Video Overview
This story talks about unstoppable human desire that leads to downfall in one's life. A man owned a duck that laid a golden egg every day but he never became wealthy. Thus, he thought if he killed the duck he could extract all the eggs at once and become rich, but instead, he got none. So his desire led to losing what he had been blessed with.
- Samtse
- ཧར་ཀ་བྷ་དུར་པར་དན།Harka Bdr Pradhan: ད་ང་གིས་སྲུང་ཐུང་ཀུ་ཅིག་ཞུ་བ་ཅིན། སྲུང་འདི་ག་ཅི་གི་སྐོར་ལས་སྨོ་ཟེར་བ་ཅིན་ འདོདཔ་ཆེ་བ་ཅིན་སྡུག་བསྔལ་མྱོང་ཟེར་བའི་སྐོར་ལས་ཨིན། འདི་ང་བཅས་གིས་ ག་དེ་སྦེ་ཧ་གོཝ་སྨོ་ཟེར་བ་ཅིན།
- : འར་ཀ་བྷ་དུར་པར་དན།Harka Bdr Pradhan དང་ཕུ་གཡུས་གཅིག་ནང་མི་སྤྱང་ཀ་གཅིག་ཡོདཔ་མས། ཁོ་ལུ་བྱ་འདམ་བྱ་གཅིག་དང་བྱམོ་གཅིག་ཡོདཔ་མས། བྱ་འདམ་བྱ་འདི་གིས་རྟག་བུ་ར་གསེར་གྱི་སྒོང་རྡོག་བུད་དོ་ཡོདཔ་མས། ཉིནམ་གཅིག་ནང་གསེར་གྱི་སྒོང་རྡོག་རེ། ཁོ་གིས་གསེར་གྱི་སྒོང་རྡོག་འདི་རྟག་བུ་ར་འཐུ་སྟེ་བཙོང་དོ་ཡོདཔ་མས། ཁོ་གིས་སྒོང་རྡོག་ལེ་ཤ་བཙོང་སྟེ་འབད་རུང་ ཁོ་ཕྱུགཔོ་མ་འགྱོ་བས།
- :འར་ཀ་བྷ་དུར་པར་དན།Harka Bdr Pradhan ཏེ་ཉིནམ་ཅིག་ ཁོ་ག་ཅི་འབད་ཡི་ཟེར་བ་ཅིན་ ཁོ་གནམ་མེད་ས་མེད་ཕྱུགཔོ་འགྱོ་དགོ་མནོ་ ཕྱུགཔོ་ལས་ཡང་ཕྱུགཔོ་འགྱོ་དགོ་མནོ་ནུག་འཛམ་གླིང་གི་ ཉིནམ་ཅིག་འབདཝ་ད་ ཁོ་གི་འདམ་བྱ་ གསེར་གྱི་སྒོང་རྡོག་བྱིན་མི་འདི་བསད་ད་ནུག ཁོ་གི་མནོ་བསམ་ལུ་འདམ་བྱ་འདི་བསདཔ་ཅིགན་ སྒོང་རྡོག་ལེ་ཤ་འཐོབ་འོང་མནོ་ནུག དེ་འབདཝ་ད་ ཁོ་ར་ལུ་ཡོད་པའི་འདམ་བྱ་གསེར་གྱི་སྒོང་རྡོག་བུད་མི་དེ་ཡང་མེདཔ་ཡར་སོངཔ་མས།
- :འར་ཀ་བྷ་དུར་པར་དན།Harka Bdr Pradhan དེ་ལས་འགོ་བཟུང་སྟེ་ ཁོ་སྤྱང་ཀ་ཡར་སོ་ནུག འདོདཔ་ཆེ་བ་ཅིན་ ང་བཅས་ར་ ལས་ཀྱིས་སྤྱང་ཀ་འགྱོ་འོང་ཟེར་ཨིན་མས།། །།