Skip to main content Skip to search
21 Jun 2018
17 min 14 sec
Video Overview
Creators: 
Yeshi Wangchuk, Dorji Nima

The story of a cat delivering a child is a fictional story narrated by Chozom from Dagphel village in Zhemgang Dzongkhag. With themes of greed and lust, the story is about an old woman who accuses a cat for eating fish, even though she ate the fish herself. As a result, the woman gave birth to a cat, and the cat gave birth to a beautiful baby girl. Later the baby child married a king and delivered several children, but the senior wives of the king threw away the children out of greed. In the end, the king became aware that the cat’s granddaughters were killed, and the two senior wives were punished to work as servants within the palace.

བྱི་ལི་གིས་ མི་གི་ཨ་ལུ་སྐྱེས་མི་སྲུང་འདི་ གཞལམ་སྒང་རྫོང་ཁག་ བདག་འཕེལ་གཡུས་ཚན་ལས་ ཆོས་འཛོམས་ཀྱིས་བཏངམ་ཨིནམ་ད་ སྲུང་འདི་འདོད་ཆགས་ཀྱི་སྐོར་ལས་ཨིན་པས། སྲུང་འདི་ནང་ ཨམ་སྲུ་ཅིག་གིས་ ཉ་འདི་ མོ་ར་གིས་བཟའ་ཞིནམ་ལས་ བྱི་ལི་ལུ་ ཁ་ཉེན་བཀལ་ཡོདཔ་ལས་ འདིའི་འབྲས་བུ་ལུ་ ཨམ་འདི་གིས་ བྱི་ལི་ཅིག་སྐྱེས་ཡོདཔ་ད་ བྱི་ལི་འདི་གིས་ ཨ་ལུ་བུམོ་འཇའ་རིངམོ་ཅིག་སྐྱེས་ཡོདཔ་མས། ཤུལ་ལས་འབདཝ་ད་ བུམོ་འཇའ་རིངམོ་འདི་ རྒྱལཔོ་དང་ཅིག་ཁར་གཉེན་རྐྱབ་སྟེ་ སྲས་སྲསམོ་ལེ་ཤ་ཅིག་འཁྲུངས་པའི་སྐབས་ ལྕམས་རྒས་ཤོས་འདི་གིས་ འདོད་པའི་སེམས་ཀྱིས་སྦེ་ ཨ་ལོ་ཆ་མཉམ་བཀོ་བཏང་ཡོདཔ་ལས་ རྒྱལཔོ་གིས་སྙན་གསན་སྟེ་ ལྕམས་རྒས་ཤོས་གཉིས་ལུ་གཟིམས་ཅུང་ནང་ འཇའ་རོགས་སྦེ་ གཡོག་རྒྱུག་དགོ་པའི་ཁྲིམས་བཀལ་ཡོདཔ་ལས་ ང་བཅས་ར་ག་ར་འབད་རུང་ འདི་བཟུམ་གྱི་བྱ་སྤྱོད་འདི་ སྤང་དགོཔ་ཁག་ཆེ་ཏོག་ཏོ་ཨིན་པས། 

Transcript search
No results found for this search
0 of 0
  • ཆོས་འཛོམས་ Chozom
    དང་ཕུ་འབད་འབདཝ་མས་ ད་རེས་འབད་འབདཝ་མས་ དང་ཕུ་ཨ་ནཱི་ ཨཔ་ཤ་རོགསཔ་གཅིག་སྡོད་སྡོདཔ་མས་ ཤ་རོགསཔ་ཤ་འཚོལ་བར་འགྱོ་ ཉ་བཟུང་བར་འགྱོ་སྦེ་ དེ་ལས་ བྱི་ལི་ཨའི་གཅིག་སྡོད་སྡོདཔ་མས་ བྱི་ལི་ཨའི་ཕྱུ་གུ་ཕོཝ་ནང་སྡོད་སྡོདཔ་མས་ ཨང་རྒས་ཡང་ཨ་ལོ་ཕོཝ་ནང་སྡོད་སྡོདཔ་མས།
  • ཆོས་འཛོམས་ Chozom
    དེ་ལས་ ཤ་རོགསཔ་གིས་ཉ་འབག་སྦེ་ [ཉ་གྲབ་?]ནང་སྐམ་སྦེ་བཞག་བཞགཔ་མས་ དེ་འབདཝ་ད་ ཟ་ནི་འདི་ཨང་རྒས་ཀྱིས་ ཚོདམ་བཙོ་སྦེ་ ཕྱེ་འཐག་འཐག་ཟ་ཟཝ་མས་ དེ་ལས་ནངས་པར་ཨ་པ་གིས་ ཉ་ག་ཏེ་འབག་སོང་ཡི་ཟེརཝ་ད་ལུ་ ཟ་ཟཝ་འོང་ཏེ་ བྱི་ལི་ཨའི་གིས་ཟེར་ མོ་ལུ་ཁ་ཉེས་བཀལ་བཀལཝ་ཨིན་ལོ་ མོ་ཁ་ཉེས་བཀལཝ་ད་ དེ་ལས་མོ་བྱི་ལི་ཨའི་སེམས་མ་དགའ་བར།
  • ཆོས་འཛོམས་ Chozom
    ཨའེ་་་་ ཟ་ནི་འདིན་ མོ་ར་ཟ་ཡི་སྨོ་ཟེར་ ཁ་ཉེས་འདི་ང་ལུ་བཀལ་ཡི་ཟེར་ མོ་གི་ཨ་ལོ་ང་གིས་སྐྱེས་བཅུག་ ངེའི་ཨ་ལོ་མོ་གིས་སྐྱེས་བཅུག་ཟེར་ སྨོན་ལམ་བཏབ་བཏབ་ཨིན་ལོ་བྱི་ལི་ཨའི་གིས་ དེ་འབདཝ་ད་ ནངས་པར་གནངས་ཚེ་ཧེ་མ་རང་ཨང་རྒས་ཀྱིས་སྐྱེ་སྐྱེསཝ་ཨིན་ལོ་ཨ་ལོ། མོ་གིས་སྐྱེསཝ་ད་ བྱི་ལིའི་ཕྱུ་གུ་གསུམ་དང་བཞི་དེ་ཅིག་སྐྱེས་སྐྱེསཝ་མས་ལོ་ཏེ་ ས་དབོག་ནི་གི་ཧོད་གང་།
  • ཆོས་འཛོམས་ Chozom
    དེ་ལས་ མོ་གིས་སྐྱེས་དོཝ་མས་ སྐྱེསཝ་ད་ལུ་ བུམོ་འཇའ་རིསམོ་གཅིག་སྐྱེས་སྐྱེསཝ་ཨིན་ལོ་བྱི་ལི་གིས་ཨ་ལོ། དེ་ལས་སྐྱེས་ཏེ་ རྟིང་ལས་མོ་གི་བུམོ་འདི་ སྦོམ་འགྱོ་དོཝ་མས་ཏེ་ སྦོམ་འགྱོ་འགྱོ་ལྟོ་ལྷང་ཡི་ལྷང་ཡི་བྱིན་དོཝ་མས་ལོ་ཏེ་བྱི་ལི་ཨའི་གིས།
  • ཆོས་འཛོམས་ Chozom
    རོགས་ཀྱི་ཁྱིམ་བདའ་འགྱོ་ཡི་འགྱོ་ཡི་ མོ་གིས་རོགས་ཁྱིམ་བདའ་སྟེ་ མཇུག་མ་རང་ཀེ་ཀེ་སྦེ་འགྱོ་ཡི་འགྱོ་ཡི་རང་ ལྷང་ཡི་ལྷང་ཡི་བྱིན་ཏེ་ ཨ་ལོ་འདི་དེ་སྦེ་རང་སྦོམ་སྦོམ་མས་ལོ་མོ་གིས་ དེ་ལས་བུམོ་འཇའ་རིསམོ་ཡོདཔ་ཨིན་ལོ་ཏེ་ ལྷའི་བུམོ་བཟུམ་ཅིག་ མོ་གི་བུམོ་ག་དང་ཡང་མ་འདྲ་བའི་འཇའ་རིསམོ།
  • ཆོས་འཛོམས་ Chozom
    གནམ་མེད་ས་མེད་འཇའ་རིསམོ་ཡོདཔ་ལས་ དེ་ལས་ མོ་གི་བུམོ་ལུ་ མི་འདི་ཚུ་ག་ར་ཡིད་ཆེས་ཏེ་ དེ་ལས་རྟིང་ལས་འབདཝ་ད་ལུ་ རྒྱལཔོ་གིས་སྙན་གསན་གསནམ་མས་ལོ་ ད་བྱི་ལིའི་བུམོ་འདི་ གནམ་མེད་ས་མེད་འཇའ་རིསམོ་ཡོད་ཟེར་ སྐད་གྲགས་འགྱོ་འགྱོཝ་ཨིན་ལོ་གནམ་མེད་ས་མེད་ ག་ཏེ་ལུ་ཡང་སྐད་གྲགས་སོང་སྟེ་ དེ་ལས་ རྟིང་ལས་འབདཝ་ད་ རྒྱལཔོ་གིས་ ཁོ་འབད་སར་འཁྱིད་ཤོག་ཟེར་ བཀའ་ཤོག་ལྷོད་ལྷོདཔ་མས་ལོ།
  • ཆོས་འཛོམས་ Chozom
    དཔོན་གྱིས་ དཔོན་གྱི་བཀའ་ཤོག་ལྷོད་དེ་ དེ་ལས་ དང་ཕུ་རྒྱལཔོ་ཟེར་ཞུ་ནི་སྡོད་ནུག་མེན་ན་ང་བཅས་ཀྱིས་དཔོན་ལུ་ དེ་ལས་ རྒྱལཔོ་གིས་འཁྱིད་འགྱོ་དོཝ་མས་ཏེ་ ཨ་ནཱི་རྒྱལཔོ་བཞུགས་སར་ཕུལ་བར་འབག་འབགཔ་མས་ཏེ་ སྔུ་ཡི་སྔུ་ཡི་འགྱོ་འགྱོཝ་ཨིན་ལོ་བུམོ་འདི་ དེ་ལས་ཨའི་གིས་ཡང་བསྐྱལ་བར་འབག་འབགཔ་ཨིན་ལོ།
  • ཆོས་འཛོམས་ Chozom
    བསྐྱལ་བར་འབག་སྦེ་ དེ་ལས་ རྒྱལཔོ་གིས་མ་བཏང་པས་ཏེ་ རྒྱལཔོ་གི་གསང་ཡུམ་སྦེ་བཞག་ནུག་མོ་ རྒྱལཔོ་ལུ་བཙུནམོ་གཉིས་ཡོདཔ་ཨིན་ལོ་སྔ་མ་ དེ་ལས་མོ་ཨམ་ཅུམ་སྦེ་བཞག་དོཝ་མས་ཏེ་ མ་བཏང་པར་ལུས་སོང་ནུག་ཏེ་ ལུས་ཏེ་རྟིང་ལས་འབདཝ་ད་ ཨ་ལོ་ཕོཝ་ནང་ ཧེ་མ་རང་འདི་མས་ ཨ་ལོ་ཕོཝ་ནང་མ་ཆགསཔ་ལས་རང་ གསང་ཡུམ་སྦོམ་ཤོས་གཉིས་ཀྱི་འ་ནེ་ཅིག་ཨིན་ དེ་ལས་ བྱི་ལིའི་བུམོ་གི་འ་ནེ་ཅིག་ཨིན་ཟེར།
  • ཆོས་འཛོམས་ Chozom
    རྒྱལཔོ་གིས་ རང་རང་སོ་སོ་ལུ་ སྐུདཔ་གནམ་མེད་ས་མེད་འབག་བྱིན་ཏེ་ དེ་ལས་ཁོང་གཉིས་འདིནི་ ནུབ་མོ་ཟེར་སྡོད་ནི་མེད་ ཉི་མ་ཟེར་མེད་པར་འཐག་དོཝ་མས་ཏེ་ཤུགས་སྦེ་རང་འཐག་དོཝ་མས་ཏེ་ རྒྱལཔོ་ལུ་གོ་(ན་བཟའ) དེ་ལས་ མོ་འདིནི་ ག་ཅི་ཡང་འབད་མ་ཤེས་པར་ནང་དོག་སྟེ་ ཨའི་འབད་སར་སོང་སོངམ་མས་ཏེ་དྲི་བར་ མོ་རའི་ཨའི་བྱི་ལི་ལུ་ ཁོ་གཉིས་གནམ་མེད་ས་མེད་ཐགས་འཐག་མས་ ངནི་ག་ནི་ཡང་འབད་མ་ཤེས་ཟེར།
  • ཆོས་འཛོམས་ Chozom
    ངེའི་སྐུདཔ་འདིནི་དེ་སྦེ་རང་ཡོད་ ཟེར་སླབ་ནུག་མེན་ན་ཏེ་ དེ་ལས་ ཨའི་གིས་སླབ་ནུག་ཏེ་ དེ་ལས་ཁྱོད་ར་ག་ར་དེ་སྦེ་འཐག་ནི་ཟེར་བའི་སྐུདཔ་བཤིག་ཞིནམ་ལས་ དེ་ལས་ འཁརཝ་གུ་དཀྱི་ལི་ལི་བཏང་ དེ་སྦེ་འཐག་ནི་ཨིན་ཟེར་མི་འདི་ ཀྲིག་ཀྲི་བཟོ་སྟེ་ སྒྲོམ་ནང་བཙུགས་སྦེ་བཞག་སྨ་རེད་ཟེར་ འཁརཝ་གུ་དཀྱི་སྟེ་ ག་ར་ ཧོར་(ཐགས་གི་དབྱེ་བ་ཅིག་)གྱི་འབད་རུང་ ག་ར་དེ་སྦེ་བཟོ་སྟེ་ སྒྲོམ་ནང་བཙུགས་བཞག་སྟེ་ གཟར་རུ་གིས་འབད་ ཀོག་ཀོ་བཏང་འབད་དེ་བཞག་སྨ་རེད་ཟེར་ སླབ་ནུག་མེན་ན་ཏེ་ཨའི་གིས། གནས་སྐབས་ག་ཅི་བཟུམ་ཅིག་སྡོད་སྡོདཔ་ཨིན་ན་ཏེ།
  • ཆོས་འཛོམས་ Chozom
    གཟར་རུ་ཀོག་ཀོ་བཏང་འབད་དེ་བཞག་སྨ་རེད་ཟེར་ དེ་འབདཝ་ད་ ཐགས་འ་ནཱ་ལུ་ག་ར་འཐག་ཚར་ཏེ་འོང་ཟེར་ དེ་ལས་ ཤུལ་ལས་ཞག་གསུམ་གྱི་རྒྱབ་ལས་བལྟ་སྨ་རེད་ ཟེར་སླབ་ནུག་ཏེ་ཨའི་གིས།
  • ཆོས་འཛོམས་ Chozom
    དེ་ལས་ ཁོང་གཉིས་གནམ་མེད་ས་མེད་ ནངས་པ་གནངས་ཚེ་བཟུམ་ཅིག་ནང་རྒྱལཔོ་ལྷོད་དོཝ་མས་ཏེ་ ཕར་དང་ཚུར་བྱོན་ཏེ་ རྒྱལཔོ་ཕེབས་ད་ལུ་ ནེ་ཅིག་ཡོད་ཟེར།
  • ཆོས་འཛོམས་ Chozom
    ང་བཅས་གཉིས་ཀྱིས་དེ་སྦེ་བཟོ་ཡི་ འཐག་ཅི་ཟེར་ མོ་འབད་བ་ཅིན་ དལཝ་རང་སྡོད་ཡི་སྨ་རེད་ཟེར་ མོ་ལུ་ག་ནི་ཡང་མེད་སྨེ་ཟེར་ མོ་ལུ་གནམ་མེད་ས་མེད་མིག་སེར་བསྐྱེད་དེ་ ང་རྒྱལ་བསྐྱེད་དེ་ བལྟ་རང་མ་བཏུབ་བམས་ལོ་ཏེ་ མོ་ལུ་ བྱི་ལའི་བུམོ་ལུ་ ཁོང་ཨམ་སྲུ་སྦོམ་ཤོས་གཉིས་ཀྱིས།
  • ཆོས་འཛོམས་ Chozom
    མོ་འདི་དལཝ་སྡོད་ཡི་སྨེ་ཟེར་ ག་ནི་ཡང་མ་འཐག་སྨ་རེད་ཟེར་སླབ་སྟེ་ དེ་ལས་ ཁོང་གཉིས་ཀྱིས་བྱིན་བྱིནམ་ཨིན་ལོ་ཏེ་ ཕུལཝ་མས་ལོ་ཏེ་རྒྱལཔོ་ལུ་རྫོང་ རྫོང་བརྩེགས་ཞིན་ན་འ་ནཱི་སྦེ་ དེ་འབདཝ་ད་ཁོང་གཉིས་ཀྱིས་འབད་བ་ཅིན་ རྒྱལཔོ་གི་གཟུགས་ཚད་འདྲན་འདྲ་བརྩེགས་བཞག་དོཝ་མས་ལོ།
  • ཆོས་འཛོམས་ Chozom
    བརྩེགས་ཏེ་ གོ་བལྟབ་ཞིན་ན་དེ་སྦེ་བརྩེགས་ཏེ་ རྒྱལ་པོའི་གཟུགས་ཚད་འདྲན་འདྲ་འདུག་ལོ་ཁོང་གཉིས་ཀྱི་ ད་བྱི་ལིའི་བུམོ་གི་འབག་ཤོག་ཟེར་ གསུང་གསུངསམ་མས་ལོ་རྒྱལཔོ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ མོ་གི་འབག་དོཝ་མས་ཏེ་ དེ་འབདཝ་ད་མོ་གི་འབད་བ་ཅིན་ སྒྲོམ་གང་འཇའ་ཆི་ཆི་འཐག་ཞིནམ་ལས་བཙེམས་བཙེམསཔ་ཕྲང་ཕྲང་ཕུལ་ཆོག་ཆོག་སྒྲོམ་རང་ཁབ་ཏོ་ཕྱེ་འགྱོ་སྟེ་འདུག་ལོ་ཏེ་མོ་གི་འདི།
  • ཆོས་འཛོམས་ Chozom
    དེ་ལས་ བཏོན་ཞིནམ་ལས་ཕུལཝ་ད་ལུ་ མོ་གི་འདི་ གསེར་ལྷབ་ དམར་ལྷབ་མ་འདྲཝ་སྦེ་ མིག་ཏོ་བལྟ་རང་མ་ཚུགས་པར་ གོ་ཚུ་སེ་ཤུད་གོ་ལས་ཡང་ལྷགཔ་སྦེ་འཇའ་ཆི་ཆི་ མ་འདྲཝ་འདུག་ཟེརཝ་མས་ལོ། དེ་ལས་ རྒྱལཔོ་གི་གཟུགས་ཀྱི་རིང་འཐུང་ལས་ཡང་ མོ་གི་གོ་བརྩེགས་བཞག་བཞགཔ་འདི་རིང་སོངཔ་མས་ལོ་ ལྷག་སོང་སོངཔ་ཨིན་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ དེ་སྦེ་སོང་སྟེ་ ཁོང་གཉིས་ངལ་མ་རངས་པས་ཏེ་ ངལ་མ་རངས་པར་ བལྟ་ཤིག་ཟེར་ ཁྱོད་གཉིས་ཀྱིས་མ་འཐག་ལོ་ བལྟ་ཤིག་ ངེའི་བྱི་ལིའི་བུམོ་གི་ག་དེ་སྦེ་འདུག་གོ་ཟེར་ མོ་གི་ལྷག་སྟེ་འདུག་ཟེར།
  • ཆོས་འཛོམས་ Chozom
    ཁྱོད་གཉིས་ཤོབ་སླབ་དོཝ་མས་ང་ལུ་ཟེར་ གསུངས་གསུངསམ་མས་ཏེ་ རྒྱལཔོ་གིས། དེ་ལས་ ཁོ་ཨ་ལོ་ཆགས་ནུག་ཏེ་ ཨ་ལོ་ཕོཝ་ནང་ཆགས་ཏེ་སྡོད་ནུག་ཏེ་ ཆགས་ཏེ་སྡོད་ དེ་ལས་ སྐྱེ་གཅིག་སྐྱེ་གཉིས་སོང་སོངམ་མས་ཏེ་ རྒྱལཔོ་བྱོན་བྱོནམ་མས་ཏེ་ད་རུང་ ལོགས་ཅིག་ཁར།
  • ཆོས་འཛོམས་ Chozom
    རྒྱལཔོ་བྱོནམ་ད་ མར་ དར་ཚིལ་འདི་ཚུ་ ག་ཅི་ཡང་འཚོལ་བཞག་ནུག་མོ་ཟ་ནི་གི་དོན་ལུ་ རྒྱལཔོ་གིས་ག་ར་འཚོལ་བཞག་སྦེ་ དེ་ལས་བྱོན་ནུག་ཏེ་རྒྱལཔོ་ ད་ཁྱོད་གཉིས་ཀྱིས་ཨ་ལོ་སྐྱེསཝ་ད་ལེགས་ཤོམ་སྦེ་འབད་བྱིན་སྨ་རེད་ཟེར་ ཨ་ལོ་སྐྱེས་བཟང་ཕང་བཟང་ལེགས་ཤོམ་འབད་དེ་ དེ་སྦེ་འབད་ཤིག་ཟེར།
  • ཆོས་འཛོམས་ Chozom
    དེ་ལས་བཞེས་སྒོ་ཡང་ ལེགས་ཤོམ་སྦེ་བཟོ་བྱིན་སྨ་རེད་ཟེར་བཞག་སྦེ་ དེ་ལས་རྒྱལཔོ་བྱོན་ནུག་ཏེ་ དེ་ལས་ནངས་པར་གནངས་ཚེ་རྒྱལཔོ་ཐལ་ཞིནམ་ལས་ བདུན་ཕྲག་གཅིག་གི་རྒྱབ་ལས་ ཨ་ལོ་སྐྱེས་དོཝ་མས་ཏེ་ ན་དོཝ་མས་ ནཝ་མས་ཟེར་སླབ་དོཝ་མས་ དེ་ལས་ ཁོང་གཉིས་ཀྱིས་ སླབ་དོཝ་མས་ཏེ།
  • ཆོས་འཛོམས་ Chozom
    རྒྱལཔོ་གི་གསང་ཡུམ་ཟེར་ ཨ་ལོ་ནཱ་སྐྱེ་འོང་ག་ཏེ་ནཱ་རྫོང་ནང་ལུ་ ད་མར་ཆུ་མཐའ་མར་སྐྱེ་བར་འབག་དགོ་ཟེར་ འཁྱིད་འགྱོ་འགྱོཝ་ཨིན་ལོ་ཏེ་མོ་ བང་བཙོང་སྟེ་ དེ་ལས་མར་འཁྱིད་སྦེ་ ལམ་འགྱོ་མ་ཚུགས་ཚུགས་རང་འཁྱིད་དེ་ མར་ཆུ་གི་སྦོ་ལོགས་ཁར་འཁྱིད་དེ།
  • ཆོས་འཛོམས་ Chozom
    དེ་ལས་ ཆུ་གི་སྦོ་ལོགས་ཁར་ཡང་མེན་པར་ ཆུ་གི་སྦུག་ལུ་རྡོ་ལེབ་གཅིག་གི་ཐོག་ཁར་འབག་སྟེ་ སྐྱེས་བཅུག་བཅུགཔ་ཨིན་ལོ་ དེ་ལས་ གཅིག་གིས་ཅོ་ཀ་ཤིང་པགས་ཀོ་བཤུབས་ཏེ་འབག་དོཝ་མས་ཏེ་ གཅིག་མར་ན་སྟེ་སྡོད་ དེ་ལས་ ཨ་ལོ་སྐྱེས་སྐྱེསཝ་མས་ཏེ་ སྐྱེས་སྦེ།
  • ཆོས་འཛོམས་ Chozom
    བུ་གཅིག་སྐྱེས་སྐྱེསཝ་མས་ཏེ་གཞན་ཨ་ལོ་ སྐྱེས་སྦེ་ཕྲང་ཕྲང་ཆུ་ནང་གཡུག་བཀོ་ད་ནུག་ཏེ་ཁོང་གཉིས་ཀྱིས་ ཨ་ལོ་ཆུ་ནང་བཀོ་བཏང་ མོ་ར་འདིནི་དྲན་མེད་བརྒྱལ་ཏེ་སྡོད་ནུག་མེན་ན་ཏེ་ བརྒྱལ་ཏེ་ ཨ་ལོ་ཆུ་ནང་བཀོ་བཏང་ དེ་ལས་ ཁོང་གཉིས་ཀྱིས་ ཅོ་ཀ་ཤིང་འདི་གུ་ལུ་ཁྲག་དབུར་ ཁྲག་ཧྲིལ་པོ་དབུར་ སྤུ་རས་ནང་སྤུར་སྦེ་བཞག་ནུག་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    བཞག་བཞགཔ་མས་ཏེ་ བཞག་སྦེ་ཁྱིམ་ནང་འཁྱིད་འོང་དོཝ་མས་ཏེ་ བལྟ་ཤིག་ཟེར་ ཁྱོད་ཀྱིས་ཨ་ལོ་འ་ནཱི་སྦེ་སྐྱེས་ནུག་ཟེར་ བཟོ་རང་ཟེར་ གནམ་མེད་ས་མེད་ཚོགས་བརྡ་བཏང་ཡི་བཏང་ཡི་རང་འཁྱིད་འོང་དོཝ་མས་ཏེ་ ཁྱོད་ག་ཅི་གི་རྒྱལ་པོའི་གསང་ཡུམ་ཨིན་པས་ག་ཟེར་ རྒྱལཔོ་གི་ཨ་ལོ་འབད་བ་ཅིན་ དེ་སྦེ་རང་མི་སྐྱེས་ཟེར།
  • ཆོས་འཛོམས་ Chozom
    གནམ་མེད་ས་མེད་ཚོགས་བརྡ་བཏང་སྟེ་ དེ་ལས་ ཁྱིམ་ནང་འཁྱིད་འོང་སྦེ་ ཚོདམ་བཟོ་སྟེ་བྱིན་དོཝ་མས་ མར་དང་དར་ཚིལ་བརྔོ་བྱིན་དོཝ་མས་ཏེ་ ཨ་ནཱི་ཁུ་བ་ག་ར་ཁོང་གཉིས་འཐུང་སྦེ་ དར་ཚིལ་ཙང་ཙ་བྱིན་དོཝ་མས་ཁོང་གཉིས་ཀྱིས།
  • ཆོས་འཛོམས་ Chozom
    དེ་ལས་ ད་རུང་ཤ་བྱིནམ་ད་ལུནི་ ཤ་ག་ར་ཁོང་གཉིས་ཟ་སྦེ་ མོ་ལུ་ཚོདམ་གི་ཁུ་བ་ཙང་ཙ་བྱིན་དོཝ་མས་ དེ་སྦེ་བྱིན་ཏེ་ སྡོད་ནུག་ཏེ་མོ་འདི། དེ་ལས་ རྒྱལཔོ་ལྷོད་ལྷོདཔ་མས་ཏེ་ དེ་ལས་རྒྱལཔོ་ལུ་སྟོན་སྟོནམ་མས་ཏེ་ཁོང་གཉིས་ཀྱིས་ བལྟ་ཤིག་ཁྱོད་ཀྱི་ཨ་ལོ་ཟེར་ བྱི་ལི་ཨ་ལོ་ཁྱོད་གཉིས་ཀྱི་ཨ་ལོ་དེ་སྦེ་སྐྱེས་ནུག་ཟེར།
  • ཆོས་འཛོམས་ Chozom
    ཅོ་ཀ་ཤིང་སྟོན་སྟོནམ་མས་ཏེ་ སྟོན་སྦེ་དེ་ལས་ ཁོང་གཉིས་ཀྱིས་འདི་གཅིག་རང་མ་སྐྱེས་པས་མེན་ན་ཏེ་ མོ་གིས་སྐྱེས་ནུག་མེན་ན་ཏེ་ཨ་ལོ་ དེ་ལས་རྒྱལཔོ་གིས་ ང་ལུ་ཨ་ལོ་གི་ལུང་བསྟན་རང་མེདཔ་མས་སྨོ་ཟེར་ རྒྱལཔོ་ཐུགས་མ་དགྱེས་པར་བཞུགས་ནུག་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ མོ་ཡང་ལྡུམ་ར་བཟོ་མི་འབད་རྒྱལཔོ་གི་ ཁོང་གཉིས་ཀྱི་འབྱིད་སྐོར་གྱི་འབད་ མོ་ལུ་ལེགས་ཤོམ་འབད་མ་བཅུག་པས་ཏེ་ དེ་ལས་ ལ་ཕུག་གི་ཞིང་ལཱ་བཟོ་སྟེ་སྡོད་ནུག་ཏེ་འཇར་རོགས་འཇུག་སྟེ་ ལ་ཕུག་གི་ཞིང་བཟོ་སྟེ་སྡོདཔ་ད་ལུ་ སྒརཔ་[བཅག་ཁོག་ཁོ་?]འབད་མི་ཅིག་ཐོན་འོང་མས་ཟེརཝ་མས་ལོ་ཏེ་ འཇའ་རིསམོ་སྒརཔ་འདི་བླ་མ་མཁྱེན་ནོ། གནམ་མེད་ས་མེད་ཧིང་སང་ས་ བཟོ་ལྟ་བཟོ་ལྟ་འཇའ་ཆི་ཆི་འབད་མ་འདྲཝ་འབད་འོང་སྦེ་ ལྡུམ་རའི་རཝ་གུ་ཧེན་ཏེ་ གཟིགས་པར་འོང་ནུག་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ དབའི་ཨ་མ་ ལ་ཕུག་གཅིག་འབལ་འབག་ཤོག་ང་ལུ་ ཟེར་སླབ་མས་ཟེརཝ་མས་ལོ། དེ་ལས་འབལ་བྱིན་བྱིནམ་མས་ཏེ་མོ་གིས་ འབལ་བྱིན་སྦེ་ ཨ་ནཱི་ཁྱོད་རའི་ཚིལ་མ་གི་འཁྱུ་སྟེ་འབག་ཤོག་སྨེ་ ཟེར་སླབ་མས་ལོ་ ཁའི་རྒྱལཔོ་ཞལ་ལོག་དོ་འོང་ཟེརཝ་ད་ མི་ལོག་ག་ཅི་ལོག་ནི་ ཁྱོད་རའི་ཚིལ་མ་གི་འབད་ ཆུ་འཁྱུ་སྟེ་འབག་ཤོག་ ཟེར་སླབ་མས་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ ཞལ་ལོག་འོང་ལོག་འོང་ཟེར་རང་བྱིན་ནུག་ཏེ་ ཚིལ་མ་བླུགས་ཏེ་འཕྱག་བཀོ་ཡི་རང་ དེ་ལས་བྱིན་སྦེ་ སྒར་པ་འདི་ཟ་སྦེ་འགྱོ་ཡི་ཟེརཝ་མས་ལོ་ འགྱོ་ཤིག་འགྱོ་གེ་ ཟེར་སླབ་དོཝ་མས་ཏེ་ འགྱོ་ཤིག་ཨ་མ་ཁྱིམ་ནང་ ཁྱོད་ཀྱི་ཁྱིམ་ག་ཏེ་སྨོ་ ཟེར་སླབ་སླབ་མས་ ནཱ་ཨིན་ཟེར་སླབ་ནུག
  • ཆོས་འཛོམས་ Chozom
    འགྱོ་ཤིག་ཟེར་སླབ་ནུག་ མི་འགྱོ་ང་རྒྱལཔོ་གིས་ཚོགས་བརྡ་བཏང་འོང་ ང་ལྡུམ་ར་གཡུར་མ་རྐྱབ་ནི་ཡོད་ཟེར་སླབ་དོཝ་མས་ཏེ། ཞིང་བཟོ་ནི་ཡོད་ཟེརཝ་ད་ ག་ནི་ཡང་མི་སླབ་ རྒྱལཔོ་ལུ་ང་གིས་སླབ་འོང་ སླབ་རང་མི་བཅུག་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་ལས་ འགྱོ་ཡི་ལོ་མོ་ འདྲོག་ཡི་འདྲོག་ཡི་རང་འགྱོ་འགྱོཝ་མས་ཏེ་ དེ་ལས་རྒྱལཔོ་འབད་སར་འཁྱིད་དེ་ མར་སྒོ་གི་རྩ་བར་སྡོད་དོཝ་མས་ཏེ་མོ་ ཡར་ཤོག་ཡར་ཨ་མ་ངེའི་འོག་ལུ་སྡོད་ཤིག་ཟེར་ སླབ་སླབ་མས་ལོ། དེ་འབདཝ་ད་ ཉན་མི་བཏུབ་དོཝ་མས་ཏེ་མོ་གིས་ རྒྱལཔོ་དང་ཨམ་གཉིས་ལུ་འདྲོག་སྟེ།
  • ཆོས་འཛོམས་ Chozom
    དེ་ལས་ ཡར་ཤོག་ཡར་ ཟེར་སླབ་དོཝ་མས་ཏེ་ དེ་ལས་ རྒྱལཔོ་ལུ་ཇ་དྲང་དོཝ་མས་ ཇ་དྲངསམ་ད་གནམ་མེད་ས་མེད་ཕོརཔ་གནགཔོ་གནགཔོ་གཅིག་གི་ནང་ བྱིན་མས་ལོ་སྨེ་མོ་ལུ་ ཨ་མ་ལུ་བྱིན་ཤིག་ཟེར་ སླབ་སླབ་མས་མེན་ན་རྒྱལཔོ་གིས། དེ་བསྒང་ཕོརཔ་གནགཔོ་གནགཔོ་འབད་མི་ཅིག་གི་ནང་བྱིན་མས་ལོ། དེ་འབདཝ་ད་ ཨའི་གིས་སླབ་དོཝ་མས་ཏེ་ སྒརཔ་གིས་སླབ་དོཝ་མས་ཏེ།
  • ཆོས་འཛོམས་ Chozom
    ཁོ་རའི་ཧེམ་ཅུང་ནང་ལས་ ཕོརཔ་དངུལ་ཤན་གཅིག་བཏོན་སྦེ་ ཡ་ཨ་ནཱ་འཐུང་ཤིག་ ཨ་ནཱི་ནང་མ་འཐུང་ ཨ་ནཱ་འཐུང་ཤིག་ ཟེར་སླབ་དོཝ་མས་ དེ་འབདཝ་ད་ མིང་དགོ་སྒརཔ་གི་ཕོརཔ་ནང་ག་དེ་སྦེ་འཐུང་ནི་ ཁམས་ལོག་སི་སི་ སྒར་པ་ཞལ་ལོག་འོང་ ཟེར་སླབ་མས་ཟེརཝ་མས་ལོ་ ཨམ་གཉིས་ཀྱིས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ མི་ལོག་མི་ལོག་ ཨ་ནཱ་རང་འཐུང་བཅུག་ བཏུབ་ཟེར་སླབ་སླབ་མས་ལོ། དེ་ལས་ འཐུང་ནུག་ཏེ་ འཐུང་སྦེ་ ད་ང་བཅས་ར་གཏམ་ཅིག་གཏང་གེ་ཨམ་གཉིས་ཡང་སྡོད་ཤིག་ཟེར་ དེ་ལས་རྒྱལཔོ་ཡང་སྙན་གསན་ཤིག་ ཟེར་སླབ་སླབ་མས་ལོ་ཁོ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ བཤད་བཤདཔ་མས་ཏེ་ དང་ཕུ་དང་ཕུ་ཟེར་ ཨ་རྒས་གཅིག་དང་ཨང་རྒས་གཅིག་སྡོད་སྡོདཔ་མས་ཟེར་ ཨ་རྒས་ཤ་རོགསཔ་སྦེ་སྡོད་སྡོདཔ་མས་ཟེར་ དེ་ལས་ ཤ་རོགསཔ་གིས་ཉ་འབག་འབགཔ་མས་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    ཉ་སྐམ་སྐམ་མས་ཏེ་གྲབ་གུ་ལུ་ཟེར་ སླབ་སླབ་མས། ཉ་མོ་ར་གིས་ཚོདམ་བཙོ་སྟེ་ ཕྱེ་འཐག་འཐག་ཟ་སྦེ་ ཨ་ནཱི་ཨང་རྒས་ཀྱིས་ ཕྱེ་འཐག་འཐག་ཟ་ཟཝ་མས་བ་ ཟེར་སླབ་སླབ་མས། དེ་ལས་ ཨ་ནཱི་ཤ་རོགསཔ་ཨཔ་གིས་ དྲི་དྲིཝ་མས་ཏེ་ ག་དེ་སྦེ་འབད་ཡི་ཟེར་ ཟ་ཟཝ་འོང་བྱི་ལི་གིས་ཟེར་ ཁ་ཉེས་བཀལ་བཀལཝ་མས་བ་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    བྱི་ལི་ཨམ་གིས་ཟ་ཟཝ་འོང་ ཟེར་སླབ་སླབ་མས་བ་ དེ་འབདཝ་ད་ བྱི་ལི་ཨའི་གིས་ ཨའེ་ང་གིས་འདི་མ་ཟ་ཟེར་ ཟ་མི་འདིནི་མོ་ར་ཨིན་ཟེར་ ང་ལུ་སླབ་མས་ཟེར་ བྱི་ལི་ཨའི་གིས་སྨོན་ལམ་བཏབ་བཏབ་མས་བ་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    མོ་གི་ཨ་ལོ་ང་གིས་སྐྱེ་བཅུག་ ངེའི་ཨ་ལོ་མོ་གིས་སྐྱེ་བཅུག་ཟེར་ སྨོན་ལམ་བཏབ་བཏབ་མས་བ་ ཟེར་སླབ་སླབ་མས། དེ་འབདཝ་ད་ ནངས་པར་གནངས་ཚེ་ཟེརཝ་ད་ མོ་གི་ཨང་རྒས་ཀྱིས་ ཧེ་མ་སྐྱེས་སྐྱེསཝ་ཨིན་པས་བ་ དེ་འབདཝ་ད་མོ་གིས་ བྱི་ལི་གི་ཕྱུ་གུ་ ས་དབོག་མི་ཧོད་གང་སྐྱེས་སྐྱེསཝ་མས་ཏེ་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་ལས་ བྱི་ལི་ཨའི་གིས་སྐྱེས་སྐྱེསཝ་མས་ཏེ་ ཟེར་སླབ་སླབ་མས་ བུམོ་འཇའ་རིསམོ་གཅིག་སྐྱེས་སྐྱེསཝ་མས་ཏེ་ ཟེར་སླབ་སླབ་མས། ད་ཁོ་གིས་བཤད་དོཝ་མས་ཏེ་ སྒརཔ་གིས་སྲུང་། དེ་ལས་ ཤུལ་ལས་འབདཝ་ད་ མོ་གི་ལྟོ་མོ་ར་གིས་ ལྷང་ཡི་ལྷང་ཡི་བྱིན་པར་འཁྱིད་འབག་འབགཔ་མས་ཏེ་ ཁྱིམ་བསྐོར་ར་རྐྱབ་སྟེ་ དེ་ལས་ སྦོམ་འགྱོ་སྦེ་ བུམོ་འཇའ་རིསམོ་ ག་དང་ཡང་མ་འདྲཝ་ཅིག་ ལྷའི་བུམོ་བཟུམ་སྦེ་སྡོད་སྡོདཔ་མས་བ་ ཨ་ནཱ་བྱི་ལིའི་བུམོ་འདི་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་ལས་ རྒྱལཔོ་གིས་སྙན་གསན་ཏེ་ གནམ་མེད་ས་མེད་སྐད་གྲགས་སོང་སྟེ་ རྒྱལཔོ་གིས་ ང་འབད་སར་འཁྱིད་ཤོག་ ཟེར་བཀའ་གནང་གནངམ་མས་ཏེ་ ཟེར་སླབ་སླབ་མས་ བཀའ་གནང་སྟེ་ འཁྱིད་འོང་འོངམ་མས་ཏེ་ འཁྱིད་འོང་སྟེ་ དེ་ལས་ རྒྱལཔོ་གི་གསང་ཡུམ་སྦེ་ བཞག་བཞགཔ་མས་ཏེ་ ཟེར་བཤད་དོཝ་མས་ཏེ་ཁོ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ རྒྱལ་པོའི་གསང་ཡུམ་སྦེ་བཞག་སྟེ་ རྒྱལཔོ་གིས་ཐགས་འཐག་བཅུག་བཅུགཔ་མས་ཏེ་ ཟེར་སླབ་སླབ་མས་ སྐུདཔ་བཏོན་ཏེ་ཟེར་ དེ་ལས་ མོ་མ་ཤེས་པར་ནང་དོགས་དོགསཔ་མས་ཏེ་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་མོ་རའི་ཨའི་གིས་ སྟོན་བྱིན་བྱིནམ་མས་ཟེར་ རྒྱལཔོ་ལུ་ཞུ་ཞུཝ་མས་ཏེ་ མོ་འདིནི་དལཝ་སྡོད་ཅི་ཟེར་ ང་བཅས་གཉིས་འབད་བ་ཅིན་ ཐགས་འཐགཔ་འཐག་ས་ཨིན་ཟེར་ མོ་འདི་དལཝ་རང་སྡོད་ཅི་ ག་ནི་ཡང་མ་འཐག་ ཟེར་སླབ་སླབ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ ཁོང་གཉིས་ཀྱི་ཕུལ་ཕུལཝ་མས་བཏོན་ཏེ་ ཟེར་སླབ་སླབ་མས་ དེ་འབདཝ་ད་ རྒྱལཔོ་གི་རིང་ཚད་འདྲན་འདྲ་ཀྲིག་ཀྲི་ཐོན་ཐོནམ་མས་བ་ ཟེར་སླབ་སླབ་མས་ དེ་ལས་བྱི་ལིའི་བུམོ་གི་འབག་ཤོག་ཟེར་ བཀའ་གནང་གནངམ་མས་བ། དེ་ལས་ བཀའ་གནང་སྟེ་ཕུལཝ་ད་ལུ་ མི་ཚད་ལྷག་སྟེ་ཕུལ་ཕུལཝ་མས་ཏེ་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་ལས་ མོ་གི་འདི་ ལེགས་ཧིང་རང་ ཆུའི་ལྦ་ག་བཟུམ་སྦེ་ ག་ཅི་དེ་གསེར་ལྷབ་དམར་ལྷབ་ལེགས་ལེགསཔ་མས་ཏེ་ ཟེར་སླབ་སླབ་མས་ དེ་ལས་ ཨ་མ་གཉིས་ངལ་མ་རངསམ་ཨིན་པས་བ་ ཟེར་སླབ་སླབ་མས་ ཁོ་གིས་དེ་སྦེ་བཤདཔ་ད་རང་ འ་ནཱི་སྦེ་ གུགཔ་འགྱོ་འགྱོཝ་མས་ལོ་ཏེ་ཨ་མ་གཉིས་ དེ་ལས་གུག་འགྱོ་འགྱོཝ་མས་ལོ་ཏེ་ཁོང་གཉིས་ དེ་ལས་ ཁོང་གཉིས་ངལ་མ་རངས་པར་སྡོད་པའི་བར་ན་ བྱི་ལི་གི་བུམོ་འདི་ ཨ་ལོ་ཆགས་ཆགསཔ་མས་ཏེ་ཕོཝ་ནང་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་ལས་ ཨ་ལོ་ཆགས་ཏེ་ རྒྱལཔོ་འདིནི་ཨ་ལོ་སྐྱེས་རནམ་ད་རང་ རྒྱལཔོ་ཁོ་རང་བྱོན་བྱོནམ་མས་ཏེ་ ཟེར་སླབ་སླབ་མས་ དེ་ལས་ ཟ་ནི་འཐུང་ནི་ག་ར་རྒྱལཔོ་ཁོ་ར་གིས་ཉོ་བཞག་བཞགཔ་མས་ཏེ་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་སྦེ་བཞག་སྟེ་ ཁྱོད་གཉིས་ཀྱིས་ལེགས་ཤོམ་འབད་བྱིན་སྨ་རེད་ཟེར་ ཁྱོད་གཉིས་ཀྱིས་བཞེས་སྒོ་ཡང་ལེགས་ཤོམ་སྦེ་བྱིན་ཤིག་ཟེར་ དེ་སྦེ་ ཨ་ལོ་སྐྱེས་རུང་ཁྱོད་གཉིས་ཀྱིས་ སྐྱེས་བཟང་ཕངས་བཟང་ལེགས་ཤོམ་སྦེ་ འབད་སྨ་རེད་ ཟེར་བཞེས་སྒོ་ཡང་ལེགས་ཤོམ་སྦེ་ བཟོ་བྱིན་སྨ་རེད་ ཟེར་སླབ་བཞག་བཞགཔ་མས་ཏེ་ ཟེར་སླབ་སླབ་མས་ དེ་འབདཝ་ད་
  • ཆོས་འཛོམས་ Chozom
    ཁོང་གཉིས་ཀྱིས་ ཏེ་སྐྱེསཝ་ད་ལུ་ ཁྱིམ་ནང་ལུ་སྐྱེ་མ་བཅུག་པས་བ་ཏེ་ ཟེར་སླབ་སླབ་མས་ མར་ཆུའི་མཐའ་མར་འགྱོ་དགོ་ཟེར་ རྒྱལཔོ་གི་ཨ་ལོ་མར་སྐྱེ་བར་འགྱོ་དགོ་ཟེར་ ནཱ་ལུ་ག་ཏེ་སྐྱེ་ནི་འོང་ཟེར་ རྒྱལ་པོའི་གསང་ཡུམ་ཟེར་མི་འདི་ མར་སྐྱེ་བར་འབག་དགོ་ ཟེར་འཁྱིད་འགྱོ་འགྱོཝ་མས་ཏེ་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་ལས་ རྩ་འགེངས་ཡི་འགེངས་ཡི་རང་འགྱོ་འགྱོཝ་མས་ཏེ་ ཟེར་སླབ་སླབ་མས་ཏེ་ མར་འགྱོ་སྦེ་ ཆུ་གི་མཐའ་མར་ཡང་སྐྱེ་མ་བཅུག་པས་བ་ཏེ་ ཟེར་སླབ་སླབ་མས་ ཆུའི་སྦུག་ལུ་ རྡོ་གི་ཐོག་ཁར་སྐྱེ་དགོ་ཟེར་སྐྱེས་ནུག་བ་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    དེ་ལས་ གཅིག་གིས་ཅོ་ཀ་ཤིང་ལེགས་ཤོམ་སྦེ་གཞོག་ཞིནམ་ལས་ དཀརཔོ་བཟོ་སྦེ་འབག་འབགཔ་མས་ཏེ་ ཟེར་སླབ་སླབ་མས་ དེ་ལས་ ཁྲག་ག་ར་དབུར་ཏེ་ ཨ་ལོ་ཨིན་ཟེར་ སྤུ་རས་ཀྱིས་སྤུར་ཏེ་བཞག་ནུག་བ་ ཟེར་སླབ་སླབ་མས་ ཨ་ལོ་འདི་ཆུ་ནང་གཡུག་བཀོ་བཀོཝ་མས་ཏེ་ ཟེར་སླབ་སླབ་མས་ཏེ་ཁོ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ ཨ་ལོ་ཆུ་ནང་གཡུག་བཀོ་མི་འདི་ ད་རེས་ང་ཨིན་ ཟེར་སླབ་སླབ་མས་ཏེ་ཁོ་གིས་ ཨ་ནཱི་ངེའི་ཨའི་ཨིན་ ཟེར་སླབ་སླབ་མས་ཏེ་ དེ་འབདཝ་ད་ ཁོང་གཉིས་གུགསཔ་འགྱོ་འགྱོཝ་ཨིན་ལོ་མས། དེ་ལས་ རྒྱལཔོ་གིས་ མིག་ཏོ་རང་འ་ནེམ་རེ་བརྒྱངས་བརྒྱངསམ་མས་ལོ་ཏེ་ ཁོང་གཉིས་ལུ།
  • ཆོས་འཛོམས་ Chozom
    ཁྱོད་གཉིས་ འ་ནཱི་སྦེ་འབད་དེ་ཨིན་པས་ཟེར་ དེ་ལས་ ཨའི་གནམ་མེད་ས་མེད་ ལོག་སྟེ་རང་ཨའི་གཟུགས་རང་ཟླཝ་བཟུམ་ཅིག་ལུ་གྱུར་ཏེ་ གནམ་མེད་ས་མེད་དབང་བཏགས་ཏེ་ [ཧེ་ཕང་སི་སི་?]སྡོད་མི་འདི་ དེ་ལས་ རྒྱལཔོ་གིས་དགོངས་ཁྲེལ་ཏེ་ ཁོང་ར་གཉིས་མར་ཕགཔ་གི་ལྟོ་བླུགས་མི་ ལྡུམ་ར་བཟོ་མི་འབད་བཞག་བཞགཔ་མས་ལོ་ཏེ་ གཅིག་ཕགཔ་ལུ་ལྟོ་བླུགས་མི་ གཅིག་ལྡུམ་ར་བཟོ་མི་འབད།
  • ཆོས་འཛོམས་ Chozom
    དེ་ལས་ མོ་འབདནི་ རྒྱལཔོ་གི་དངུལ་ཁྲི་གུ་སྡོད་མི་འདི་ མོ་ཨིན་པས་ཏེ་ཨ་ཞེ་ངོ་མ། འ་ནཱི་སྦེ་ མི་ལུ་ཟོགཔོ་འབད་མི་བཏུབ་ཟེར་མི་འདི་ཨིན་པས་ཏེ་ འ་ནེ་ཅིག་ དང་ཕུ་འབད་བ་ཅིན་གཏམ་ ད་རེས་འབད་བ་ཅིན་སྲུང་ དང་ཕུ་འདི་གཏམ་རང་སྡོད་སྡོདཔ་མས་ཏེ་ ད་ལྟོ་སྲུང་ལུ་འགྱུར་དོཝ་མས་ཏེ་དེ་སྦེ་ ང་བཅས་ཀྱི་འབད་བ་ཅིན།། །།