Video Overview
In this video, Sempa narrates “The Story of Buchung Chogyal”, where a poor boy works all day long, but he is not treated well by the King. Buchung Chogyal was very clever, and built a magnificent building, but the king and his attendant were not happy, though they were rich and successful. The king commanded his attendant to call Buchung Chogyal to his palace to kill him. However, the king was not able to kill him; the poor boy took revenge and killed the king by throwing him into the river.
བརྙན་འཁོར་འདི་ནང་ལུ་ སེམས་པ་གིས་ བུ་ཆུང་ཆོས་རྒྱལ་གྱི་སྐོར་ལས་ སྲུང་བཏང་ས་མཐོང་ཚུགསཔ་ཨིན། བུ་ཆོས་རྒྱལ་འདི་ ཉིན་ལྟར་བཞིན་དུ་ ལཱ་རྩ་འགེངས་ཏེ་འབད་རུང་ རྒྱལ་པོ་གིས་ ལེགས་ཤོམ་འབད་མ་བཏུབ་ཨིན་མས། ཨིན་རུང་ བུ་ཆོས་རྒྱལ་འདི་ རིག་པ་སྤྱང་དྲགས་ཡོདཔ་ལས་ ཁོ་གི་ ཁྱིམ་གནམ་མེད་ས་མེད་ལེགས་ཤོམ་ཅིག་རྐྱབ་ནུག དེ་ལས་ ཁོ་ཕྱུགཔ་འགྱོ་མི་ལུ་བལྟ་སྟེ་ རྒྱལ་པོ་མིག་ཏོ་ཚ་ནུག ཁོ་གི་ བུ་ཆོས་རྒྱལ་འདི་བསད་ནི་སྦེ་ ཕྱག་ཞུ་མི་ཚུ་ལུ་ བུ་ཆོས་རྒྱལ་འདི ཕོ་བྲང་ནང་ལུ་ འབོ་དགོ་པའི བཀའ་གནང་ནུག ཨིན་རུང་ རྒྱལཔོ་གི་ བུ་ཆོས་རྒྱལ་འདི་ རྩ་ལས་རང་ བསད་མ་ཚུགས་པས། མཇུག་ལུ་ བུ་ཆོས་རྒྱལ་གྱི་དགྲ་ལན་འཇལ་ནིའི་དོན་ལུ་ རྒྱལཔོ་འདི་ ཆུ་ནང་ལུ་ འཕུལ་བཏང་སྟེ་ བསད་དཔ་ཨིན་མས།
- སེམས་དཔའ་འུམ་ དང་ཕུ་མི་ཅིག་འདུག་གསེས་མས་ལགས་ འ་ ཁོ་གི་མིང་འདི་ ག་ཅི་སྨོ་ཟེར་བ་ཅིན་ བུ་ཆུང་ཆོས་རྗེ་ཟེར་ཡོད་ཟེར་མས་ ཁོ་གི་མིང་འདི་ ཏེ་ཁོ་ལུ་ བ་ བ་གཅིག་རྐྱངམ་ཅིག་གསོ་ཡི་ཟེར་མས་ བ་གཅིག་གསོ་སྟེ་ ཏེ་འ་ནཱ་ལས་ ལྟོ་བཟའ་ཞིནམ་ལས་ འ་ནཱེ་བ་བཏང་སྦེ་འགྱོ་འགྱོཝ་མས།
- སེམས་དཔའ་ནགས་ཚལ་ནང་འགྱོ་འགྱོཝ་འདྲས་ ཏེ་ནགས་ཚལ་ནང་སྟེ་ ཤིང་གི་འདབ་མ་བཏོག་ བོ་རས་འཐིང་ཞིནམ་ལས་གདན་གུ་སྡོད་སྦེ་ བའི་ལྟག་ཀོ་ནང་ འ་ ག་ཅི་ལོ་ ཕཱང་ཤིང་དཔྱང་ཐགཔ་འཁལ་ཏེ་ འ་ནཱི་བ་ལུ་བྱིན་ཏེ་ར་ ཐགཔ་འཁལ་ཡི་ར་ བ་ལུ་བྱིན་ཐགཔ་འཁལ་ར་ འཁལ་ཡི་ར་སོང་ འཁལ་ཡི་ར་སོང་ཉིནམ་གཅིག་ ཉིནམ་གཅིག་བ་ཡར་ཡི་ཟེར་ འཁལ་ཡི་འཁལ་ཡི་འཁལ་ཡི་འཁལ་ཡི་ འཁལ་ཡི་ར་འགྱོ་འགྱོཝ་མས།
- སེམས་དཔའ་འ་ནཱེ་སྦེ་འགྱོཝ་ད་ཏེ་ ཕར་ལུ་ བ་ ཁོ་འདི་སྡོདཔ་སྡོད་ས་ར་སྡོད་སྡོདཔ་མས་ ཏེ་བ་གིས་ ཕར་ལུ་ རྒྱལ་པོའི་ལྡུམ་ར་ག་ར་བཟའ་དཔ་མས་ ཏེ་ཕྱག་སྒརཔ་གིས་མཐོང་མཐོངམ་མས་ལགས་ དབའེ་རྒྱལ་པོ་ཟེརཝ་ད་ ག་ཅི་སྨོ་ཟེར་སླབ་ད་ འ་ནཱི་བུ་ཆུང་ཆོས་རྗེ་གི་བ་གིས་ ཁྱོད་ཀྱི་ལྡུམ་ར་འདི་ ག་ར་བཟའ་ད་ནུག་ཟེར་ ཞུ་མེན་ན་ལགས།
- སེམས་དཔའ་ཞུཝ་ད་ ཡ་ འ་ནཱི་མི་དབའེ་བཀྲ་མ་ཤིས་པ་ འ་ནཱི་བ་འདི་གསད་ད་ཟེར་ བཀའ་གནང་གནངམ་མས་རྒྱལ་པོ་གིས་ ཏེ་བཀའ་གནངམ་ད་ཏེ་བསད་ད་ཡི་ཟེར་མས་ལགས་ འ་ནཱ་ི་བ་བསད་སྦེ་ བསད་སྦེ་ཤ་འདི་རྒྱལ་པོ་གིས་བཞེས་ད་ ཨའེ་ ངེ་གི་བ་གཅིགཔ་འདི་ཡང་ བསད་དའི་སྨོ་ ད་བཟའ་དའི་སྨོ་ བསད་བཅུག་ཁྱད་མེད་ཟེར་ ཏེ་ནངས་པ་རྒྱལཔོ་འབད་སར་འགྱོ་ཡི་ཟེར་མས།
- སེམས་དཔའ་སྐུ་གཟུགས་བཟང་པོ་ རྒྱལ་པོ་བཞུགས་ཡི་ག་ལགས་ཡོད་ཟེརཝ་ད་ ཡོད་ག་ཅི་འབད་སྦེ་འོང་ཡི་ བུ་ཆུང་ཆོས་རྗེ་ཟེརཝ་ད་ ཨའེ་རྒྱལ་པོ་ཟེར་ ང་ལུ་བ་གཅིག་ལས་མེད་ ཁྱོད་ཀྱི་ལྡུམ་ར་བཟའཝ་ ཏེ་ཁྱོད་ཀྱིས་བསད་སྦེ་བཞེས་ད་ཡི་ཟེར་ ང་ ཤ་འདི་རེ་བ་མེད་ཟེར་ པགས་ཀོ་ཅིག་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ རྒྱལ་པོ་ཟེར་ཞུ་ནུག་མེན་ན།
- སེམས་དཔའ་ཞུཝ་ད་ག་ཅི་བཟོ་ནི་སྨོ་པགས་ཀོ་ འབག་སོང་ཟེར་གསུངས་ནུག་ ལགས་སོ་ཟེར་པགས་ཀོ་འབག་སྦེ་ ཏེ་ཨའེ་ངེ་གི་བ་བསད་ད་སྨོ་ཟེར་ ཏེ་པགས་ཀོ་འདི་སྤྲིང་སྟེ་སྐམ་སྦེ་ སྐམ་ཞིནམ་ལས་ཏེ་ ང་ཡར་བོད་ལུ་འགྱོ་ནི་ཟེར་ འ་ནཱ་བཙོང་ནི་ཟེར་ ཏེ་སེམས་ཤི་སོང་ནུག་ ཏེ་པགས་ཀོ་འབག་སྦེ་བོད་ལུ་སོང་ནུག་ པགས་ཀོ་འབག་སྦེ།
- སེམས་དཔའ་འ་ནཱི་ཕར་ཚུར་བཙེམ་སྦེ་ བཙེམ་སྦེ་པགས་ཀོའི་ནང་ན་ བྱེམ་བླུགས་ཞིནམ་ལས་ ཕྱག་ལྟག་ཁར་སྐྱེལ་འབག་སྦེ་སོང་སོངམ་མས་ བོད་ལུ་བཙོང་འགྱོ་ནི་ཟེར་ ཏེ་འགྱོཝ་ད་ དང་ཕུ་ཏེ་བོད་ཀྱི་ཚྭ་ཟེར་ བོད་ལས་མར་ཐོན་འོང་ཟེར་ཨིན་མས་ཚྭ་ ཏེ་ཚོང་པ་ ཁལ་ལྔ་ལྷགཔ་ཅིག་ཡོད་ཟེར་མས།
- སེམས་དཔའ་ཚོང་དཔོན་ཁལ་་ལྔ་ལྷགཔ་ཅིག་ ག་ཅི་སླབ་ལོ་ བྲག་ཅིག་གི་རྩ་བར་ལུ་ ཏེ་གནས་པོ་བརྙ་སྦེ་སྡོད་ནུག་ཟེར་མས་ ཚོང་དཔོན་འདི་ཚུ་ ཏེ་ཁོ་གིས་ ལམ་མ་ཤེསཔ་ཅིག་ཁར་ལས་ ཚུར་ལྟ་བལྟ་སྡོད་ནུག
- སེམས་དཔའ་ཡ་ ཚོང་དཔོན་ཚུ་ཉལ་དེས་ཟེར་ ཏེ་ཚོང་དཔོན་ཚུ་ལྟོ་བཟའ་ཞིནམ་ལས་ ལྟོ་བཟའ་ཞིནམ་ལས་ དེ་ལས་ དང་ཕུའི་ཆརཔ་བཀབ་ ཆར་བཀབ་བརྐྱང་ཞིནམ་ལས་ བརྐྱང་སྦེ་ད་ལྟོ་བཟུམ་སྦེ་ ཤོག་ཀུའི་ཏི་རུ་འདི་མིན་འདུག་ དང་ཕུ་ཏི་རུ་ གོ་ཀྲོ་ཨིན་མས་མེན་ན་ལགས།
- སེམས་དཔའ་འ་ནཱི་ཆར་ནང་བཀབ་ནང་ ཏི་རུ་བླུག་བཞག་ཞིནམ་ལས་ ངེ་གི་ཁེ་སང་འ་ནཱེ་ཅིག་ཨིན་ཟེར་ མང་ཉུང་འ་ནཱེ་ཅིག་ཨིན་ཟེར་ དེ་སྦེ་རྩིས་རྐྱབ་དེས་ཟེར་ཨིན་མས་ལགས་ རྩིས་རྐྱབ་ད་ ཁོ་གིས་ ཡར་བྱག་གུ་སྡོད་ཞིནམ་ལས་ པགས་ཀོ་འདི་ རོག་ཀོ་རོག་ཀོ་ཟེར་འབད་འབདཝ་མས་ འབདཝ་ད་དབའེ་དབའེ་ བྱག་རམ་དོ་མིན་ན་ཟེར་ སླབ་དེས་ལོ།
- སེམས་དཔའ་ཨ་ གཅིག་གིས་ བྱག་ག་ཅི་སྦེ་རམ་ནི་ ང་བཅས་ ནཱ་ཨ་རྟག་ར་སྡོདཔ་ཨིན་ཟེར་སླབ་སླབ་འདྲས་ དེ་ལས་ཏེ་ ད་རུང་ར་ ག་ཅི་ཡང་མི་འོང་ ཏི་རུ་གྱངས་ཁ་རྐྱབ་མས་ཟེར་མས་ ཏི་རུ་འ་ནཱེ་སྦེ་བླུག་སྦེ་ དེ་ལས་ད་རུང་ རོག་རོག་ཟེར་འབད་འབདཝ་མས་ དབའེ་འོང་དེས་ས་འོང་དེས་ཟེར་སླབ་ད་ མི་འོང་མི་འོང་དབའེ་ དེ་སྦེ་ར་འབད་འོང་ཟེར་སླབ་སྦེ་ ནུབ་མོ་ཡར་སོང་ནུག
- སེམས་དཔའ་དེ་ལས་ཏེ་ ཧ་ལམ་ཅིག་ལས་ པགས་ཀོ་ཤུགས་སྦེ་ར་ རོག་རོག་རོག་ཟེར་འབདཝ་ད་ འོང་དེས་ བླ་མ་མཁྱེན་ནོ་འོང་དེས་ཟེར་ ཚོང་དཔོན་ག་ར་ ཧིང་སངས་ས་བྱོག་ཡར་སོང་ཡི་ཟེར་ཨིན་མས་ལགས།
- སེམས་དཔའ་ཧིང་སངས་ས་བྱོག་འགྱོཝ་ད་ ཁོ་གིས་ཆར་བཀབ་བསྡུ་སྦེ་ ཕྱག་ལྟག་ཁར་བཀལ་འབག་འོང་ནུག་ཏི་རུ་ལགས་ ཏི་རུ་འབག་ཞིནམ་ལས་ ཏེ་ དེ་ལས་ཏེ་ ཨ་ ཁོ་གི་འ་ནཱི་ཏི་རུ་ཏེ་ གཡུས་ཁར་འབག་སྟེ་ ཁོ་གི་ཁྱིམ་ནང་འབག་སྦེ་ འ་ འ་ནཱི་ཏི་རུ་གི་ ལཱ་འབད་མི་འཚོལ་ཏེ་ ཏེ་ཁྱིམ་རྐྱབ་རྐྱབ་མས།
- སེམས་དཔའ་ཁྱིམ་རྐྱབ་སྦེ་ ཁྱིམ་མ་འདྲཝ་ཅིག་རྐྱབ་ནུག་ ཁོ་གི་ཏི་རུ་གིས་ ཏེ་འ་ནཱ་ལས་ཏེ་ རྒྱལ་པོའི་ཕྱག་ཞུ་ནི་གི་མཐོང་ནུག་མེན་ན་ལགས་ དབའེ་རྒྱལ་པོ་ བུ་ཆུང་ཆོས་རྗེ་འདི་ ཁྱིམ་མ་འདྲཝ་ཅིག་རྐྱབ་ནུག་ད་རུང་ཟེར་ཞུ་ཞུཝ་མ།
- སེམས་དཔའ་དབའི་ ཏི་རུ་ག་ཏེ་ལས་ཐོབ་ཅིག་ག་སྨོ་ མ་ཤེས་ལགས་ ག་ཏེ་ལས་ཐོབ་ཐོབ་ཨིན་ན་ཟེར་ཞུ་ནུག་ ཁོ་ ནཱ་ཤོག་ཟེར་སླབ་ཤིག་ཟེར་གསུངས་གསུངསམ་མས་རྒྱལ་པོ་གིས་ གསུངམ་ད་ ལགས་སོ་ཟེར་སོང་འགྱོ་ནུག
- སེམས་དཔའ་བུ་ཆུང་ཆོས་རྗེ་ རྒྱལ་པོ་གིས་ ཤོག་ཟེར་གསུངས་དེས་མས་ ཁོ་ལུ་ཞུ་ཞུཝ་མས་ དེ་ལས་འོང་ནུག་ སྐུ་གཟུགས་བཟང་པོ་རྒྱལ་པོ་ཟེར་ ག་ཅི་གསུང་ནི་ཡོད་རྒྱལ་པོ་ཟེར་ཞུཝ་ད་ རྒྱལ་པོ་ལུ་འདི་ འ་ནཱེ་སྦེ་འབད་དགོ་མེན་ན་ ག་ཅི་གསུང་ནི་ཟེར་ ཁྱོད་ཏི་རུ་ག་དེ་སྦེ་ཐོབ་སྟེ་ ཁྱིམ་རྐྱབ་ཅི་ ཁྱིབ་རྐྱབ་ནུག་ཁྱོད་ཟེར་གསུངས་གསུངས་མས།
- སེམས་དཔའ་ཨའེ་རྒྱལ་པོ་ ངེ་ལུ་བ་གཅིག་ལས་མེད་མི་འདི་ ཁྱོད་ཀྱིས་བསད་དེ་བཞེས་ད་ཡི་ ཁྱོད་ཀྱིས་པགས་ཀོ་ཅིག་གནང་སྟེ་ ང་གིས་ བོད་ལུ་བཙོང་མར་འབགཔ་ད་ བོད་ལུ་པགས་ཀོ་གནམ་མེད་ས་མེད་ གོང་འདུག་ཟེར་ཞུ་ནུག་ དབའི་ཨིན་ན་ པགས་ཀོ་གི་གོང་ཐོབ་པས་ཡ?
- སེམས་དཔའ་ཨིན་ལགས་རྒྱལ་པོ་ ང་ལུ་འདི་གཅིག་ལས་མས ཁྱོད་ལུ་འདི་མང་ཧིང་རྫོགསཔ་ཅིག་འདུག་མེན་ན་ བླ་མ་མཁྱེན་ནོ་ ཁྱོད་ལུ་འདི་ག་དེམ་ཅིག་འདུག་ འ་ནཱི་རེ་རེ་གི་པགས་ཀོ་ཐོབ་ མེན་ པགས་ཀོ་གི་ཏི་རུ་ཐོབ་ནི་ཨིན་མས་ཟེར་ ཞུ་ཞུ་མས།
- སེམས་དཔའ་དབའི་ཨིན་ན་ཟེརཝ་ད་ ཨིན་ལགས་ཟེར་སླབ་སྟེ་ ཏེ་རྒྱལ་པོ་འདི་ བློ་བདེ་སྟེ་ དེ་ལས་ཏེ་ ཕྱག་སྒརཔ་ཚུ་ལུ་བཀའ་གནང་སྟེ་ རྒྱལ་པོའི་ནོར་ཡོད་ཚདཔ་ཅིག་ གསད་བཅུག་ནུག་ཁོ་གིས་ གསད་ཟེར་ དེ་སྦེ་བསད་དེ་ ཏེ་པགས་ཀོ་ ཕྱག་སྒརཔ་ཚུ་སོང་སོངམ་མས་ པགས་ཀོ་འབག་སྟེ།
- སེམས་དཔའ་རྒྱ་ལུང་པ་ག་ཏེ་བསྐོར་རུང་ ཉོ་མི་ པགས་ཀོ་ཉོ་མི་གཅིག་དང་ཡང་མ་ཕྱད་པར་ ག་ཏེ་ཡང་བསྐོར་བལྟ་རུང་ པགས་ཀོ་མེད་པར་ ཁོང་ཚུ་དབུགས་འགམ་ཏེ་ ཏེ་གནམ་བསྲོཔ་ད་ ཤི་ནི་བཟུམ་སྦེ་ཁྱིམ་ནང་ལྷོད་སྦེ་ ཁྱིམ་ནང་ལྷོད་སྦེ་ རྒྱལ་པོ་མ་ཐོབ་ག་ཟེརཝ་ད་ མ་ཐོབ་ཟེར་ཞུ་ནུག
- སེམས་དཔའ་ཏེ་དེ་སྦེ་འབདཝ་ད་ཏེ་ བུ་ཆུང་ཆོས་རྗེ་འབོ་ནུག་ ད་རུང་རྒྱལཔོ་གིས་ ཁོ་ ཤོག་ཟེར་སླབ་ཟེར་ ཏེ་བུ་ཆུང་ཆོས་རྗེ་འབད་སར་སོང་ནུག་ ཕྱག་སྒརཔ་གཉིས་སོང་སྟེ་ བུ་ཆུང་ཆོས་རྗེ་ རྒྱལ་པོ་གིས་ཤོག་ཟེར་གསུངས་དེས་ ཤོག་ཟེར་གསུངས་དེས་ཟེར་སླབ་ད་ ལགས་སོ་ལགས་ཟེར་ ཏེ་རྒྱལ་པོ་འབད་སར་འོང་ནུག་ལགས་ བུ་ཆུང་ཆོས་རྗེ་ འོང་སྦེ།
- སེམས་དཔའ་སྐུ་གཟུགས་བཟང་པོ་ རྒྱལ་པོ་ ག་ཅི་གསུང་ནི་ཡོད་པའི་ན་ཟེརཝ་ད་ དབའེ་ ཁྱོད་ཀྱིས་སླབ་ད་ པགས་ཀོ་གི་ ཨ་ ཏི་རུ་ཐོབ་དེས་ཟེར་ཨིན་མས་ ངེ་ནོར་མང་ཧིང་རྫོགསཔ་ཅིག་ ཁྱོད་ཀྱི་ཡལ་བཅུག་བཅུགཔ་ཨིན་ འ་ ད་རེས་འདི་ཁྱོད་ དེ་སྦེ་མི་བཏུབ་པས་ཟེར་སླབ་ད་ མ་ཤེས་རྒྱལ་པོ་ ང་འདི་ཐོབ་ཅིག་ ཁྱོད་ཀྱི་མ་ཐོབ་མས།
- སེམས་དཔའ་ཁྱོད་ཀྱི་ད་རིས་འདི་མི་ཐོབ་ ད་རེས་མི་བཏུབ་ ཁྱོད་ཀྱི་ཁྱིམ་འདི་ ད་རིས་མེ་སྤར་དགོ་ཟེར་ ཏེ་རྒྱལ་པོ་གིས་གསུངས་ནུག་ ཨའེ་རྒྱལ་པོ་གིས་ ག་དེ་སྦེ་མཛདཔ་ཅིག་ མཛད་གནང་ནི་ར་ཨིན་ཟེར་ཞུ་ནུག
- སེམས་དཔའ་ཨ་ དེ་ལས་ ཕྱག་སྒརཔ་ལུ་བཀའ་གནང་སྟེ་ འ་ནཱི་ བྲིང་ཤོག་༼?༽གི་སྦེ་མེ་བཏང་ད་ནུག་ ཁྱིམ་འདི་ དེ་ལས་ཏེ་ ཁོ་འདི་སྡོད་སར་མེད་པར་ བཟའ་ནི་གི་ལྟོ་མེད་ གྱོན་ནི་གི་གོ་ལ་མེད་ ཁོ་ཏེ་དཀའཝ་སྤྱད་ཡི་ཟེར་ཨིན་མས།
- སེམས་དཔའ་ཁྱིམ་མེ་བཏང་སྦེ་ དེ་ལས་ སེམས་ཤི་སྦེ་སྡོད་སྡོདཔ་མས་ཏེ་ སྡོད་སྦེ་ ཁོ་རྒྱལ་པོ་འབད་སར་སོང་སོངམ་མས་ ཁོ་སོང་སྦེ་ སྐུ་གཟུགས་བཟང་པོ་རྒྱལ་པོ་ཟེར་ཞུ་ཞུཝ་མས་ ཞུཝ་ད་ ག་ཅི་འབད་བར་འོང་ཡི་ཟེརཝ་ད་ ཨའེ་རྒྱལ་པོ་ཟེར་ ངེ་ཁྱིམ་འདིན་ ཁྱོད་ཀྱིས་མེ་མཆོད་ཕུལ་ད་ཡི ང་སྡོད་སར་མེད་ བཟའ་ནི་ཡང་མེད་ འཐུང་ནི་ཡང་མེད་ གྱོན་ནི་བཀབ་ནི་ཡང་མེད་ང་ དཀའཝ་སྤྱད་ཚར་ཡི་ འ་ནཱི་གོ་ཐལ་འདི་ ང་འབག་ཆོག་ག་ཟེར་ཞུ་ནུག
- སེམས་དཔའ་ཨ་ ག་ཅི་བཟོ་ནི་སྨོ་འབག་ཟེར་གསུངས་ནུག་ ལགས་སོ་ཟེར་ཏེ་ བོ་ར་འབག་སྦེ་ གོ་ཐལ་བོ་རས་ནང་འདེགས་སྦེ་ ཨ་རྒྱ་གར་ལུ་ཡ་སོང་ནུག་ གོ་ཐལ་བཙོང་མ་སོང་ནུག་རྒྱ་གར་ལུ་ སོང་སྟེ་བལྟཝ་ད་ ཚོང་ཁང་ཕྱུགཔོ་ག་ཏེ་འདུག་ག་བལྟ་བཞག་སྦེ་ ཚོང་ཁང་ཤུགས་ཅན་ཅིག་ནང་སོང་སྡོད་སྦེ་ ཨ་ བློ་སླབ་རྫུ་བཏབ་སྟེ།
- སེམས་དཔའ་བོ་རས་ཕད་ཙེ་ཁ་ཤུབས་བཞག་སྦེ་ ཧ་ལམ་ བོ་ར་ཕད་ཙེ་གི་མཇུག་ལས་བཤེད་བཞག་སྦེ་ ཨ་ ཚར་ཅིག་གུ་བཀོ་བཏངམ་ད་ རྒྱ་ག་ག་ར་མེད་ཟེར་མས་ མིག་བཟོ་སྟེ་ མིག་ཏོག་ཚར་ཏེ་ འ་ དེ་ལས་ཏེ་ ཨ་ ཁོ་གིས་ ཚོང་ཁང་ནང་གི་ཏི་རུ་ཚུ་ འབག་འོང་སྟེ་ འབག་འོང་སྟེ་ འབག་འོང་སྦེ་འ་ནཱི་ཏི་རུ་གིས་ ད་རུང་ཁྱིམ་མ་འདྲཝ་ཅིག་རྐྱབ་བཏང་ནུག་ རྐྱབ་རྐྱབ་མས།
- སེམས་དཔའ་ད་རུང་ ཕྱག་སྒརཔ་ཚུ་གིས་མཐོང་མཐོངམ་མས་ དབའེ་རྒྱལ་པོ་ བུ་ཆུང་ཆོས་རྗེ་གིས་ ད་རུང་ཁྱིམ་མ་འདྲཝ་ཅིག་རྐྱབ་ནུག་ འེང་འ་ ཞུ་ཞུཝ་མས་ ག་ཅི་ཐོབ་ནི་འ་ནཱི་གིས་ ག་ནཱི་ཡང་མི་ཐོབ་ཟེར་གསུངས་དེས་ལོ།
- སེམས་དཔའ་དེ་ལས་ཏེ་འདུག་ཟེར་སླབ་སླབ་མས་ ཁོ་ཚུར་འབོ་ཟེར་ གསུངས་གསུངསམ་མས་རྒྱལ་པོ་གིས་ ཏེ་འོང་ནུག་བུ་ཆུང་ཆོས་རྗེ་ སྐུ་གཟུགས་བཟང་པོ་རྒྱལ་པོ་ ག་ཅི་གསུང་ནི་ཡོདཔ་སྨོ་རྒྱལ་པོ་ཟེརཝ་ད་ དབའེ་ཁྱོད་ ཁྱིམ་ག་ཅི་གི་རྐྱབ་སྨོ་ ཏི་རུ་ག་ཏེ་ལས་ཐོབ་ཅི་ཟེརཝ་ད་ རྒྱལ་པོ་ངེའི་ཁྱིམ་འདི་ ཁྱོད་ཀྱིས་ མེ་མཆོད་ཕུལ་མི་འདི་ལུ་ བཀའ་དྲིན་ཆེ་ གོ་ཐལ་འདི་གིས་ རྒྱ་གར་ལུ་ གནམ་མེད་ས་མེད་རྒྱུགས་མེད་ཟེར་ཞུ་ཞུཝ་མས།
- སེམས་དཔའ་རྒྱ་གར་ལུ་ གབ་ཐོབ་རྐྱབ་སྟེ་ཉོཝ་མས་མར་ཟེར་ཞུ་ཞུཝ་མས་ དབའི་ཨིན་ན་ཟེར་སླབ་ད་ ཨིན་ན་ཟེརཝ་ད་ ཨིན་ལགས་ ངེ་གི་འདི་ ཁྱིམ་ཆུང་ཀུ་ཆུང་ཀུ་ ཁྱོད་ཀྱི་འདི་ རྫོང་སྦོམ་ག་དེམ་ཅིག་ཐོབ་ནི་སྨོ་ཟེར་སླབ་ད་ ཨིན་ན་ཟེར་སླབ་ད་ ཨིན་ལགས་ཟེར་སླབ་སྟེ་ རྒྱལ་པོའི་རྫོང་སྦོམ་ཡོདཔ་མས།
- སེམས་དཔའ་དེ་ལས་ཏེ་ རྒྱལ་པོའི་ཅ་ལ་ ཁག་ཆེ་ཤོས་ཚུ་ག་ར་བཏོན་བཞག་ཞིནམ་ལས་ ཏེ་རྒྱལ་པོའི་ཁྱིམ་མེ་བཏང་ད་ནུག་ཏེ་ མེ་དཔག་བཏང་ནུག་རྒྱལ་པོའི་ཁྱིམ་ ཕྱག་སྒརཔ་ལུ་ལུ་སླབ་སྦེ་ མེ་དཔག་བཏང་སྦེ་ ཏེ་རྒྱལ་པོ་སྡོད་ས་ར་མེད་པར་ ད་རུང་ ཏེ་ཕྱག་སྒརཔ་ཚུ་ འ་ནཱི་གོ་ཐལ་འདི་ བོ་རས་བོ་རས་བོ་རས་བོ་རས་སྦེ་ བཏང་བཏངམ་མས་ རྒྱ་གར་ལུ་ཏི་རུ་ལེན་པར།
- སེམས་དཔའ་ག་ཏེ་འབག་བལྟ་རུང་ ཏི་རུ་ཐོབ་ནི་གི་སྡུག་བསྔལ་མེད་པར་ ཕྱི་རུ་ཕྱི་རུ་ར་དཀའཝ་སྤྱད་དེ་ དབུགས་འགམ་ཏེ་ རྒྱལཔོ་བཞུགས་སའི་ ཁྱིམ་མེད་པར་དཀའཝ་སྤྱད་དེ་ འ་ དེ་ལས་ ལོག་ལྷོད་ཅིག་ཟེར་ཨིན་མས་ ཕྱག་སྒརཔ་ཚུ་ལོག་ལྷོད་ལྷོདཔ་མས།
- སེམས་དཔའ་ལོག་ལྷོད་སྦེ་ཏེ་ མིན་འདུག་རྒྱལ་པོ་ག་ཏེ་ལུ་ཡང་ མི་རྒྱུགས་པས་འ་ནཱི་ཐལཔ་འདི་ མི་རྒྱུགས་པས་སྨ་རེ་རྒྱལ་པོ་ཟེར་ དབུགས་འགམ་ཏེ་བཏུབ་ཟེར་ ཁོ་ བུ་ཆུང་ཆོས་རྗེ་ཚུར་ཤོག་ཟེར་སླབ་ཟེར་གསུངས་གསུངསམ་མས་ ཕྱག་སྒརཔ་ཚུ་སོང་སྟེ་ བུ་ཆུང་ཁྱོད་ཤོག་ཟེར་སླབ་དེས་ རྒྱལ་པོ་གིས་ཟེར་ གསུངས་གསུངསམ་མས།
- སེམས་དཔའ་འོང་ནུག་ སྐུ་གཟུགས་བཟང་པོ་རྒྱལ་པོ་ ག་ཅི་གསུངས་ནི་ཡོད་ག་ དབའེ་བུ་ཆུང་ཆོས་རྗེ་ ཁྱོད་ཀྱིས་སླབ་ད་ ག་ཅི་ལོ་ ངེའི་རྫོང་ག་ར་ཡལ་སོང་ཡི་ ཁྱོད་ཀྱིས་སླབ་ད་ གོ་ཐལ་གྱི་ཏི་རུ་ཐོབ་ཟེར་མས་ མི་ཐོབ་པས་ཟེར་འདུག་མེན་ན་ མ་ཤེས་ངེའི་འདི་ཐོབ་ཅི་ལགས་ ཁྱེད་ཀྱི་མ་ཐོབ་འོང་ནི་མས་ཟེར་ ཁྱོད་ ད་རེས་འདི་ བཏུབ་ར་མི་བཏུབ།
- སེམས་དཔའ་ཁྱོད་ད་རེས་འདི་ ཏེ་གསད་ནི་ཟེར་གསུངས་གསུངམས་མས་རྒྱལ་པོ་གིས་ རྒྱལ་པོ་གིས་ ག་ཅི་མཛདཔ་ཅིག་བཏུབ་ཟེར་ཞུཝ་ད་ འུམ་ བཏུབ་པས་ ཁྱོད་ ཁྱོད་ཤོམ་མི་ སྒྲོམཅིག་་སྒྲིག་ཤིག་ཟེར་ ལྕགས་གཟེར་ཚུ་ག་ར་བཏོན་བྱིན་བྱིནམ་མས་རྒྱལ་པོ་གིས་ བཏོན་བྱིན་ཏེ་ ཏེ་ཁོ་ཤོངམ་མི་སྒྲོམ་སྒྲིགཔ་མས།
- སེམས་དཔའ་ཚད་རྐྱབ་སྟེ་ སྒྲོམ་སྒྲིག་སྟེ་ ལྕགས་ཟེར་ ཁྱོད་འཛུལ་ཤིག་ཟེར་སླབ་སྦེ་ ལྕགས་གཟེར་བརྡབ་ནུག་ བརྡབ་སྦེ་བསྡམས་ཏེ་ ལྕགས་གཟེར་བརྡབ་བཞག་སྦེ་ ཏེ་མར་ ཆུ་སྦོམ་ཡོད་མས་ ཆུ་སྦོམ་ཅིག་ཡོདཔ་མས་ འ་ནཱི་ཆུ་ཆེན་ནང་བསྐྱལ་ནི་ཨིན་མས་ བུ་ཆུང་ཆོས་རྗེ།
- སེམས་དཔའ་འ་རྒྱལ་པོ་གིས་འབག་སོང་ནུག་ འུ་ཏི་འུ་ཏི་འུ་ཏི་ རྒྱལ་པོ་གིས་འབག་སོང་ནུག་ འབག་སོང་སྟེ་ ཧ་ལམ་ ཆུ་ཧོ་ཟེར་སྐད་རྐྱབ་ས་གོ་གོཝ་མས་ སྒྲོམ་ནང་ལས་ ཨའེ་ང་འཛུལ་སྦེ་ ད་རིས་འབག་མས་ཟེར་ གཞུང་ལམ་ཅིག་ཡོདཔ་མས་ ཨ་རྟག་ར་མི་ཡར་དང་མར་འགྱོ་སའི་གཞུང་ལམ་ཨིན་མས།
- སེམས་དཔའ་ཏེ་ཆུ་ཧོ་ཟེར་སྐད་རྐྱབ་ས་གོཝ་ད་ཏེ་ རྒྱལ་པོ་ཟེར་ སྒྲོམ་ནང་ལས་སླབ་སླབ་མས་ རྒྱལ་པོ་ རྒྱལ་པོ་ཟེརཝ་ད་ ག་ཅི་སྨོ་ཟེར་སླབ་ད་ ཨའེ་མར་ ཆུ་སྦོམ་འདི་ཁར་ལྷོད་དོ་སྨོ་ཟེརཝ་ད་ ལྷོད་དོ་ལྷོད་དོ་ཟེར་ སླབ་དེས་ཟེར་མས་ ཏེ་ཨའེ་རྒྱལ་པོ་ ངེ་གིས་ཅིག་ཞུ་གེ་ཟེར་སླབ་སླབ་མས་སྒྲོམ་ནང་ལས་ ག་ཅི་སྨོ་སླབ་ཤིག་ཟེརཝ་ད།
- སེམས་དཔའ་ད་ལྟོ་ རོ་ཁྱི་ཅིག་ཤི་རུང་ བྱི་ལི་ཅིག་ཤི་རུང་ ལྟོ་ཅིག་དང་གོ་ཐལ་ཅིག་ ཨིན་ཅིག་མིན་ཅིག་དགོཔ་མེན་ན་ ང་འདི་ཏེ་མི་ལུས་རིན་པོ་ཆེ་ཨིན་མེན་ན་ སླབ་ཤེས་མི་ བཞག་ཤེས་མི་ མི་ཨིན་ ང་ ཟས་བཀང་དགོ་ཁྱོད་ཀྱིས་ཟེར་ ཟས་སྒྲིག་ཤིག་ ཤིཝ་ད་སྒྲིག་ཤིག་ཟེར་སླབ་སླབ་མས།
- སེམས་དཔའ་ཡ་ བཏུབ་མས་ཟེར་ ཏེ་འ་ནཱི་ ལམ་ཁར་བཞག་སྦེ་ རྒྱལ་པོ་ཁྱིམ་ནང་ཡར་སོང་མས་ ཟས་འདི་ཚུ་ལེན་པར་ ཁྱིམ་ནང་འགྱོ་སྡོདཔ་ད་ཏེ་ འགྱོ་ནུག་ཁྱིམ་ནང་ འགྱོཝ་ད་ ཕར་ལས་སྒརཔ་ཅིག་འོང་དེས་ལོ་ སྒརཔ་ཁོ་ར་གོ་མ་འདྲཝ་གྱོན་ དཔའ་རྟགས་བཏགས་སྦེ་ གྲོབ་གྲོབ་གྲོབ་ཟེར་འོང་དེས་ཟེར་མས་སྒརཔ་ཅིག་ འོངམ་ད་ལུ་ སྒྲོམ་ནང་ལས་ དབའེ་ག་སྨོ་ཁྱོད་ཟེར་སླབ་སླབ་མས།
- སེམས་དཔའ་ང་ཡོད་ཟེར་ ག་ཅི་འབདཝ་སྒྲོམ་ནང་ཟེརཝ་ད་ དབའེ་ཕོ་རྒནམོ་སྒར་པ་ ཁྱོད་ལུ་གྲོ་ཟུམ་ཡོད་ག་ཟེརཝ་ད་ ཡོད་ཟེར་སླབ་དེས་ཟེར་མས་ ཁྱོད་ཀྱི་གྲོ་ཟུམ་གྱིས་ ཨ་ཙི་ཅིག་ འ་ནཱི་ལྕགས་ཟེར་བཏོན་གནང་ཟེར་ སླབ་སླབ་མས་ འ་ནཱི་གྲོ་ཟུམ་གྱིས་བཏོན་ནུག་ཏེ་ སྒརཔ་གིས་ཕྱེ་སྦེ་ཐོན་ནུག་ཁོ་ ག་ཅི་འབདཝ་ཟེརཝ་ད་ ཨའེ་ཕོ་རྒནམོ་སྒར་པ།
- སེམས་དཔའ་ཁྱོད་ཀྱི་ཅ་ལ་ཚུ་ཤུབས་ཤིག་ ཨ་ཙི་ཅིག་ ཁྱོད་ར་འ་ནཱ་འཛུལ་མས་ གནམ་མེད་ས་མེད་ལེགས་ཤོམ་འདུག་ཟེར་ ཁོ་གིས་ སླབ་ནུག་ དབའེ་ཨིན་ན་ཟེར་ ཏེ་སྒར་པའི་ཅ་ལ་ཚུ་ཤུབས་བཞག་ཞིནམ་ ག་ར་ཤུབས་ཏེ་ དཔག་རྟགས་ག་ར་ཤུབས་ཞིནམ་ལས་ ཏེ་སྒར་པ་འཛུལ་སོང་ནུག་ སྒར་པ་འཛུལ་ཞིནམ་ལས་ ཨ་ ལྕགས་གཟེར་བརྡབ་སྦེ་ སྒར་པའི་ཅ་ལ་འབག་སྟེ་ བསྐོར་ལམ་ལས་ཡར་སོང་ནུག ལོག་ཁྱིམ་ནང་།
- སེམས་དཔའ་སོང་སྟེ་ ཡར་ཏེ་ ལམ་ཁར་ལྷོདཔ་ད་ སྒར་པའི་ཅ་ལ་ཚུ་གྱོན་སྦེ་ དཔག་རྟགས་བཏགས་ ཞྭམོ་འདི་བཙུགས་མ་འདྲཝ་བཟོ་ ལག་རྒྱན་བཀལ་སྦེ་ སོང་ནུག་ཁོ་ ཏེ་རྒྱལ་པོ་ལོག་ལྷོད་ནུག་ཟས་འབག་སྦེ་ ཡ་ རྒྱལ་པོ་གིས་ རྒྱལ་པོ་གིས་ ཁ་བཟང་འབད་འབདཝ་མས་ འ་ བུ་ཆུང་ཆོས་རྗེ་ ཏེ་དང་པ་ར་ ཁྱོད་ལུ་བ་གཅིག་་སྡོད་ཡི་ ངེའི་ལྡུམ་རེ་བཟའཝ་ལས་བརྟེན་ ང་གིས་བསད་དེ་ ཤ་ ང་གིས་བཟའ་བཟའཝ་ཨིན།
- སེམས་དཔའ་ཁྱོད་ཀྱིས་པགས་ཀོ་གནང་ཟེར་ པགས་ཀོ་ འ་ བོད་ལུ་འགྱོ་བཏུབ་པས་ཟེར་སླབ་སྟེ་ པགས་ཀོ་འབགཔ་ད་ལུ་ཡང་ ག་ཏེ་ལུ་ཡང་ ཏི་རུ་མ་ཐོབ་ ངེ་ནོར་མང་རབ་ཅིག་ཡལ་སོང་ཡི་ ཁྱོད་ཀྱི་ཁྱིམ་ ང་གིས་མེ་མཆོད་ཕུལ་ཡི་ གོ་ཐལ་གྱི་ཏི་རུ་ཐོབ་པས་ཟེར་ ཏི་རུ་མ་ཐོབ་ ངེ་རྫོང་ག་ར་ཡལ་ཡི།
- སེམས་དཔའ་ད་འབདན་ཁྱོད་འདི་ ད་རེས་ཆུ་ནང་མ་བཀལ་བར་ ཐབས་ར་མིན་འདུག་ཟེར་སླབ་ད་ སྒྲོམ་ནང་ལས་ དབའེ་ང་ བུ་ཆུང་བསམ་མེན་ས་དབའི་ ང་བུ་ཆུང་བསམ་མེན་ས་ཟེར་ ཨིན་རུང་ཨིན་མེན་རུང་མེན་ཟེར་ གཝ་ཟེར་བཏང་ད་ཡི་ཟེར་མས།
- སེམས་དཔའ་སྒརཔ་པ་འདི་བཏང་ད་ནུག་ བཏངམ་ཞིནམ་ལས་ཏེ་ འུམ་ བུ་ཆུང་ཆོས་རྗེ་རྫོགས་སོང་ཡི་ ཡ་འེང་ཟེར་ལགཔ་གཡུག་སྦེ་ ལོག་ཁྱིམ་ནང་འོང་ནུག་ ཁྱོད་རྫོགས་སོང་ཡི་ཟེར་ རྫོགས་སོང་ཡི་ དེ་ལས་ ཕྱག་སྒརཔ་ཕར་ཚུར་འགྱོཝ་ད་ལུ་ ཏེ་བུ་ཆུང་ཆོས་རྗེ་འདུག་ཟེར་མས་ཏེ་ སྒར་པའི་ཅ་ལ་གྱོན་སྦེ་ཡར།
- སེམས་དཔའ་འ་ ཁོ་རའི་གཟིམ་ཅུང་ནང་ རྡོག་མ་བཟའ་སྦེ་སྡོད་ཡི་ཟེར་མས་ ཏེ་ཕྱག་སྒརཔ་ཚུ་གིས་མཐོང་མཐོངམ་མས་ ཏེ་རྒྱལ་པོ་ལུ་ཞུ་ནུག་ དབའེ་རྒྱལ་པོ་ ཁྱོད་ཀྱིས་གསུངསམ་ད་ ཆུ་ནང་བཀལ་ཡི་ལོ་ ལོག་ལྷོད་ནུག་ཟེར་སླབ་ད་ དབའ་ེ་ག་ཏེ་ལྷོད་ནི་ བཏང་ད་ཡི་ཆུ་ནང་ཟེར་སླབ་སླབ་མས་ འདུག་ཟེར་སླབ་ནུག་ ཤོབ་མ་སླབ་ཟེར་སླབ་ད་ འདུག་ཟེར་ར་ཞུ་ཞུཝ་མས།
- སེམས་དཔའ་དེ་ལས་ཏེ་ དབའ་ེ་རྒྱལ་པོ་སེམས་ཡེངས་ཏེ་ ཁོ་ནཱ་ཤོག་ཟེར་སླབ་ཟེར་ གསུངས་གསུངསམ་མས་ གསུངསམ་ད་ལུ་ ཕྱག་སྒརཔ་ཚུ་འགྱོ་གེ་ཟེར་འགྱོ་ནུག་ སོང་སྟེ་དབའེ་བུ་ཆུང་ ཁྱོད་ཤོག་ཟེར་སླབ་དེས་ རྒྱལ་པོ་གིས་ཟེར་ སླབ་ད་ལུ་ཏེ་ དབའེ་ཨིན་ན་ཟེར་སླབ་ད་ ཨིན་ཟེར་ འོང་ནུག་འོང་སྦེ་ སྐུ་གཟུགས་བཟང་པོ་རྒྱལ་པོ་ ག་ཅི་གསུངས་ནི་ཡོདཔ་ཟེརཝ་ད།
- སེམས་དཔའ་དབའེ་ ཁྱོད་ང་གིས་ ཁ་ཙ་ཆུ་ནང་བཀོ་ཡི་མེན་ན་ ཁྱོད་ ག་ཅི་སྦེ་ལོག་འོང་ཡི་ ཁྱོད་ཀྱི་ཅ་ལ་ག་ཏེ་ལས་ཐོབ་ཅིག་ཟེརཝ་ད་ ཨའི་ རྒྱལ་པོ་ཟེར་ ང་འདི་ཏེ་ མི་སྤྱང་ཀ་ཨིན་ ང་མི་སྤྱང་ཀ་ནཱེམ་ཅིག་ མར་ཨ་མ་མཚོ་སྨན་རྒྱལ་མོ་གིས་ ཅ་ལ་དེ་སྦེ་བྱིན་དེས་ཟེར་སླབ་སླབ་མས་ ཨ་མ་མཚོ་སྨན་རྒྱལ་མོ་གིས་ བྱིན་དེས་ཟེར་སླབ་ནུག།
- སེམས་དཔའ་དབའེ་ཨིན་ན་ཟེར་སླབ་སྟེ་ རྒྱལ་པོ་ཁྱོད་འབྱོན་པ་ཅིན་འདི་ མ་འདྲཝ་སྦེ་ར་གནང་ནི་ཨིན་མས་ ཨམ་མཚོ་སྨན་རྒྱལ་མོ་གིས་ཟེར་ ཁོ་གིས་ ཞུ་ནུག་རྒྱལ་པོ་ལུ་ དེ་ལས་ཏེ་ དབའེ་རྒྱལ་པོ་བློ་བདེ་ནུག་ཏེ་ ཨིན་མས་ཟེར་ ཁྱོད་འབྱོན་པ་ཅིན་འདི་ ཨམ་མཚོ་སྨན་རྒྱལ་མོ་གིས་ མ་འདྲཝ་ཅིག་ར་གནང་ནི་ཨིན་མས་ ང་ མི་སྤྱང་ཀ་ལུ་ འ་ནཱེ་ཅིག་གནང་ཡི་མོགིས་ མར་ལས་ཨམ་མཚོ་སྨན་རྒྱལ་མོའི་གནངམ་མས།
- སེམས་དཔའ་རིན་ཏེ་རྒྱལ་པོ་ཁྱོད་ཀྱི་གནང་མི་འདི་ཟེར་ཞུ་ནུག་ལགས་ དབའེ་ཨིན་ན་ཟེརཝ་ད་ ཨིན་ཟེར་ དེ་ལས་ཏེ་ རྒྱལ་པོ་ཤོམ་མི་སྒྲོམ་སྒྲིག་སྦེ་ འུམ་ ཡ་ རྒྱལ་པོ་འཛུལ་བྱོན་ཟེར་ ཨ་ རྒྱལ་པོ་བསྡམས་ད་ནུག་ འ་ནཱི་གུ་གཟེར་བརྡབ་སྦེ་ ཏེ་བུ་ཆུང་ཆོས་རྗེ་གིས་འབག་འགྱོ་ནུག་མར་ལྟག་ འབག་འགྱོ་སྦེ་ མར་ཤིང་གི་རྩ་བར་ལྷོདཔ་ད་ ཆུ་ཧོ་ཟེར་སྐད་རྐྱབ་ས་ རྣམ་ཅོ་གོ་སྟེ་ ཏེ་རྒྱལ་པོ་བུ་ཆུང་ཆོས་རྒྱལ་ཅོག་ར་འཐདཔ་སྦེ་ རྒྱལ་པོ་གིས་གསུངས་དེས་ཟེར་མས་སྒྲོམ་ནང་ལས།
- སེམས་དཔའ་དབའེ་བུ་ཆུང་ཆོས་རྗེ་ཟེརཝ་ད་ ལགས་ཟེར་ ཨའེ་ཁྱོད་ཀྱིས་སླབ་དེས་ རོ་ཁྱི་ཅིག་ཤི་རུང་ བྱི་ལུ་ཤི་རུང་ འ་ལྟོ་ཅིག་དང་ གོ་ཐལ་ཅིག་འགྱོཝ་ཨིན་ཟེར་ ཁྱོད་ཀྱིས་སླབ་དེས་མེན་ན་ཟེར་ ང་ཡང་ཁྱོད་ཅོག་ར་འཐདཔ་སྦེ་ ཟས་སྒྲིག་དགོ་ཟེར་སླབ་ད་ ལགས་སོ་འབག་འོང་གེ་ང་གིས་ཟེར་ རྒྱལ་པོ་བཀོ་བཞག་ནུག་ རྒྱལ་པོ་བཀོ་བཞགཔ་ད་ཏེ་ རྒྱལ་པོའི་ཚབ་མ་འཛུལ་མི་ག་ཡང་མ་ཐོན་མས།
- སེམས་དཔའ་ག་ཡང་མེད་པར་ རྒྱལ་པོ་ཁོ་ར་རྐྱངམ་ཅིག་ ཨ་ ཡར་ཁྱིམ་ནང་སོང་སྟེ་ ཟས་ཚུ་སྒྲིག་སྟེ་ སྒྲིག་ནུག་ཏེ་ སྒྲིག་སྟེ་ ཡ་ རྒྱལ་པོ་ཟེར་ ད་ལྟོ་ཚུན་ཚོད་ ཁྱོད་ཀྱི་དབང་ཚད་སྦེ་ ག་ཅི་འབད་རུང་ ཁྱོད་ཀྱི་དབང་ཚད་སྦེ་ ང་ ཁྱོད་ཀྱིས་ ང་ལས་དཔོག་དཔོགཔ་ཨིན་ཟེར་སླབ་སྟེ་ པགས་ཀོ་འབག་འགྱོཝ་ད་ ཏི་རུ་ག་ཏེ་ལས་ཐབ་ནི་ཟེར་ གོ་ཐལ་འབག་སྟེ་རྒྱ་གར་ ཏི་རུ་ག་དེ་སྦེ་ཐོབ་ནི་ཟེར།
- སེམས་དཔའ་ཁྱོད་ཀྱིས་ ང་ལུ་མགུ་སྐོར་རྐྱབ་སྟེ་ སྡོད་སའི་ཁྱིམ་ཡང་མེད་བཟོ་ཡི་ ང་ལུ་ཡང་མེདཔ་བཟོ་ཡི་ཟེར་ཁྱོད་ཀྱིས་ ད་རེས་འདི་ ཁྱོད་ཀྱི་ཚབ་ ཁྱོད་ཀྱི་ཁྲི་གུ་ང་སྡོད་འོང་མས་ རྒྱལ་པོ་ཟེརཝ་ད་ སྐུ་ཆེ་ སྐུ་ཆེ་ཟེར་ ཁྱོད་ཀྱི་སྐུ་ང་མེན་ཟེར་ ཁྱོད་ཀྱི་ཚབ་ང་འབད་འོང་ ད་རེས་ལས་ ཁྱོད་ཀྱི་ཁྲི་གུ་ ང་སྡོད་འོང་མས་ ཡ་ རྒྱལ་པོ་བྱོན་སྨ་རེ་ གཝ་ཟེར་བཏང་ད་ནུག་ཁོ་ཏེ་ རྒྱལ་པོ་འདི།
- སེམས་དཔའ་དེ་ལས་ཏེ་ཕར་ ཁོ་གིས་ཕྱགས་འཕྱག་སྟེ་ རྟ་འུ་འུ་རྐྱབ་སྟེ་ ཞབས་བྲོ་འཐེན་འོང་སྟེ་ དེ་ལས་ཏེ་ རྒྱལ་པོའི་ རྒྱལ་པོའི་ཁྲི་གུ་ཁོ་སྡོད་དེ་ དེ་ལས་ཏེ་ རྒྱལ་པོ་ཚབ་སྦེ་ དེ་ལས་ཏེ་ ཁོ་གིས་སྦེ་ ང་བཅས་རའི་ནཱ་ལུ་ འབྲུག་ལུང་པ་འབད་རུང་ ག་ཏེ་འབད་རུང་ སངས་རྒྱས་བསྟན་པ་དར་ཤིང་རྒྱས་སྟེ་ ཁོ་གིས་མཛད་གནང་ཡི་ཟེར་ ཞུ་ནི་ལགས་ བཀའ་དྲིན་ཆེ།