15 Feb 2017
11 min 58 sec
Video Overview
Creators:
Dawa Tshering, Thinley Dorji
གླུ་གར་སྟེང་ཕྱོགས་ལྷ་ལས་དགའ་བ་ཟེར་མི་འདི་ ཐིམ་ཕུག་རྫོང་ཁག་ དགེ་བསྙེན་ཁ་གཡུས་ཚན་གྱི་ ཨམ་སྲུ་ཚུ་གིས་རྐྱབ་ཨིནམ་ད་ རྒྱབ་ཁར་གྱི་ཐང་ཀ་འདི་ གླུ་གཞས་འདི་གཡུས་ཁ་ལུ་ རང་ལུགས་ཀྱི་ཁྱིམ་རྐྱབ་སྟེ་ རྟེན་འབྲེལ་བརྩི་སྲུང་འབད་བའི་སྐབས་ རྐྱབ་རྐྱབ་ཨིན་པས། གླུ་གཞས་འདི་ འབྲུག་གི་རྩ་བ་གསུམ་ལུ་ བསྟོད་ཕུལ་ཏེ་ རྒྱལ་ཁབ་འདི་ དགའ་སྐྱིད་ལྡན་པའི་ཞིང་ཁམས་བཟུམ་དང་ མི་དབང་མངའ་བདག་རིན་པོ་ཆེ་འདི་ མི་ཚེ་སྐྱོང་གནང་མི་ ཉིམ་བཟུམ་ཅིག་ཨིན་ཟེར་མས།
Yangka and her friends perform the song and dance “Happier than Heaven” (Tengchok Lhale Gawa) on the occasion of a traditional house construction ceremony. The song glorifies Bhutan and the king of Bhutan. According to the lyrics, the country of Bhutan, like heaven, is very peaceful; and the king, like the sun, cares for all people.
- Thim Throm
- པདྨ་སྒྲོལ་མ Pema Dolmaབླ་མའི་བཀྲིས་ཟེར་ ཏེ་ང་བཅས་ཀྱི་ ཏེ་དང་ཕུ་ བླམ་སྤྱི་གཞི་བླ་མའི་བཀྲིས་ཟེར་ བླམ་དཔོན་གཡོག་གཉིས་ཡོདཔ་མས་ ཏེ་ཁོང་ར་ ཏེ་འགྲོ་དོན་བཤལ་ བླ་མ་གིས་བླམ་འབད་ ཏེ་བླམ་འདི་ བླམ་ཨིན་ཟེར་སླབ་ཨིན་ ཏེ་ག་ར་ ཏེ་མཁས་ཤོས་འདི་ བཀྲིས་འདི་འབད་ ཏེ་རོགས་འགྲོ་དོན་བཤལ་ དེ་སྦེ་རང་བྱོན།
- པདྨ་སྒྲོལ་མ Pema Dolmaབླམ་མའི་ཕྱག་དབང་ཞུ་བཅུག བླམ་མ་ཤེསཔ་ ཏེ་བཀྲིས་ཀྱིས་སྟོན། ཏེ་བླམ་འདི་ ཏེ་བླམ་ཨིན་ཟེར་སླབ་ཨིན་ ཕར་ག་ནི་ཡང་ གནམ་མེད་ས་མེད་ཅིག་ མི་ཤེས་འབད་སྦེ་ ཏེ་བཀྲིས་དེ་ མཁས་དྲགས་སངས་རྒྱས་ཀྱི་སྤྲུལ་པ་འབད་ ཏེ་ཁོ༌ ཏེ་ཁོ་ར་ ལམ་ལྟག་ ནཱ་འགྲོ་དོན་བཤལ། གཡུས་ཁར་ལས་ཕར་ ལམ་ལྟག་ནཱ་ལས་ཕར་ ཏེ་གཡུས་སྒོ་སོ་སོར་ལས་ཕར་འགྲོ་དོན་བཤལ་སྦེ་རང་བྱོན། ཏེ་ནམ་ཅིག་ ཁོང་རང་གཉིས་ཀྱི་མཚམས་ཁང་ནང་ལུ་ ཏེ་བླམ་དེ་གིས་ ད་ང་བཅས་ དཔོན་གཡོག་གཉིས་ཀ་ ཕགཔ་ཅིག་གསོ་སྦེ་ ཏེ་ང་བཅས་ར་ བཞེས་སྒོ་སྦེ་འབད་དགོ་ནི་མས་སྨོ་ཟེརཝ་ད་
- པདྨ་སྒྲོལ་མ Pema Dolmaཏེ་བཀྲིས་ཀྱིས་ཡང་ དབའེ་ཏེ་ད་ ང་བཅས་བླམ་ཨིན་ཟེར་ ཏེ་དེ་སྦེ་ གསོ་སྟེ་གིས་ མི་བཏུབ་པས་མེན་ན་ ཟེརཝ་ད་ ཨ་་་ ད་འདི་ ཁྱད་མེད་ ཁྱེད་མེད་ དེམ་ཅིག་ཡང་དགོ་པས་ ཏེ་རང་འགྲོ་དོན་མེདཔ་ད་ བཞེས་སྒོ་རེ་དགོ་པས་ཟེར་ ཏེ་བཏུབ་པས་ལགས་ཟེར་ ཏེ་བླམ་འདི་ བང་ཆེ་ ཏེ་བཀྲིས་འདི་ སངས་རྒྱས་སྤྲུལ་པ་མཁས་དྲགས་སྦེ་ ཏེ་བླ་མ་ག་བཀའ་གནངམ་འབད་ ཏེ་བཏུབ་བཏུབ་ཟེར་ ཏེ་ཕགཔ་ཅིག་ གསད་ཕག་ཅིག་གསོ།
- པདྨ་སྒྲོལ་མ Pema Dolmaཏེ་ནམ་ཅིག་ ཁོང་ར་འགྲོ་དོན་ ཕར་བཤལ་ཚུར་བཤལ་འབད་ ཏེ་བླམ་ བླམ་སྦེ་བྱོན་ཏེ་ ཁོ་ བཀྲིས་འདི་ ག་ར་མར་ལས་ཕར་མཁས་ཤོས་ ག་ཅི་འབད་རུང་ མི་ཤི་གི་འགྲོ་དོན་ཅིག་འབད་རུང་ ཏེ་བཀྲིས་འདི་གིས་འབད་ ཏེ་ག་ནི་ཡང་ བླམ་ཟ་སར་ ཏེ་བཀྲིས་དེ་གིས་འབདཝ་ཨིན་ལོ། ཏེ༌འ་ནཱེ༌འབདཝ་ད་ ཏེ་ནམ་ཅིག་ཚེ་ འགྲོ་དོན་མེད་སྦེ་འབདཝ་ད་ ཏེ་བླམ་འདི་གིས་ ཨ་་་་ད་ ང་བཅས་ཕགཔ་འདི་གཉིས་ བཞེས་སྒོ་ ལྟོ་གིས་འབད་མི་ཚུགས་པས། ང་བཅས་གཉིས་ འགྲོ་དོན་ཡར་ཉོཝ་ད་(ཡར་སོངམ་ད་) ཕགཔ་གསོ་མི་མིན་ནུག ཕགཔ་འདི་ གསད་ད་གེ་སྨོ་ཟེར་ གསུངས་གསུངསམ་ཨིན་ལོ་ བླ་མ་གིས།
- པདྨ་སྒྲོལ་མ Pema Dolmaཏེ་བཀྲིས་ཀྱིས་ཡང་ བཏུབ་པ་ལགས་ ཏེ་ད་ བླ་མ་གིས་ གསད་དགོ་ཟེར་སླབན་ གསད་ནི་རང་མམ་ ཟེར་སླབ་སྦེ་འབདཝ་ད་ ཏེ་ཕགཔ་འདི་ ཨོག་ཁང་ནང་བཙུགས་ ཁ་ཕྱེ་འབདཝ་ད་ ཕྱེ་བཞགཔ་ད་ ཏེ་བླ་མ་གིས་ བཀྲིས་ཀྱིས་ ཏེ་བླམ་ ད་ཕགཔ་ ག་གིས་གསད་ནི་སྨོ་ཟེར་ སླབ་འབདཝ་ད་ ཏེ་བླམ་དེ་གིས་གསུངས་གསུངསམ་མས། ཨ་་་་ ཏེ་ང་བླམ་མས་ ཏེ་ཁྱོད་ བྱ་རོགས་ཨིན་མས་ ཏེ་ཕགཔ་ ཁྱོད་གསད་ནི་རང་མམ་ ཟེར་བས་ལོ།
- པདྨ་སྒྲོལ་མ Pema Dolmaཏེ་ལགས་སོ་ལགས་ཟེར་སླབ་ ཏེ་དེ་ལསན་ ཏེ་ཕགཔ་འདི་ སངས་རྒྱས་སྤྲུལ་པ་འབད་ནི་དེ་གིས་ བཀྲིས་དེ་གིས་ གནས་སྐབས་བཏོན་ ཏེ་མར་ཨོག་ཁང་ནང་བཙུགས་ ཏེ་མར་ལས་ཡར་ཨེན་ཏ་གདོང་སྤེད་ ཏེ་ཐགཔ་ ཕག་པའི་སྐེ་ཐགཔ་བཏགས། ཏེ་བླམ་ཡར་ནང་རྫས་ལས་ ཐགཔ་ཕག་པའི་སྐེ་ གསད་ཕག་སྐེ་ཐགཔ་བཏགས། ཏེ་བླམ་ཡར་འཐེན་བཅུག ཁོ་རང་མར་ལས་ བཀྲིས་ཀྱིས་རོགས་ཝ་འདི་གུ་ རྟས་ཐག་ཐེངས་ཕོག་རེ་ ཏོག་ཏོག་ དབའེ་བླ་མ་ བླ་མ་ ད་ཕག་པ་(ཕགཔ་གིས་) ང་ཟ་ཚར་དོ་ ཡར་འཐེན་ ཡར་འཐེན་ཟེར་ བླམ་འདི་ ཨིན་རང་ཨིན་མས་མནོ།
- པདྨ་སྒྲོལ་མ Pema Dolmaཕགཔ་དེ་ཡར་འཐེན་ མགོ་ཏེ་ཡར་སྦྲགསཔ་ མར་ལས་ཡར་ དེམ་གུ་སྦྲགསཔ་འབདཝ་ད་ བཀྲིས་དེ་གིས་ འ་ནཱེ་སྦེ་ རྟས་ཐག་བླུགས་ཅི་རང་ ཏེ་བླ་མ་ ཡར་འཐེན་ ཡར་འཐེན་ཟེར་ ཏེ་བླམ་ཨིན་རང་ཨིན་པས་མནོ་སྟེ་ ཏེ་བླམ་མ་པ་ རྒྱུད་འཕྲང་པའི་མི་འབད་ ཏེ་སྤྲུལ་པ་དེ་ ཚར་གཅིག་ བུ་བཀྲིས་འདི་འབད་ ཏེ་དེ་ལསན་ཏེ་ ཕགཔ་འདི་བསད་ད་ནུག
- པདྨ་སྒྲོལ་མ Pema Dolmaཏེ་ཕགཔ་འདི་ བླ་མ་གིས་ཨོལ་ལྐོག་བསྡམས་བསད་ད་ནུག བཀྲིས་ལུ་སྡིག་པ་མིན་ནུག ཏེ་ད་ ད་ང་བཅས་གཉིས་ དཔོན་གཡོག་གཉིས་ཀ་ ཤ་འདི་དྲ་ ད་ཁྱོད་ཀྱིས་ ཤ་བཙོང་སོང་སྨ་རེད་ ཟེར་གསུང་གསུངས་མས་བླ་མ། ཏེ་བཀྲིས་ ལགས་སོ་ལགས་ ཟེར་སླབ་ ཏེ་ཤ་འདི་འབག་ ཏེ་ཤ་དྲ་ ཏེ་དོས་ཙེ་ཅིག་ནང་འདེགས་འབག་སྟེ་ དེ་ལསན་ ཏེ་ལ་གཅིག་བརྒལ་ ལུང་གཅིག་སྤུབས་ ཏེ་གཡུས་ཁ་ལས་ཕར་ ཁྱལཔ་སྡོད་སར་ལས་ཕར་འགྱོ་ མི་ཚུ་སྡོད་སར་ལས་ཕར་ལུ་ ཏེ་ཕག་ནད་མགོ་ནད་ཤི་བའི་ཤ་མི་ཉོ་ག? ཕག་ནད་སྒོ་ནད་ཤི་བའི་ཤ་མི་ཉོ་ག་ཟེརཝ་ད་ ཨ་ཁྱོད་ཀྱི་ ཕག་ནད་སྒོ་ནད་ཤི་བའི་ཤ་ག་ཅི་འབད་ནི། ང་བཅས་ ང་བཅས་རའི་ཕགཔ་ གསད་ཕག་གི་ཤ་ཡང་ཟ་མི་ཚར་བ་ས་གི།
- པདྨ་སྒྲོལ་མ Pema Dolmaདེ་ཚེ་ ཤ་འ་ནཱེམ་ཅིག་ར་ མིག་ཏོ་བལྟ་མ་འཐོནམ་མས། ཏེ་ཤ་དེ་ ལོག་ཕར་ བླམ་གྱི་གཟིམ་ཅུང་ནང་སྐྱེལ་ ཏེ་བླ་མ་གིས་ ཤ་བཙོང་ད་ཡི་ག་ཟེརཝ་ད་ ཏེ་བཙོང་མ་ཚུགས་ལགས་ ཟེར་ཏེ་ ག་ཅི་འབད་སྨོ་ཟེར་ ཏེ་ང་གིས་(ཁྱོད་ཀྱིས་)ག་དེ་སྦེ་སླབ་ཅི་ཟེར་བས་ལོ། ཏེ་ཕག་ནད་སྒོ་ནད་ཤི་བའི་ཤ་མི་ཉོ་ག་ས་གི། ང་བཅས་ང་བཅས་རའི་གསད་ཕག་གི་ཤ་རྒྱགས་རིལ་རི་ཡང་ བཙོང་ཟ་མི་མེད་པར་ ཁྱོད་ཀྱི་ ཕག་ནད་སྒོ་ནད་ཤི་བའི་ཤ་ག་ཅི་འབད་བ་ ཟེར་སླབ་མས། ཏེ་བཙོང་མ་ཚུགས་པར་ ནཱ་འབག་འོང་ཡི་ལགས་ཟེར་བས་ལོ།
- པདྨ་སྒྲོལ་མ Pema Dolmaཨ་་་་་ ཁྱོད་ག་ནི་ཡང་མི་ཤེས་པས། ཁུ་སིམ་སིམ་སྦེ་ འབག་འགྱོ་དགོ། ཕག་ནད་སྒོ་ནད་ཤི་བའི་ཤ་ཟེར་བ་ཅིན་ ཏེ་ཉོ་མི་བཏུབ་ཟེར། བླ་མ་དེ་གསུངས་སྦེ་ ཏེ་ཁུ་སིམ་སིམ་སྦེ་ སླབ་དགོ་ སྡོད་དགོ། ཏེ་དེ་འབདན་ རོགས་ཀྱིས་ ཉོ་འོང་ཟེར་བས་ལོ། དེན་འདི་གི་ནངས་པར་ དེ་སྦེ་འགྱོ་དགོ་ནི་ཨིན་པས་སྨོ་ཟེར་ ཏེ་འདི་གི་ནངས་པར་ད་རུང་ ཤ་འདི་འབག་ ཏེ་ཤ་འདི་ ཧི་ཅི་རང་འབག་སོང་ ཏེ་ཁུ་སིམ་སིམ་འབད་ བླ་མ་ག་གསུངས་མི་འདི་གུ་ བཀྲིས་ཀྱིས་ཞེ་སྡུག་འབདཝ་འདེ་འབད་ ཁུ་སིམ་སིམ་འབད་ ཏེ་དབའེ་ཨ་ལོ་ ཤ་ཉོ་གེ་ ཁྱོད་ཤ་ཨིན་མས་སྨོ? ཤའི་ཙེའུ་གུ་བཤེད་འཐེནམ་ད་རང་ དཔུང་ཐག་ཧིག་ཅི་རང་འབག་ ཏེ་ཁུ་སིམ་སིམ་འབད་འགྱོ་འགྱོཝ་མས།
- པདྨ་སྒྲོལ་མ Pema Dolmaཏེ་དེ་ལསན་ ད་རུང་ཕུད་རྡོ་ཅིག་ར་ བཙོང་མ་ཚུགས་པར་ཚུར་སྐྱེལ། ཏེ་བླ་མ་ བཙོང་ད་ཡི་ག་གསེསན། བཙོང་མ་ཚུགས་ལགས། དེ་ལས་ ཏེ་ག་དེ་སྦེ་སླབ་ཅི་ཟེར་བས་ལོ། ཕར་ནཱ་ག་ནི་ཡང་ མ་གསུངས་ མ་སླབ་ བླ་མ་གིས་ ག་ནི་ཡང་མ་སླབ་པར་ ཁུ་སིམ་སིམ་སྦེ་ འབད་ཟེར་ སླབ་དེས་ གསུངས་དེས་མནོ། ང་ཁུ་སིམ་སིམ་འབད་ ཤ་ཧིག་ཅི་ར་ སོང་ཡི་ ཟེར་བས་ལོ།
- པདྨ་སྒྲོལ་མ Pema Dolmaཨ་་་་་ ཁྱོད་ག་ནི་ཡང་མི་ཤེས་པས། ད་ཤ་ཉོ་མི་མིན་ནུག ང་བཅས་ར་གཉིས་བཙོ་ དཔོན་གཡོག་གཉིས་ཀ་ འགྲོ་དོན་འགྱོ་རན་རེ་ བཙོ་བཟའ་གེ་སྨོ་ ཟེརབའི་ལོ། ཏེ་ལགས་སོ་ཟེར་ ཏེ་དེ་ལསན་ བླམ་ཕག་ཤ་ཚིལ་མ་བཟའ་ནི་ ཁུ་བ་འཐུང་ནི་ཟེར་ ཞུ་ཞུཝ་མས་ བཀྲིས་དེ་གིས། ཏེ་ང་བླམ་འབད་དོ་བ་ ཚིལ་མ་བཟའ་ནི་རང་མམ། ཁྱོད་བྱ་རོགས་འབད་དོ་བ་ ཁུ་བ་འཐུང་ནི་ཟེར་བས་ལོ། དེ་ལསན་ཏེ་ ཤ་དེ་ འཚོཔ་རང་བཙོ། འཚོཔ་རང་བཙོ། བཀྲིས་དེ་གིས་ འཚོཔ་རང་བཙོ། ཏེ་ཤ་དེ་པུ་ར་(ག་ར)ཤུབས་ ཏེ་ཁུ་བ་མར་ཁུ་སྦེ་ འབད་བའི་བསྒང་ལས་ ཏེ་ཁུ་བ་དེ་ཁོ་ར་འཐུང་ བླམ་དེ་ལུ་ ལྤགས་ཀོ་དེ་ དྲངས་དྲངསམ་མས།
- པདྨ་སྒྲོལ་མ Pema Dolmaཏེ་ཁྱོད་ཀྱི་ཁུ་བ་འདི་ ང་ཞིམ་ག་མི་ཞིམ་ བལྟ་གེ་ནོ་ཁོ་རེད། ངེའི་འདི་ ཚིལ་མ་ཟེར་སླབ་ཨིན། སྲ་ཀྲག་ཨིན་མས་ཟེར་བས་ལོ། ཏེ་དེ་ལས་ བླམ་དེ་ དེ་གིས་ བཀྲིས་དེ་གི་ཁུ་བ་འདི་ འཐུང་བལྟ་བ་ སྤ་་་་ ཁུ་བ་འདི་ པུ་ར་(ག་ར) མར་ཁུ་མས་ཟེར་བས་ལོ། བླམ་དེ་གི་དེ་ སྲ་ཀྲག་ཨིན་མས་ཟེར་བས་ལོ། ཨ་་་་ དེ་སྦེ་མི་བཏུབ་པས། ནངས་པར་ལས་ ཁུ་བ་འདི་ ང་འཐུང་དགོ་པས། ཚིལ་མ་འདི་ བླམ་་་ ཁྱོད་ར་བཀྲིས་ར་ཟ་ཤིག་ ཟེར་བས་ལོ།
- པདྨ་སྒྲོལ་མ Pema Dolmaབཏུབ་བཏུབ་ལགས་ཟེར་ དེའི་ནངས་པར་ ཆུ་ཚན་ནང་བཙུགས་ ཚྭ་ཅིག་བཏབ་སྦེ་ ཨ་ཙི་ཅིག་འཁོལཝ་ཅིག་བཀལ་སྦེ་ བླམ་ཚིལ་མ་ཟཝ་ཨིན་ཟེར་ ན་ཁུ་བ་འཐུངམ་ཨིན་ཟེར་ ཆུ་ཚན་ཧོ་འཕྲོས་འཕྲོས་སྦེ་ ཚྭའི་བྱོ་ལྷ་ཅིག་འབད་སྦེ་ ཁུ་བ་ ཤའི་ཁུ་བ་ལས་ འ་ནཱེམ་ཅིག་ར་མེད་པ། ཏེ་དེ་ལས་ བཀྲིས་དེ་ ཁོ་ར་ ཕག་ཤ་བཀྱག་ལེམ་ལེ་སྦེ་ ཚིལ་མ་འདི་ཁོ་རང་ཟ་ བླམ་ཆུ་ཚན་ འཐུང་བཅུག་སྦེ།
- པདྨ་སྒྲོལ་མ Pema Dolmaཏེ་ད་རེས་འབདཝ་ད་ ཁྱོད་ཀྱི་ཁུ་བ་འདི་ ང་འཐུང་བལྟ་གེ་ས་ ཚིལ་མ་འདི་ ང་གི་ཟ་བལྟ་གེ་ཟེར་ སྤ་་་་ ཁྱོད་ཚིལ་མ་འདི་ བཀྱག་ལེམ་ལེ་སྦེ་ཞིམ་མས། ངེ་གི་འདི་ དེ་ཚེ་ལྤགས་ཀོ་ཨིན་མས། འ་ཁྱོད་གི་འདི་ཞིམ་པས་ཁོ་རེད་ ང་ད་རེས་ ཆུ་ཚན་ཨིན་མས་ཟེར་བས་ལོ། ཨ་་་་་ ད་དེ་སྦེ་ར་ཨིན་མས་ ཏེ་བཙོཝ་ད་ འ་ནཱིམ་ཅིག་ཨིན་མས་ སླབ་སོ་པ་ ད་ད་འོང་མས་ད་ འ་ནཱིམ་ཅིག་སྦེ་ ད་ང་བཅས་དཔོན་གཡོག་གཉིས་ཀ་ ད་ཕར་གཡུས་ཚན་ཅིག་ནང་ ཆོ་གུ་འདུག འགྲོ་དོན་འགྱོ་གེ་སྨོ་ ཟེར་གསུངས་གསུངསམ་མས། ཏེ་བཏུབ་པ་ལགས་ཟེར་ ཏེ་དེ་ལས་ འགྲོ་དོན་སོང་སོངམ་མས།
- པདྨ་སྒྲོལ་མ Pema Dolmaཏེ་བླམ་དཔོན་གཡོག་གཉིས་ཀ་ ཤ་འདི་ཚིལ་མ་ཨིན་མས་ལོ། ཁུ་བ་ཨིན་མས་ལོ་ཟེར་ བཞེས་ཚར་ནུག ཏེ་ཁོང་རའི་དགོན་པ་ལས་ཐོན། ཏེ་དེ་ལསན་ ཏེ་ལ་ཅིག་བརྒལ་ ལུང་གཅིག་སྤུབས་སོངམ་ད་ ཕར་ལམ་ཁ་ལུ་ དེ་ཚེ་ ལམ་འདི་དང་ ཁོང་དཔོན་གཡོག་གཉིས་ གཡུས་ཁར་མ་ལྷོད་པས། ཏེ་ལམ་ཁར་ བྱག་ཅིག་འདུག་ཟེརཝ་མས་ལོ་ བྱག་སྦོམ་སྦོམ། དཔེ་གཏམ་ལས་གོ་གོཝ་ དཔེ་གཏམ་མས། ཏེ་མ་པ་འདི་ རྣ་རྒྱུན་འདུག་རང་འདུག སྔོན་མ་འདུག ཏེ་སྤྱི་གཞི་བླ་མའི་བཀྲིས་ཟེར་ ཏེ་རོགས་བཀྲིས་དེ་ ཏེ་སངས་རྒྱས་སྤྲུལ་པ་ངོ་མ་ཨིན་མས། བླམ་དེ་ ཏེ་མ་པ་ ག་ནི་ཡང་མ་ཤེས་པའི་བདུད་ཚར་ཅིག་འབད།
- པདྨ་སྒྲོལ་མ Pema Dolmaཏེ་བདུད་རེ་དང་ ལྷ་རེ་ཟེར་ ཏེ་འ་ནཱི་ དཝ་བུ་ཚུ་བཟུམ་སྦེ་ རོགས་མཁས་དྲགས་ཨིན་མས། ཏེ་དེ་ལསན་ཏེ་ ལ་བརྒལ་ ཏེ་ཕར་ལམ་ཁར་ལྷོདཔ་ད་ བྱག་ཅིག་འདུག་ ཏེ་བླ་མ་ ད་ ད་རེས་ང་བཅས་ ཕར་གཡུས་ཁར་མི་ལྷོད་པས་ ཆོ་ག་བཏང་ས་མི་ལྷོད་པས་ ད་ ད་རེས་འ་ནཱ་བཞུགས་གེ་སྨོ་ཟེར་ ཏེ་སྡོད་ནི་རང་མམ་ཟེར་ བླམ་ཡང་ ཏེ་དབུགས་དུམ་དུམ་འབད་ ཏེ་འ་ནཱ་བཞུགས།
- པདྨ་སྒྲོལ་མ Pema Dolmaཏེ་དེ་ལས་ བྱག་ཅིག་གི་སྐེད་པ་ ཏེ་ད་ཕྱི་རུ་མེ་འཕུ་གེ་ཟེར་ ཤིང་བསྡུ་སྦེ་སྤུངས་ ཏེ་ཤིང་ཕར་ལས་སྤོགས་ ཚུར་ལས་སྤོགས་ བྱག་གི་གདོང་ཁར་མེ་འཕུ་ ཏེ་ཕྱི་རུ་ཉལཝ་ད་ བླ་མ་གསུངས་གསུངསམ་མས། བཀྲིས་ར་ ད་ཁྱོད་བྱ་རོགས་འབད་དོ་བ་ མར་བྱག་གི་སོ་ཁར་ལས་ཕར་ཉལ། ང་ཡར་བླམ་འབད་དོ་བ་ ང་ཡར་ གི་ཁུག་ནང་ཉལ་གེ་ཟེར་བས་ལོ། བྱག་གི་སྐེད་པ།
- པདྨ་སྒྲོལ་མ Pema Dolmaཏེ་བྱག་དེ་གི་ ཞོལ་ལས་རྒྱ་མཚོ། ཡར་གུ་ལས་བྱག་ མར་ཞོལ་རྒྱ་མཚོ་ཨིན་མས། ཏེ་དེ་ལས་ འ་ནཱི་སླབ་ ཏེ་ལསན་ བཀྲིས་དེ་ ཏེ་བླ༌མའི་ལྟོ་གཟན་འབད་ནི་འདི་གིས་ [ཆོས་ར་ཆོས་མ་ཤེས་?] ཏེ་བླམ་དེ་ ག་ནི་ཡང་མ་ཤེས་རུང་ ཁོ་ཏེ་སངས་རྒྱས་ཀྱི་སྤྲུལ་པ་འབད་ ཏེ་བླ་མ་ ག་བཀའ་གནང་མི་དེ་ ཏེ་ཉན་ ནང་སུ་བསྐོར་ལསན་ མཁས་དྲགས་ཨིན་མས། ཏེ་བཏུབ་པ་ལགས་ ཟེར་སླབ་ ཏེ་དེ་ལསན་ ཏེ་མེ་འཕུ་ ཏེ་བླམ་ ད་ ང་ཚི་ག་(སོ་ཁ་)ཉལ་ཟེར་ བླ་མ་དེ་སྦེ་གསུངསན་ མར་རང་ཉལ་ནི་མམ།
- པདྨ་སྒྲོལ་མ Pema Dolmaབླམ་ ཡར་[གྱི་བར་རང་?]བཞུགས་ཤིག་ ཟེར་སླབ་སྦེ་ ཏེ་ཁོ་ ཏེ་ཕམ་བུམོ་ཡང་ ཐ་དམ་ཚིག་ལས་རྒྱུ་འབྲས་བལྟ། ཏེ་དེ་ལས་ བླམ་དེ་ ཡར་གྱི་བར་ལས་ཕར་གཟིམས་བཅུག ཁོ་ར་ མར་སྡོད་སྦེ་ ཏེ་བླམ་དེ་ ཏེ་ནུབམོ་ཕྱེད་བརྒལ་བའི་བསྒང་ལས་ ཏེ་བདུད་ཀྱི་ ཨ་ནཱི་མ་བརྒལ་སྦེ་ ཏེ་བླ་མ་གིས་འབདན་ ཏེ་བཀྲིས་དེ་ ལྟོ་གཟན་དེ་ མཁས་དྲགས་གནམ་མེད་ས་མེད་འབད་ནི་དེ་གིས་ ཏེ་ཁོ་བླམ་འདི་གིས་ བཀྲིས་དེ་ ཨ་ནཱི་སྦེ་ ཁོ་ར་གིས་རྡོག་ཐལ་བརྡུངས་འབད་རུང་ ག་ཅི་འབད་རུང་ སྤར་རྫུ་བཏབ་ ཏེ་ཁོ་མར་ བཀྲིས་འདི་ མར་རྒྱ་མཚོ་ནང་ བཀོ་ནི་གི་ཐུགས་བཞེད་བཞེས།
- པདྨ་སྒྲོལ་མ Pema Dolmaཏེ་མནོ་བསམ་འདི་བཏངམ་ཅིག་ ཏེ་བཀྲིས་ཀྱིས་མངོན་ཤེས་མཁྱེན། བཀྲིས་ ཏེ་སངས་རྒྱས་ཀྱི་སྤྲུལ་པ་མངོན་ཤེས་མཁྱེན་ ཏེ་དེ་ལས་ ནུབ་མོ་བླམ་གཉིད་གཟིམས་ཅིགན་ བླམ་དེ་ གཉིད་ནུབམོ་ཕྱེད་ཅིག་ཁ་ལས་ མནལ་ཚོར་ནི་ར་མི་ནུག་ཟེརཝ་མས་ལོ། ཏེ་དེ་ལས་ ཏེ་བཀྲིས་དེ་གིས་ལོང་ ཏེ་ཤིང་ ཁོ་ཚི་ཁ་(སོ་ཁ་)ལས་ཕར་ ཧེཝ་མས་ཟེར་བས་ལོ། བྱག་གི་ཚི་ཁ་(སོ་ཁ་)ལས་ཕར། ཏེ་མར་ཐང་ཅིག་འགྱོ་བ་ཅིན་ མར་རྒྱ་མཚོ་ནང་ཨིན་མས།
- པདྨ་སྒྲོལ་མ Pema Dolmaཏེ་དེ་ལསན་ ཁོ་ནུབ་མོ་ལོང་ ཏེ་ཤིང་དུང་ངེ་(དུམ་)སྦོམ་ཆུང་འ་ནཱིམ་ཅིག་འཐུ་ ཕར་འཐུ་བཞག་བཞགཔ་མས་ བྱག་གི་ཟུར་ཁར། ཏེ་འདི་མར་ བྱག་གི་ཚི་ཁ་(སོ་ཁ་)ལས་མར་བཀལ། བཀྲིས་ཅོག་ར་འཐདཔ་སྦེ་བཀལ། དེ་ལས་ བླམ་ཁོ་ར་གི་ཧང་གུ་ལས་ སྐེ་རགས་དེ་ཤུབས། བླམ་སྐེ་རགས་ཡར་ཤུབ་བཞག་བཞགཔ་འབདཝ་ད་ ཏེ་བླམ་ཁོ་ར་གི་རྐང་མ་བཏགས།
- པདྨ་སྒྲོལ་མ Pema Dolmaཏེ་དེ་ལསན་ གཅིག་མར་ཤིང་གི་དུང་ངེ་(དུམ་)གུ་ བཏགས་སྦེ་ ཏེ་བཀྲིས་གིས་ ཡར་བྱག་གི་སྐེད་པར་ ཙང་བཏང་ཀུབ་སྡོད་ འབདཝ་ཅིགན་ བླ་མ་གིས་ ནུབ་ཕྱེད་བརྒལཝ་ད་ ཏེ་ཧེ་མ་གཉིད་ཀྱིས་དུག་འབད་ ཏེ་དེ་ལས་ རོགས་བཀྲིས་དེ་ སངས་རྒྱས་སྤྲུལ་པ་གཉིད་དེ་སྦེ་གཟིམ་ནི་མིན་འདུག ཁོན་ ཏེ་གཉིད་ལུ་རྫོགས་ནི་མིན་འདུག་ལོ། ཧོ་ཧོ་ཟེར་ ཏེ་དེ་ལས་ བླ་མ་གིས་ ཏེ་
- པདྨ་སྒྲོལ་མ Pema Dolmaསྤར་དོ་བཟུམ་སྦེ་ ཏེག་ ཟེར་འབདཝ་ཅིགན་ ཏེ་བླ་མ་གིས་ མར་ལས་ཕར་ རྡོག་ཐལ་ཐེངས་པོ་གཅིག་ ཤིང་གི་དུང་ངེ་(དུམ་)དེ་གུ་རྐྱབ་ ཁོ་འབདན་ བཀྲིས་ཀྱི་མནོ་བསམ་སྦེ་རྐྱབ་ཅིགན་ དུང་ངེ་(དུམ་)འདི་ ཡར་ལས་མར་ རྦབ་རིལཝ་ཅིག་ བྱག་གུ་ལས་མར་དཔྱངས། མཇུག་མར་རྒྱ་མཚོའི་གུ་ལས་མར་དཔྱངས་འབདཝ༌ཅིགན་ བླམ་འདྲུད་བདའ་ བླམ་འདྲུད་བདའ་བྱག་གུ་ལས་མར་དཔྱངས།
- པདྨ་སྒྲོལ་མ Pema Dolmaཏེ་བླམ་ དེ་བསྒང་ལས་ ཏེ་བདུད་འབད་ ཏེ་མཆེཝ་འདི་ ཡར་བྱག་གི་སྐེད་པར་ མར་ལས་ཡར་བྱག་གི་སྐེད་པ་བཏབ། ལམ་ཟུར་ཁ་ལུ་ དེ་བསྒང་ལས་ ཧེ་མ་བླམ་མས། ཡུདཔ་ཅིག་ལས་ ཏེ་ཙིག་པའི་བསྒང་ལསན་ ཏེ་མཆེཝ་ཡར་བྱག་གུ་བཏབ་ཆི་ནུག་ལོ། དེ་ལསན་ ཏེ་བཀྲིས་ གནམ་མེད་ས་མེད་གནས་སྐབས་ཡོད། ཏེ་ཁོ་ མཁས་དྲགས་འབད་ནི་དེ་གིས་ དབའེ་ངེའི་ ད་ལྟ་རང་ བླམ་དེ་ མར་ཡར་འཛེགས་ མཆེཝ་འདི་ཡར་བཏབ་འོང་པ་ཅིན་ ང་བཟའ་ད་མནོ། ཁོ་བཟའ། དེ་ལས་ ཁོང་དཔོན་གཡོག་གཉིས་ གནམ་མེད་ས་མེད་ ཁོང་ཁྲོ་ཆགས་འོང་མནོ།
- པདྨ་སྒྲོལ་མ Pema Dolmaཏེ་དེ་ལས་ དབའེ་ངེ་བླ་མ་ ངེ་བླ་མ་ཟེར་ སྔུ་རྫུ་བཏབ། མིག་ཏོ་གུ་ལས་ ཆུ་ཚིལ་མ་བཀལ། ཏེ་རྐང་གསིག་རྡོག་གསིག་རྐྱབ་ བླ་མ་ བླ་མ་ཟེར་ ཏེ་བླ་མ་ལྟ་བུ་ ཡ་ད་ ངེ་ལྟོ་གཟན་འདི་ ད་ང་ལུ་ གནམ་མེད་ས་མེད་གཅེསཔ་མས། ད་ང་ གནམ་མེད་ས་མེད་ སྔུ་སྦེ་འབདཝ་མས་མནོ། ཏེ་ལྟོ་གཟན་གིས་ཡང་ ཏེ་བཀྲིས་གིས་ རྐང་གསིག་རྡོག་གསིག་རྐྱབ་པ། ཏེ་བླ་མ་ བླ་མ་ཟེརཝ་ད་ ཏེ་བླམ་འདི་ ཏེ་ཨིན་རང་ཨིནམ་འདྲས། ད་ཁོ་ང་ གནམ་མེད་ས་མེད་བྱམས་པ་དང་བརྩེ་བ་འདུག་མནོ་ འབདཝ་ཅིག་
- པདྨ་སྒྲོལ་མ Pema Dolmaཏེ་བླ་མ་ ཨ་སླབ་ ཨ་སླབ་ཟེར་ ཨ་སླབ་ བླ་མ་ཨ་ཟེར་ མ་སླབ་པ་ཅིན་ བླམའི་མཆེཝ་དེ་ ཕར་བྱག་གུ་བཏབ་ཏེ་མར་ལས་སྡེའུ་ཞ་བཏབ་འོང་ནི་མས། ཏེ་ཨ་ཟེརཝ་ད་ མཆེཝ་འདི་བུདཔ་ཅིགན་ བླམ་མར་རྒྱ་མཚོ་ནང་ག་འགྱོ་ནུག སངས་རྒྱས་ཀྱི་སྤྲུལ་པ་འབད་མཁས། ཏེ་ བླམ་མ་ ང་ལུ་ ཨ་སླབ་ཟེར་ ཨ་ཟེར་ གསུངས་མས་ ཨ་ཟེར་ གསུངས་མས་ཟེར་ སྔུ་རྫུ་བཏབ། མིག་ཆུ་ཐོན་ས་ལས་ཐོན་འབད་བ།
- པདྨ་སྒྲོལ་མ Pema Dolmaདེ་ལས་ བླམ་དེ་གིས་ ད་ ཨིན་ཤོ་ཨིནམ་མས་(ཨིནམ་འདྲས་)མནོ་ མཆེཝ་དེ་ ཨ་ནཱི་སྦེ་འབལཝ་ཅིགན་ ཏེ་ཨ་ཟེརཝ་ཅིགན་ ཏེ་བླམ་ མར་རྒྱ་མཚོ་ནང་ཐིམ། ཏེ་བཀྲིས་ཡར་ལུས་ད་ནུག ཏེ་འ་ནཱིམ་ཅིག་མས། ང་འ་ནཱིམ་ཅིག་ལས་མི་ཤེས་ལགས།། །།