Skip to main content Skip to search
03 Feb 2016
8 min 21 sec
Video Overview
Creators: 
Dawa Tshering, Thinley Dorji

 ཐིམ་ཕུ་ཁྲོམ་སྡེ་ལས་ སྣ་ཀོ་གིས་བློ་ཟེ་བསྒྱུར་མི་དེ་ ཤར་ཝང་སྤ་གསུམ་སྐོར་གྱི་བློ་ཟེ་ཅིག་བསྒྱུར་ཏེ་འདུག དེ་ཡང་ ཤར་ཟེར་མི་འདི་ དབང་འདུས་དང་ ཝང་ཟེར་མི་འདི་ ཐིམ་ཕུ་ དེ་ལས་ སྤ་ཟེར་མི་འདི་ སྤ་རོ་ལུ་སླབ་ཨིནམ་ད་ སྣ་ཀོ་གིས་བློ་ཟེ་བསྒྱུར་མི་འདི་ དབང་འདུས་དང་ཐིམ་ཕུ་ སྤ་རོ་གསུམ་གྱི་སྐོར་ལས་བློ་ཟེ་བསྒྱུརཝ་ཨིན་པས། ཁོ་གིས་བློ་ཟེ་སྒྱུར་བའི་སྐབས་ལུ་ སྐད་སར་སོར་སྦེ་ལེ་ཤ་གོ་མི་དེ་ སྒྲ་བཟུང་ཕབ་ལེན་འབད་ས་ཐིམ་ཕུ་རྗེས་དྲན་མཆོད་རྟེན་ལུ་འབད་ནི་འདི་གིས་ ས་གནས་དེ་ཁར་མཆོད་རྟེན་བསྐོར་ར་རྐྱབ་མི་ རྒྱུན་ཆད་མེད་པར་འོང་དོ་ཡོདཔ་ལས་ དེ་ཚུ་གི་སྐད་གོཝ་མ་ཚད་ རླུང་མ་ཡང་འཕུཝ་ཨིན་པས།

 

Nako from Thimphu District narrates a story of degor players. The story is set in a recreation ground where three boys play a degor game, betting to catch a fish and have a picnic. After the game they go to the riverside and catch a fish, but accidentally it is dropped back in the river. The incident leads to a quarrel, and a debate about where the fish’s brain is located. Because the problem cannot be solved between them, they decide to approach the king. The three of them bribe the king separately, asking for his support. The king gets confused, and asks for the help of ministers in order to solve the issue.

Transcript search
No results found for this search
0 of 0
  • གནག་ཀོ། Nako
    དང་ཕུགས་ ཨེང་་་་་རྒྱལ་པའི་སྲས་གཅིག་ ཕྱུག་པའི་བུ་གཅིག་ དབུལ་པའི་བུ་གཅིག་སྦེ་ ཏེ་དེ་ལས་ རྡོ་སྒོར་རྐྱབ་རྐྱབ་མས་ལོ། ཏེ་རོགས་ རྡོ་སྒོར་རྐྱབ་སྟེ་སྦེ་འབདཝ་ད་ ཏེ་དེ་ལས་ སྐུགས་དེ་ ལྔམ་གཅིག་བཟོ་ དེ་ལས་སྐུགས་འདི་ ལྔམ་འདི་བཟོ་འབད་སྦེ་ ཏེ་དེ་ལས་ དོའི་ར་རྒྱལ་བཟའ་རནམ་ད་ རྒྱལ་བཟའ་རནམ་ད་འབདཝ་ད་ ཏེ་ལས་ དེམ་རྒྱལ་དེ་ ཉ་བཟུང་བཟའ་ནི་སྦེ་ སླབ་སླབ་མས་ཁོང་། ཉ་བཟུང་བཟའ་ ཉ་བཟུང་འདི་སྦེ་ མཛར་ཅུམ་འབད་བཟའ་དགེ་ཟེར།
  • ན་ཀོ། Nako
    ཏེ་དེ་ལས་ ཨ་ནཱ་ལས་ ཁོང་ ཁོང་སྐུགས་ལྔམ་འདི་ཆོད་ཚརཝ་ཅིག་ ཏེ་ཉ་བཟུང་མ་སོང་ ཉ་བཟུང་མ་སོང་བའི་བསྒང་ལསནི་ ཏེ་དེ་ལསནི་ ཉ་དེ་ཐོབ་ནུག་པ་ ཁོང་གསུམ་ བཟའ་ལོག་ཆོདཔ་དེ་ཡང་མ་ཐོབ་པས། ཁོང་གིས་ཡང་ བཟའ་མ་ཚར་བའི་ ཉ་སྦོམ་ཅིག་ཐོབ་ནུག་སྦ།
  • ན་ཀོ། Nako
    འ་ནཱི་ཐོབ་ད་ལུ་ ཏེ་རྒྱལ་པོའི་སྲས་དེ་གིས་ སླབ་སླབ་མས། ཉའི་སྲོག་ ཡར་མགུ་ཏོག་གུ་ མགུ་ཏོག་གུ་རྐྱབ་ མགུ་ཏོ་གུ་ཟེར་བའི་ལོ། དེ་ལས་དབའེ་ ཕྱུག་པའི་བུ་དེ་གིས་ སླབ་པའི་ཟེར་བའི་ལོ། མགུ་ཏོག་གུ་མེན་ མར་སྐེད་པར་ཨིན་ས། ཉའི་སྲོག་སྐེད་པར་ཨིན། སྐེད་པར་རྐྱབ་དགོ་ཟེར་བའི་ལོ། ཏེ་དེ་ལསནི་ དབུལ་པའི་བུ་དེ་ལུ་ གིས སླབ་སླབ་མས། མེན་ས་ ཉའི་སྲོག་མར་མཇུག་མ་ཨིན། མཇུག་མ་རྐྱབ་དགོ། ཉའི་སྲོག་དེ་ རྟ་བུ་ར་ མར་མཇུག་མ་ཁར་སྡོདཔ་ཨིན་ཟེར་བའི་ལོ།
    ()
  • ན་ཀོ། Nako
    ཏེ་དེ་ལས་ ཏེ་ཁོང་གསུམ་འཛིང་རྐྱབ་ ཉ་དེ་བར་ན་སྐོར་ལས་བྱང་ད་ནུག དེ་ལས་ ཏེ་མཛར་ཅུམ་བཟའ་མ་ཚུགས་པས། དེ་ལས་ ཏེ་ཁོང་གཉིས་མ་འགྲིགས་པར་ཏེ་ བྱེཝ་ལངས་ དེ་ལས་ མ་འགྲིགས་པར་ ཏེ་དེ་ལས་ཕར་ རྒྱལ་པའི་ནང ་ཁྲིམས་ཁང་ནང་ ཞུ་ནི་སྦེ་ཏེ་ བློ་འ་ནཱི་གུ་ ཐག་བཅད་ད་ནུག།
  • ན་ཀོ། Nako
    དེ་ལས་ ཕར་རྒྱལ་པོའི་ནང་འགྱོ་ནི་སྦེ་ ཏེ་དེ་ལས་ རྒྱལ་པོའི་ནང་ འགྱོ་སྦེ་འབདཝ་ད་ ཏེ་དང་པར་ར་ རྒྱལ་པའི་སྲས་དེ་ ་འབྱོན་འབྱོནམ་མས། ཏེ་ཡ་ རྒྱལ་པོའི་སྲས་ ད་རེས་ནཱ་ཐོན་ཡི་བ་ཡ། ག་ཅི་སྨོ༌ཟེརཝ་ད་ ཐུགས་བདེན་མས་ལགས། ཏེ་གསལ་ཏེ་ ཞུ་ནི་ཡོད་ཟེར་བའི་ལོ། ག་ཅི་ཨིནམ་ གསལ་ཞུ་ནི་ཡོདན་ ཞུ་ཤིག་ཟེར་ ཏེ་ནཱ་ ང་བཅས་གསུམ་རྡོ་སྒོར་ སྐུགས་ལྔམ་གཅིག་རྡོ་སྒོར་རྐྱབ་ ཉ་མཛར་ཅུམ་སྦེ་ བཟའ་ནི་སྦེ་འབདཝ་ད་ ཉ་་འདི་འཐོབ་ཅི་ལགས་ཟེར་ ཉ་འདི་ཐོབ་ད་ལུ་ ང་གིས་ ཉའི་སྲོག་མགུ་ཏོག་གུ་ཨིན་ས་ ཕྱུག་པའི་བུ་གིས་ སྐེད་པ་ཨིན་ཟེར་ དབུལ་པའི་བུ་གིས་ མཇུག་མ་གུ་ཨིན་ཟེར་ ཏེ་ བར་ན་སྐོར་ལས་ ཉ་འདི་བྱང་ད་ཡི།
  • ན་ཀོ། Nako
    ཏེ་ཉ་འདི་ ནཱ་འ་ནཱེ་སྦེ་ གར་སོང་ཡང་ མེད་པར་བྱང་ད་ཡི། ཏེ་འ་ནཱེ་འབདཝ་ད་ལུ་ ཏེ་དེ་ལས་ ཁོ་གིས་ རྒྱལ་པོའི་སྲས་དེ་གིས་ གསེར་རྩམ་ཁུག་གང་ ཕྱུག་པའི་བུ་གི་ཡང་མ་ཤེསཔ་ དབུལ་པའི་བུ་གི་ཡང་ མ་ཤེསཔ་སྦེ་ ནང་གསུག་བཞག་བཞགཔ་མས་ ཕར་རྒྱལཔོ་དེ་ལུ། ནང་གསུག་ ཏེ་དེ་ལས་འེང་་་ནང་གསུག་རྐྱབ་སྦེ་འབད་ཞིནམ་ན་ ཏེ་དེ་ལས་ ཏེ་ ཏ་མ་རྒྱལ་པོ་གིས་གཏམ་ཁ་འདི་ ལེགས་ཤོམ་འབད་འཕྲང་དགོ་ཟེར་ གསེར་དེ་ ཁོང་གཉིས་ཀྱིས་ མ་ཤེསཔ་སྦེ་ གསེར་རྩམ་ཁུག་གང་ཕུལ་ནུག།
  • ན་ཀོ། Nako
    དེ་ལས་ འེང་ད་ ཁྱོད་ཕར་ཕྱི་ཁར་འཐོན་སྡོད་སྨ་རེ་ ད་ཕྱུག་པའི་བུ་ཤོག་ཤིག་ཟེར་བའི་ལོ། ལགས་སོ་ལགས། ཏེ་ཕྱུག་པའི་བུ་ ཁྱོད་ག་དེ་སྦེ་ཡོད། གསལ་ཏེ་ཞུ་ཟེར་བའི་ལོ། གསལ་ཞུ་ནི་ཡོད་ལགས། ཏེ་ གསལ་ཞུ་ནི་ཡོད་པ་ཅིན་ དོན་དག་ ཁུངས་སླབ་ཟེར་མས་ལོ། ཏེ་ང་བཅས་རྡོ་སྒོར་རྐྱབ་སྟེ་ སྐུགས་ལྔམ་གཅིག་སྦེ་ རྡོ་སྒོར་རྐྱབ་རྐྱབ་ཨིན། ཉ་བཟུང་བཟའ་ནི་སྦེ། ཏེ་ཉ་དེ་བར་ན་སྐོར་ལས་བྱང་ད་ཡི། ང་གིས་འབད་བ་ཅིན་ ཉའི་སྲོག་སྐེད་པ་ཨིན་ས་ རྒྱལ་པོའི་སྲས་ཀྱིས་ མགུ་ཨིན་ཟེར་ དབུལ་པའི་བུ་གིས་ མཇུག་མ་ཨིན་ཟེར་ བར་ན་སྐོར་ལས་ ཉ་དེ་བྱང་ད་ཡི་ལགས།
  • ན་ཀོ། Nako
    འ་ནཱི་འབདཝ་ལས་བརྟེན༌ཏེ་ འ་ནཱེ་འབད་ཨིན་ཟེར། ཏེ་ ཁོ་ ཁོང་གཉིས་ཀྱིས་ མ་ཤེསཔ་སྦེ་ རྒྱ་ཚམོ་མ་ཕདསྨད་གཉིས་བདའ་ ཏེ་རྒྱལཔོ་ནང་ ནང་གསུག་ཕུལ་ད་ནུག ཏེ་དེ་ལས་ འེང་་་དེ་སྦེ་འབད་བ་ཅིན་ ཏེ་ཏ་མ་རྒྱལ་པོ་གིས་ ནཱ་ལས་ ངེ་གི་ཧོངས་ལས་ གཏམ་ཁ་ལེགས་ཤོམ་སྦེ་ འཕྲང་དགོ་ལགས་ཟེར་བའི་ལོ། ཏེ་དེ་ལས་ ཁྱོད་ཕར་ཐོན་ཡར་སོང་ ད་དབུལ་པའི་བུ་དེ་ ཤོག་ཤིག་ཟེར་བའི་ལོ།
    ()
  • ན་ཀོ། Nako
    དབུལ་པའི་བུ་དེ་གིས་ ཏེ་སྟ་རེ་རྒྱ་ཙག་གཅིག་འབག་འབད་སྦེ་ ཁོང་གཉིས་ཀྱི་མ་ཤེསཔ་སྦེ་ ཏེ་སྟ་རེ་རྒྱ་ཙག་དེ་ཕུལ་ད་ནུག་ རྒྱལ་པོའི་ནང་། ཏ་མ་ངེ་གིས་ཧོངས་ལས་ གཏམ་ཁ་ལེགས་ཤོམ་སྦེ་འཕྲང་དགོ་ཟེར་ སྟ་རི་ཡ སྟ་རི་རྒྱ་ཙག་དེ་ཕུལ་སྦེ། ཏེ་དེ་ལས་ འ་ནཱི་སྟ་རེ་རྒྱ་ཙག་འདི་ཕུལ་འབད་སྦེ་ ཏེ་དེ་ལས་ ཁྱོད་དོན་དག་ག་དེ་སྦེ་ཨིནམ་ཟེར་ ཏེ་ང་བཅས་གསུམ་ རྒྱལ་ཁར་རྡོ་སྒོར་རྐྱབ་ ཉ་བཟུང་བཟའ་ནི་སྦེ་ རྒྱལ་འ་ནཱེ་སྦེ་ བཟོ་ཚར་ཡི་ལགས།
    ()
  • ན་ཀོ། Nako
    ཏེ་དེ་ལས་ རྒྱལ་འདི་བཟོ་དེ་འབདཝ་ད་ ཉ་དེ་ ང་གིས་འབད་བ་ཅིན་ ཉའི་སྲོག་མཇུག་མ་ཨིན་ས། ཕྱུག་པའི་བུ་གིས་ སྐེད་པ་ཨིན་ཟེར། དེ་ལས་ རྒྱལ་པོའི་སྲས་ཀྱིས་ ཡར་མགུ་ལུ་ཨིན་ཟེར་ འ་ནཱེ་སྦེ་སླབ། བར་ན་སྐོར་ལས་ ཉ་འདི་བྱང་ད་ཡི་ལགས་ཟེར། ཏེ་འ་ནཱི་འབདཝ་ད་ ད་གཏམ་ཁ་འདི་ ནཱ་ལས་ རྒྱལ་པོ་གིས་ འཕྲང་དགོ་ཟེར་ ཏེ་དེ་ལས་ འ་ནཱི་ཁོ་གིས་ ཕར་ཏེ་ སྟ་རེ་རྒྱ་སྟ་འདི་ ཁོང་ རྒྱལ་པོའི་སྲས་དང་ དབུལ་པའི་་་་་་ཕྱུག་པོའི་བུ་གིས་ མ་ཤེསཔ་འབད་ ནང་གསུག་ཕུལ་འབད་སྦེ།
  • ན་ཀོ། Nako
    ཏེ་དེ་ལས་ ལོག་ལཱ་མཇུག་ལུ་ ལཱ་མཇུག་ལུ་ ཏེ་དེ་ལས་ ཏེ་དེ་ལས་ ཁོང་གསུམ་ཕར་ ཕྱི་ཁར་བཏོན་བཏང་ད་འབད་སྦེ་ ཏེ་ཁོ་རའི་ བློན་པོ་འདི་ལུ་ བཀའ་གནང་གནངམ་མས། ད་རེས་ རྒྱལ་པོའི་སྲས་ ཕྱུག་པོའི་བུ་ དབུལ་པའི་བུ་ རྡོ་སྒོར་རྐྱབ་རྐྱབ་མས་ རྒྱལ་ཉ་བཟུང་ནི་སྦེ་ མ་འགྲིག་པར་ ནཱ་ང་སྡོད་ས་ལུ་ རྩོད་གཞི་ཕྱེ་བར་ཐོན་འོང་ཡི། ཏེ་འ་ནཱི་འབདཝ་ད་ལུ་ རྩོད་གཞི་ཕྱེ་བར་ཐོན་འོང་ཡི། ཨ་ནཱི་གི་གཏམ་འདི་ ག་དེ་སྦེ་སླབ་དྲག་ག་ཟེར་ བློན་པོ་འདི་ལུ་ སྐུ་བདུན་ལུ་བཙུགས་སྦེ་ བཀའ་གནང་གནངམ་མས།
  • ན་ཀོ། Nako
    བློན་པོ་དེ་གིས་ སླབ་པའི་ཟེར་བའི་ལོ་ ཞུཝ་ཞུ་ཞུཝ་མས་ འ་འོ་་་་རྒྱལཔོ་ཐུགས་ཉིད་སུ་བཞེས་ར་མི་དགོ་ལགས། ནཱི་འདི་ ང་འཇམ་ཏོང་ཏོ་སྦེ་ཐབས་ཤེས་ རྒྱལ་པོ་ལུ་ཡོད་པ་ལུ་ ཁོང་ལུ་གཅིག་ལུ་ རྒྱལ་ཕམ་མཉམ་ཏོག་ཏོ་སྦེ་ ཁོང་ལུ་ རྒུད་ག་ནི་ཡང་མེདཔ་ ནཱ་རྒྱལ་པོ་ལུ་ཡོདཔ་སྦེ་ ང་བཟོ་ཚུགས་ལགས་ཟེར།
  • ན་ཀོ། Nako
    ཏེ་ག་དེ་སྦེ་ཨིནམ་ཟེར། ཁྱོད་ར་ ཐུགས་ཚ་གྱང་བཞེས་ར་མི་དགོ། ཉའི་སྲོག་དེ་ལུ་ རྟག་པ་གནས་པ་ག་ནི་ཡང་མེད་ཟེར་ གསུངས་དགོ་ཟེར་བའི་ལོ། དྲོ་པ་དེ་ ཉིམ་ལ་དང་སྦྲགས༌ཏེ༌ ཉའི་སྲོག་འདི་ ཡར་མགུ་ཏོག་གུ་ཨིན་ཟེར། ཁྱོད་ར་ འ་ནཱི་གསུངས་ཟེར་ ཉི་མ་བར་བཱ་ཇེའི་།ཉིན་དགུངདེ་གུ་ ཉའི་སྲོག་འདི་ སྐེད་པ་ཨིན་ཟེར་ལགས། སྐད་པ་ཨིན་ཟེར་ གསུངས་ཟེར་བའི་ལོ། ཕྱི་རུ་འདི་ ཉའི་སྲོག་འདི་ མར་མཇུག་མ་ཨིན་ཟེར། འ་ནཱེ་སྦེ་འབད་བའི་ཤུནི་ དེ་ལས་ ཁོང་གསུམ་ ཁན་འཆམ་ཏོག་ཏོ་སྦེ་ ཁོང་ར་འགྲིག་པ་ལུ་ ནཱ་རྒྱལ་པོའི་ནང་ ཕུལ་མི་ཆ་ཁྱབ་འདི་ རྒྱལ་པོའི་ཕྱག་ལུ་ བཞེས་ནི་ཡོད་ཟེར།
    ()
  • ན་ཀོ། Nako
    དེ་ལསནི་སྣང་རྟགས་རྣམ་རྟོག ག་ནི་ཡང་མེད ད་ཁྱོད་ར་བྱོན་ འཇམ་ཏོང་ཏོ་སྦེ་ ལེགས་ཤོམ་ཨིན་ཟེར། འེང་་་་ཨིན་མས་སྨོ་འདིནི་ དེ་འབདན་ཏེ་ འ་ནཱི་གུ་བློ་ བློ་འ་ནཱི་གུ་ ཐག་བཏོག་ བློ་འ་ནཱེ་སྦེ་ ཁོང་འགྲིགས་ཆ་ འ་ནཱེ་སྦེ་ བཟོ་དགོ་པས་སྨོ་ཤིག་ཟེར་བའི་ལོ། ཨིན་མས་ལགས། ཏེ་དེ་ལས་ རྒྱལཔོ་ བློན་པོ་དེ་གིས་ ཏེ་སློབ་དཔོན་ འ་ནཱེ་སྦེ་ མ་བཏུབ་བཏུབ་འབད།
    ()
  • ན་ཀོ། Nako
    འེང་་་་ད་ རྒྱལ་པོའི་སྲས་ཤོག་ཤིག་ཟེར་བའི་ལོ། རྒྱལ་པོའི་སྲས་ཀྱིས་ ཐུགས་བདེན་མས་ལགས། ཏེ་ ད་གསེར་འདི་ ས་ཁར་འབོལཝ་ད་ འོད་འདི་གནམ་ཕོག་པའི་ལགས་ཟེར་བའི་ལོ། ཏེ་ངེ་གཏམ་ཁ་འདི་ ནཱ་ལས་ རྒྱལ་པོ་གིས་ ཨིན་ཅི་མིན་ཅི་ འཕྲང་དགོ་ཟེར་བའི་ལོ། ཏེ་ཁོ་གིས་ གསེར་ཕུལ་ཕུལཝ་མམ། གསེར་ས་འབོལཝ་ད་ འོད་གནམ་ཁར་ཕོག་པའི་ཟེར་བའི་ལོ།
  • ན་ཀོ། Nako
    འེང་་་་བཏུབ་པས་བཏུབ་པས། འདིནི་ ད་ལྟོ་ ཁྱོད་ཕར་ ཕྱི་ཁར་འཐོན་ཡར་སོང་ཟེར་ ད་རེས་ ད་རེས་ནངས་པར་འབད་རུང་ཡང་ རྩོད་གཞི་ཕྱེདཝ་ད་ དེ་སྦེ་ར་ཨིན་མས་བ་ཏེ་སྨོ་ཤིག བློ་དེ་ སླབ་ཚར་ཚར་ཏེ་ སླབ་ད་ར་ ཕར་ཀྲམ༌ཀྲམ༌དེ༌གུ༌དུས་ཚོད་དེ་གུཕར་དེ་སྦེ་འབད་དགོ། ཡ་ཏེ་ ད་ཕྱུག་པའི་བུ་ཤོག་ཤིག་ཟེར་བའི་ལོ། ཐུགས་བདེན་མས་ལགས། ནུ་རྩེ་འདི་ཕགམ་མང་རུང་ ཨོ་ཞོ་བ་ལས་རྐྱབ་དགོ་ལགས་ཟེར་བའི་ལོ། ཏེ་ཁོ་གིས་བ་རྒྱ་ཚམ་ མ་ཕད་གཉིས་ཕུལ་ཕུལཝ་མས་བ་ ཁོ་གིས་འོད་འདི་བཏོན་བཏོནམ་མས་ ངེ་གིས་འདི་ནུ་རྩེ་ཕགམ་མང་རུང་ ཨོ་ཞོ་འདི་བ་ལས་རྐྱབ་དགོ་ འ་ནཱི་གཏམ་འདི་ ནཱ་ལས་རྒྱལ་པོ་གིས་ ང་བཅས་ སྤྱི་ཏོག་སྦུག་ལས་འཕྲང་དགོ་ཟེར།
    ()
  • ན་ཀོ། Nako
    འེང་་་་བཏུབ་པས་ ཁྱོད་ཀྱི་འདི་ཡང་བཏུབ་པས་ ད་ལྟོ་ཁྱོད་ཡང་ཕར་ཕྱི་ཐོན་ཡར་སོང་ཤིག། ད་དབུལ་པའི་བུ་ཤོག་ཤིག་ཟེརཝ་ད་ ཏེ་དབུལ་པའི་བུ་འདི་སྐུ་མདུན་ལུ་བཀལ་ ཏེ་དབུལ་པའི་བུ་ ག་དེ་སྦེ་ཨིནམ་ ག་དེ་སྦེ་སླབ་ནི་ཡོད། ག་དེ་སྦེ་ཨིནམ་ཟེར་ སླབ་སླབ་མས། ཏེ་ཐུགས་བདེན་མས་ལགས། རྒྱ་ཚད་འདི་དཔའ་རྟགས་སྦོམ་རུང་ ཤིང་གཞོག་འདི་སྟ་རེ་གིས་ར་ རྐྱབ་དགོ་ལགས་ཟེར་སླབ་ནུག། ཏེ་ཁོ་གིས་ སྟ་རེ་རྒྱགས་ཚད་ཕུལ་ཕུལཝ་མས། འ་ནཱི་ཏེ་ འ་ནཱི་རྒྱལ་པོ་གིས་ ཨིན་ཅི་མིན་ཅི་ཏེ་ ངེ་གི་གཏམ་འདི་ སྦུག་ལས་འཕྲང་སྟེ་གིས་སྦེ་ གསུངས་དགོ་ལགས།
  • ན་ཀོ། Nako
    འེང་་་ ད་ཁྱེད་ར་ རྒྱལ་པོའི་སྲས་ཡང་ ནཱ་ཤོག་ཤིག་ ཕྱུག་པོའི་བུ་ཡང་ནཱ་ཤོག་ཤིག་ དབུལ་པའི་བུ་ཡང་ནཱ་ཤོག་ཤིག་ ཁྱེད་རང་གསུམ་ཆ་ར་ ཨ་ནཱ་གྱལ་ནཱ་བཅད་ཤིག། ང་བློ་ལེགས་ཤོམ་སྦེ་ ཁྱེད་་་སྤྱི་ཏོག་སྦུག་ལུ་ ལེགས་ཤོམ་སྦེ་ སླབ་ནི་ཡོད་ཟེར་ འ་ནཱེ་ཅིག་ སྐུ་མདུན་ལུ་ བཙུགས་བཞག་འབད་སྦེ་ ད་ཁྱེད་གསུམ་ ད་ཕར་ལས་གསང་དགོཔ་མིན་འདུག་ ད་སངས་རྒྱས་རུང་ དམྱལ་ཁ་འགྱོ་རུང་ ཁྱེད་དབྱེ་བ་ དཀར་གནག་ཟེར་མི་འདི་ ཨ་ནཱེམ་ཅིག་ར་མིན་འདུག་ཟེར་ ཉའི་སྲོག་འདི་རོགས་ ཁྱེད་ར་རྩོད་གཞི་འབད་ཚེ་ དེ་འབད་ཕྱེཝ་མམ། ཉའི་སྲོག་འདི་ རོགས་དྲོ་པ་ཉིམ་བརྩེ་ཤརཝ་ད་ ཉའི་སྲོག་འདི་ ཡར་མགུ་ཏོག་ཁར་ཨིན་ཟེར་བའི་ལོ།
  • ན་ཀོ། Nako
    ཁོ་བློན་པོ་དེ་གིས་ སློབ་དཔོན་སྟོན་བཞག་སྟེ། ཉི་མ་ནི་བར་རི་བཱ་ཇི ཉིན་དགུང་ལུ་ ཉའི་་སྲོག་འདི་ སྐེད་པ་སྡོད་འོང་ཟེརཝ་མས་ལོ། ཏེ་ཕྱི་རུནི་ ཉའི་སྲོག་འདི་ མར་མཇུག་མ་གུ་ཨིན་ཟེར་བའི་ལོ། ཏེ་ ཁྱེད་གཅིག་གིས་གཅིག་ལས་ ག་ནི་ཡང་མི་འཐོབ་པས། གཅིག་གིས་གཅིག་ལུ་ ཁོན་ཡང་ཆགས་དགོཔ་མིན་འདུག། དུས་ནཱ་ལས་ཕར་ ཁྱེད་ལེགས་ཤོམ་སྦེ་ བཀྲིས་བདེ་ལེགས་སྦེ་ ད་རེས་ བློ་འ་ནཱེམ་ཅིག་སྦེ་སླབ་ཚར་བའི་མས།
    ()
  • ན་ཀོ། Nako
    ད་ཁྱེད་ར་ འཐབ་འཛིང་འབད་བའི་ལོ། མ་འགྲིག༌པའི་ལོ། རྩོད་གཞི་གཞན་ཁར་ཕྱེད་བའི་ལོ ག་ནི་ཡང་འབད་མི་དགོ་པས་སྨ་རས། ཏེ་ང་གིས་ ད་རེས་ལས་ ལེགས་ཤོམ་སྦེ་ བཟོ་ཡི་ཟེར་ དེ་ལས་ ཏེ་ཁོང་ཡང་ཏེ་ དགའ་ལེགས་སོ་ལེགས་སྦེ་ཏེ་ད་ ཁོང་ར་གིས་ གསེར་ཕུལ་མི་དེ་ བ་རྒྱ་ཚམོ་མ་ཕད་སྨདགཉིས་ཕུལ་མི་དེ་ སྟ་རེ་རྒྱ་སྟ་ཕུལ་མི་འདི་ ཁོང་རང་གི་ སྡུག་སྐྱོ་ཨིན་མས།
    ()
  • ན་ཀོ། Nako
    བར་ལས་རྒྱལ་དེན་ རོགས་བློན་པོ་དང་ རྒྱལཔོ་ཁ་འཐབ་པའི་ཤུནི་ པུས་རྩ་སྦཻ་འགྲིགས་ཆ་བཟོ་སྦེ་ ཧིང་སངས་ས་འབད་བཏང་ནུག། ཏེ་ང་ལས་ ད་རེས་བཀྲིས་བདེ་ལེགས་ཀྱིས་གསུང་འདི་ འ་ནཱེམ་ཅིག་ཨིན་ལགས།