་པ་ སྲུང་དེའི་བདེན་འཛིན་ ག་དེ་སྦེ་ར་ཨིན་རུང་ སྟོབས་ཤུགས་ཅན་གྱི་གཟུགས་ སྦོམ་ག་དེ་ཅིག་ར་ཡོད་རུང་ སེམས་ཆུང་འབད་སྡོད་དེ་ གཟུགས་སྟོབས་དང་ འཁྲིལ་བའི་ལཱ་མ་འབད་བ་ཅིན་ དོན་དག་མེད་ ཟེར་བའི་དཔེ་སྟོནམ་ཨིན་མས།

 

Show More

  • མཁས་མཉམ་སྒྲོལ་མ་:Khengyam Dema
    གླངཔོ་ཆེ་དང་ བྱི་ཐུར་གཉིས་ ཆུ་འཐུང་མའི་སྐོར་ལས།
  • མཁས་མཉམ་སྒྲོལ་མ་:Khengyam Dema
    གླངཔོ་ཆེ་འདི་ མཇུག་ལས་ཆུ་འཐུང་སྟེ་ དེ་ལས་ བྱི་ཐུར་འདི་ རྐ་ཁ་ལས་ གཟུགས་འཁྱུ་བའི་སྐབས་ ཆུ་ཧུ་མ་ཁོག་ཁོ་སྦེ་ཐོན་ཏེ་
  • མཁས་མཉམ་སྒྲོལ་མ་:Khengyam Dema
    བྱེམ་འདི་ར་འཐུང་ བྱེམ་ཐོན་ནུག་པ་ཏེ་ བྱེམ་ཐོནམ་ད་
  • མཁས་མཉམ་སྒྲོལ་མ་:Khengyam Dema
    བྱེམ་ཐོན་ཏེ་ དབའེ་ང་ལས་ལྷག་པའི་ སེམས་ཅན་སྦོམ་ག་ཡང་མེད། ང་ཆུ་ འཐུངམ་ད་ར་ བྱེམ་འདི་བཟུམ་ཅིག་ཐོནམ་མས།
  • མཁས་མཉམ་སྒྲོལ་མ་:Khengyam Dema
    ག་ཅི་ཨིན་ན་ ཁྱོད་ཀྱིས་ འདི་ནང་ག་འདུག་ག་ སླབ་ཟེར་ སྦུག་ལུ་ དཔང་པོ་སྦེ་ ཀ་ཤ་བཙུགས་ཅིག་ཟེར་ཨིན་པས།
  • མཁས་མཉམ་སྒྲོལ་མ་:Khengyam Dema
    དེ་ལས་ ཀ་ཤ་བཙུགསཔ་ད་ལུ་ ཀ་ཤ་གིས་
  • མཁས་མཉམ་སྒྲོལ་མ་:Khengyam Dema
    གླངཔོ་ཆེའི་ གཟུགས་གུ་ལས་ སྤུ་ཅིག་འབལ་ཏེ་ བྱི་ཐུར་འབད་སར་ བཀལ་བཏང་ནུག།
  • མཁས་མཉམ་སྒྲོལ་མ་:Khengyam Dema
    ཀ་ཤ་གིས་ འབག་འགྱོཝ་ད་ལུ་
  • མཁས་མཉམ་སྒྲོལ་མ་:Khengyam Dema
    ཨ་་་ ཁོ་གི་འདི་ དེ་ཅིག་ར་ཨིན་པས། ངེ་གི་སྤུ་ མར་འབག་སྦེ་ སྟོན་སྨ་རེ་ ཆུའི་རྐ་ཁར་ མི་འདི་བཟུམ་ཅིག་འདུག་ཟེར།
  • མཁས་མཉམ་སྒྲོལ་མ་:Khengyam Dema
    མི་འདི་བཟུམ་ཅིག་འདུག་ སྤུ་སྦོམ་དེ་རེ་འདུག་ཟེར་ ཁོ་གིས་ སྒྲོ་སྦོམ་ཅིག་འབལ་ཏེ་བྱིན་ནུག
  • མཁས་མཉམ་སྒྲོལ་མ་:Khengyam Dema
    མར་ གླང་པོ་ཆེ་ལུ་སྟོན་ནུག། གླངཔོ་ཆེ་ལུ་སྟོནཔ་ད་ལུ་
  • མཁས་མཉམ་སྒྲོལ་མ་:Khengyam Dema
    ཨ་ཛའི་་་སྲོག་གཅད་ནི་མས་སྒྲོ་སྦོམ། ང་བ་ལས་ སྦོམ་པའི་སེམས་ཅན་ག་ཡང་མེད།
  • མཁས་མཉམ་སྒྲོལ་མ་:Khengyam Dema
    ཨིན་རུང་ ཁོ་གནམ་མེད་ས་མེད་ ག་དེ་ཅི་གི་ སྦོམ་ཡོདཔ་ཨིན་ན།
  • མཁས་མཉམ་སྒྲོལ་མ་:Khengyam Dema
    སྲོག་བཅད་དེ་ ཁོ་ཡར་ལྟག་བྱོག་འགྱོཝ་ད་ ཨེ་་་་ཨ་ཁའི་ཁྱོད་
  • མཁས་མཉམ་སྒྲོལ་མ་:Khengyam Dema
    གླང་པོ་ཆེ་གཟུགས་སྦོམ་དེ་ཅིག་བཞག་སྦེ་ འ་ནཱི་ སེམས་ཅན་ལུ་ར་འདྲོག་མས་ཟེར།
  • མཁས་མཉམ་སྒྲོལ་མ་:Khengyam Dema
    སླབ་ལས་ ཀ་ཤའི་ དཔྱལཝ་ཨོ་ཀྲོ་བསུམ་ཏེ་ཡོད་མིའི་དོན་དག་ འདི་ཨིན་ཟེར་ཨིན་པས།
  • མཁས་མཉམ་སྒྲོལ་མ་:Khengyam Dema
    རྫོགས་སོང་ཡི། དེ་ཅི་ར་ཨིན། བཀྲིན་ཆེ།