Skip to main content Skip to search
02 Feb 2016
17 min 5 sec
Video Overview
Creators: 
Rinzin Dema, Tshering Bidha

Bokum from Paro Hungrel narrates a story about the marriage between a rich girl from Easu and a boy named Dopu Yaksha Pushé, who was dull-witted. Rich neighbors hired the boy to look after the cattle. Every evening, the girl washed his body, and after a month he had totally transformed into a handsome man. After their marriage, he went to Tibet for business. There Dopu Yaksha Pushé met another lady and stayed in Tibet for two years. However, they eventually he returned to Bhutan to reunite with his first family and lived happily ever after.

 

སྤ་རོ་ཧུང་རལ་ལས་ བོ་ཁུམ་གྱིས་གཏང་མི་ དབུས་སུ་ཕྱུག་པའི་ད་ལེགསམ་གི་སྲུང་དེ་ ཧེ་མ་ རྡོ་ཕུག་ཟེར་སར་ ཨཔ་གཅིག་དང་ཨམ་གཅིག་ལུ་ རྡོ་ཕུག་ཉ་ཀ་འཕུ་ཤེས་ཟེར་སླབ་མི་ བུ་གཅིག་བ་མེད་མི་དེ་ཡང་ ཨ་ཙི་རྩ་རྒས་འཚམས་ཅིག་སྦེ་ཡོད་མི་དེ་ རོགས་གཞན་གྱི་ནོར་འཚོ་ཡི་འཚོ་ཡི་སྡོདཔ་ད་ དབུས་སུ་ཕྱུག་པའི་བུམོ་དང་ ལས་གནམ་བསྐོས་ཅིག་ཡང་ཡོད་ནི་འདི་གིས་ བུམོ་དེ་ ཨཔ་དང་ཨའི་ལུ་སླབ་སྦེ་ཁོ་འཕྱད་པར་སོང་ ཁོང་གཉིས་ཕྱད་སྦེ་ རོགས་ཀྱི་ནོར་འཚོ་བ་ལས་ང་གི་ནོར་འཚོ་སྡོད་གེ་ ཟེར་སླབ་སྦེ་འཁྱིད་ཞིནམ་ལས་ ཉི་མ་ནོར་འཚོ་བ་འགྱོ་ ཕྱི་རུ་ལོག་ལྷོདཔ་ད་ཆུ་འཁྱུ་འབད་ཞིནམ་ལས་ ཟླཝ་གཅིག་བ་ཟླཝ་གཅིག་ ཁོ་ཡང་བཟང་ཅིག་ཡང་ཐོན་སྦེ་ ཡུདཔ་ཅིག་ལས་ཁོང་གཉིས་གཉེན་རྐྱབ་ནུག དེ་ལས་ གཉེན་ཚར་བའི་ཤུལ་ལུ་ ཁོང་ཚོང་རྐྱབ་པར་བོད་ལས་ཡར་སོང་སྡོདཔ་ད་ རྐྱེན་ངན་གྱི་དབང་གིས་འབད་ ཨམ་ཅུམ་ཅིག་ཡང་ཐོབ་སྟེ་ ལོ་དག་པ་ཅིག་ ཁོང་གཉིས་ཕྱད་མ་ཚུགས་ཏེ་འབད་རུང་ ལས་གནམ་བསྐོས་མ་རྫོགས་པ་ལས་བརྟེན་ཏེ་ ད་རུང་ ལོག་ཕྱད་ནུག ལོག་ཕྱད་པའི་ཤུལ་ལས་ ཨ་ལོ་བུཚུ་ཡང་མངམ་སྦེ་སྐྱེས་ དགའ་སྐྱིད་ལོངས་སུ་སྤྱོད་དེ་སྡོད་སྡོདཔ་གི་ལོ་རྒྱུས་ཡོད་ཟེར་ བོ་ཁུམ་གྱིས་བཤད་པའི་ཁར་ སྲུང་དེ་ སྤྱང་ནང་ཀ་ལུ་ལཱ་ས་འགྱོཝ་ད་ ཨམ་ཀ་ལུམ་གསེས་མི་ལས་ཉན་ཉནམ་ཨིན་ཟེར་ བཤདཔ་ཨིན་པས།

 

Transcript search
No results found for this search
0 of 0
  • བོ་ཁུམ
    དང་ཕུགས་དིང་ཕུགས་ཏེ་ མ་་་་་་འཇམ་ག་ལོ་ ད་དབུས་སུ་ཕྱུག་མོའི་ད་ལེགསམོ་གསེས་མི་འདི་ཏེ་ རོགས་ དབུས་སུ་ཕྱུག་མོའི་བུམོ་མས་བ་ ཏེ་རྡོ་པའི་ཉ་ཀ་འཕུར་ཤེས་གསེས་མི་འདི་ ཡ་རྡོ་ཕུག་གི་ཨཔ་གཅིག་དང་ཨའི་གཅིག་ལུ་ བུ་གཅིག་ལས་མིན་འདུག་ ནི་ཡང་རྩ་རྒས་སྦེ་ ཏེ་ཁོ་རང་རོགས་གི་(ཀྱི་)ནོར་འཚོ་ཡི་འཚོ་ཡི་སྡོད་སྦེ་ ཏེ་ཁོང་གཉིས་ཀུ་སྨོན་ལམ་ཅིག་ཡོད་འདི་ཏེ་ ཨ་ཡ་རྡོ་པའི་མི་ཉ་ཀ་འཕུར་ཤེས་གསེས་མི་ནི་ མི་མ་པ་རྩ་རྒས་འབད་ ལེགས་ཤེས་ཀྱིས་བཀོདཔ་ཨིན་གསེས་ ཏེ་རོགས་མོ་ཡང་ལེགས་ཤོམ་སྦེ་སྐྱེཝ་མས་བ།
  • བོ་ཁུམ
    ཏེ་མོ་ན་གཉེན་རྐྱབ་ ཏེ་དབའེ་འདི་གསེས་ཏེ་ ནེ་སྦེ་འབད་བ་ཅིན་གསེས་ཏེ་ མོ་མ་ལས་ཨཔ་དང་ཨའི་ལུ་སླབ་ གོ་གཅིག་ཡང་འབག་སྦེ་ཏེ་ ཡ་ཁོ་ཕྱེད་པར་སོང་སོངམ་མས་ཏེ་ རྡོ་ཕུག་ལུ།
  • བོ་ཁུམ
    རྡོ་ཕུག་ཁོ་ཕྱེད་པ་སོངན་ ཁོ་ནོར་འཚོ་སྟེ་ ཡ་རི་ཁ་ལུ་གོ་ར་རྡུགས་སི་སི་ཅིག་གྱོན་ ཁ་ཡང་ཤན་མ་དག་པར་ གྲག་གྲོག་སྦེ་ ཏེ་མོ་ ཏེ་ཁྱོད་ག་འགྱོ་ནི་སྨོ? ས་ ཁོ་ཡ་ནོར་འཚོ་བ་འགྱོ་ནི་ཨིན་གསེས་
  • བོ་ཁུམ
    ཏེ་ཁྱོད་ག་ལས་འོངམ་སྨོ་གསེསཝ་ད་ ཏེ་ང་མ་དབུས་སུ་ཕྱུག་མོའི་ད་ལེགསམོ་གསེས་མི་ནི་ཨིན་ ཏེ་ཁྱོད་ན་ནོར་འཚོ་སྦེ་འ་ནེ་སྦེ་སྡོད་ནུག་ལོ་ ཏེ་ཁྱོད་མ་ནོར་ རོགས་ཀྱི་ནོར་འཚོ་བ་ཅིན་ ངེའི་ནོར་འཚོ་སྦེ་ མ་ཡར་ཉོ་གེ་མེན་ན? གསེས་སླབ་སླབ་མས།
  • བོ་ཁུམ
    ཏེ་ཁོ་ཏེ་ མོ་མགུ་ལས་མཇུག་བལྟ་ མཇུག་ལས་མགུ་བལྟ་ ཏེ་ཁོ་ཡང་མོ་སེམས་ཆགས་ཆི་ནུག རྩ་རྒས་འབད་རུང་། ཏེ་བལྟ་སྦེ་བཏུབ་པས་དེནི་མ་ཡར་ཉོ་གེ་གསེས་སླབ་སྦེ་ ཏེ་ཁོ་ཨཔ་དང་ཨའི་ན་སླབ་ ཏེ་མོ་གིས་ཁོ་ཨཔ་དང་ཨའི་ལུ་ མ་ལས་ཡ་རྒྱགས་སྐྱེད་དང་ནི་ཚུ་ཡང་སྐྱེལ་བྱིན་ ཏེ་ཨཔ་དང་ཨའི་ལུ་བུ་གཅིག་པས་(ལས་)མིན་འདུག་ས་ ནི་རྩ་རྒས་འབད་སྦེ་ ཏེ་མར་ཁྱིད་ ཏེ་ནི་ལས་ཏེ་མོ་ཡུདཔ་ཅིག་ལས་ཏེ་ ཁོ་ཉིམ་ནམ་བཤལ་(ཨ་རྟག་ར་)ཆུ་བཤལ་ ནོར་འཚོ་ས་ལས་ལྷོདཔ་ད་ར་ ཆུ་ཚན་བསྐོལ་སྦེ་ཆུ་འཁྱུ་ ཏེ་སྣུམ་འཕུ་རྐྱབ་སྦེ་ ཏེ་ཟླཝ་གཅིག་བ་ཟླཝ་གཅིག་དྲགཔ་ ཟླཝ་གཅིག་བ་ཟླཝ་གཅིག་ལེགསཔ་སྦེ་ཏེ་ ཁོ་ཡང་ལེགས་ཤེས་སྐྱེདཔ་འབད་ནི་འདི་གིས་ ཡུདཔ་ཅིག་ལས་བཟང་བཏགས་ མོ་གིས་གོ་དང་(ཡང་)སྤུས་རྩ་འབད་གྱོན་སྦེ་ ཏེ་ཡུདཔ་ཅིག་ལས་ཏེ་ཁོང་གཉིས་ཀུ་གཉེན་འབད་སྦེ་ ཨཔ་དང་ཨའི་གིས་མ་ཤེསཔ་སྦེ།
  • བོ་ཁུམ
    ཏེ་ཁོ་རི་ཁ་ནོར་འཚོ་བ་འགྱོ་རུང་ལྟོ་སྤགས་དང་སྦྲགས་སྐྱེལ་ བཟོ་བཟོ་ ཏེ་ནོར་འཚོ་མི་འ་ནེ་སྦེ་སྐྱེལ་སྦེ། ཏེ་ཚར་གཅིག་ལུ་ཡ་གཡུས་ཁ་ ཨཔ་ན་ཆེ་སྟེ་ ཁོ་ཡ་གཡུས་ཁ་སོང་ ཏེ་མོ་མ་ལས་ཡ་ཁོ་སྐྱེལ་བ་སོང་སྦེ་ ཏེ་ཡ་ཨཔ་འདི་ན་ ཨཔ་འདི་ཤི་ ནེམ་སྦེ་ཏེ་ ཨཔ་འདི་གི་རོ་ཡང་བསྡུ་ནེམ་འབད་སྦེ་ ཏེ་ཁོ་ཡ་ར་སྡོད་སྦེ་ཏེ་ མོ་མ་ར་སོང་སྦེ་ ཏེ་མ་ལས་ཡ་ལག་རྟགས་སྐྱེལཝ་ད་ ལྟོ་འབད་ སྤགས་བཙོ་ ཏེ་ཁོ་གོ་ཅིག་ཡང་སོར་བསྐྱལ་སྦེ་ ལག་རྟགས་སྐྱེལ་རུང་ ཏེ་མོ་མ་ལས་ཡ་ལག་རྟགས་སྐྱེལ་སྐྱེལ་བའི་ལོ་འདི་ཏེ་ ཁོ་ཡ་ནོར་འཚོ་ས་ལུ་ རོགས་གི་(ཀྱི་)ནོར་ཅིག་ཤི་སོངཔ་མས་ ཏེ་འ་ནི་ནོར་འདི་ ད་མོ་ལུ་ག་ནི་ཡང་སྐྱེལ་ནི་མིན་འདུག་གསེས་ ཏེ་རྒྱུ་མ་དང་སྤགས་བཙོ་ མཆིན་པུ་(མཆིནམ་)མར་བརྔོ་རྐྱབ་སྦེ་ ཏེ་མ་བསྐྱལ་བསྐྱལཝ་ཨིན་ལོ་མོ་ལུ།
  • བོ་ཁུམ
    ཏེ་ནེམ་སྦེ་འབད་སྦེ་ ཏེ་ནི་ལས་ཁོང་གཉིས་ཀུ་ཡང་ཏེ་ཡུདཔ་ཅིག་ལས་ཏེ་ མོ་ཨཔ་དང་ཨའི་གིས་ ད་ཕྱེདནི་ཕྱེད་ཆི་ནུག རྩ་རྒས་འབད་རུང་ད་འོང་ ཏེ་མ་པ་ཁོ་ལེགས་ཞིམ་(ཤོམ་)མས་ ཏེ་བཟོ་ཅིག་བཟོ་ནེམ་འབདཝ་ད་ བཟང་ལམ་ལམ་འདུག ད་རྨགཔོ་སྦེ་གདོང་ཁར་སྟོན་གསེས་སླབ་སྦེ་ ཏེ་གདོང་གར་སྟོན་ ཏེ་མོ་རོགས་ཕྱུག་པའི་བུམོ་འབད་ ཏེ་རྟ་དྲེལ་དང་གནམ་མེད་ས་མེད་ཡོདཔ་མས།
  • བོ་ཁུམ
    ཏེ་ཁོ་ཡུདཔ་ཅིག་ལས་ ང་ཚོང་བརྐྱབ་སོང་གེ་གསེས་བའི་(གསེསཝ་མས་)ལོ་ ཏེ་ཚོང་རྐྱབ་ཡར་དང་ཕུགས་ཏེ་བོད་རྟག་ལུང་ཚོང་འདུས་གསེས་མི་ནང་ བྱ་ཆེན་ ཧོར་ཁྲ་ ཨ་ནི་ཚུ་ཏེ་ཡ་ལས་༼ཁྲུ་?༽ཨ་ནི་ཚུ་ཡ་ལས་འཐོན་དོཝ་མས་བ་རོགས་ ཏེ་ཁོ་རྟ་དྲེལ་ལ་གཅིག་བདའ་ དྲེལ་དཔོན་གཅིག་ཁྱིད་སྦེ་ ཏེ་ཡ་བོད་ལུ་ ཨ་ནི་ཚོང་བརྐྱབ་པར་སོང་སྦེ་ ཏེ་ཁོ་ཡར་ ཕར་དང་ཚུར་བསྐོར་ཚོང་རྐྱབ་ཅི་ར་ཏེ་ ཚོང་རྐྱབ་ཅི་ར་ཏེ་ མ་ཟླཝ་གཉིས་དེ་ཅིག་ཡང་མར་མ་ལྷོད་པས་ ཏེ་ཡུདཔ་ཅིག་ལས་ཁོ་ལྷ་ས་བཟངམོ་ཅིག་འཚོལ་སྦེ་ ཏེ་ཁོ་ཡར་སྡོད་དཔ་མས་ཏེ།
  • བོ་ཁུམ
    ཏེ་རྟ་དང་དྲེལ་དཔོན་དང་ཡར་ ཁོང་གི་ཚོང་རྐྱབ་ མོ་གི་ཚོང་རྐྱབ་ ཁོ་ཚོང་དཔོན་འབད་ ཏེ་ཁོ་ཡ་གི་ལྷ་ས་བཟངམོ་འདི་དང་ཁོ་ ནེམ་སྦེ་འབད་སྦེ་ ཏེ་ལོག་ཁོ་ཡ་འགྱོ་རནམ་ད་ ཏེ་མོ་ཨ་ལོ་གཅིག་སྐྱེ་ནི་འབད་ཆིཝ་མས་ ཁོ་ཡ་འགྱོ་རནམ་པའི་བསྒང་ལས་ ཏེ་ཨ་ལོ་སྐྱེ་ནི་སྦེ་ ཨ་ལོ་ཟླཝ་ཚང་ ཟླཝ་ཚང་སྐྱེས་ ཟླཝ་ལོ་གསུམ་དེ་ཅིག་ཡར་སོང་རུང་ཡང་རོགས་འོང་མ་བཏུབ་པར་ཏེ་ ཨཔ་དང་ཨའི་གིས་མོ་གནམ་མེད་ས་མེད་རྩོབ་བསད་བརྐྱབ་(ཚོགས་བརྡ་བཏང་) ད་ཀྭ་ལས་གསེས་ ཁྱོད་རྩ་རྒས་འདི་ ང་བཅས་མི་དགོ་པས་གསེསཝ་དན་ མི་ལེགས་ཤོམ་མས་གསེས་སླབ་ ད་ད་འོང་མས་ ད་ལེགས་ཤོམ་འབདན་ཕྱེདནི་ཕྱེད་ཆི་ནུག་གསེས་སླབ་བཞག་སུ་བ་གིན་ ད་རོགས་རྩ་རྒས་ཀྱིས་ན་རྒྱུ་ཅ་ཡོད་རུང་འབག་ ད་དྲེལ་དཔོན་དང་དྲེལ་མང་ཧིང་རྫོགསཔ་བདའ་ ད་ཀྭ་ལས་ ན་གི་རྒྱུ་ཅ་ག་ཡ་(ར་)ནེམ་སྦེ་འབག་སྦེ་ ད་འོང་མ་བཏུབ་གསེས་ སླབ་ཏེ་ཨཔ་དང་ཨའི་གིས་ མོ་རྩོབ་བསད་(ཚོགས་བརྡ་)རྐྱབ།
  • བོ་ཁུམ
    ཏེ་མོ་ ཏེ་ཚར་གཅིག་ལུ་ ཏེ་མོ་ན་ལས་འཕགས་རི་འགྱོ་མི་དང་ཅིག་ཁར་ ཏེ་མོ་བོད་ལུ་སོང་སོངཔ་མས་ཏེ་ ནི་བསྒང་ལས་ཨ་ལོ་འདི་སྐྱེ་ནི་འབད་ཆི་ནུག་བ་ ཏེ་བོད་ལུ་སོང་སྦེ་ ཏེ་ལྕང་ (ཉིམ་དྲོད་ལས་སྐྱོབ་པའི་ཤིང་གི་འདབ་མ་གིས་བཟོ་སྦེ་མགུ་ཏོག་ཁར་བཙུགས་ནི་) ཅིག་འབག་སྦེ་ ཏེ་དཔྱལཝ་རྐྱབ་ བསོད་སྙོམས་རྐྱབ་ཅི་རྐྱབ་ཅི་ ཡ་འཕགས་རི་ལུ་སོང་འདི་(སྟེ་)སྦེ་ ག་ཏེ་བལྟ་རུང་ཁོ་མིན་འདུག་གསེས་བའི་ལོ་ ཏེ་ན་ལས་ཡ་ ཏེ་ལྷ་ས་སོང་ ཏེ་ལྷ་ས་ལས་ཕར་རྫོང་རྩེ་གསེས་མི་ནང་ཨ་ནི་བྱ་ཆེན་དང་ཧོར་ཁྲ་འཐོན་ས་སོང་སོངམ་མས་ ཕར་འདུག་གསེས།
  • བོ་ཁུམ
    རོགས་ན་འབྲུག་པའི་ཚོང་དཔོན་གྱིས་ ཨ་་་་འབྲུག་པའི་ཉ་ཀ་འཕུར་ཤེས་གསེས་མི་འདི་ ད་གནམ་མེད་ས་མེད་ཚོང་ནེམ་སྦེ་ ཕོ་རྒྱ་ནེམ་སྦེ་ གནམ་མེད་ས་མེད་མ་འདྲཝ་ཅིག་འདུག་ ཏེ་ཡ་ལྷ་ས་བཟངམོ་ཅིག་འཚོལ་ ད་ཁོ་ཡ་ར་ལྷ་བཟངམོ་འདི་ལས་ཡང་ཨ་ལོ་འདུག་གསེས་ལོ་ ཏེ་ནི་ལས་ མོ་ན་ལས་བསོད་སྙོམས་རྐྱབ་སོངམ་ད་ཏེ་ མི་ཅིག་གི་སྒོ་ཁར་ལྷོདཔ་ད་ ཏེ་བསོད་སྙོམས་རྐྱབ་ ལྕང་རྐྱབ་ སྐད་འཐེན་འབདཝ་ད་ཏེ་ འ་ན་གི་ཕོ་རྒྱ་འདི་གིས་ དབའེ་ཁྱོད་འབྲུག་པའི་ཨམ་སྲུ་བྱ་རིམ་ཅིག་མས་ ལེགས་ཞིམ་(ཤོམ་)ཅིག་མས་ ཏེ་ཁྱོད་བསོད་སྙོམས་ནེ་སྦེ་རྐྱབ་པ་ཅིན་ ཨ་ཕ་ཨ་ཕ་གི་ཁྱིམ་འདི་ནང་སོང་ཤིག་ ཨ་ཕའི་ནང་རོ་ཁྱི་དཀརཔོ་ཅིག་འདུག་དགོ་ཤིག? འ་ནི་གི་སྒོ་ཁར་སོང་ཤིག འ་ན་འགྱོ་བ་ཅིན་ ཨ་ནི་གི་ཚོང་དཔོན་འབད་བ་ཅིན་ མ་གི་འབྲུགཔ་མས་ ཁྱོད་ར་འབྲུགཔ་འདྲན་འདྲ་སྦེ་ གནམ་མེད་ས་མེད་བསོད་སྙོམས་བྱིན་འོང་ གསེས་སླབ་ ཏེ་ཁོ་ལས་ཡང་བསོད་སྙོམས་ཅིག་བྱིན་སྦེ་ ཏེ་བཏང་སྦེ།
  • བོ་ཁུམ
    ཏེ་ཁོ་་་་མོ་ཕར་གྱི་སྒོ་ཁར་སོངམ་ད་ ཏེ་ལྕང་རྐྱབ་ བསོད་སྙོམས་རྐྱབ་སྦེ་སྡོད་འདུག་བ་ ཏེ་ཡུདཔ་ཅིག་ལས་ ཁོ་མོ་གི་སྐད་འདི་ཧན་དྲག་འདི་(སྟེ་)ཏེ་ ཁོ་སྒོ་ཁར་འཐེན་ ཏེ་ཁོ་མོ་གི་སྐད་འདི་ཉན་སྦེ་བལྟཝ་ད་ གདོང་འདི་བལྟ་ཡི་བལྟ་ཡི་ཁོ་གི་དབུས་སུ་ཕྱུག་མོའི་ད་ལེགསམོ་ཕྱེད་ཕྱེད་(ཨ་ཙི་རེ་)འདྲ་བས་གསེས་བའི་ལོ་ ཏེ་ནི་ལས་དབའེ་ ང་གི་ངེའི་སྤ་རོ་གི་དེམ་ ཨམ་ཚུ་འདི་གི་གདོང་ཡང་ཕྱེད་ཕྱེད་(ཨ་ཙི་རེ་)འདྲ་བས་གསེས་ཏེ་ཁོ་ ཏེ་ཨ་ཙི་སེམས་དགའ་ནི་འདི་ ཡ་སྡོད་དེ་རོགས་ ཨམ་ཚུ་གཞན་འཚོལ་འཚོལཝ་འདུག མ་པ་གནམ་བསྐོས་མ་རྫོགསཔ་མས།
  • བོ་ཁུམ
    ཏེ་སེམས་ཆགས་སྦེ་ ཏེ་ཁོ་ལག་པ་མཛུ་དཀྱི་བལྟ་སྦེ་ ཁོ་རའི་མཛུ་དཀྱི་འདི་ མོ་གི་མཛུ་དཀྱི་ཨིན་མས་ རོགས་མ་ལས་ཡ་མོ་གིས་སྐྱེལ་སྐྱེལཝ་མས་ གསེར་གྱི་མཛུ་དཀྱི་ ཏེ་ཁོ་བསོད་སྙོམས་ཅིག་བྱིན་ ཏེ་མོ་ཁྱོད་མ་ངེའི་ང་འབྲུག་ལས་ཨིན་ ཏེ་ངེའི་ཨམ་ཚུ་འདི་ ཨམ་ཚུ་བགྲེསཔ་འདི་ དབུས་སུ་ཕྱུག་མོའི་ད་ལེགསམོ་གསེས་ཡོད་ ང་ཨ་ན་མོ་གིས་ང་ལུ་སྐྱེལ་སྐྱེལཝ་ཨིན། དམ་ཚིག་ཡལ་མ་སོང་གསེས་སྐྱེལ་སྐྱེལཝ་ཨིན། ཏེ་ད་འ་ནི་ཁྱོད་འབྲུགཔ་མས་བ་ ཁྱོད་འབག་ཆི་ཉ་གསེས་སླབ་སྟེ་ ཏེ་མཛུ་དཀྱི་འདི་འཕུལ་སྦེ་མོ་སྐྱེལ་སྐྱེལཝ་མས།
  • བོ་ཁུམ
    ཏེ་མོ་བསྐྱལ་ ཏེ་འ་ན་ལས་ཏེ་བསོད་སྙོམས་རྐྱབ་སྦེ་ ཏེ་ཁྱོད་འབྲུག་ལུ་མི་ལོག་སྦོ? གསེས་སླབ་བ་ ཏེ་ཁོ་ན་ད་ཨམ་སྲུ་འདི་གིས་གཏང་མི་བཏུབ་པས་ ན་རང་སྡོད་དགོ་གསེ་སླབ་ གཏང་མ་བཏུབ་པས། ཏེ་མོ་འ་ན་ལས་སོང་སྦེ་ ཏེ་ཡ་འོང་མི་གོ་༼གང་༽ལས་མོ་ ཏེ་ཨེ་ ཡ་སྡོད་ཞིན་ནོ་ ཏེ་ཡ་ཁོ་དང་ཕྱད་ཞིནམ་དོ་ ཏེ་ད་རུང་ཨ་ལོ་སྐྱེ་ནི་སྦེ་ཕྱད་ཕྱདཔ་མས་ ཏེ་ཨ་ནི་ མ་ལས་གྱི་ཨ་ལོ་མེད་མ་ མ་གི་ཨ་ལོ་དེ་སྦོམ་ཐལ་སོང་ནུག་ཧེ་མ་གི་འདི་ ཏེ་ད་རུང་ ཡ་ཁོ་དང་ཕྱད་བསོད་སྙོམས་རྐྱབ་ནེམ་སྦེ་ཞིནམ་དོ་ ཏེ་ཨ་རྩི་ནེམ་སྦེ་འབད་འབདཝ་མས་ཆ་རོགས་ནེམ་ ཏེ་ཨ་ཡ་ལས་འོང་མི་གོ་ཨ་ལོ་འདི་སྐྱེ་ནི་འབད་སྦེ་ ཏེ་ཨ་ལོ་འདི་ཟླཝ་ཚང་ སྐྱེ་ནི་ཟླཝ་ཕ་ཕ་འགྱོ་ ཏེ་ཕོཝ་ཡ་ཕ་ཕ་འཐོན་མི་གོ་ལས་ ཏེ་ཨ་པ་དང་ཨའི་དགྲ་བཀལ་ ཀ་ལས་གསེས།
  • བོ་ཁུམ
    ད་ རང་གི་རྒྱུབ་ཅ་མང་ཉུ་རྫོགསཔ་རོགས་གྱི་འབག་སོའི་ དྲེལ་དང་དྲེལ་དཔོན་དོ་ཆ་མཉམ་བདའ་འགྱོ་ འབག་འོང་མ་བཏུབ་ ད་ཁྱོད་བོད་ལ་བཤལ་སོང་ ད་ དོ་རུང་བྱང་ཕྱད་ཅིག་ འཐོབ་ཆི་ནུག་ གསེས། ཏེ་ཨ་པ་དང་ཨའི་གནམ་མེད་ས་མེད་རྩིགཔ་ཟ་ ཏེ་ཉིནམ་རྣམ་ཤ་གོབ་བསྡུར་རྐྱབ་སྡོད་འདི་ ཏེ་ཡུདཔ་གཅི་ལས་ ཏེ་ན་ལས་འགྱོ་མི་ཚོང་དཔོན་ཚུ་གི་ ཚོང་རྐྱབ་མི་ཚུ་གི་ ཏེ་ཁོ་ངོ་ཤེས་འདི་ ཏེ་མ་དབུས་སུ་ཕྱ྄ག་མི་ད་ལམ་ཟེར་མི་རྨགཔ་ཅིག་ཡོདཔ་འདྲས་ ཨ་ལོ་སྐྱེ་ནི་འབད་ཆེ་ནུག ཨ་ལོ་སྐྱེ་ནི་འདུག་གསེས།
  • བོ་ཁུམ
    ད་ སྐྱེ་དཔ་འོང་ག་མ་ཤེས་གསེས་ ཏེ་ཁོ་ཡང་མོ་ལུ་སེམས་ཆགས་ནེམ་སྦེ་འབད་ནི་ ཏེ་ཁོ་ངེས་མ་རང་པར་ ཏེ་ཚར་ཅིག་ལུ་ ཏེ་ཡ་ལས་མ་ ལྷ་ས་བཟངམོ་འདི་ལུ་སླབ་སྦེ་ ཏེ་ལོག་ཡ་འཐོན་འོང་ ད་མ་འབྲུག་གི་ཨམ་སྲུ་ན་ མོ་གི་རྟ་དྲལ་ཚུ་ཡང་མ་བཀལ་ དྲལ་དཔོན་འདི་ཡང་མ་བཀལ་ ཏེ་མ་ཚར་ཅིག་འཕྱད་སྦེ་ མ་ཨ་ལོ་ཅིག་ཡང་ཡོད་ འ་ནི་འཕྱད་སྦེ་འོང་དགེ་གསེས་སླབ་སྦེ་ ཏེ་ཁོ་ ཡ་ལས་མ་རྟ་དྲལ་དང་ དྲལ་དཔོན་དང་ ཏེ་ཚོང་ཅིག་ཡང་འབག་འོང་སྦེ་འོངམ་ད་ ཏེ་མ་མོ་གི་སྒོ་ཁ་ལྷོདཔ་ད་ ཏེ་ཡ་ལས་མ་རྟ་དྲལ་གནམ་མེད་ས་མེད་བདའ་མི་ཅིག་འདུག་གསེསཝ་ལོ།
  • བོ་ཁུམ
    མོ་ཧིང་ངན་འབད་ སྒོ་གཉའ་ཤིང་ལེགས་ཤོམ་འབད་རྐྱབ་ རྒེད་སྒོ་གཉའ་ཤིང་རྐྱབ་རྡོ་རྐྱབ་འབད་བཞག་བཞགཔ་མས། ཏེ་དེ་གང་ལས་ ཁོ་ལས་ཀྱི་ ཨ་ལོ་ཡར་སོང་མི་གང་གི་ཨ་ལོ་འདི་ སྐྱེ་ད་ནུག ཡུདཔ་ཅིག་གོམ་བརྩུགས་འགྱོ་ཤེདཔ་ཅིག་ ཨ་པ་དང་ཨའི་ད་ ད་ནི་མ་ད་ཅིག་ར་ཨིནམ་མས ཏེ་འ་ནེ་འབད་ ད་ལེགས་མ་ སྒོ་ཕྱེ་་་སྒོ་ཕྱེ་རང་གསེས་སླབ།
  • བོ་ཁུམ
    ཏེ་མོ་གི་ སྒོ་ཕྱེ་བ་འཐོན་མ་བཏུབ་པས་ ཧིང་ངན་འབད་ར་ ཏེ་ཁོ་ ཏེ་ད་མོ་ཕོ་རྒྱ་འདུག་ལོ་ ག་དེ་འབད་ཨིན་ན་ ཏེ་ཁོ་ཙིགཔ་ཟ་ སྒོ་ཕྱེ་བ་འོང་མ་བཏུབ་པ་ སྒོ་རྡོ་ནག་རྐྱབ་རྡུང་འདི་ སྒོ་འབལ་འབལཝ་མས། ཏེ་མོ་ཨ་ལོ་འདི་ཡར་ ཨེ་ཁུག་གུ་བཞག་སྦེ་ ཏེ་ཨ་ལོ་འདི་ཁྱིད་སྦེ་ མ་སྒོ་ཕྱེ་བ་སོངམ་ད་ སྒོ་ཕྱེ་གསེས་སླབ་རུང་ཕྱི་མི་བཏུབ་པས་ ག་ཅི་སྨོ? གསེས། མོ་ལུ་ཧད་བཏགས་འཚོལ་ ཏེ་ནི་ལས་ ཁོ་ཨེ་ཁུག་གུ་ལས་ འགྱོ་བའི་གང་ལས་ མོ་སྒོ་ཕྱེ་ ཁོ་བཙུགས་སྦེ་ ཏེ་ཨེ་ཁུག་འཛེག་ད་ ཨ་ལོ་འདི་ཨེ་ཁུག་གུ་ལས་ཨ་པ་ ཨ་པ་གསེས་ཏེ་སླབ་སླབ་མས། ཨ་ལོ་འདི་གི་ཁོ་ལུ
  • བོ་ཁུམ
    ཏེ་ཁོ་ཨ་ལུ་འདི་ ཕངམ་བཏབ་ཁ་འུ་ཅུང་ཅིག་བཀལ་སྦེ་ ནེམ་སྦེ་ འབད་སྦེ་ཏེ་ ཏེ་ཨ་ལོ་འདི་ཁྱིད་ ཕ་གོ་གི་སྦུག་སོང་སྦེ་ ཨའོ་་་ནི་གང་ལས་ ཁོ་ཚོང་དཔོན་དྲགས་མེད་སྒྲིག་མི་སྦེ་ ཏེ་མོ་གི་ ཨཔ་དང་ཨའི་ ཏེ་ཁོ་འཐོན་འོང་འདི་ ངོ་ཚ་ཚེ་ནུག་ རྩ་རྒས་ཨ་ནེ་མ་གི་ནེམ་གསེས།
  • བོ་ཁུམ
    ཧེ་མ་མནོ་མནོཝ་མོ་གུ་སླབ་ ད་ལོག་འཐོན་འོངམ་ད་ ཁོང་ངོ་ཚ་འདི་ ཏེ་ཕར་ནེམ་སྦེ་ སྡོད་སྡོདཔ་མས། ཏེ་ཨ་ནི་པུ་གུ་འདི་ག་གི་ཨ་ལོ་སྨོ?གསེས། ཏེ་མོ་ དཔྱལཝ་ས་སྤུབས་འདི་གི་ ཨ་ལོ་ཨཔ་སྟོན་མ་བཏུབ་པ་ ཏེ་ ཁོ་གི་མོ་བརྡུངས་ནི་སྦེ་སྟེ་ནེམ་སྦེ་ འབད་འབདཝ་མས།
  • བོ་ཁུམ
    ཏེ་མོ་ ཏེ་ད་རུང་སྟེ་ལྷ་ས་ལས་སྟེ་མཛུབ་དཀྱི་འདི་སྤྲོད་ མ་འབྲུག་ལས་ཀྱི་ཨམ་སྲུ་འདི་གི་མཛུབ་དཀྱི་ཨིན་ འ་ནི་ཁྱོད་ཀྱི་སེམས་བརྟན་འབད་འབག་ཆེ་ ཏེ་ནི་ལས་ ཞམ་ཚེ་རིང་དཀྱིལ་འཁོར་ཅིག་ཡང་བྱིན་ དེ་ལས་བོད་གོ་ཅིག་དང་སྤང་གདན་ཅིག་བྱིན་སྦེ་ ནེམ་འབད་འབདཝ་མས་ཡ་ལས་ འ་ནེ་འབདཝ་ད་ ཏེ་ནི་ལས་མོ ཁོ་གི་ཨཔ་སྟོན་གོ་ད་ཨཔ་སྟོན་གོ་གསེས་ ཏེ་གྱི་འབལ་ སྒོ་གི་འབུག་ལ་བསྡབས་ནེམ་སྦེ་འབད་ ཏེ་མོ་ཁོག་བརྩོང་ ཧེ་མ་སླབ་རང་མ་བཏུབ་པས།
  • བོ་ཁུམ
    ཏེ་ལོག་ཤུལ་ཤུལ་སྟེ་ ཨཔ་སྟོན་གོ་ག?གསེས། ཏེ་ཁོ་སྟོན་གོ་ ཨཔ་སྟོན་ནི་མེད་པའི་ཨ་ལོ་ ཁོའི་ཨ་ལོ་མེན་པས་ ཏེ་ང་ཡ་བོད་ལུ་འགྱོ་ ག་དེ་ཅིག་འགྱོཝ་མས། ད་ནི་ ངེའི་ཨ་ལོ་མེད་གསེས། ཏེ་ཁོ་ ང་རའི་ཨ་ལོ་མས་ཧེ་མ་གི་ ནི་ཨ་ལོ་འདི་ངེའི་མེན་གསེས།
  • བོ་ཁུམ
    ཏེ་མོ་ལུ་ཧད་བཏགས་འཚོལ་ ཏེ་མོ་རྡུང་ནི་འབད་ ཏེ་ཨཔ་འདི་གི་ དབའེ་དེ་སྦེ་མ་འབད་ ཏེ་ཁྱོད་ནེ་སྦེ་འབད་བ་ཅིན་ ཏེ་ཧེ་མ་ལས་ ང་བཅས་ཀྱི་རྟ་དྲལ་ཡང་མང་ཉུང་བཟོདཔ་བདའ་ རྒྱུབ་ཅ་འབག་ དྲལ་དཔོན་འཁྱིད་འབད་སོང་ ཏེ་ཀ་ལས་ ཁྱོད་ན་ ཚོང་ལོ་གསུམ་དང་བཞིའི་འོང་མ་བཏུབ་པ་འ་ནེ་འབད་སྡོད་ ཏེ་འ་ནི་གི་རྒྱུ་ནོར་འདི་ག་སྟེ་སྡོད་ཡི། གསེས།
  • བོ་ཁུམ
    ཞིང་སྤང་བཞགཔ་ད་ འཁན་པ་སྐྱེཝ་མས་མེ་ན། ད་རོ་ཨཔ་འདི་གྱིམ་གྱི་འབལ་ ཧད་བཏགས་འཚོལ་ ཏེ་ཨཔ་འདི་འདྲོག་འདི་ ཡུདཔ་ཅིག་ལས་ ཕ་མལ་ཆ་གི་གཏེགས་ཡོདཔ་མས་ གཏེགས་ཀྱི་འོག་ལས་ཕ་སྟེ་ ཨཔ་འདི་དང་ཨའི་འདི་ འོང་ཏེ་བཀུབཔ་ཅིག་བཀུབཔ་ཅིག་འོང་ ཏེ་ཁ་སླབ་གེ་ཁྱོད་ར་བར་མི་ཅིག་ཁྱིད་ཤོག་ གསེས། ཏེ་མོ་ བར་མི་ཅིག་ཡང་བཀལ་ ཁོ་བར་མི་ཅིག་ཡང་འཚོལ་ ཁོ་ར་གི་འཚོལ་སྦེ།
  • བོ་ཁུམ
    ཏེ་ཁ་སླབ་ མོ་ཨ་ལོ་ཨཔ་སྟོན་གོ་གསེས། ཏེ་མོ་ཨ་ལོ་ཨཔ་སྟོན་ནི་མི་ ཁྱོད་ར་ཨིན་གསེས། ནི་གི་ ཨ་ལོ་ཨཔ་ང་མེད་ ང་ཡ་བོད་ལུ་འགྱོ་འདི་ག་དེ་ཅིག་འགྱོཝ་མོ་ ད་ན་ ཨ་ལོ་ཨ་ནེ་སྦེ་འདུག་ ངེའི་ཨ་ལོ་མེན་པས་གསེས་ ཏེ་ཧད་བཏགས་འཚོལ་ འ་ནེ་འབད་ ཏེ་འདི་ལས་ སྟོན་ར་སྟོན་གོ་ག་ས? སྟོན་གོ་ཟེརཝ་ལོ།
  • བོ་ཁུམ
    ཏེ་ཡུདཔ་ཅིག་ལས་མོ་ ཕ་ཕུགས་ན་འགྱོ་ ཁོ་བྱིན་མི་ཞམ་ཚེ་རིང་དཀྱིལ་འཁོར་འདི་བཙུགས་ བོད་གོ་འདི་གྱོན་ སྤང་གདན་འདི་ཡང་རྐྱབ་ མཛུབ་དཀྱི་འདིའི་བཙུགས་འབད་སྟེ་འོང་འོངམ་མས། ཏེ་ཁྱོད་ཨ་ལོ་ཨཔ་སྟོན་དགོ་པ་ཅིན་ ཏེ་ཨ་ནི་ཚུ་བྱིན་མི་གི་ཨ་ལོ་ཨིན་གསེས། ཏེ་ ཨ་ནི་མཛུབ་དཀྱི་འདི་ ན་ལས་ངེའི་མཛུབ་དཀྱི་ཁྱོད་ལུ་ བསྐྱལ་བསྐྱལཝ་ཨིན་མས་ན་ ཁྱོད་མ་འབྲུག་ལས་ ངེ་གི་ཨམ་སྲུ་ཅིག་ཡོད་ འ་ནི་གྱི་ ང་ལུ་བསྐྱལ་བསྐྱལཝ་ཨིན་ དམ་ཚིག་ཤོར་མ་སོང་གསེས་ ཏེ་བསྐྱལ་བསྐྱལཝ་ཨིན།
  • བོ་ཁུམ
    ཏེ་ང་ ད་ན་ ལས་ཀྱི་འ་ནེ་སྦེ་འདི་ ཡ་ལྷ་ས་བཟངམོ་འདི་དང་འཕྱད་ཆི་ཡི། ད་འ་ནི་ཁྱོད་འབྲུག་ལས་མས་ ཁྱོད་འབག་གཉའ་ ཁྱོད་སེམས་གཏན་འབད་གསེས་སླབ། ཏེ་འ་ནི་ གོ་འདི་གྱོན་གསེས་ སྤང་གདན་འདི་རྐྱབ་ ཞམ་ཚེ་རིང་དཀྱིལ་འཁོར་གཅིག་ཡང་བྱིན་སྦེ་ འབད་འབདཝ་མས་ ཏེ་མོ་ ཆ་མཉམ་འ་ནི་གྱོན་ སྤང་གདན་འདི་ཡང་རྐྱབ་ མཛུབ་དཀྱི་འདིའི་བཙུགས་སྦེ་ ཏེ་ངེའི་ཨ་ལོ་ཨཔ་སྟོན་གོ་པ་ཅིན་ འ་ནི་བྱིན་མི་འདི་ཨིན་ ཨ་ལོ་ཨཔ་འདི་གསེས།
  • བོ་ཁུམ
    ཏེ་ནི་ལས་ ཁོ་ར་ཡུདཔ་ཅིག་ལས་ གདོང་ངེསཔ་སེམས་ཀྱི་ཚོར་ ཏེ་ཁོ་ ག་ནི་ཡང་མ་སླབ་པས། ཏེ་ཁོ་ཧེ་མ་འདི་ གནམ་མེད་ས་མེད་དྲགས་བཀལ་ མོ་གི་བར་མི་ལུ་ཡང་ ཁོ་གི་ཧད་བཏགས་འཚོལ་ ཁོ་བར་མི་གི་ཡང་ ཏེ་ཕར་མཛུབ་མོ་དཔག་ ཏེ་ རོགས་ཨ་ནི་འབད་ ཚོང་རྐྱབ་པར་སོང་སོངམ་མས་ འ་ནི་སྦེ་འབད་མི་ག་སྟེ་མཐོང་ཅིག་བུ་གསེས།
  • བོ་ཁུམ
    ཏེ་བར་མི་འདི་གིའི་ ཁོ་ལྷོང་ཐུག་ལས་འཐོན་སླབ་སྦེ་ ཏེ་མོ་འ་ནེ་འབད་འཐོན་མི་གང་ལས་ བར་མི་དང་ ཁོ་ར་དང་ ག་ར་ངོ་ཚ་ ཏེ་ཧེ་མ་ཁོ་དྲགས་བཀལ་བའི་གང་ ཨཔ་དང་ཨའི་འདྲོག་འདི་ གཏེགས་ཀྱི་འོག་ལས་མར་འཛུལ་ ག་ནི་ཡང་ སླབ་མ་ཧོང་པ་ འ་ནི་འབད་འདྲོག་སྡོད་སྦེ་ ཏེ་ཡུདཔ་ཅིག་ལས་ མོ་འ་ནི་འབད་སླབ་སྟེ་ ཨ་ལོ་འདི་གི་ཨ་པ་འ་ནི་ཨིན་གསེས་སྟོན་སྦེ།
  • བོ་ཁུམ
    ཏེ་ནི་ལས་ཁོ་ ཏེ་ཨ་་་ཁྱོད་ར་བདེན་མས་མཉའ་གསེས། ང་ཟོག་པས་གསེས། ཨིན་ཨིན་ཏེ་ ཡ་འབྲུག་གི་ཨ་ནེམོ་ཨིན་གསེས་ བསོད་སྙོམས་རྐྱབ་པ་འོང་ཡི། ཏེ་ནི་ ང་ཁྱོད་ཨིནམ་མ་ཤེས་ ངེའི་ འབྲུག་གི་ཨམ་སྲུ་འགྲོདཔ་འདི་ད་འཆད་འདྲ་བས་གསེས་ ང་ར་ཡ་སེམས་ཤོར་སྦེ ཏེ་འ་ནི་འབད་བྱིན་བྱིནམ་ཨིན་གསེས།
  • བོ་ཁུམ
    ཏེ་ད་ བྱེད་སྐད་ཤོར་འགོ་གསེས་ འ་ནི་སྦེ་སླབ་འབད་ ཨཔ་དང་ཨའི་ཡང་མོ་གི་བློ་ བདེན་མའི་གང་ལས་ གྱི་ཁུག་ནང་ལས་འཐོན་ ཁོ་གུ་བཀའ་བཙན་དྲག་སྦེ་ ཏེ་ཁོ་ ཨཔ་དང་ཨའི་ལུ་བྱེད་སྐད་ཤོར་ ཕ་མོ་གི་བར་མི་ལུ་ཡང་ བྱེད་སྐད་ཤོར་ ཏེ་ཁོ་ བར་མི་འདིའི་ཡུདཔ་ཅིག་ལས་ ཁ་སྤར་ནི་མེད་པར་ ཁོ་བརྫུན་འདི་ བར་མི་འདི་ཡ་ ཨ་་་ད་ང་ལས་ བློ་སླབ་མི་ཤེས་པས་ ང་བློ་རྐྱབ་སྟེ་ བརྫུན་བ་ག་ར་ཁྱོད་ར་མས། ང་འགྱོའི་གསེས་ གོ་ཐལཝ་སྤུད་འབད་ཡ་སོ་ནུག
  • བོ་ཁུམ
    ཏེ་ འ་ན་ལས་ དྲལ་དཔོན་དང་དྲལ་ད་ ནི་གང་ལས་མར་ད་འོང་ནུག ཏེ་གནམ་མེད་ས་མེད་ཀྱི་ཟོང་ཆ་ བོད་ཀྱི་ཟོང་ཆ་པུ་ར་འབག་འོང་སྦེ་ ཏེ་འ་ན་ལས་ ཏེ་ཁོ་མ་ ཏེ་ཨ་ལོ་ཨཔ་འབད་ ཏེ་མ་འཐོན་ ཏེ་ནི་ལས་ཁོ་ཡ་བོད་ལུ་བཏང་མི་བཏུབ་པས།
  • བོ་ཁུམ
    ཏེ་དགའ་ལྡན་དཔལ་ལོངས་སྤྱོད་ ཏེ་ད་རུང་ ནི་འོག་ལས་ བུཚ་ལེ་ཤ་སྐྱེས་སྦེ་ ཏེ་དགའ་ལྡན་དཔལ་ལོངས་སྤྱོད་ འ་ནི་འབད་སྡོདཔ་ཨིན་པའི་ལོ་རྒྱུད་ཅིག་ཡོད།
  • བོ་ཁུམ
    ང་བཅས་མ་ ལྕང་སྣང་ཀ་ལུ་ ལཱ་ས་འགྱོཝ་ད་ འ་ན་ཨམ་ཀ་ལུམ་ཟེར་མི་འདི་གི་ སླབ་ནི་ཡོད། ཏེ་ང་ མོ་ལས་བྱངས་བྱངསམ་ཨིན་ འ་ནི་ནེམ་སྦེ་ ཏེ་ཁོ་མ་ར་སྡོད་སྦེ་ ཏེ་ཨ་ལོ་ཡང་ལེ་ཤ་སྐྱེས་ ཏེ་ཡུདཔ་ཅིག་ལས་ ཏེ་དགའ་ལྡན་དཔལ་ལོངས་སྤྱོད་སྦེ་ ཏེ་རྡོ་པའི་ཉ་ཀ་འཕུར་ཤེས་ཡང་ ཏེ་ཧེ་མ་རྩ་རྒས་འདི་ ཏེ་གནམ་མེད་ས་མེད་ ཏེ་ལེགས་ཤོམ་ཐལ་སོང་མས།
  • བོ་ཁུམ
    འ་ནེམ་ཅིག་ར་ཨིན།