Video Overview
Kato Kyi from Sonak village in Tsekhok tells the story of how Drochung Zhöngo first became rich and then became poor again.
གྲོ་ཆུང་གཞོན་མགོ་ཞེས་པའི་མི་དེའི་དབུལ་ཕུངས་ཀྱི་འཚོ་བ་ནས་ཕྱུག་པོར་གྱུར་བ། རྗེས་ནས་སླར་ཡང་དབུལ་ཕུངས་ཀྱི་གནས་སུ་ལྷུང་བའི་གཏམ་བརྗོད་ཡོད།
བརྙན་འདིའི་ནང་གི་གྲོ་ཆུང་གཞོན་མགོ་ཞེས་པའི་སྐྱེས་པ་དེ་ནི་འགྲོ་ས་བརྟེན་ས་མེད་པའི་དབུལ་པོ་ཞིག་ཡིན་པ་དང་། རེ་ཞིག་སྦྲུལ་དཀར་པོ་ཞིག་རྙེད་པ་དེ་ཀླུ་ཡུལ་གྱི་རྒྱལ་སྲས་ཡིན་པས། ཁོ་ལ་བཀའ་དྲིན་ཞུ་ཆེད་ལེགས་སྐྱེད་གང་མང་ཞིག་བྱིན། དེ་ནས་ཕྱིར་ཁྱིམ་ལ་ཐོན་རྗེས་དེ་དག་ནི་ཀླུ་མོ་ཞིག་དང་ཁང་ཁྱིམ་ཆེན་པོ་དག་ཡིན། རེད་ཀྱང་མཐའ་མར་རྒྱལ་བོས་ཤེས་སོང་བ་དང་ཀླུ་མོ་དེ་རྒྱལ་བོའི་བཙུན་མོར་དགོ་ཟེར་ནས། གྲོ་ཆུང་གཞོན་མགོ་དང་རྒྱན་སྣ་ཚོགས་བཞག་ཀྱང་ཁོ་ལ་ཀླུ་མོའི་ཕ་ཡུལ་ཏེ་ཀླུ་ཡུལ་ནས་རོགས་རམ་བྱས་པས་རྒྱལ་བོ་ཕམ། འོན་ཀྱང་རེ་ཞིག་གྲོ་ཆུང་གཞོན་མགོས་ཀླུ་མོའི་བཤད་པ་ལ་མ་ཉན་པར་ཀླུ་ཡུལ་ནས་མོ་རང་ལྷ་ཡུལ་དུ་འགྲོ་བྱེད་ཀྱི་དངོས་བོ་ཁྱེར་ཡོང་བས། མོ་རང་ལྷ་ཡུལ་ལ་འཕུར་སོང་བ་དང་ཁོ་རང་མཐའ་མར་གཅིག་ཀྱང་མེད་པའི་སྐྱེས་པ་དབུལ་བོ་དེའི་གྱུར་སོང་བ་རེད།
本段讲述了一个叫如琼小果的人生,从贫穷到富裕,再次变成贫穷的故事。
本故事里讲述的如琼小果是一个无依无靠的贫穷人家,每天都是靠着挖蕨麻来填饱肚子。有一次在路上捡到了一条白蛇,其实是龙王儿子。龙王为了感谢给他送了几样东西,到家后它们一个个变成了豪华的住处、一位龙女等。此事被国王得知后想把那位龙女娶过来,并跟如琼小果打赌,但是他得到了龙王的帮助每次都是他赢。如琼小果觉得很有趣,问妻子还有没有在龙宫里需要带来的东西。妻子说有是有但是得等到当我老了,他却觉得好奇带过来了。然后妻子飞到了天上,而他又变成了当初的他。
- གནའ་གནའ་ཞིག་ལ་གྲོ་ཆུང་གཞོན་མགོ་ཟེར་བ་ཞིག་ཡོད།
- ཁོ་ལ་ཅི་ཡང་མེད་པར།
- གྲོ་ལུད་ནག་ལྡང་ཟེར་བ་ཞིག་ཡོད།
- དེའི་ཐོག་ལ་སོང་ནས་གྲོ་མ་བརྐོས་ནས།
- ཁོའི་ཁ་དེ་ལྟར་གསོས་ནས་བསྡད།
- ཉིན་ཞིག་ལ་ཁོ་གྲོ་ལུད་ནག་ལྡང་ཐོག་ནས།
- གྲོ་མ་བརྐོས་ནས་བསྡད་དུས།
- འོ་སེར་ཞིག་གིས་སྦྲུལ་དཀར་བོ་ཞིག་འཁུར་ནས་ཡོང་ཏེ།
- ཨ་གྲོ་ཆུང་གཞོན་མགོ་ཟེར།
- དེ་ནས་ཨ་ཟེར་བས།
- ཁྱོད་ཀྱིས་ཞྭ་མོ་བཟུང་དང་ངས་ཁྱོད་ལ་དངོས་པོ་ཞིག་སྟེར་ཟེར།
- ཡ་ཟེར་ནས་ཞྭ་མོ་བཟུང་བས་ནང་ལ་སྦྲུལ་ཞིག་བཞག
- འདི་ཅི་ཞིག་ཡིན་ཟེར་བས།
- ཁྱོད་ཀྱིས་དེ་བཟུང་ནས་སྡོད་དང་།
- སྐྱ་མི་མང་པོ་ཞིག་ཡོང་ནས།
- འདི་ནས་སྦྲུལ་དཀར་པོ་ཞིག་མཐོང་ངམ་ཟེར་ན།
- ཁྱོད་ཀྱིས་མ་མཐོང་ཞེས་བཤད་དེ་དེ་ཚོར་མ་སྟེར།
- དེ་ནས་སྐྱ་མི་དཀར་པོ་ཞིག་ཡོང་ནས།
- ཨ་གྲོ་ཆུང་གཞོན་མགོ་སྦྲུལ་དཀར་པོ་ཞིག་མཐོང་ངམ།
- མཐོང་ན་རྙེད་བཙའ་སྟེར་ཟེར།
- དེར་ངས་མཐོང་བ་ཡིན་ཟེར་ནས་བྱིན་ན་ཁྱོད་ལ་བཟང་ཆ་ཡོད།
- ཡ་ཞེས་བཤད་དེ་ཁོ་ཡིས་སྦྲུལ་དེ་བཟུང་ནས་བསྡད་དུས།
- སྐྱ་མི་མང་པོ་ཞིག་ཡོང་ནས།
- གྲོ་ཆུང་གཞོན་མགོ་སྦྲུལ་དཀར་པོ་ཞིག་མཐོང་ངམ་ཟེར།
- མ་མཐོང་ཟེར་ནས་དེ་ཚོར་མ་བྱིན།
- དེ་ནས་སྐྱ་མི་དཀར་པོ་ཞིག་ཡོང་ནས།
- ཨ་གྲོ་ཆུང་གཞོན་མགོ་སྦྲུལ་དཀར་པོ་ཞིག་མཐོང་ངམ་ཞེས་དྲིས།
- མཐོང་ན་རྙེད་བཙའ་སྟེར་ཟེར།
- ཡ་ངས་རྙེད་ཡོད་ཟེར་ནས་དེ་ལ་བྱིན།
- བྱིན་པས་ཡ་ད་བཟང་གི།
- ད་ཁྱོད་ངའི་རྒྱབ་ལ་ཞོན་དང་འཕྲོད་སོང་ནི་རེད།
- ངས་ཁྱོད་གནས་ཤིག་ལ་ཁྲིད་ཟེར་བས་ཡ་ཟེར།
- དེ་ནས་ཁྱོད་ཀྱིས་མིག་ཚུམས།
- ངས་མིག་ཕྱེ་ཟེར་རག་བར་དུ་ཁྱོད་ཀྱིས་མིག་མ་ཕྱེ་ཟེར།
- ཡ་ཟེར་ནས་བར་ཞིག་ལ་གྲོ་ཆུང་གཞོན་མགོ་མིག་ཕྱེ་ཟེར།
- ཡ་ཟེར་ནས་ཁོ་ཡིས་མིག་ཕྱེ་དུས།
- གྲོང་ཁྱེར་ཞིག་ལ་ཐོན་ནས།
- ས་ཆ་ཆེ་ས་སྐྱིད་ས་ཞིག་ལ་ཁོ་ཐོན་ཡོད།
- དེ་ནས་ཁོ་ཀླུ་ཡུལ་ལ་ཁྲིད་སོང་བ་རེད།
- སྦྲུལ་དེ་ཀླུ་ཡུལ་གྱི་བཟང་བོ་ཞིག་རེད།
- དེ་རྙེད་པས་དགའ་ནས་སྟོན་མོ་བྱས།
- ཉིན་དེར་སྟོན་མོ་བྱས་ནས།
- དེའི་རྗེས་ནས་གྲོ་ཆུང་གཞོན་མགོ་ཕྱིར་སྐྱེལ་དགོས།
- རྒན་མོ་ཞིག་གིས་ཁ་ལ་གོ་ཐུམ་རྒྱབ་ཡོད།
- དེ་ནས་ཉིན་ཞིག་ལ་རྒན་མོ་དེས་ཨ་གྲོ་ཆུང་གཞོན་མགོ་ཟེར་བ་ཨ་ཟེར།
- ཁྱོད་ཀྱི་ངའི་ཁ་ཡི་གོ་ཐུམ་འདི་ལོངས་དང་ངས་ཁྱོད་ཅིག་བཤད་ཟེར།
- ཡ་ཟེར་ནས་གོ་ཐུམ་བླངས་དུས།
- ཁྱོད་སང་ཉིན་ཡར་ལ་འགྲོ་དགོས་ནི་རེད།
- ཁྱོད་སང་ཉིན་ཡར་ལ་སྐྱེལ་ན།
- ཁྱོད་ལ་སང་ཉིན་རྙེད་གླ་སྟེར་བ་རེད།
- གསེར་ནག་བྲེ་ལ་ཚད་ལ་སྟེར་ཟེར་ན་ཁྱོད་ཀྱིས་མི་དགོས་ཞེས་ཤོད།
- ས་ཁར་སོང་ན་ས་དང་རྡོ་ཡིས་ལོག་འགྲོ།
- དེ་ནས་དངུལ་དཀར་སྟ་རེ་ཡིས་གཅོད་ལ་སྟེར་ཟེར་ལ་མི་དགོས་ཞེས་ཤོད།
- ས་ཁར་སོང་ན་ས་དང་རྡོ་ཡིས་ལོག་འགྲོ།
- དེ་ནས་གཡུ་བྱུར་བྲེ་ལ་ཚད་ནས་སྟེར་ཟེར་ན་མི་དགོས་ཟེར་ཞེས་ཤོད།
- ས་ཁར་སོང་ན་ས་དང་རྡོ་ཡིས་ལོག་འགྲོ།
- ཁྱོད་ཀྱིས་ང་སྟེར་རྒྱུ་ཡིན་ན་ཁྱོད་ཚང་གི་སྒོ་ཁའི་ཁྱི་མོ་དམར་རིས་མ།
- སྟོད་ཐོག་ཞ་ར་ཁྲ་རིས་དང་སྟོད་རྒྱབ་སྨུག་རིས།
- གསེར་ནག་གི་སྡུག་གུ་ཆ་བརྒྱད་ཁོ་ལ་བྱིན་ཟེར།
- ཁོ་ལ་སྟེར་ན་དེ་ཚོ་དགོས་ཞེས་ཤོད་ཟེར།
- དེ་ཚོ་ལས་ང་ཅི་ཡང་མི་དགོས།
- ཁྱོད་ཀྱིས་དེ་ལྟར་བཤད་ན་ཁྱོད་དེ་ཚོ་བཟང་ཆ་ཡོད།
- ཁྱོད་ཀྱིས་ངའི་ཁ་ལ་ཕྱིར་གོ་ཐུམ་མ་བརྒྱབ་ན་འགྲིག་ནི་མ་རེད་ཟེར།
- རྒན་མོ་ཡིས་དེ་འདྲ་བཤད་པས་ཁ་ལ་གོ་ཐུབ་བརྒྱབ་པ་རེད།
- དེ་ནས་ཡ་ཟེར་ནས་ཕྱིར་ཁ་ཐུམ་བརྒྱབ་ནས་བསྡད།
- ཕྱི་ཉིན་ཁྱོད་གསེར་ནག་བྲེ་ལ་ཚད་ལ་སྟེར་ཟེར་དུས་མི་དགོས་ཟེར།
- དེ་ནས་དངུལ་དཀར་སྟ་རེ་ཡིས་གཅོད་ལ་སྟེར་ཟེར་དུས་མི་དགོས་ཟེར།
- དེ་ནས་གཡུ་བྱུར་བྲེ་ལ་ཚད་ནས་སྟེར་ཟེར་དུས་མི་དགོས་ཟེར།
- དེ་ན་ཁྱོད་ཅི་དགོས་ཟེར་དུས།
- ང་ལ་ངོ་མས་ཕན་བཏག་ནས་རྙེད་གླ་ཞིག་སྟེར་རྒྱུ་ཡིན་ན།
- ཁྱོད་ཚང་གི་སྒོ་ཁའི་ཁྱི་མོ་དམར་ལེབ་མ།
- སྟོད་ཐོག་ཞ་ར་ཁྲ་རིས་དང་སྟོད་རྒྱབ་སྨུག་རིས།
- གསེར་ནག་གི་སྡུག་གུ་ཆ་བརྒྱད་ཁོ་ལ་དགོས་ཟེར།
- དེ་སྟེར་རྒྱུ་མིན་ན་ཁོར་ཅི་ཡང་མི་དགོས་ཟེར།
- དེ་ནས་ཀླུ་ཡུལ་ན་ཡོད་པ་གཅིག་པོ་ཡིན།
- དེ་བྱིན་ན་མི་འགྲིག་མོད་ད་ལྟ་བཀོད་པ་མེད།
- ཁྱོད་ལ་སྟེར་དགོས་ཞེས་བཤད་དེ།
- ཁོ་ལ་བྱིན་ནས་མཚོ་ཁར་སྐྱེལ།
- དེ་ནས་ཁོ་ཡིས་ཁྱི་མོ་ཁྲིད་ནས།
- དེ་འཁུར་ནས་ཡུལ་ལ་ཡོང་ནི་རེད།
- ཡོང་དུས་གཅིག་ཀྱང་ཡོད་ནི་མ་རེད།
- རྒན་མོ་དེས་ང་ཅི་འདྲའི་སྡུག་ཅིག་ཡོང་གི
- ང་ལ་དེ་འདྲ་སྟེར་ཟེར་དུས།
- གསེར་ནག་བྲེ་ལ་ཚད་ནས་སྟེར་ཟེར་དུས་ངས་མི་དགོས་ཟེར་བ་ཡིན།
- དངུལ་དཀར་སྟ་རེ་ཡིས་གཅོད་ལ་སྟེར་ཟེར་དུས་ངས་མི་དགོས་ཟེར་བ་ཡིན།
- དེ་ཁྱེར་ཡོང་ཡོད་ན་ང་ཅི་ཞིག་གི་འདང་རྒྱག་ཡོད་གི་ཟེར།
- ང་འདི་འདྲས་ཅི་བྱེད།
- ཡོབ་སྟོང་ཞིག་དང་ཞ་ར་ཞིག
- ཁྱི་མོ་འདི་བཅས་ཀྱིས་ཅི་བྱེད་འདོད་ནས་དགོང་མོ་དེ་ལྟར་བསྡད།
- ཕྱི་ཉིན་དེ་ཡུལ་ནས་བསྐྱུར་ཏེ་གྲོ་མ་བརྐོ་རུ་བུད་སོང་།
- དེ་ནས་གྲོ་མ་བརྐོས་ནས་ཕྱི་དྲོ་ཕྱིར་ཡོང་དུས།
- ཁྱིམ་ཆེན་ཞིག་གི་ལོག་ཡོད།
- དངོས་པོ་བརྩིགས་ནས་ཟ་མ་ལས་ནས་ཁོ་ཡི་ཡུལ་ན་ལྟད་མོ་ཞིག་ཡོད།
- ཅི་འདྲའི་དགོད་སྤྱད་འདོད་ནས།
- ཁྱི་མོ་སྒོ་ཁ་ནས་ཉལ་ནས་བསྡད་ཡོད།
- ཅིའི་དགོད་སྤྱད་ཅིག་འདོད་ནས།
- ཕྱི་ཉིན་ཡང་ཁོ་གྲོ་མ་བརྐོ་རུ་སོང་།
- ཕྱི་དྲོ་ཡོང་ན་ཡང་ཟ་མ་སྐོལ་ནས་ཡ་མཚན་ཞིག་རེད།
- དེ་ནས་འདི་ཅི་ཞིག་ཡིན་ནམ།
- ཕྱི་ཉིན་ཁོ་གྲོ་མ་བརྐོ་རུ་འགྲོ་རྩིས་བྱས་ནས།
- ཕྱིར་བལྟས་ནས་བསྡད།
- བལྟས་ནས་བསྡད་དུས།
- ཁྱི་མོ་དམར་ལེབ་མ་ཡིས་ཁྱི་བོག་སྒོ་ཁ་ནས་ཕུད་དེ།
- གསེར་ནག་གི་སྡུག་གུ་ཆ་བརྒྱད་ཀྱིས་སྟོད་རྒྱབ་སྨུག་རིས་ལ་འདི་ལྟར་བརྒྱབ་པས།
- ནང་ནས་ཡིད་ལ་ཤར་བ་ཚང་མ་ཅི་ཞིག་དགོས་ན།
- ཟས་ཟ་མ་རྒྱུ་ནོམ་པ་ཅི་ཞིག་དགོས་ན་ནང་ནས་གྲུབ་ནས་ཡོང་།
- དེ་ནས་བརྒྱབ་པས་ཇ་སྐོལ་ནས་ཁྱིམ་ལ་གཙང་སྦྲ་བྱས།
- དེ་ནས་ཀླུ་མོ་ཡིས།
- ཁྱི་པགས་ཕུད་ཚེ་ཀླུ་མོ་དེ་ཧ་ཅང་ཡག་པ་འོར་ཟེར་སྣ་ལྔ་འཕྲོས་ཡོད་པ།
- དེ་འདྲ་ངར་བ་ཞིག་རེད།
- ཁོ་དགའ་ནས་ཁྱི་པགས་དེ་ཁྱེར་ནས་སོང་སྟེ་མེ་ནང་ལ་འཕངས།
- ཁྱོད་ཀྱིས་ཁྱི་པགས་དེ་མེ་ནང་ལ་འཕེན་མི་ཉན།
- ཁྱོད་ཀྱིས་ངའི་མགོ་ཁེབས་ནི་མ་རེད།
- ངས་མགོ་ཁེབས་ཟེར།
- དེ་ནས་སྐྱིད་པོ་བྱས་ནས་བསྡད།
- ཉིན་ཞིག་ལ་ཀླུ་མོས་ཁྱོད་སོང་དང་ཆུ་ཞིག་ཁྱེར་ནས་ཤོག
- ངས་སྐྲ་ཤད་དགོས་ཟེར།
- ང་ཆུ་ལ་མི་འགྲོ་ཟེར།
- ཁྱོད་སོང་དང་ཆུ་ཁྱེར་ནས་མ་ཡོང་ན།
- ངའི་སྐྲ་ཤད་འདི་གསེར་ནག་ཡིན་ནི་རེད།
- ཆུས་འཁུར་སོང་ན་འགྲིག་ནི་མ་རེད།
- གཞན་གྱིས་རྙེད་ན་རྩད་བཅད་ནས་ཡོང་ནི་རེད།
- ཁྱོད་སོང་དང་ང་ལ་ཆུ་ཁྱེར་ནས་ཤོག་ཟེར།
- ངས་ཁྱོད་མགོ་ཆུ་ལ་སོགས་པ་ཁྱེར་ཡོང་ནས་མི་བ་གི།
- དེ་ལྟར་བཤད་ནས་མ་སོང་བ་རེད།
- དེ་ནས་མོ་ཡང་ཁོང་ཁྲོ་ལངས་ནས་སོང་སྟེ་ཆུ་ཁ་ནས་མགོ་ཤད།
- ཤད་དུས་སྐྲ་ཤད་ཆུས་འཁུར་སོང་།
- སྐྲ་ཤད་དེ་ཆུས་འཁུར་ནས་སོང་དུས།
- རྒྱལ་བོ་ཞིག་ཡོད།
- དེ་ཚང་གི་ཆུ་ལེན་ཐོན་པ་དང་སྐྲ་ཤད་འཁུར་ནས་ཡོང་བ་ཐོ་ཐུག་པས།
- སྐྲ་ཤད་ཆུ་ལེན་དེའི་ལག་ཏུ་ཆུད།
- དེ་ནས་ཆུ་ལེན་དེ་སོང་ནས།
- དེ་རིང་ངས་སྐྲ་ཤད་ཅིག་རྙེད་པ་འདི་གསེར་ནག་རེད།
- འདི་ཅི་ཞིག་ཡིན་ནམ་ཟེར་ནས་སོང་སྟེ་རྒྱལ་བོ་ལ་བསྟན།
- རྒྱལ་བོ་ལ་བསྟན་པས་འདི་རང་བཞིན་གྱི་མི་ཞིག་མ་རེད།
- ཁྱོད་ཚོས་སྐྲ་ཤད་འདི་ཁྱེར་ནས།
- བློན་པོ་གཉིས་ལ་ཁྱོད་གཉིས་ཀྱིས་སྐྲ་ཤད་འདི་ཁྱེར་ནས།
- སྐྲ་ཤད་འདི་སུས་ཡིན་ནམ་ཟེར་ནས་འདི་སྟོན་ན་སོང་།
- འདི་ལ་བདག་པོ་ཞིག་ཡོད་ནི་རེད།
- འདི་གང་ན་ཡོད་པ་རྩད་གཅོད།
- འདི་ངར་བ་ཞིག་རེད།
- འདི་བཙུན་མོ་ལ་དགོས་ཟེར།
- དེ་ནས་བློན་པོ་གཉིས་ལ་སྐྲ་ཤད་དེ་ཁྱེར་ནས་སོང་།
- ཆུ་དེ་དེད་ནས་སོང་ན་ཁྱོད་གཉིས་ཀྱིས་རྙེད་ནི་རེད།
- ཆུ་དེ་དེད་ནས་ཡོང་རྒྱུ་ཟེར་ནས།
- ལམ་ལ་ཆས་དུས་ཀླུ་མོ་ཡིས་མཁྱེན་སོང་།
- དེ་ནས་གྲོ་ཆུང་གཞོན་མགོ་ལ་ཁྱོད་ཀྱིས་དེ་རིང་ཅིག་ཐོན་རྒྱུ་རེད།
- ང་ཉལ་ནས་འདུག
- ངས་ན་ཚུལ་བཅོས་ནས་མགོ་ལྕིབས་ནས་ཉལ་འདུག
- མི་ཞིག་ཐོན་བཏང་ཁྱོད་ཀྱིས་ཇ་སྐོལ་ལ་འགྲོ་རུ་བཅུག
- གན་ནས་མི་མཐོང་ན་ཁྱོད་ཀྱིས་ཚུལ་ལ་ཤོག་མ་ཟེར།
- སྐྲ་ཤད་འདི་སུས་ཡིན་ཟེར་ན་མ་ཤེས་ཞེས་ཤོད་ཟེར།
- ཡ་ཟེར་ནས་བསྡད།
- དེ་ནས་བློན་པོ་གཉིས་པོ་ཡོང་ནས།
- ཨ་རོད་གྲོ་ཆུང་གཞོན་མགོ་ཁྱོད་ངར་བ་རེད་ལ།
- ངར་བ་རེད་ཟེར་ནས་ཁ་ཡ་མ་བྱས་པར་བསྡད།
- ཨ་རོད་གྲོ་ཆུང་གཞོན་མགོ་དེང་སང་ཁྱོད་སངས་རྒྱས་སོང་།
- མི་ལ་ཁ་ཡ་མི་བྱེད་པ་རེད་ལ།
- མི་ལ་ཁ་ཡ་མ་བྱས་ན་ངོ་ཚ་ཞིག་རེད་འདོད་ནས།
- ཁ་ཡ་ལོས་བྱེད་འདིར་ཤོག་ཟེར།
- དེ་ནས་དེར་ཡོང་རྒྱུ་མིན།
- ཁོང་གཉིས་ཀྱིས་སྐྲ་ཤད་ཅིག་རྙེད་ཡོད་ལ།
- འདི་སུས་ཡིན་པ་ཁྱོད་ཀྱིས་མ་ཤེས་སམ་ཞེས་དྲིས།
- གསེར་ནག་གི་སྐྲ་ཤད་ཅིག་རེད།
- ཁོ་ཡིས་དེ་ངེད་ཚང་གི་ཡིན་ཟེར།
- དེ་ནས་གན་ཚང་ལ་འགྲོ་ལ་ཡིན་རྒྱུ་རེད།
- ཁོ་གཉིས་ཡོང་དུས་ཀླུ་མོ་ཉལ་ནས་བསྡད་ཡོད།
- ཁོ་ཡིས་དེ་ནས་ཇ་སྐོལ་རྒྱུ་ཟེར་ནས་བསྡད་དུས།
- མོ་ཡིས་མགོ་ལྕིབས་བརྒྱབ་ནས་ཉལ་ནས་བསྡད་ན།
- ཁོ་ཡིས་འདང་ཞིག་བརྒྱབ་ནས་མོ་དེ་ལྟར་ཉལ་ནས་བསྡད་ན།
- ངས་ཇ་སྐོལ་ན་ངན་པ་ཞིག་རེད་འདོད་ནས།
- ཨ་རོད་ལོངས་དང་ཇ་སྐོལ་ཟེར།
- དེ་ནས་ད་རུང་མགོ་ལྕིབས་ནས་བསྡད།
- དེ་ནས་ཁྱི་དང་བུ་མོ་ཁྱོད་ལོངས་དང་ཇ་སྐོལ་ཟེར་ནས་ལྡོག་རྒྱག་གཞུས།
- དེ་ནས་ཀླུ་མོ་ཡང་ཁོང་ཁྲོ་ལངས་ནས་ཡར་ལངས་ནས་ཇ་སྐོལ།
- འོད་ཟེར་འཕྲོས་ནས་ཡ་མཚན་ཞིག་རེད།
- བློན་པོ་གཉིས་ཀྱིས་ཤེས་སོང་བ་ཡིན།
- དེ་ནས་ཕྱིར་སོང་ནས་རྒྱལ་བོ་ལ་གྲོ་ཆུང་གཞོན་མགོ་ཡི་ཆུང་མ་རེད་ཅེས་བཤད།
- དེ་ནས་རྒྱལ་བོ་ཡིས་གྲོ་ཆུང་གཞོན་མགོ་ལ་ཁྱོད་འདིར་ཤོག
- གྲོ་ཆུང་གཞོན་མགོ་བོས་ནས་བསྡད་དེ།
- ཁྱོད་ཀྱིས་བཙུན་མོ་དེ་ང་ལ་བཙུན་མོར་དགོས།
- ངེད་གཉིས་ཀྱིས་རྒྱལ་འཇོག་ཟེར།
- དེ་ནས་རྒྱལ་བོ་ཡིན་པས་རྒྱལ་བོ་ཡི་བཀའ་ལ་འགལ་ཐུབ་པ་ཞིག་ཡོད་ནི་མ་རེད།
- གྲོ་ཆུང་གཞོན་མགོ་ཡིས་ཅི་ཞིག་བྱེད་འདོད་དུས།
- རྒྱལ་བོ་ཡིས་ངེད་གཉིས་ཀྱིས་རྒྱལ་འཇོག་ཟེར།
- གྲོ་ཆུང་གཞོན་མགོ་ལ་རྒྱུ་ཡོད་ནི་མ་རེད།
- གོས་ཤིག་གང་ན་ཡོད་འདོད་ནས།
- ངེད་གཉིས་ཀྱིས་རི་ཞིག་གོས་ཀྱིས་བཏུམ་ནས།
- ངེད་གཉིས་ཀྱིས་སུས་ཐུབ་ན་ཐུབ་པ་དེ་ཡིན་ཟེར།
- དེ་ནས་གྲོ་ཆུང་གཞོན་མགོ་ཡིས་ཡ་ཟེར།
- རྒྱལ་བོ་ཡིན་པས་དེར་ཡ་མི་ཟེར་ལ་གང་ལ་ཟེར།
- ཡ་ཟེར་ནས་སེམས་སྡུག་བྱས་ཏེ་ཡོང་།
- ངས་གོས་ཤིག་གང་ནས་ཁྱེར་ཡོང་ཟེར།
- རི་ཞིག་ཐུབ་པའི་གོས་ཤིག་ཅི་ལྟར་ཡོད་བསམ་ནས་སེམས་སྡུག་བྱས།
- དེ་ནས་ཡོང་སྟེ་ཀླུ་མོ་ལ་དེ་རིང་རྒྱལ་བོ་ཡིས་འདི་ལྟར་ཟེར།
- རི་གོས་ཀྱིས་བཏུམ་རེ་བྱེད་ཟེར།
- ཀླུ་མོ་ཡིས་ཁྱོད་མཚོ་ཁར་སོང་ནས།
- ཨ་ཞང་ཟེར་ན་ཨ་ཟེར།
- གོས་སྒམ་ཆེ་བ་མི་དགོས་ཆེ་སོང་བ་རེད།
- ཆུང་བ་མི་དགོས་ཆུང་སོང་བ་རེད།
- འབྲིང་བ་བྱིན་ཟེར་ན་ཁྱོད་ལ་སྟེར་བས་ཁྱོད་ཀྱིསདེ་ཁྱེར་ནས་ཤོག་ཟེར།
- ཡ་ཟེར་ནས་ཁོ་མཚོ་ཁར་སོང་ནས།
- ཨ་ཞང་ཞེས་བོས་དུས་ཨ་ཟེར།
- ང་གོས་སྒམ་ཆེ་བ་མི་དགོས་ཆེ་སོང་བ་རེད།
- ཆུང་བ་མི་དགོས་ཆུང་སོང་བ་རེད།
- འབྲིང་བ་བྱིན་ཟེར་ནས་ཀླུ་ཞིག་གིས་འཁུར་ནས་ཡོང་སྟེ་བྱིན་པ་རེད།
- དེ་ནས་ཁོ་ཡིས་ཁྱེར་ནས་ཡུལ་ལ་ཡོང་།
- ཡོང་ནས་ཕྱི་ཉིན་རྒྱལ་བོ་ཚང་དང་།
- ཁོ་གཉིས་ཀྱིས་གོས་ཀྱིས་བཏུམ་རེ་བྱས་པས།
- རྒྱལ་བོ་ཚང་གི་གོས་ཀྱིས་རིའི་རྐེད་པ་ལས་མ་ཁེབ།
- གྲོ་ཆུང་གཞོན་མགོ་ཡིས་གོས་ཀྱིས།
- རིའི་འདབས་ནས་ས་ལ་འཁྱིལ་འདུག
- ཡ་ད་ང་རེད་ལ་ཟེར་ནས།
- གྲོ་ཆུང་བཞོན་མགོ་དགའ་བ་རེད།
- དེ་ནས་རྒྱལ་བོ་ཡིས་དེ་མི་ཆོག་ད་རུང་རྒྱལ་ཞིག་འཇོག་དགོས།
- རྒྱལ་བོ་ཡིས་དམག་བཀོལ་ལ་དམག་གིས་གཏུག་རེས་བྱས་ན།
- གྲོ་ཆུང་གཞོན་མགོས་དམག་གང་ནས་ཁྲིད་ནས་ཡོང་རྒྱུ་ཟེར།
- ཁོར་བློན་པོ་མང་གི་འདོད་ནས།
- ཁོ་གཉིས་ཀྱིས་དམག་གིས་གཏུག་རེས་བྱེད་དགོས།
- ངས་དམག་གང་ནས་ཁྱེར་ཡོང་འདོད་ནས།
- ཡང་ཁོ་ཡིས་སེམས་སྡུག་བྱས་ནས་ཡོང་།
- ཀླུ་མོ་ལ་དེ་ལྟར་དམག་གིས་གཏུག་རེས་བྱེད་དགོས་ཟེར།
- ཅི་ཞིག་བྱེད།
- ཁྱོད་སོང་དང་གོས་སྒམ་འདི་འཁུར་ནས་མཚོ་ཁར་སོང་ན།
- ཨ་ཞང་ཟེར་ལ་ཨ་ཟེར།
- དམག་སྒམ་ཆེ་བ་མི་དགོས་ཆེ་སོང་བ་རེད།
- ཆུང་བ་མི་དགོས་ཆུང་སོང་བ་རེད།
- འབྲིང་བ་བྱིན་ཞེས་བཤད་དེ་འཁུར་ནས་ཤོག
- གོས་སྒམ་ཕྱིར་བྱིན་ཏེ་དམག་སྒམ་འཁུར་ནས་ཤོག་ཟེར།
- ཁྱོད་ཀྱིས་ལམ་ནས་ཁ་འབྱེད་མི་ཉན་ཟེར།
- ཡ་ཟེར་ནས་ཡང་ཁོ་ཡིས་གོས་སྒམ་དེ་འཁུར་ནས།
- ཡང་དེ་ལྟར་བཤད་ནས་གོས་སྒམ་ཕྱིར་བྱིན།
- དམག་སྒམ་ཆེ་བ་མི་དགོས་ཆེ་སོང་བ་རེད།
- ཆུང་བ་མི་དགོས་ཆུང་སོང་བ་རེད།
- འབྲིང་བ་བྱིན་ཟེར་དུས།
- ཡང་ཀླུ་ཞིག་གིས་འཁུར་ནས་ཡོང་ནས་བྱིན་པ་རེད།
- བྱིན་ནས་གོས་སྒམ་ཕྱིར་ཁྱེར།
- དེ་ནས་ཁྱེར་ནས་ཡོང་སྟེ།
- ལམ་ཞིག་ལ་ཡོང་ནས་སྒམ་འདིའི་ནང་ན།
- དམག་ཅི་འདྲ་ཞིག་ཡོད་འདོད་ནས།
- ཁོ་ཡིས་ཁ་ཕྱེ་བས།
- དམག་གཅིག་རྗེས་གཉིས་མཐུད་ཀྱིས་བཞུར་ནས་ཡོང་།
- གང་ལ་རྒྱུགས་དགོས་ཟེར།
- ཁོས་རང་ཚོད་མེད་པར་སྐྲག་དངངས་ཀྱིས་ནགས་ལ་རྒྱུགས་ཟེར།
- ནགས་ཚང་མ་བཅོམ་པ་རེད།
- ཡང་རང་ཚོད་མེད་པར་དམག་འདུས་ཟེར་བས་ཕྱིར་འདུས་བ་རེད།
- དེ་ནས་ཁོ་ཡིས་འཁུར་ནས་ཡོང་།
- དེ་ནས་ཀླུ་མོ་ཡི་ལག་ལ་བཞག་པས།
- ཀླུ་མོ་ཡིས་ཨ་བྱ་དྲོ་ཁྱོད་ཀྱིས་འདིའི་ཁ་ཕྱེ་ནས་ཟེར་བས།
- ངས་འདིའི་ནང་ན་དམག་ཅི་འདྲ་ཞིག་ཡོད་འདོད་ནས།
- ཁ་ཕྱེ་བས་དེ་ལྟར་བྱུང་།
- དམག་གི་ཁ་ཕྱེ་བས་སང་ཉིན་ཐུབ་མི་ཐུབ་སུས་ཤེས།
- ཁྱོད་ལ་ཁ་མ་འབྱེད་ཅེས་བཤད་ཡོད་ལ།
- ཕྱི་ཉིན་གཏུག་རེས་བྱས་པས།
- རྒྱལ་བོ་ཚང་གི་དམག་ས་དང་རྡུལ་གྱིས་བཏང་བ་རེད།
- དེ་ནས་ཁོས་རྒྱལ་ཁབ་ལོན་ཡོད་ལ་ཟེར་བས།
- རྒྱལ་བོ་ཡིས་འདི་ཅི་ཡིན་བཀོད་པ་མེད་གི་འདོད་ནས།
- ཁྱོད་ལ་རྒྱལ་ཁབ་བྱིན་པ་ཡིན།
- རྒྱལ་བོ་ཕམ་པ་རེད།
- དེ་ནས་ཁོ་ཡིས་སྐྱིད་གི་འདོད་ནས།
- དམག་སྒམ་ཕྱིར་བྱིན་ནས།
- ཡོང་ནས་སྐྱིད་པོ་བྱས་ནས།
- ཟས་ཟ་མ་དང་རྒྱུ་ནོམ་པ་ཟེར་བ་ཞིག་ལ།
- ཁོ་གཉིས་ལ་འདང་རྒྱག་མེད་པར་བསྡད།
- བསྡད་པས་ཉིན་ཞིག་ད་མཚོ་ནང་ན་ཁྱེར་ཡོང་རྒྱུ་ཨེ་ཡོད་ཟེར།
- ད་ལྟ་ཅི་ཡང་ཁྱེར་ཡོང་རྒྱུ་མེད།
- ང་ལོ་ལོན་དུས་ཁྱེར་ཡོང་རྒྱུ་ཞིག་ཡོད།
- དེ་ལས་ཁྱེར་ཡོང་རྒྱུ་མེད་ཟེར།
- དེ་ཅི་ཡིན་ཁོར་ཤོད་ཟེར་བས།
- ཁོ་ཡིས་མཚོ་ནང་ལ་སོང་ནས་བྱིན་ཟེར་ནས་ཁྱེར་ཡོང་ན་སྐྱིད་ཀི་འདོད་དེ།
- ཁོར་ཤོད་ཟེར།
- ད་རུང་ཁྱེར་ཡོང་མི་དགོས།
- རྗེས་ནས་ང་ལོ་ལོན་དུས་ཁྱེར་ཡོང་དགོས།
- དོན་ཡོད་གཤོག་པ་དང་སེང་སྡོང་གི་མདའ་རིལ།
- དངུལ་དཀར་གྱི་དྲིལ་བུ་དེ་ཚོ་དགོས།
- དེ་ཚོ་ཁྱེར་ཤོག་ཟེར།
- ཡ་ཟེར་ནས་ཀླུ་མོར་ཤེས་སུ་མ་བཅུག་པར།
- ཉིན་ཞིག་ལ་མཚོ་ཁར་རྒྱུགས་ནས་སོང་སྟེ།
- ཨ་ཞང་ཟེར་དུས་ཨ་ཟེར།
- ང་ལ་དོན་ཡོད་གཤོག་པ་དང་སེང་སྡོང་གི་མདའ་རིལ།
- དངུལ་དཀར་གྱི་དྲིལ་བུ་ཚོ་བྱིན་ཟེར།
- ཀླུ་མོ་ཞིག་ངུ་བཞིན་ཡོང་སྟེ་དེའི་ཚད་ལ་ཐོན་ཡོད་ནི་ཨེ་རེད་ཟེར་ནས།
- འཁུར་ནས་ཡོང་སྟེ་བྱིན།
- དེ་ནས་ཁོ་ཡིས་ཁྱེར་ནས་ཡོང་སྟེ།
- ཁྱོད་ཀྱིས་ཁྱེར་ནས་ཡོང་རྒྱུ་ཞིག་ཡོད་ཟེར་བ་དེ་ངས་ཁྱེར་ཡོང་ཡོད།
- ཨ་ཟེར་དུས་ཁྱེར་ཡོང་ཡོད་ཟེར།
- ངས་ཁྱོད་དེ་ད་རུང་ཁྱེར་ཡོང་མི་དགོས་ཞེས་བཤད་ཡོད་ལ།
- གང་ན་ཡོད་ཁྱོད་ཀྱིས་ངའི་ལག་ལ་ཞོག་ཟེར།
- ཡ་ཟེར་ནས་ཁྱེར་ཡོང་སྟེ་མོའི་ལག་ལ་བཞག
- ང་ལོ་ལོན་དུས་ཁྱོད་འདི་ཁྱེར་ཤོག་ཅེས་བཤད་ཡོད་ལ།
- དེའི་བར་དུ་ཁྱེར་ཡོང་མི་དགོས་ཞེས་བཤད་ཡོད་ལ།
- འདི་ཁྱེར་ནས་བུད་ཡོང་ན་ང་འདུག་ཉན་ནི་མ་རེད།
- ང་ཡར་ལ་འཕུར་དགོས་ནི་རེད།
- འགྲོ་དགོས་པ་རེད་ཅེས་བཤད་དེ་དོན་ཡོད་གཤོག་པ་གོན་ནས།
- སེང་སྡོང་གི་མདའ་རིལ་གཡུག་ནས།
- དངུལ་དཀར་གྱི་དྲིལ་བུ་གཡུག་ནས།
- ལྷ་ཡུལ་ལ་འཕུར་བ་རེད།
- ཁོ་ཐང་ནས་ངུ་ནས་ཐང་ལ་སྐོར་རྒྱུགས་བྱས།
- ལྷ་མོ་ཡི་མགོ་ནས་འཁོར་ཏེ་འཕུར་སོང་།
- དེ་ནས་ཁོ་སྔོན་གྱི་གྲོ་མ་བརྐོས་ནས་འདུག་པ་དེའི་ལོག་སོང་བ་རེད།