Skip to main content Skip to search
20 Jan 2016
11 min 34 sec
Video Overview
Creators: 
Sherig Dhentshog

Jigme Namgyal from Phungsharang village in Pemagatshel narrates a story about a frog, begging a princess for her hand in marriage. She agrees after several tries and he takes her to his home. The princess tries to kill the frog but fails in her attempt and arrives at a huge ocean, the home of her frog husband.

 

༉  པདྨ་དགའ་ཚལ་ ཕུང་ཤ་རང་ལས་ སངས་ཤིང་རྡོ་རྗེ་གིས་ཕོ་རྒནམོ་དང་སྲིངམོ་གི་སྲུང་ཅིག་གཏང་སྟེ་ཡོདཔ་ད་ སྲུང་འདི་ རོགས་ལུ་ཕྲག་དོག་དང་སེར་སྣ་བསྐྱེད་མ་བཏུབ་པའི་སྐོར་ལས་ཨིན་པས། དེ་ཡང་ ནམ་ཅིག་གི་འབདཝ་ད་ སྲིངམོ་དེ་གིས་ཕོ་རྒནམོ་གི་མགུ་ཏོ་ཁར་ཤིག་བལྟ་སྡོདཔ་ད་ དཔྱད་རིག་རྣམ་རྟོག་མེད་པར་ཕྱེན་ཤོར་སོངཔ་ལས་ སྲིངམོ་དེ་ ཕོ་རྒནམོ་གི་གདོང་ཁར་ཕྱེན་ཤོར་སོང་ཡི་ ཟེར་ངོ་ཚ་སྟེ་ཕྱེན་གྱི་རྒྱལཔོ་འབད་སར་སོང་སྟེ་བཤགས་པ་ཕུལཝ་ད་ རྒྱལཔོ་གིས་མོ་ལུ་གསོལ་རས་སྦེ་ ཐགས་འཐག་ནི་གི་གསེར་གྱི་བཏགམ་ཅིག་གནང་སྟེ་ལོག་འོང་སྦེ་ཐགས་འཐག་སྡོདཔ་ད་ མོ་རའི་ཆ་རོགས་རྙིང་ཤོས་ཅིག་འོང་སྦེ་ དེ་གི་སྐོར་ལས་ལོ་རྒྱུས་གོ་སྟེ་ ཆ་རོགས་དེ་མོ་དང་ཅོག་ར་འཐདཔ་སྦེ་འབད་ནི་གི་མནོ་བསམ་བཏང་སྟེ་ དེ་སྦེ་ཕོ་རྒནམོ་གི་ཤིག་བལྟ་རྫུ་བཏབ་སྦེ་ལཱ་ཁག་འབད་ཕྱེན་བཏང་ཞིན་ན་ མོ་ཡང་རྒྱལཔོ་འབད་སར་འགྱོཝ་སྦེ་འབདཝ་ད་ མོ་འདི་མནོ་བཞིན་བསམ་བཞིན་དུ་འབད་ནི་དེ་གིས་ ཧེང་སྐལ་ར་ མོ་ར་ཨ་ཙི་སྤརཝ་ཅིག་ གནམ་མེད་ས་མེད་ཕྱེན་སྦོམ་སྦེ་ཤོར་སོང་མི་ཅིག་གུ་གྱུར་སོངཔ་མས། དེ་གིས་འབད་ ཤུལ་ལས་རྨགཔ་ཐོབ་སྟེ་མནའམ་སྦེ་འགྱོ་རུང་ རྨགཔ་གི་ཁྱིམ་ནང་ལས་བདའ་བཏངབཏངམ་སྦེ་ སྲུང་འདི་ནང་ལས་འཐོན་དོ་ཡོདཔ་ད་ དེ་འབད་ནི་དེ་གིས་ རོགས་ལུ་ཕྲག་དོག་དང་སེར་སྣ་བསྐྱེད་མ་བཏུབ་སྦེ་ཨིན་མས།

Transcript search
No results found for this search
0 of 0
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ང་ ནཱ་བདེ་ཆེན་གླིང་ལས་ཨིན། བདེ་ཆེན་གླིང་ ཕུང་ཤ་རང་ལས། ལོ་ ༥༧ འགྱོ་ཡི། མིང་འདི་ སངས་ཤིང་རྡོ་རྗེ་ཟེར་ སླབ་ཨིན། ང་ནཱ་ལས་ཨིན།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ད་ལྟོ་ ང་གིས་ འ་ནཱི་ གཏམ་གཅིག་ཞུ་ནི། དང་ཕུ་ ག་ཅི་སྦེ་ཟེར་བ་ཅིན་ ས་མ་རྒསཔ་ ཆུ་མ་རྒསཔ་པའི་ དུས་ལུ་ཨིན་པས་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དང་ཕུ་ བུམོ་གཅིག་སྡོད་ནུག་ལགས། དེ་ལས་ ཕོ་རྒནམ་གཅིག་སྡོད་ནུག། སྲིངམོ་ དེ་ལས་་ཏེ་ ཕོ་རྒནམ་མའི་ མགུ་ཏོག་གུ་ ཤིག་བལྟ་བལྟཝ་མས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཤིག་བལྟཝ་ད་ སྲིངམོ་གིས་ ཤིག་བལྟཝ་ད་ ཕྱེན་ སྤྲིང་ཟེར་ ཤོར་ཡར་སོངཔ་མས། ཡ་ བསྐྱལ་སར་བསྐྱལ་ཡི་དབའི་ ང་ ངོ་ཚར་ཡི་ ཕོ་རྒནམ་གྱི་ མགུ་ཏོག་གུ་ ཤིག་བལྟཝ་ད་ ཕྱེན་ཤོར་སོང་ཡི་ང་། ང་ ངོ་ཚར་ཡི་ བསྐྱལ་སར་བསྐྱལ་ཡི། མི་བཏུབ་ང་ ཕོ་རྒནམ་ལུ་ཟེར་ དེ་སྦེ་ སླབ་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    མི་བཏུབ་ང་ བསྐྱལ་སར་བསྐྱལ་ཡི། ང་ངོ་ཚར་ཡི་ འདི་བཟུམ་ཏེ་ ང་ ཕོ་རྒནམ་ལུ་ ཕྱེན་ཤོང་སོང་ཡི། དེ་ལས་ ཡར་ལམ་ཐག་རིངམོ་ལུ་ ཕྱེན་གྱི་རྒྱལ་པོ་གཅིག་སྡོད་སྡོདཔ་མས། ཕྱེན་གྱི་རྒྱལ་པོ་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ང་འ་ནཱི་ རྒྱལ་པོ་འབད་སར་ ཞུ་བར་འགྱོ་ནི། ངོ་ཚར་ཡི། ང་ད་འབདན་ཏེ་ མོ་མནོ་བསམ་བཏང་ནུག་ མནོ་བསམ་བཏང་སྟེ་ རྒྱལ་པོ་འབད་སར་ ཞུ་བར་སོང་ནུག་ ཞུ་བར་སོང་སྟེ་ ཡ་ མར་ལུ་ རྒྱལ་པོའི་སྒོ་ཁར་ རོགས་སྒརཔ་སྡོད་སྡོདཔ་མས་ཏེ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    འ་ནཱི་སྒར་པ་ཚུ་གིས་ མ་བཏང་ཨིན་པས། སྲིངམོ་ཁྱོད་ ག་དེམ་ཅིག་སྦེ་འོང་ཡི? ག་ཅི་སྦེ་འོང་ཡི? དོན་དག་ག་ཅིག་སྦེ་འོང་ཡི? ཏེ་ང་ ཡར་ལུ་ ཕོ་རྒནམ་གི་ མགུ་ཏོག་ཁར་་ ཤིག་བལྟཝ་ད་ ང་ ཕྱེད་ཤོར་སོང་ཡི། རྒྱལ་པོ་ལུ་ དེ་སྦེ་ ཞུ་བར་འོང་འོངམ་ཨིན་ ང་ཟེར་ སླབ་ད་
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཨིན་ན་ཁྱོད་ཟེརཝ་ད་ ཨིན་ལགས་ཟེར་ ག་དེ་སྦེ་རུང་ མ་བཏང་པས། དེ་ལས་ཏེ་ ཡར་ རྒྱལ་དཀར་?ལས་ གཟིགས་གཟིགས་མས་ རྒྱལ་པོ་གིས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    འ་ནཱི་ སྲིངམོ་འདི་ ག་དེ་ཅིག་སྦེ་འོང་ཡི་ལོ་? བཏང་ད་ཟེར་ གསུངས་ནུག་ལགས། དེ་ལས་ཏེ་ བཏང་སྟེ་ ཡར་འོངམ་ད་ ཡར་ རྫོང་ནང་ འཛེག་ནུག་ལགས། རྒྱལ་པོ་ རྫོང་ནང་འཛེག་སྟེ་ ཡ་ རྒྱལ་པོ་བཞུགས་སྟེ་ཡོད་ག་ཁྱོད་ཟེར་? ཡོད།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    སྲིངམོ་ཁྱོད་ ག་དེ་ཅིག་སྦེ་འོང་ཡི་ཟེར་ སླབ་ད་ ང་ ཕོ་རྒནམ་གི་ མགུ་ཏོག་ཁར་ ཤིག་བལྟཝ་ད་ ཕྱེན་ཤོར་སོང་ཡི་ལགས་ཟེར་ སླབ་ནུག
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཡ་ ཨིན་ན་ ཤོག་ཤོག་ ཁྱོད་ འདྲོག་མིན་དགོ། ཤོག་ཤོག་ ནཱ་ཤོག་ཤོག་ཟེར་ སླབ་ནུག། ནཱ་ཤོག་ཟེར་ དེ་ལས་སོང་ནུག། ཡ་ བཏུབ་ཟེར་ ཁྱོད་ ནཱ་ཤོག་ཟེར་ གསེར་གྱི་ ཐགས་ཅུང་ཅིག་གནང་ནུག་ལགས། གནང་ནུག་ལགས། གསེར་གྱི་ཐགས་ཅུང་ཅིག་གནང་ནུག། ཡ་ཁྱོད་ལོག་སོང་ ག་ཅི་ཡང་མི་འབད་ང་།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཁྱོད་ ངོ་མ་ཚར་ ངོ་ཚར་ནུག་ཟེར་ གསེར་གྱི་ཐགས་ཅུང་ཅིག་གནང་སྟེ་ ལོག་འོང་སྟེ་ ཧེ་མ་སྡོད་ས་ནང་ལྷོད་ནུག་ ལྷོད་དེ་ མགོ་ལ་ ཐགས་ནུག་ གསེར་གྱི་ ཐགས་ཅུང་གིས་ གོ་ལ་ཐགས་སྟེ་ ཡ་ མགོ་ལ་ཐགས་སྟེ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    མོ་རའི་ ཆ་རོགས་རྙིངམ་ཅིག་ཡོདཔ་མས། ངའི་ཆ་རོགས་ལྷོད་ནུག་ཟེར་ འོང་ནུག་ལགས། ཨ་མ་ ཆ་རོགས་འདི་ གོ་ལ་གསེར་གྱི་ ཐགས་ཅུང་ཡང་ཐོབ་ནུག་ ག་ཏེ་ལས་ཐོབ་ཅི་ ཁྱོད་དེ་སྦེ་ཟེར་ སླབ་ནུག།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    བླ་མ་ ཆ་རོགས་ ང་ ཕོ་རྒནམ་གི་ མགུ་ཏོག་ཁར་ ཤིག་བལྟཝ་ད་ ཕྱེན་ཤོར་སོང་སྟེ། ངོ་ཚར་ཏེ་ རྒྱལ་པོ་ལུ་ ཞུ་བར་སོང་ཡི། རྒྱལ་པོ་ལུ་ ཞུ་བར་སོང་སྟེ་ རྩ་འགེངས་སྟེ་ཞུཝ་ད་ འདི་བཟུམ་ཅིག་གནང་སྟེ་ ང་དེ་སྦེ་སྡོད་དེ་ཡོད། ཁྱིམ་ནང་ཐགས་དོ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ མནོ་བསམ་བཏང་ནུག། མོ་ཡང་ དབའི་ ང་ཡང་ མོ་གི་ཡང་ ཕོ་རྒནམ་ཡོདཔ་ཨིན་པས། ང་ཡང་ ཕོ་རྒནམ་གི་ མགུ་ཏོག་ཁར་ ཤིག་བལྟ་བར་དྲག་ནི་མས་ མིན་འདུག་ཟེར་ མནོ་ནུག་མོ་ཡང་ དེ་སྦེ་ འདི་བཟུམ་འདི་ ཐོབ་པ་ཅིན།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཏེ་ཕོ་རྒནམ་གི་ མགུ་ཏོག་ཁར་ ཤིག་བལྟ་ནུག་ མོ་ཡང་ཧ་ལམ་ཅིག་ལས། ཤིག་བལྟ་སྟེ་ ཕྱེན་རྩ་འགེགས་སྟེ་ར་ བཏང་ནུག་ བེ་རེཀ་ཟེར་ར་ བཏང་ནུག་མོ་གིས་དེ་
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    བླ་མ་མཁྱེན་ནོ། ངོ་ཚར་ཡི་དབའི་ང། ཕྱེན་ཤོར་སོང་ཡི་ང་། ངོ་ཚར་ཡི་ང་ཟེར་ སླབ་ནུག་ མོ་གིས་ཡང་ ང་ ད་འབདན་ རྒྱལ་པོ་ལུ་ ཞུ་བར་འགྱོ་ནི་ ཡར་ རྒྱལ་པོ་ལུ་ འགྱོ་ནི་ང་ ངོ་ཚར་ཡི་ཟེར་ སླབ་ནུག
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ འདི་ལས་སོང་སྟེ་ རྒྱལ་པོའི་འབད་སར་འགྱོ་ནི་སྦེ་སོང་ནུག་ དེ་ལས་ཏེ་ ཧེ་མ་འགྱོ་མི་འབད་ས་ར་སོང་ནུག། ཕར་ ལྷོདཔ་ད་ སྒརཔ་ཚུ་ སྒོ་ཁར་འདུག
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཏེ་སྒར་པ་ཚུ་གིས་ ག་ཅི་འབད་འོང་ཡི་སྲིངམོ་ཁྱོད་ཟེརཝ་ད་ ང་ཕོ་རྒནམ་གི་ མགུ་ཏོག་ཁར་་ ཤིག་བལྟཝ་ད་ ཕྱེན་ཤོར་སོང་ཡི་ལགས། དེ་བཟུམ་ རྒྱལ་པོའི་འབད་སར་འགྱོ་ནི་སྦེ་ འོང་ཡི་ཟེརཝ་ད་ ཡ་ འགྱོ་ནི་མེད་ ཁྱོད་ཟེར་ སླབ་ད།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    བཏང་ད་ རྒྱལ་པོའི་སྐུ་མདུད་ལུ་ ང་ ཕྱེན་ཤོར་སོང་སྟེ། ངོ་ཚར་ཡི་ཟེར་ སླབ་ད་ དེ་ལས་ ད་རུང་ རྒྱལ་པོ་ ཡར་མཁྱེན་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    རྒྱལ་པོའི་མཁྱེནམ་ད་ མར་གཟིགསཔ་ད་ འ་ནཱི་ སྲིངམོ་བཏང་ད་ ག་དེ་ཅི་སྦེ་འོང་ཡི་ལོ། བཏང་ད་ཟེར་ སླབ་ད་ བཏང་སྟེ་ ད་རུང་ བཏང་ཞིནམ་ལས་ རྒྱལ་པོ་བཞུགས་སྟེ་ཡོད་ག་ ལགཔ་ཕབ་སྟེ་ དེ་སྦེ་འབད་དེ་ ཤོག་ཤོག་ འདྲོག་མིན་དགོ་ཤོག་ཟེར་ ཧ་ལམ་ཅིག་ལས་ ག་ཅི་འབད་ཡི་ ཁྱོད་ཟེར་ སླབ་ད།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ང་ ཕོ་རྒནམ་གི་ མགུ་ཏོག་ཁར་ ཤིག་བལྟཝ་ད་ ཕྱེན་ཤོར་སོང་ཡི། ངོ་ཚར་ཡི་ང་ ད་ལྟོ་ རྒྱལ་པོ་ཁྱོད་ལུ་ ཞུ་བར་འོང་ཡི་ཟེར་ སླབ་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཡ་ཡ་ ཤོག་ཤོག་ ཁྱོད་ འདྲོག་མིན་དགོ། ངོ་མ་ཚར་ ཤོག་ཤོག་ཟེར་ འོང་ནུག། དེ་ལས་ རྒྱལ་པོ་གིས་ ཕྱེན་པཱོན་གྱི་སྦེ་ གནང་ནུག་མོ་ལུ་འདི་ ཕྱེན་པཱོན་ཅིག་གནང་སྟེ་ ཁྱོད་ འ་ནཱི་འབག་སོང་ ཁྱིམ་ནང་ཟེར་གནང་སྟེ་ ཧ་ལམ་ཅིག་ འབག་འགྱོ་ནུག་ མོ་གིས་ ཁྱིམ་ནང་ ལོག་སོང་སྟེ་ཀྱི།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    མར་སོང་སྟེ་ མར་ལྷོདཔ་ད་ཏེ་ མོ་འདི་ ལཱ་འབདཝ་ད་ར་ ཕྱེན་ཤོར་འགྱོ་སྟེ་ ཕྱེན་ཤོར་མི་ལུ་འགྱུར་སོང་ནུག་ ཕྱེན་ བ་རཀ་ཟེར་ ཤོར་མི་ལུ་ འགྱུར་སོང་ནུག་ མོ་དེ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཡ་ ང་བསྐྱལ་སར་བསྐྱལ་ཡི་དབའི་ ད་འབདན་ ག་ཅི་འབདཝ་་དྲག་འོང་ག་ད་འབདན་ སྤརཝ་ད་སྤརཝ་ད་ར་ ཕྱེན་ཤོར་མས་ད་འབདན་ མ་སྤར་བར་ར་སྡོད་ནུག་ མོ་འདི་ གནམ་མེད་ས་མེད་ ལཱ་ཤུགས་སྦེ་མ་འབད་བར་ མ་སྤར་བར་རང་སྡོད་དེ་ དེ་སྦེ་སྡོད་ནུག
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཧ་ལམ་ཅིག་ལས་ དེ་སྦེ་སྡོད་དེ་ མནའ་མར་ལེན་ནུག་ རྨགཔ་ཐོབ་སྟེ་ མནའ་མར་ལེན་ཏེ་ མནའ་མར་ལེན་ཏེ་ དེ་སྦེ་ ཧ་ལམ་ཅིག་ལས་ མནའ་མར་ལེན། ང་བཅས་བཟུམ་སྦེ་ འཁྱིད་འབག་སྟེ་ ཨ་ལོའི་ ཁྱིམ་ནང་འགྱོ་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཁྱིམ་ནང་འགྱོ་རུང་ མོ་མ་སྤར་བར་ར་སྡོད་ནུག་ལགས་ ཕྱེན་ཤོར་འོང་ཟེར། ཕར་ རོགས་ཀྱི་ ཁྱིམ་ནང་འགྱོ་རུང་ མ་སྤར་བར་ར་སྡོད་ནུག་ལགས། ཏ་མ་ ཕྱེན་ཤོར་སོང་པ་ཅིན་ རོགས་ཀྱི་གདོང་ཁར་ དེ་སྦེ་འབད་འོང་ ངོ་ཚར་འོང་ཟེར།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཧ་ལམ་ཅིག་ལས་ དེ་སྦེ་རང་སྡོད་དེ་ འཁྱིད་སོང་ མི་འཛོམས་ཏེ་བསྐྱལ་བར་སོང་། དེ་སྦེ་འབག་ནུག་ལགས་ འབག་སྟེ་ རྩིསཔ་གིས་ རྩིས་བལྟ་སྟེ་ གཟའ་སྐར་ལེགས་ཤོམ་ལུ་ བལྟ་སྟེ་འཁྱིད་སྦེ་བཞག
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ད་ ལྟོ་འབད་ནི་ཡང་མེད། ཚོདམ་བཟོ་ནི་ཡང་མེད། ཆུ་ལེན་པར་འགྱོ་ནི་ཡང་མེད། ག་ཅི་ཡང་འབད་ནི་མེད་ དེ་སྦེ་ མ་སྤར་བར་ར་སྡོད་ནུག་ཟེར་ ཨིན་པས་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཧ་ལམ་ཅིག་ལས་ ཨ་ནེ་ཙིགཔ་ཟ་ནུག། དབའི་ མནའམ་འདི་བཟུམ་ཅིག་འཁྱིད་དེ་ ག་དེ་སྦེ་ནི་ང་ མནའམ་འདི་བཟུམ་འདི་ང་ འབད་འོང་འབད་འོང་ཟེར་ བཞག་ནི་བཞག་ནི་ཟེར་འཁྱིད་ཡི་མོ། ང་འདི་ ཨང་རྒས་ཡར་སོང་ཡི་ཟེར།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཆུ་དང་ ཤིང་འཐུ་བར་འགྱོ་མི་ཚུགས་པས་ཟེར་འཁྱིད་འོང་ཡི་། འདི་བཟུམ་གྱི་མནའམ་འདི་ ག་ཅི་གི་མནའམ་སྨོ་ཟེར་ མནོ་ནུག།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    འ་ ཧ་ལམ་ཅིག་ལས་ ཨ་ནི་འདི་ གོང་ནོང་(ཆུ་དབོག་ནི་གི་པ་ལང)བསྡམས་ནུག། གོང་ནོང་ དང་ཕུ་གོང་ནོང་འོང་སྨོ་གོང་ནོང་། གོང་ནོང་བསྡམས་ གོང་ནོང་བསྡམས་ ཨ་ནི་ཙིགཔ་ཟ་སྟེ་ དང་དང་དུང་དུང་འབད་ནུག། ཨ་ནི་གིས་ གོང་ནོང་དང་དང་དུང་དུང་འབད་དེ་ གནའམ་ཡང་ཤེས་ནུག་ ཨ་ནི་ཙིགཔ་ཟ་དེས་ཟེར་མནོ་ནུག།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཨ་ནི་ ང་འགྱོ་གེ་ ང་འགྱོ་ནི་ཟེར་ སླབ་ནུག། ཨ་ མིན་དགོ་མིན་དགོ། ང་ར་འགྱོ་ནི་ དང་ཕུ་ལས་ར་ འབག་སྡོད་མི་མི་ཨིན་ཟེར་ འོང་ནུག་ ཨ་ནི་གིས་ དེ་ལས་ གནའམ་གིས་ བཟུང་བཞག་ནུག། གོང་ནོང་ལས་བཟུང་བཞག་ནུག། དེ་ལས་ ཨ་ནི་གི་མ་བྱིན་པས། ཕར་ཚུར་ཕར་ཚུར་ བཤད་ནུག་ཧ་ལམ་ཅིག་ལས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཧ་ལམ་ཅིག་ལས་ ཕྱེན་ཤོར་ཏེ་ ཨ་ནི་དང་གོང་ནོང་དང་ དང་དང་དུང་དུང་སྦེ་ འཕྱག་འབག་སི་མར་བལྟ་ བླ་མ་མཁྱེན་ནོ། རམ་རུམ་བཏང་ ཁྱིམ་ལས་མར་ཡར་སོང་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཡ་ཧ་ མར་སོང་སྟེ་ སའི་ཐལཝ་ནང་ ཐལཝ་གིས་གང་ཚར་ནུག་ ཡར་བལྟ་སྟེ་ བླ་མ་མཁྱེན་ནོ་ འ་ནཱི་བཟུམ་གནའམ་འདི་ ག་དེ་སྨོ་ཕྱེན་ཤུགས་ཏེ་ བླ་མ་མཁྱེན་ནོ་ ནི་མས་ ང་གི་གནའམ་ ང་ཟེར་མནོ་ནུག
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཧ་ལམ་ཅིག་ལས་ ཨ་ནི་ལོག་འོང་ནུག། ལོག་འ་ནཱ་ལས་ལོང་སྟེ་འོང་། ད་རུང་ ཨ་ནི་དེ་ ཆུ་ལེན་པར་སོང་ནུག། ཆུ་ལེན་ འ་ནཱི་གནའམ་ལུ་ཏེ་ ག་ཅི་ཡང་མི་སླབ་ ང་ ཕྱེན་འདི་ར་ཤོར་མས་ཟེར་ སླབ་ནུག། ཧ་ལམ་ཅིག་ལས་ འབད་དེ་ར་སྡོདཔ་ལས་ ཨ་ནི་འདི་ འུ་སྡུག་སྡུགཔ་མས། ལཱ་འབད་དེ་ར་སྡོད་ ཆུ་དང་ཤིང་ལེན་པར་སོང་།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ ཤུལ་ལས་ ཨ་ནི་རང་འཐག་བསྒྱིར་ནུག། རང་འཐག་བསྒྱིར་འོང་། རང་འཐག་བསྒྱིརཝ་ད་ རང་འཐག་བསྒྱིརཝ་ད་ འ་ནཱི་གནའམ་དེ་་ མ་འཁྱིད་ཀྲིག་ཀྲི་བཏང་ནུག། བསྐྱལ་སར་བསྐྱལ་ནུག། སླབ་པ་ཅིན་ ད་རུང་ ཕྱེན་ཤོར་ཏེ་ ང་འཕྱག་འབག་འོང་ཟེར་ ང་ འ་ནཱི་གནའམ་འདི་ མ་འཁྱིད་མ་འོང་པ་ཅིན་ཟེར།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཨ་ མོ་གིས་ རང་འཐག་ དང་དང་དུང་དུང་འབད་ནུག་ ཙིགཔ་ཟ་སྟེ་ཨ་ནི་གིས། རང་འཐག་དང་དང་དུང་དུང་ཟེར་འབད་ནུག་ལགས། ཨ་ནི་ ང་གིས་འབད་གེ་ཟེར་ སླབ་ནུག་ ང་གིས་འབད་གེ
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    མིན་དགོ་མིན་དགོ་མིན་དགོ་མིནདགོ་མིན་དགོ་ ང་གིས་ར་འབད་ནི་ཟེར་ སླབ་ནུག་ལགས། དེ་ལས་ གནའམ་གིས་ རང་འཐག་གཡུག་པ་ལས་བཟུང་བཞག་ནུག་ དེ་ལས་ ཨ་ནི་གིས་ མ་བཏངཔས། གནའམ་གིས་མ་བཏང་པས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཧ་ལམ་ཅིག་ལས་ བསྒྱིརཝ་ད་ ཕྱེན་ཤོར་ཏེ་ ཨ་ནེ་དང་ རང་འཐག་དང་ རང་འཐགས་བཙུགས་སའི་ སྒྲོམ་དང་འཕྱག་འབག་སྟེ་ དང་དང་དུང་དུང་འབད་དེ་སོང་ནུག་མར་ལས་མར་ བླ་མ་མཁྱེན་ནོ་ ད་རུང་ཚར་ནུག་མར།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    བླ་མ་མཁྱེན་ནོ་ འ་ནཱི་ཚུ་ ཨ་ནི་གིས་ གནའམ་འདི་ མིན་དགོ་མིན་དགོ་ སོང་ཁྱོད་མིན་དགོ་ང་ལུ། ང་དགོ་པའི་མི་མེན་པས། ང་འདི་ཤི་ནི་རང་འབད་ཡི། རང་ཐགས་ཀྱི་བཀྲུམས་ཏེ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    སོང་ མིན་དགོ། སོང་ད་ ཁྱོད་མིན་དགོ། སོང་ད་རེས་ཟེར་ར་ བདའ་བཏང་ནུག་ད་འབདན་ རང་འཐག་གིས་ཕྱག་འབག་སོང་ རང་འཐག་དང་ ཨ་ནི་ མར་ལས་མར་ བདེན་བདེན་ ཨ་ནིའི་ བཀའ་སྒྲུབ་པར་འགྱོ་ནི་ཟེར་སོང་ནུག་ ལོག་སོང་སྟེ་ ཡར་ལྷོདཔ་ད།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    རྩིསཔ་དང་ཕྱེད་ནུག། ད་ཅིའི་རྩིས་པ་ཕྱེད་ནུག་ རྩིསཔ་ཕྱེད་ནུག། འ་ ཁྱོད་དེ་ག་ཏེ་འགྱོཝ་སྨོ་ཟེརཝ་ད་ ང་འདི་འགྱོ་དོ། ཁྱོད་ཀྱི་ ནཱ་གི་ཨ་ནི་གིས་ བདའ་བཏང་སྟེ་འགྱོ་དོ་ང་འདི་ཟེརཝ་ད་ ག་ཅི་སྦེ་ཟེརཝ་ད་ ཁ་ཙ་ཁ་ཉིནམ་འགོ་དང་པ་ ཕྱེན་གྱི་ཚར་གཅིག་གོང་དོང་དང་ཨ་ནི་གཉིས་ཆ་ར་ འཕྱག་འབག་སོང་ཡི། ད་ལྟོ་ ད་རེས་གཉིས་པ་འབདཝ་ད་ རང་འཐག་དང་ རང་འཐག་བཙུགས་སའི་སྒྲོམ་ ཨ་ནི་ཡང་ ཕྱག་འབག་སོང་ཡི་ཟེརཝ་ད།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དབའི་ མི་འོང་ས་ ག་བཟུམ་ཅིག་གི་ ཕྱེན་ཡོད་སྨོ་ ཁྱོད་ལུ་ཟེརཝ་ད་ ཚར་གཅིག་ང་ལུ་ བཏང་བལྟ་ཤིག་ཟེརཝ་ད་ མིན་དགོ་ ཁྱོད་ལུ་འདི་ མི་བཏང་ ཁྱོད་འཕྱག་འབག་སྟེ་ བུད་འོང་ཟེརཝ་ད།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    བཏང་བཏང་བཏང་བལྟ་ཤིག་ཟེར་ སླབ་ནུག། མིན་དགོ་ ང་མི་བཏང་ མི་འབག་ཟེརཝ་ད་ བཏང་བལྟ་ཤིག་ཟེརཝ་ད་ མིན་དགོ་མིན་དགོ་ ཁྱོད་འཕྱག་འབག་འོང་ འབག་འོང་ཟེརཝ་ད།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཧ་ལམ་ཅིག་ལས་ ཁོ་ཡང་རྩིསཔ་ཨིན་པས། ཁོ་གི་ རྔ་དང་རོལམོ་ ས་ཁར་བཞག་ཞིནམ་ལས་ དཔེ་ཆ་ནཱ་བཞག་ཞིནམ་ལས་ འ་ནཱའི་ ཤིང་དུམ་ལས་བཟུང་ནི་ང་ ཁྱོད་ཀྱིས་ཕྱེན་བཏང་ བཏང་བལྟ་ཤིག་ ང་ལུ་ཟེར་སླབ་ནུག་ ཤིང་དུམ་ལས་བཟུང་སྟེ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    མིན་དགོ་ འཕྱག་འབག་འོང་ ཤིང་དུམ་གཅིག་འདི་འབག་འོང་། འབད་མི་ཚུགས་ ཁྱོད་ཀྱི་ འ་ནཱི་འདི་འབད་མི་ཚུགས་ཟེརཝ་ད་ མིན་དགོ་ འབག་འོང་ཟེརཝ་ད་ ང་གིས་ འ་ནཱི་གུ་ སྒྲིང་སྒྲིང་བཟུང་འོང་། བཏང་བཏང་བལྟ་ཤིག་ཟེརཝ་ད།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ཏེ་ ཕྱེན་བཏངམ་ཅིག་ ཕྱེན་བཏངམ་ད་ ཤིང་དུམ་དང་ ག་ར་ འཕྱག་སྟེ་འབག་སྟེ་ དང་དང་དུང་དུང་ རྔ་དང་རོལམོ་ག་ར་ འབག་སོང་ནུག་ ཐལཝ་ར་ཐོ་ལོག་ལོ་སོང་ནུག། ཡ་ སོང་སོང་མིན་དགོ། ང་མིན་དགོ་ ཁྱོད་མིན་དགོ་སོང་སོང་ཟེར་ སླབ་ནུག་ ཧ་ལམ་ཅིག་ལས་ མོ་འགྱོ་ནུག་ དེ་ལས་སོང་ནུག།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ཏེ་ ཡར་སོང་སྟེ་ འ་ནཱི་འདི་ ད་ལྟོ་ མོ་ མཁའ་འགྲོའི་ཐུགས་ཨིན་མས་ དེ་འབད་ནི་འདི་གིས་ མཁའ་འགྲོ་ཨིནམ་ལས་ མོ་རའི་ ལྷ་གཡུས་ལུ་སོང་སྟེ་ ག་ཏེ་འགྱོ་འགྱོཝ་རང་མ་ཤེས་པར་ ལྷ་གཡུས་ལུ་སོང་ཡི་ཟེར་ སླབ་ཨིན་མས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ད་ འདི་བཟུམ་སྦེ་གཏམ་དེམ་ཅིག་ཨིན། དང་ཕུ་ དེ་སྦེ་ ང་བཅས་ཀྱི་ ཨ་རྒས་ཨ་པ་ཚུ་གིས་ འབད་དེ་འདི་བཟུམ་ ང་གིས་དེམ་ཅི་ཞུ་དོ་ ཁྱེད་ཚུ་ལུ་གཏམ་ ཡ་ ལགས་སོ།