Skip to main content Skip to search
27 Jan 2016
1 min 29 sec
Video Overview
Creators: 
Sherig Dentshog

This short story explains why cats hide their excrement. The story narrated in this video is about a cat that pretends to be a hermit. Crowds of rats come to receive teachings from the “hermit cat.” The cat always eats the last rat to leave. The rats finally realize that every time they return from the teachings one of their companions is missing. While discussing the issue, they raise the suspicion that their teacher is responsible for the disappearances. To check whether their teacher is eating the rats, they decide to investigate his excrement. Overhearing the rats discuss the issue, the cat decides to hide his excrement in order to keep the rats from knowing the truth. 

 

འབྲུག་གི་ཁ་རྒྱུན་རིག་གཞུང་གི་ལས་ སྲུང་རིགས་ཚུ་ནང་ ལ་ལུ་སེམས་ཅན་ཚུ་གི་ བྱ་སྤྱོད་ཚུ་ དེ་སྦེ་ག་ཅི་སྦེ་ འབདཝ་ཨིན་ན་དང་ ཡང་ཅིན་ སེམས་ཅན་འདི་གི་རྣམ་པ་ འདི་བཟུམ་ག་ཅི་སྦེ་ཡོདཔ་ཨིན་ན་ཚུ་གི་ རྒྱུན་མཚན་བཅོས་སྲུང་ཚུ་ ལེ་ཤ་ཡོདཔ་ཨིན། འདི་བཟུམ་སྦེ་ གློག་བརྙན་འདི་ནང་ཡོད་མི་སྲུང་དེ་ཡང་ བྱི་ལི་ཚུ་གིས ་ཁོང་རའི་ཆབ་གསང་བཏང་བའི་ཤུལ་ལུ་ ག་ཅི་སྦེ་ས་གིས་ བཀབ་བཞགཔ་ཨིན་ན་གི་ སྐོར་ལས་ཨིན་པས། སྲུང་འདི་ཡང་ ཧེ་མ་བྱི་ཅིག་གིས་ བླམ་ཅིག་ཨིནམ་བཟོ་སྟེ ་རི་ཁར་ཆོས་གནངམ་ད་ བྱི་རྩི་ཚུ་གིས་ རྟག་བུ་ར་ ཆོས་ཞུ་བར་སོང་ཞིནམ་ལས་ ལོགཔ་ད་ལུ་ ཤུལ་ལུ་ལུས་མི་བྱི་རྩི་དེ་ བྱི་ལི་གིས་ བཟུང་ཟ་དོ་ཡོདཔ་ལས་ ནམ་ཅིག་འབདཝ་ད་ བྱི་རྩི་ཚུ་གིས་ ཨ་རྟག་ར་ཆོས་ཞུ་ས་ལས་ལོགཔ་ད་ ཁོང་གི་ ཆ་རོགས་གཅིག་བྱང་དོ་ཡོདཔ་ཤེས་ཏེ་ བསྟུན་འགྲོས་འབདཝ་ད་ གཞན་ག་གིས་ཡང་ མི་ཟ་ང་བཅས་ཀྱི་ བླམ་ར་འོང་ནི་མས་ཟེར་སླབ་ཏེ་ བླམ་ཨིན་པ་ཅིན་ ཁོ་གིས་ཆབ་གསང་ག་སྟེ་བཏང་ས་འཚོལ་ཞིནམ་ལས་ ཨ་ཝ་ལུ་ བལྟ་བ་ཅིན་ཤེས་ཚུགས་ཟེར་ བླམ་ཆབ་གསང་བཏང་ས་འཚོལ་ཏེ་ ཨ་ཝ་བལྟ་ནི་གི་འགྲོས་འབདཝ་ད་ བྱི་ལི་གིས་ཤེས་ཏེ་ དེ་ལས་ཚུར་ ཆབ་གསང་བཏངམ་ཅིག་ ས་གིས་བཀབ་བཞག་སྟེ་ བྱི་རྩི་ཚུ་གིས་ ཁོ་གི ་ཆབ་གསང་བཏང་ས་འཚོལ་མི་ཐོབ་ནི་གི་ཐབས་ཤེས་དེ་སྦེ་བཏོན་ཞིནམ་ལས་ ད་རེས་བར་ན་དེ་འབད་ར་ བཀབ་བཞག་དོ་ཡོདཔ་ཨིན་ཟེར་ཨིན་པས།

 

Transcript search
No results found for this search
0 of 0
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    དང་ཕུ་ བྱི་ཙི་དང་བྱི་ལི་ཅིག
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    བྱི་ལི་གིས་དེ་
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    རི་གུ་འཛེག་སྦེ་ བླམ་བཟོ་སྡོད་སྡོདཔ་མས།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    བྱི་ཙི་ཚུ་ ཨ་རྟག་ར་ ན་ར་ར་བཏང་བྱི་ལི་འབད་ས་ ཆོས་ཞུ་བར་འགྱོ་དོ་ཡོདཔ་མས།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    བྱི་ལི་གིས་ ཆོས་གནང་བཟུམ་བཏབ་སྟེ་ ཆོས་ར་ཆོས་ར་གནང་།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    དེ་ལས་ ཁོང་ཚུའི་མཇུག་ལུ་ ལུས་མི་དེ་བཟའ་དོ་ཡོད་མས།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    དེ་ལས་ ནངས་པ་ཡང་ལོག་ཤོག་སྨ་རེ་ ཆོས་གནང་འོང་ཟེར་
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    ཆོས་གནང་སྟེ་གིས་སྦེ་ དེའི་མཇུག་ལུ་ལུས་མི་དེ་ བྱི་ལི་གིས་ བཟའ་ད་ནུག།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    དབའི་ མེདཔ་འགྱོཝ་མས་ས་ ཆ་རོགས་རེ་རེ་སྦེ་
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    ང་བཅས་བླམ་གྱི་འདི་མི་འབད་ཟེར་
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    བྱི་ཙི་ཚུ་བློ་སླབ་ད་ བྱི་ལི་གིས་ཤེས་དེ་ བྱི་ལིའི་ཨ་བ་ སྤུབ་མི་དེ་ གཙོ་འདི་ཨིན་ཟེར་ སླབ་ཨིན་པས།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    འཇུག་ལུ་ལྷོདཔ་ད་ བྱི་ཚི་ཚུ་གིས་ ང་བཅས་ཀྱིས་ བླམ་གྱི་ ཨ་བ་དབྱེ་ཞིབ་འབད་ནི་ཟེར་ སླབ་སླབ་མས།
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    བླ་མ་གིས་ བཞེསཔ་འདྲས་མེན་ན་ཟེར་
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    ང་བཅས་ཀྱི་ ཆ་རོགས་རེ་རེ་སྦེ་མེདཔ་འགྱོཝ་མས་ཟེར་
  • ཡིད་མཐུན་སྤུན་དྲུག་:Yethuen Pinduk
    ང་བཅས་ཀྱི་ བླ་མའི་ཨ་བ་ ག་ཏེ་བཏངམ་ཨིན་ན་ བལྟ་དགོ་པས་ཟེརཝ་ད་ བྱི་ལིའི་ཨ་བ་ སྤུབ་དགོ་པའི་ཁུངས་ངོ་མ་ར་ འདི་ཨིན་པས།