Skip to main content Skip to search
16 Feb 2017
3 min 3 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཕུར་པ
    ནཱ་ལས་ ཆུམ་འབག་དགོ་ལོ་ དང་པོ་འདི། ཆུམ་འབག་ བྱིན་སྦེ་ ཡར་ལས་ཚྭ་ལེན་འབག་འོང་ལོ། རྒྱ་གར་གཡུས་ཁ་ལུ་ ཚྭ་མེདཔ་མས་ ཧེ་མ་འདི། ད་ལྟོ་ད་རེས་ནངས་པར་ ང་བཅས་ཀྱིས་འདི་ བྲུང་ཟེར་སླབ་འོང་བ་སྟེ་ལགས། ཤར་ཕྱོགསཔ་གིས་འདི་ བྲུང་ཟེར་སླབ་འོང་།
  • ཕུར་པ
    ཨ་ནཱི་ ག་ཅི་་་་་ རྒྱ་གར་གིས་འདི་ བ་འེན་ཤེ་ཟེརཝ་མས་བ། མ་ཧེ་དང་གཡག་འདི་ གཅིག་སྦེ་བརྩི་འོང་ལགས། ཧེ་མ་དང་ཕུ་གི་གཏམ་འབད་བ་ཅིན་ གཅིག་ཨིན། གཡག་འདི་ རྒྱ་གར་ལུ་སྡོདཔ་ཨིན་མས་ ཧེ་མ། རྒྱ་གར་ལུ་སྡོད་དེ་ ཏེ་རྒྱ་གར་ལུ་འདི་ ཚྭ་མི་འཐོན་དོ་ཡོདཔ་མས་བ།
  • ཕུར་པ
    ཏེ་ཁོང་གཉིས་ ཡུདཔ་ཅིག་ཁ་ལས་ ལྟོ་ཚང་གཉིས་ དབའེ་ ད་ང་བཅས་ར་ནཱ་ལུནི་ ཚྭ་མིན་འདུག ད་ བོད་ལྷ་ས་ལས་ཚྭ་ཐོན་འོང་ཟེར་ ལོ་རྒྱུས་སླབ་མས། ད་ ང་གིས་ཡར་ ཚྭ་ལེན་པར་འགྱོ་གེ་ཟེར་ བློ་སླབ་ཅི་ལོ་ཁོ་གིས་མར། བཏུབ་ཟེར་ ད་ ཁྱོད་ཡར་སོང་ ཚྭ་འབག་ཤོག་སྨེ་ཟེར།
  • ཕུར་པ
    ཡ་་་་་ བོད་ལྷ་ས་ལུ་ཟེར་བ་ཅིན་ གནམ་མེད་ས་མེད་གྱང་དོ་ཡོད་པའི་གནས་ཚུལ་ཅིག་འདུག ང་གྱང་འོང་། ཁྱོད་ཀྱི་གོ་ཡང་ང་ལུ་གནང་ཟེར་ སླབ་ཅི་ཟེར་ཨིན་མས་གཅིག་གིས། བཏུབ་ཟེར་ ད་ ད་རེས་ནངས་པར་ ང་བཅས་མར་རྒྱ་གར་ལུ་སྡོད་མི་ ཏེ་ མེན་ཆ་་་་ག་ཅི་ལོ་་་་་ ག་ཅི་སླབ་སྨོ་་་་་ བ་འེན་ཤེ་གི་མིང་ག་ཅི་ལོ་ལགས?
  • དཔོན་ཆེན་ལ/Penchela:
    མ་ཧེ།
  • ཕུར་པ
    མ་ཧེ། ཁོ་གི་སྤུ་ གོ་ལ་ཡང་ སྤུ་ཡང་ ཏེ་ ཡར་ལྟ་འགྱོ་མི་ལུ་བྱིན་བཏང་ཡི་ ཟེར་སླབ་ཨིན་པས། བྱིན་བཏང་སྦེ་ ཏེ་ང་བཅས་ཀྱི་གཡག་ལུ་ སྤུ་སི་སི་སྦེ་ཡོད་མི་འདི་ ཁོ་གི་གོ་ལ་ཡང་བྱིན་བཏང་ ཚྭ་ལེན་པར་འགྱོ་ ཡར་ལྷ་ས་ལུ་སོང་སྟེ་ ཚྭ་ཟ་སྦེ་ ཁོ་གིས་ལོག་མ་འོང་པར་སྡོད་སྡོདཔ་ཨིན་ ཟེར་སླབ་པའི་གཏམ་ ཨ་ནཱི་སྦེ་ཡོད་ལགས།
  • ཕུར་པ
    རྭཝ་ཡང་ ཅོག་འཐདཔ་སྦེ་འོང་ ཁོང་གཉིས། གཟུགས་ཡང་འདྲན་འདྲ་འོང་། ཏེ་གཡག་གིས་འདི་ ཡར་འགྱོ་སྦེ་ ཚྭ་ཟ་སྟེ་སྡོད་དེ་ གོ་འདི་གྱོན་སྡོད་ ཏེ་ད་ལྟོ་ནཱ་ མར་ལུ་ མ་ཧེ་གི་སྤུ་མེད་མི་འདི་ འ་ནཱི་ཨིན་ཟེརཝ་མས་བ་སྟེ་ལགས། ཏེ་ང་བཅས་མི་ལྷོདཔ་ད་ལུ་ ད་ལྟོ་མ་ཧེ་གིས་ ང་བཅས་ར་མི་ ཕར་ཚུར་ལྷོདཔ་ད་ལུ་ ཨོ་འ་་་་་་ ཟེར་བལྟ་མི་འདི་ གཡག་ནམ་ལྷོད་འོང་ག་ཟེར་ བལྟ་བའི་ཚུལ་ཨིན་ཟེར་ སླབ་ཨིན་ལགས།
  • ཕུར་པ
    གཏམ་ཨ་ནཱི་སྦེ་སླབ་དེས་ལགས། ཏེ་ཤུལ་ལས་ཤུལ་ལས་འབད་བའི་སྐབས་ལུ་འདི་ དེ་ལས་རྐྱངམ་ཅིག་ རྒྱ་གར་ལས་ཐོན་ཐོནམ་ཨིན་མས་བ། གཏམ་འ་ནཱི་བཟུམ་སླབ་དེས་ལགས།། །།