Video Overview
Sangay Tshewang learned this story from a grandfather in Bezur village. Since he worked with that grandfather as a carpenter, he would have the chance to hear stories such as this one. Today, the number of storytellers is in decline, with the modernization of youth. The story is about the skillful mother and her lazy boy. The mother had many ideas about how to make her son active. She kept supplies of meat and butter low, to let her son go out to bring home more supplies. The son subsequently became so active that he became rich and successful.
སངས་རྒྱས་ཚེས་དབང་གི་ གླུ་གཞས་འདི་ སྦས་ཟུར་ལས་ཨིན་མི་ མོ་རའི་ ཨ་རྒས་ལས་ལྷབ་འདི་ཡོདཔ་ཨིན་མས། ཁོ་གིས་ཨ་རྒས་མཉམ་ བཟོའོ་གྱི་ ལཱ་འབད་དོ་ཡོདཔ་ལས་བརྟེན་ འདི་གིས་སྐབས་ལུ་ ཨ་རྒས་འདི་གིས་ སྲུང་བཏང་དོ་ཡོདཔ་ཨིན་མས། ད་རེས་ནང་པ་འབད་བ་ཅིན་ སྲུང་བཏང་ནི་ཡོད་མི་འདི་ མར་ཉམས་འགྱོ་དོ་ཡོདཔ་ཨིན་མས། འདི་་ཡང་ རྒྱལ་ཁབ་ཡར་རྒྱས་ འགྱོ་བ་ལས་བརྟེན་ཨིན་མས། ད་ལྟོའི་སྲུང་འདི་ཡང་ ཐབས་ཤེས་ཡོད་མི་ ཨམ་ཅིག་དང་ དེ་ལས་ མོ་ལུ་ཡོད་པའི་ ལས་ལོ་ཅན་གྱི་ བུ་སྐོར་ལས་ ཨིན་མས། མོ་ལུ་ཡོད་ བུཚ་འདི་གིས་ ཁྱིམ་ནང་ལུ་ཡོད་པའི་ ལཱ་གཡོག་ག་ནི་ཡང་ མ་འབད་བར་ བྱི་ལི་བཟུམ་འབད་ ཨ་རྟགས་ར་ མེ་གསོ་དོ་ཡོདཔ་ཨིན་མས། ཚར་ཅིག་ ཨམ་འདི་གིས་ གནས་སྐབས་སྟོན་ཞིནམ་ལས་ ཤ་དང་མར་ དེ་ལས་ དར་ཚིག་ཚུ་ ཁྱིམ་འོག་ལུ་ སྐྱེད་བཞག་ཞིམ་ལས་ བྱ་ཚུ་སྤུངས་སྡོད་ནུག་ བལྟ་བར་སོང་ ཟེར་ཡི་ར་ བལྟ་བར་ བཏང་ནུག། དེ་ལས་གོ་དང་པ་ འགྱོཝ་ད་འདི་ ཨ་རྩི་ཉམས་ཚེས་འདི་ འགྱོ་ཡོདཔ་དང་ དེ་ལས་ཚར་གཉིས་གསུམ་ འགྱོཝ་ད་འདི་ སྤྲོ་བ་སྐྱེད་འདི་འགྱོཝ་ལས་བརྟེན་ ཨའི་གིས་ གནས་སྐབས་ལས་བརྟེན་ བུ་འདི་ངར་ཡེང་ཡེ་ ཡར་སོངམ་ཨིན་མས།
- Kidzom
- Tang
- Bumthang
- སངས་རྒྱས་ཚེ་དབང་ Sangay Tshewangད་ཨ་ནཱི་ཡོད་པའི་ ཨའི་གཅིག་དང་བུ་གཅིག་སྦེ་ བུཚ་འདི་སྦོམ་སྦེ་ཡོད་དོ་མས་ གནམ་མེད་ས་མེད་རྡོག་རིལ་རི་ འ་ནཱི་གི་མཇུག་(སྲུང་འདི་གི་མཇུག་) དུམ་གྲ་ཅིག་བརྗེད་སོང་ནུག་ས།
- སངས་རྒྱས་ཚེ་དབང་ Sangay Tshewangམ་པ་འདི་ ལེགས་ཤོམ་ཡོད་པའི་ ཏེ་ འ་ནཱི་བུཚ་འདི་ ལཱ་གཡོག་རྩ་ལས་རང་འབད་མ་བཏུབ་མི་ཅིག་ཨིན་པས། ཨའི་གིས་བཏུལ་མ་ཚུགས་མི་ཅིག་ བཞེས་སྒོ་འདི་ཧམ་ཏག་ཏ་ཟ་སྦེ།
- སངས་རྒྱས་ཚེ་དབང་ Sangay Tshewangམར་ཐབ་ཁར་ལས་ པུས་མོ་མེ་གིས་འཚིགས་རུང་ཟུར་མ་ཤེས་མི་ པུས་མོ་མེ་གིས་འཚིགས་མི་ཟེར། དེ་ལས་ ཨའི་ཐབས་ཤེས་མཁས་པ་ཅིག་སྡོད་ནུག་ལགས་ ཏེ་ ཨའི་རིག་པ་ཡོདཔ་མས།
- སངས་རྒྱས་ཚེ་དབང་ Sangay Tshewangབུཚ་འདི་གཡོག་བཀོལ་ཚུགས་ནི་གི་དོན་ལུ་ ཉིནམ་གཅིག་འབདཝ་ད་ ཤ་དོ་གཅིག་བསྡམས་ཏེ་ ཁྱིམ་གྱི་འོག་ལུ་ བསྐྱེལ་བཞག་བཞགཔ་མས། བུཚ་གི་མིང་ལུ་ ལས་སྐྱིད་དབང་འདུས་ཟེར་འབོ་དོ་མས།
- སངས་རྒྱས་ཚེ་དབང་ Sangay Tshewangལས་སྐྱིད་དབང་འདུས་ལོ་ ལས་སྐྱིད་དབང་འདུས་ཟེར་འབོ་དོ་མས་ འ་ནཱི་ ཨ་མ་གིས་སླབ་སླབ་མས་ ལས་སྐྱིད་ཕུན་ཚོགས་མེན་ ལས་སྐྱིད་དབང་འདུས་འགྱོ་འགྱོ་ད་རེས་མར་ལུ་ ཨོ་ལ་གིས་ ཙེའུ་གུ་གནམ་མེད་ས་མེད་མཆོ་ཏོ་རྐྱབ་དེས་ ཡངན་ཟ་ནི་འཐུང་ནི་རེ་ཡང་འོང་ བལྟ་བར་འགྱོ་ཟེར་སླབ་སླབ་མས།
- སངས་རྒྱས་ཚེ་དབང་ Sangay Tshewangབུཚ་གིས་ཐབ་གི་རྩ་བ་ལས་ དཀའ་དཀའཝ་བཟུམ་བཟོ་སྟེ་ ཨ་ལ་ལ་ཟེར་ ཡར་སྒོ་སྒྲིག་ན་ལས་བལྟ་བལྟཝ་མས། ཏེ་དེ་ལས་ ཨོ་ལ་གིས་མཆོ་ཏོ་རྐྱབ་སར་མཐོང་སྟེ་ སོང་སོངམ་མས་ཡར་ལས།
- སངས་རྒྱས་ཚེ་དབང་ Sangay Tshewangཨ་མ་ཤ་དོ་གཅིག་ཨིན་པས་ ང་གིས་འབག་འོང་ཡི་ཟེརཝ་ད་ འ་ནཱ་བལྟ་ཤིག་ཏེ་ ཁྱོད་ཀྱི་དུམ་གྲ་རེ་ཕར་དང་ཚུར་འགྱོ་ཟེར་སླབ་ད་ མི་ཉན་པས་ཏེ་ ཕར་ཚུར་རྐང་ཐང་དྲངས་ཏེ་འགྱོ་བ་ཅིན་ འ་ནཱི་སྦེ་ ཟ་རྒྱུ་འཐུང་རྒྱུ་ཐོབ།
- སངས་རྒྱས་ཚེ་དབང་ Sangay Tshewangཨིན་པས་གམ་ཟེར་ སླབ་སླབ་མས་ ཨའི་གིས་གནས་སྐབས་བཏོན་ཏེ་བཞག་བཞགཔ་མས། དེ་ལས་ ད་རུང་ནངས་པ་འབདཝ་ད་ ཨའི་གིས་མར་དོ་གཅིག་བསྐྱེལ་བཞག་ནུག་ཏེ་ ཙེའུ་ནང་བསྡམས་ཞིན་ན།
- སངས་རྒྱས་ཚེ་དབང་ Sangay Tshewangད་རུང་ ཨོ་ལ་གིས་མཆོ་ཏོ་རྐྱབ་རྐྱབ་མས། འགྱོ་འགྱོ་ད་རེས་ཡང་ མར་ལུ་ད་རུང་ཨོ་ལ་གིས་མཆོ་ཏོ་རྐྱབ་དེས་ ད་རུང་འོང་ག་མི་ཤེས་ ག་ཅི་ཅིག་ང་བཅས་ར་ཟེརཝ་ད།
- སངས་རྒྱས་ཚེ་དབང་ Sangay Tshewangདུམ་གྲ་ཅིག་སྒྱིད་ཐག་ཡང་སུ་ཅིག་ཡར་སོང་ནུག་ མགྱོགས་སུ་ཙམ་ཅིག་སོང་ཞིནམ་ལས་ འཐུ་འབག་མས་ལོ་ མར་དོ་གཅིག་འདུག་ཟེར་སླབ་སྟེ་ འམ་་་བལྟ་ཤིག་ཏེ་ ཨ་མ་གིས་སླབ་ད་ དུམ་གྲ་ཅིག་ཡང་མི་ཉན་པས་ ད་དེ་སྦེ་འགྱོཝ་ད།
- སངས་རྒྱས་ཚེ་དབང་ Sangay Tshewangཤ་འདིནི་ཁྱོད་ཀྱི་འབག་འོང་ཡི་ མར་འདིནི་ཁྱོད་ཀྱིས་འབག་འོང་ཡི་ ད་བལྟ་ཤིག་ང་བཅས་ར་གཉིས་ཟ་ནི་འདུག་གོ་ཤིག་ཟེར་ སླབ་སླབ་མས།
- སངས་རྒྱས་ཚེ་དབང་ Sangay Tshewangཏེ་ བུཚ་བཏུལ་ནི་གི་དོན་ལུ་ཨིན་པས་ ཏེ་ ཕར་ཚུར་ལཱ་གཡོག་འབད་ཚུགས་ནིའི་དོན་ལུ་ ཨའི་གིས་སྟོན་བྱིན་བྱིནམ་མས། དེ་ལས་ ཁ་ཉོག་སྟེ་འབད་མ་ཚུགས་པས་ ཏེ་ བུཚ་འདི་ ཕར་ཕར་རང་སོང་ནུག་གཡུས་བཤལ་ཏེ།
- སངས་རྒྱས་ཚེ་དབང་ Sangay Tshewangདེ་ལས་ སོངམ་ད་ ཧ་ལམ་ཉིནམ་གཅིག་འབདཝ་ད་ ཨ་ཡར་ང་བཅས་ཀྱི་ ཤིང་སྦོམ་ཅིག་ཡོད་སར་ཡང་ གནསཔོ་ཡོད་སྦ། རོགས་དམངས་ཀྱིས་ གནསཔོ་སྦེ་བརྟན་བརྟནམ་ཅིག་ཡོད་དོ་མས་དེ་ཁར།
- སངས་རྒྱས་ཚེ་དབང་ Sangay Tshewangལོ་གཅིག་གི་ནང་ ཚར་རེ་མཆོད་དགོཔ་མས་དམངས་སྦེ་ གསོལ་དགོ་པའི་ལྷ་གསོལ་ དཔའ་མོ་ཞུ་ཞིནམ་ལས་ གོ་ལ་ལེགས་ཤོམ་ གཡུ་བྱུ་རུ་ཚུ་འབག་ཞིནམ་ལས་ ཚར་གཅིག་གནསཔོ་ལུ་བྱིན་དོ་བཟུམ་འབད་ཞིནམ་ལས་ཕུལ་དགོ་པའི་ འ་ནཱི་སྦེ་འབད་དགོཔ་ཅིག་ཡོད་དོ་མས།
- སངས་རྒྱས་ཚེ་དབང་ Sangay Tshewangལོ་དུས་ཚར་རེ་རེ་ དེ་ལས་ རོགས་འ་ནཱི་འབད་བའི་དུས་ཚོད་ལུ་ ཁོ་ལྷོད་ལྷོདཔ་མས་ དེ་ལས་ བུཚ་འདི་བཤལ་ཏེ་འགྱོ་བའི་ལམ་ཁར་ མི་ཚུ་འ་ནཱི་བཅའ་སྒྲིགས་རྐྱབ་ནུག་ མཆོད་བཤམ་འདི་ཚུ་བཟོ་ སྦ་ལེབ་ཐིང་སྦེ།
- སངས་རྒྱས་ཚེ་དབང་ Sangay Tshewangདེ་ལས་ རོགས་ཀྱི་བློ་ག་ར་ཁོ་གིས་ཉན་ནུག་སྦ་ ག་དེ་སྦེ་འབད་ནི་ཨིན་ན་ གུ་དེ་སྦེ་འབད་ནི་ཨིན་ན་ འམ་་་ནངས་པ་ང་བཅས་བདུད་མཆོད་དགོ་ གོ་ལ་གི་ཟོང་ཆ་འ་ནཱི་འབག་དགོ་ རྒྱུ་བྱུ་རུ་དང་ཅ་ལ་འབག་སྟེ་ འ་ནཱི་སྦེ་མཆོད་དགོཔ་ཨིན་ཟེར།
- སངས་རྒྱས་ཚེ་དབང་ Sangay Tshewangདཔའ་མོ་དེ་སྦེ་གསོལ་དགོ་ཟེར་ ནངས་པ་མཆོད་ནི་ཟེར་ བཅའ་སྒྲིགས་རྐྱབ་བཞག་སྟེ་ སྦ་ཐིང་བཞག་བཞག་མས་ ཕྱི་རུ་ཁོང་ར་ཁྱིམ་ནང་ཉལ་བར་སོང་ནུག་ ཕྱི་རུ་ཁོ་འགྱོ་ཞིནམ་ལས་ སྦ་ལེབ་ཀྱི་འོག་ལུ་ དོང་བརྐོ་ནུག་སྟེ་ དོང་བརྐོ་ཞིནམ་ལས་ འདི་གི་ལྟག་ལུ་ རྡོ་ལེབ་ཅིག་བཀལ་ཏེ་ ཁོ་ར་ཤོངམ་ཅིག་ སྦ་ལེབ་ཀྱི་འོག་ལུ་ ཀྲིག་ཀྲི་བཟོ་སྟེ།
- སངས་རྒྱས་ཚེ་དབང་ Sangay Tshewangའཛུལ་སྡོད་ནུག་ཏེ་ རོགས་ནངས་པ་ དཔའ་མོ་གསོལ་ནི་རེནམ་ད་ དེ་ལས་ གནམ་མེད་ས་མེད་མི་བསྐོར་ར་རྐྱབ་སྟེ་ ལྟོདམོ་བལྟ་སྟེ་ཡོད་དོ་མས་ དཔའ་མོ་གསོལ་བའི་སྐབས་ དེ་ལས་ དཔའ་མོ་གི་འོག་ལས་ ཁོ་གིས་ དཔའ་མོ་གསོལ་ཏེ་ ཨ་ཙི་ཅིག་ དོང་དོང་་་་་དོང་བཏང་གསོལཝ་ད་ ཁོ་གིས་ཨ་ཙི་རེ་ཡར་འཐུ་འཐུཝ་མས་རྡོ་ལེབ་འདི་ ཏེ་དེ་ལས་འཐུཝ་ད་ཏེ།
- སངས་རྒྱས་ཚེ་དབང་ Sangay Tshewangཧ་ལམ་ཅིག་ལས་ ཨ་ནཱི་དཔའ་མོ་གིས་མཐོང་མཐོངམ་མས་ ཏེ་ གཞན་མི་ཚུ་གིས་མ་མཐོང་པས་ རྡོ་ལེབ་འདི་ཡར་ལྷོང་ལྷོང་བཏང་སྤར་ས་ དེ་ལས་དཔའ་མོ་ཕར་ཕར་སོང་ནུག་ དོང་དོང་་་་དོང་སྦེ་ དེ་ལས་ མང་སུ་མང་སུ་འབདཝ་ད་ དཔའ་མོ་བྱོག་ཡར་སོང་ནུག་སྟེ་ ད་འབདན་ག་ཅི་ཨིན་ན་ ལྟས་ངན་ཅིག་འོངམ་འདྲས་ཟེར་ མི་ཚུ་ཡང་ག་ར་བྱོག་ཐལ་སྦེ།
- སངས་རྒྱས་ཚེ་དབང་ Sangay Tshewangགོ་ལའི་ཟོང་དང་ དོས་ཚུ་ག་ར་ཁོ་གིས་འབག་འོང་ནུག་ རོགས་འདྲོག་སྟེ་ མགྱོགས་འགྱོཝ་ད་ ཧ་་་ཧ་་་(Speaker Laughs) དེ་ལས་ཚུར་ ཕྱུག་པོ་འགྱོ་འགྱོཝ་མས་ ཧ་་་ཧ་་་(Speaker Laughs) ཏེ་ ཨའི་གིས་ཐབས་ཤེས་བཏོན་ཞིན་ན་ དེ་སྦེ་བཏུལ་ཏེ་ དེ་ལས།
- སངས་རྒྱས་ཚེ་དབང་ Sangay Tshewangདེ་ལས་འདི་ ཁོ་ཕར་ཕར་རང་སོང་ནུག་ཏེ་ མཇུག་མཐའ་མཇུག་ ཁོ་གིས་ དཔོན་ཡང་འབད་ནུག་སྦ་འབད་ནི་འདི་ ཨ་ནཱི་ མཇུག་གི་དུམ་གྲ་ཅིག་བརྗེད་སོང་ནུག་ས་ ལེགས་ཤོམ་སྦེ་མི་ཤེས་པས་ མ་པ་ཨ་ནེམ་ཅིག་ཚུན།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukད་ང་བཅས་ར་ དཔེ་གཏམ་ལས་ཡང་ སླབ་་་ སླབ་མས་མེན་ན?
- སངས་རྒྱས་ཚེ་དབང་ Sangay Tshewangཧ་་་་ཧ་་་་(Speaker Laughs)
- ཡེ་ཤེས་དབང་ཕྱུག་ Yeshi Wangchukསྡོདཔ་བ་འགྱོཝ་དྲག་ཟེར།
- སངས་རྒྱས་ཚེ་དབང་ Sangay Tshewangཧ་ཧ་ འོང་ལགས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའོང་་་ འ་ནཱི་བཟུམ་སྦེ།
- སངས་རྒྱས་ཚེ་དབང་ Sangay Tshewangའ་ནཱི་ཨིན་པས་ལགས་ཨིན་རྒྱུ་ གནས་སྐབས་འདི། ཕམ་གིས་བུཚ་དུམ་གྲ་ཅིག་སྒྱིད་ཐག་ཡང་ཏོང་ཏོ་འགྱོ་ནིའི་དོན་ལུ་ གནས་སྐབས་གནམ་མེད་ས་མེད་བཟོ་ནུག་སྦ་ འ་ནེམ་ཅིག་ཨིན་ལགས།