Skip to main content Skip to search
17 Feb 2017
4 min
Rating
0
No votes yet
Video Overview
Creators: 
Duptho , Chimi Wangmo

བཀྲིས་བསྒང་རྫོང་ཁག་ གཡང་གཉེར་རྒེད་འོག་ འདེམས་མཁར་གཡུས་ཚན་ལས་ གྲུབ་ཐོབ་དབང་མོ་གིས་ བཏང་མི་སྲུང་འདི་ མིག་ཏོ་གཉིས་ཆ་ར་ སྲིནམོ་གིས་བཟའ་ཡོད་པའི་ ཨ་རྒས་ཨང་རྒས་བཟའ་གཉིས་ཀྱི་སྐོར་ལས་ཨིན་པས། ཤུལ་ལས་ རོ་ཁྱི་ཅིག་ ཁོང་གཉིས་ཀྱི་ཁྱིམ་ནང་འོང་སྟེ་ ཁོང་གཉིས་ལུ་ཆ་རོགས་འབད་དེ་ སྲིནམོ་འདི་བཏུལ་ཡོདཔ་ལས་ ཁོང་གཉིས་ཀྱིས་ རོ་ཁྱི་འདི་ལུ་ ཚར་གཅིག་འཕུརཝ་ཅིག་ སེམས་ཅན་བརྒྱ་སྦེ་བཀུག་ཚུགས་པའི་ རྫུ་འཕྲུལ་ཅན་གྱི་ རཝ་ཅིག་བྱིན་ཡོདཔ་ཨིན་པས། འདི་འབདཝ་ལས་ སྲུང་འདི་གི་བཅུད་དོན་འདི་ ལེགས་ཤོམ་འབད་བའི་ཤུལ་འདི་ ལེགས་ཤོམ་ཐོན་འོང་ཟེར་བའི་ དོན་དག་ཨིན་པས། 

Show More

  • གྲུབ་ཐོབ་བཟང་མོ
    དང་ཕུ་ ཨང་རྒས་གཅིག་དང་ཨ་རྒས་གཅིག་ཡོདཔ་མས། ཨང་རྒས་དང་ཨ་རྒས་འདི་ མིག་ཏོག་མེད་པར་ བར་ན་ལུ་ ཨང་རྒས་ཀྱིས་ལྟོ་འབད་དེ་ར་ ཨང་རྒས་ཀྱིས་ཨ་རྒས་ལུ་བྱིན་ཏེ་ ཨ་རྒས་ལྟོ་ལྷོད་ཅི་ག་ཟེརཝ་ད་ལུ་ མིན་འདུག་མིན་འདུག་མ་ལྷོད་ཟེར། དབའི་ ལྟོ་ག་སྟེ་འབག་འབགཔ་ཨིན་ན་ ལྟོ་ག་གིས་འཐེན་འབག་འབགཔ་ཨིན་ན་ཟེར།
  • གྲུབ་ཐོབ་བཟང་མོ
    ད་རུང་ཡང་ ལྟོ་འབད་བྱིན་ཏེ་ ཏེ་ ད་རུང་རང་ ཨ་རྒས་ལྟོ་ལྷོད་ཅི་ག མ་ལྷོད་མ་ལྷོད། ཨེང་ ཡ་ ད་རུང་ར་ ལྟོ་འབད་བྱིན་ཏེ་ ད་རུང་ཡང་ ལྷོད་ཅི་ག་ཨ་རྒས། མིན་འདུག་ མིན་འདུག་ མ་ལྷོད། དེ་ལས་ ཨ་ནཱ་བཟའ་མི་ཅིག་ཡོདཔ་མས། ཨ་ནཱི་འབདཝ་ད་ལུ་ རོ་ཁྱི་གིས་ རོ་ཁྱི་སྡོད་ནུག
  • གྲུབ་ཐོབ་བཟང་མོ
    རོ་ཁྱི་དྲང་བཏངམ་ད་ལུ་ ཨང་རྒས་ ཨ་རྒས་མ་དྲང་ང་ཟེར། ཁྱོད་གཉིས་ལུ་ དྲིན་ལན་ཅིག་མཇལ་ནི་ཟེར། ཁྱོད་ག་ཅི་དགོ་ནི་སྨོ་ཟེར་ ཨང་རྒས་དང་ཨ་རྒས་ ཁྱོད་ག་ཅི་དགོ་ནི་སྨོ་ཟེར་ ཧཝ་ཧཝ་ ལྟོ་ཁམ་རྡོག་ཅིག་གནང་ཟེར་སླབ་སླབ་མས། སླབ་ད་ལུ་ ཏེ་ ཁོ་གིས་ ཏེ་ ཨང་རྒས་ཁྱོད་ཀྱིས་ག་ཅི་བྱིན་ནི་ ང་གིས་མིག་ཏོག་མཐོངམ་བཟོ་ནི་ཟེར།
  • གྲུབ་ཐོབ་བཟང་མོ
    དེ་ལས་ ཨེང་་ མིག་ཏོག་འདི་ནི་ རོགས་སྲིན་པོ་གིས་མིག་ཏོག་བཏོན་ཏེ་ ཨང་རྒས་ ཨ་རྒས་ཀྱིས་མིག་ཏོག་གུ་བཏང་ནུག ཨ་རྒས་ཀྱིས་མིག་ཏོག་གུ་ བཏངམ་ད་ལུ་ ཨ་རྒས་མིག་ཏོག་བཟོ་སྟེ་ ཨ་རྒས་ཀྱིས་མིག་ཏོག་བཟོ་ད་ལུ་ ཨ་རྒས་མཐོང་ཡི་ག་ཟེརཝ་ད་ལུ་ རབ་རིབ་མཐོངམ་མས་ཟེརཝ་ད་ལུ་ ད་རུང་ཡང་ སྲིན་པོ་གཅིག་གིས་ མིག་ཏོག་བཏོན་ཏེ་ ཨང་རྒས་ ཨ་རྒས་ཀྱིས་མིག་ཏོག་གུ་བཏང་།
  • གྲུབ་ཐོབ་བཟང་མོ
    ཨ་རྒས་མཐོང་མས་ག་ ད་འབདན་ཟེརཝ་ད་ལུ་ ཡ་ ད་ རབ་རིབ་མཐོང་མི་འདི་ ག་ར་མཐོང་ཡི་མས་ཟེར་སླབ་སླབ་ཨིན་མས། ཏེ་ ཨ་རྒས་ ཨང་རྒས་ལུ་བཏང་ནུག ཨང་རྒས་གུ་བཏངམ་ད་ མཐོང་ཡི་ག་ཟེརཝ་ད་ལུ་ ཨང་རྒས་ཀྱིས་ མཐོང་ཡི་མཐོང་ཡི་ཟེར་ ཏེ་ ཨ་ཙི་རེ་མཐོངམ་མས་ཟེར། ཨ་རྒས་ ད་རུང་རང་ ཨང་རྒས་ཀྱིས་མིག་ཏོག་ སྲིན་པོ་གིས་མིག་ཏོག་ཅིག་བཏོན་ཏེ་ ད་རུང་ར་ ཨང་རྒས་ཀྱིས་མིག་ཏོག་ཡ་ཅིག་གུ་བཏངམ་ད་ ཨང་རྒས་མཐོང་ཡི་ག་ཟེརཝ་ད་ལུ་ མཐོང་ཡི་མཐོང་ཡི་ཟེར།
  • གྲུབ་ཐོབ་བཟང་མོ
    ཡ་ད་ ཁྱོད་ག་ཅི་དགོ་ནི་ ང་བཅས་གཉིསཔོ་ཆ་ར་ མིག་ཏོག་མཐོངམ་བཟོ་ཡི་ ཁྱོད་ཀྱིས་ཟེར། ཏེ་ ང་ ང་བཅས་གཉིས་མིག་ཏོག་མཐོང་མི་གནམ་མེད་ས་མེད་ དྲིན་ལན་སྦོམ་ཨིན་ཁྱོད་ དྲིན་ལན་སྦོམ་ཨིན་མས་ཟེར། ཁྱོད་ག་ཅི་དགོ་ནི་ཟེརཝ་ད་ལུ་ ཏེ་ གསེར་གྱི་ གསེར་བྲེ་འབད་བྱིན་ཡི། ཨ་ནཱི་ཡང་མིན་དགོ་ཟེར་ནུག
  • གྲུབ་ཐོབ་བཟང་མོ
    དངུལ་བྲེ་འབད་བྱིན་ནུག བྲེ་རེ་བྲེ་རེ་བྱིན་རུང་མ་བཏུབ་པར་ ཏེ་ ད་ ཏེ་ ག་ཅི་དགོ་ནི་ གསེར་བྱིན་རུང་མེན་པས་ཁྱོད་འདི་ དངུལ་བྱིན་རུང་ མིན་དགོ་པས་ཁྱོད་ཟེར་ ཏེ་ ག་ཅ་ིདགོ་ནི་ཟེར། ཏེ་ ཁྱོད་ལུ་གསེར་གྱི་རྭཝ་འདུག་མེན་ན་ ཏེ་ རྭཝ་འདི་བྱིན་ཏེ་ ཨ་རྒས་ཀྱིས་ ཨ་ནཱི་རོ་ཁྱི་འགྱོཝ་ད་ལུ་ ཁྱོད་སྤོ་ཏོ་གུ་ལྷོདཔ་ད་ འཕུ་མས། ཧོག་ཀ་གུ་མ་འཕུ་མས་ཟེར།
  • གྲུབ་ཐོབ་བཟང་མོ
    ཏེ་ ཧོག་ཀ་ སྤོ་ཏོ་སྤོ་ཏོ་གུ་འཕུ་ད་ལུ་ ཏེ་ རྒྱ་ཚམོ་རུ་ཁག་ཅིག་ ཏེ་ ད་རུང་ སྤོ་ཏོ་ཅིག་གུ་ལྷོད་དེ་འཕུ་ད་ལུ་ ད་རུང་ འཕུ་ད་ལུ་ གསེར་གྱི་དུང་དཀར་ གསེར་གྱི་ཨ་ནཱི་འཕུ་ད་ལུ་ ད་རུང་རང་ རྒྱ་ཚམོ་རུ་ཁག་ཅིག་འཐོན་འོང་སྟེ་ ད་རུང་ར་ འཕུ་སྟེ་ སྤོ་ཏོ་ཅིག་གུ་འཕུ་ད་ལུ་ དེ་ལས་ གླང་ རྒྱ་ཚམོ་རུ་ཁག་ཅིག་འཐོན་འོང་ནུག
  • གྲུབ་ཐོབ་བཟང་མོ
    གླང་རུ་ཁག་ཅིག་ དེ་ལས་ ཁྲ་པ་རུ་ཁག་ཅིག་ རུ་ཁག་ཅིག་འབད་འཐོན་འོང་སྟེ་ དེ་ལས་ ཁྱོད་ ཨེང་ ད་ ཨེང་ ཁོ་ཨ་ནཱི་ཅིག་འབད་ སོང་སོངམ་མས། ཏེ་ སོང་སྟེ་ ཨ་ནཱི་ཅིག་སྦེ་ རྫོགས་ཡི་ ད།