Skip to main content Skip to search
05 Jun 2018
13 min 33 sec
Video Overview
Creators: 
Dawa Tshering

This story focses on greed and deception, where a old rich woman deceived a poor boy out of greed. An extraordinary bird helped the boy in exchange for some foxtail millet from the boy's field. The bird gave him several gifts which the boy entrusted to the greedy woman. She exchanged the gifts with duplicates, but eventually her misdeeds return to haunt her. Therefore, the story reveals that one should not be greedy or deceive others. 

༉  སྲུང་འདི་ནང་ ཕྱུག་པོའི་ཨམ་ཅིག་གིས་ འདོད་པ་དང་གཡོ་སྒྱུའི་ཐོག་ལས་ སྤྱང་ཀའི་བུཚ་ཅིག་ མགུ་སྐོར་རྐྱབ་པའི་སྐབས་ བྱ་གཞན་དང་མ་འདྲཝ་ཅིག་གིས་ སྤྱང་ཀའི་བུཚ་གི་མོན་བྱཱ་མ་ཟ་བར་ ཁོ་གི་རེ་འདོད་བསྐང་ཚུགས་པའི་ཅ་ལ་ཅིག་བྱིན་བྱིནམ་མས། ཏེ་ཕྱུག་པོའི་ཨམ་དེ་གིས་ འདི་གི་སྐོར་ལས་ཧ་གོ་སྟེ་  འདོད་པའི་སེམས་ཀྱིས་འབད་ བུཚ་འདི་མགུ་སྐོར་རྐྱབ་སྟེ་ བུཚ་དེ་གི་ཅ་ལ་ངོ་མ་དེ་དང་ མོ་གི་ཅ་ལ་རྫུན་མ་དེ་སོར་དཔ་མས། དེ་ལས་ཕྱུགཔོ་གི་ཨམ་འདི་ ཧེ་མ་ལས་ལྷགཔ་སྦེ་ཕྱུགཔོ་ཐལ་ སྤྱང་ཀའི་བུཚ་འདི་ ལོག་སྟེ་ར་སྤྱང་ཀ་ལུ་ཐལ་བའི་སྐབས་ བུཚ་འདི་གིས་ ཁོ་གི་ཅ་ལ་ངོ་མ་དང་མོ་གི་ཅ་ལ་རྫུན་མ་འདི་ ཨམ་དེ་གིས་སོར་སོརཝ་ཨིནམ་ཧ་གོ་སྟེ་ ཨམ་འདི་ལུ་ཉེས་ཆད་བཀལ་བཀལཝ་སྦེ་འཐོནམ་ཨིན་མས། རྡོ་རྗེ་དབང་མོ་གིས་གཏང་མི་སྲུང་འདི་ནང་ མི་ག་ར་ཨིན་རུང་ གཞན་ལུ་ངན་སེམས་བསྐྱེད་དེ་ གཡོ་སྒྱུ་དང་མགུ་སྐོར་རྐྱབ་ནི་མི་འོང་ཟེར་ སྟོནམ་ཨིན་པས།

Transcript search
No results found for this search
0 of 0
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ད་རུང་ཏེ་དང་ཕུ་དུས་བཞི་ཅིག་ཨིན་མས་ཏེ་ དེ་ལས་ད་རུང་རང་དྭཝ་བུཚ་ཅིག་ཡོདཔ་མས། དེ་ལས་དྭཝ་བུཚ་འདི་ཏེ་ དེ་ལས་ཕྱམ་བཏབ་བཏབ་མས་ཏེ་ཁོ་ རྩེ་རི་བརྫམ་ མེ་དཔག་ ཕྱམ་བཏབ་བཞག་བཞགཔ་མས། ཁོ་ཡང་སྤྱང་ཀ་གི་བུཚ་ཅིག་ཨིན་མས་ཏེ་ བཤལ་ཡི་བཤལ་ཡི་སྡོད་དོཝ་མས་ཁོ་ར་ ཏེ་ཕྱམ་ཞིང་གཅིག་བཏབ་བཞག་སྦེ་ སྤ་་་་ཕྱམ་འདི་ག་ནི་བ་ལེགས་པས་ཟེརཝ་མས་ལོ་ཏེ་རོགས་ ཕྱམ་འདི་ག་ནི་བ་ལེགས་ དེ་ལས་ཡུདཔ་ཅིག་ལས་ ཏེ་ཁོ་ཕྱམ་བཏོག་རནམ་ཡར་སོ་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཡུདཔ་ཅིག་ཁ་ལས་ཏེ་བྱི་ཅུང་འདི་ཚུ་གིས་ཟ་ཆི་ནུག་ལོ་ བྱི་ཅུང་གི་ཚང་འདི་རང་ ཁོ་ར་གི་ཕྱམ་ཞིང་གི་ཚིག་ཁ་ལུ་ཤིང་ཅིག་གུ་མས་ཟེརཝ་མས་ལོ། ཕྱམ་འདི་ག་ར་ཟ་ ན་འཐན་བུང་འགམ་ ཕྱམ་བཏོག་པ་བྱི་ཅུང་གིས་ཟ་ཚར་ནུག་ཏེ་ དེ་ལས་བྱི་ཅུང་གི་ཚང་འདི་རྩ་དཔྱད་བལྟ་དེ་ལས་ ཤིང་འདི་བཏོག་བཏོཔ་མས་ཏེ་ ཏོག་ཏོག་ཏོག་ཏོག་ཟེར་ཤིང་འདི་བཏོག་ དེ་ལས་བྱི་ཅུང་འདི་གིས་སླབ་ནུག་དབའེ་ ངེ་གི་མིང་ཡང་བྱི་ཅུང་བསོད་ནམས་དབང་ཕྱུག་ཟེརཝ་ཨིན་ བྱི་ཅུང་བསོད་ནམས་དབང་ཕྱུག་ལེགས་ཤོམ་ཨིན་ ཁྱོད་ར་བདེན་འཛིན་མ་རེ་བ་ཅིན་ ང་གིས་ཁྱོད་ལུ་ལེགས་ཤོམ་འབད་འོང་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ལེགས་ཤོམ་འབདན་ ད་ལྟོ་རང་འབད་དགོ་པས་ཟེར་ནུག་ ང་བཟའན་ཟ་ནི་མེད་འཐུངན་འཐུང་ནི་མེད་པའི་མི་ཨིན་ཟེར་ ང་དྭཝ་བུཚ་སྤྱང་ཀ་གི་མི་ཨིན་ཟེར་སླབ་སླབ་མས། དེ་ལས་ཏེ་ཤ་འབྱུང་མར་འབྱུང་ དེམ་སྦོམ་ཤོས་འ་ནེམ་ཅིག་བྱིན་བྱིནམ་མས་ཏེ་ གཟན་སྐྱ་དང་སྦྲགས་ ད་ཁྱོད་ར་འ་ནཱི་ཁྱོད་ཀྱི་ཕྱམ་འདི་ང་ ཁྱོད་ཀྱི་ཕྱམ་འདི་བ་འ་ནཱི་རྔམས་ཟེར་ནུག་ ཁྱོད་ར་ཕར་ཁྱོད་རའི་ཁྱིམ་ནང་འབག་སྦེ་ འ་ནཱི་ཤ་འབྱུང་མར་འབྱུང་ལྡེ་མིག་ ཁྱོད་རའི་གྱལ་གྱི་སྦུག་ཁར་བཞག་ དེ་ལས་འ་ནཱི་གཟན་སྐྱ་འདི་གིས་ ཤ་འཐོན་ མར་འཐོན་ ལྟོ་འཐོན་ སྤགས་འཐོན་ ཟེར་སླབ་དགོ་ཟེར་ནུག་ ཨིན་ན་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་འ་ནཱི་འབག་ཚ་ངེར་བཏོན་ཏེ་ར་ཁོ་ར་གི་འཁན་པ་གི་ཁྱིམ་ཅིག་རང་མས་ཏེ་ འཁན་པ་གི་ཁྱིམ་ཅིག་ནང་འཛུལ་སྦེ་བརྡུངས་བརྡུངསམ་མས་ ཀྲེག་ཀྲེག་ཀྲེག་ཟེར་བརྡུངས་ ཨིན་མས་ལོ་ལྟོ་འཐོན་ཟེརན་ ལྟོ་འཐོན་ནི་འདུག་ལོ་ སྤགས་འཐོན་ཟེརན་སྤགས་ ཚོདམ་ག་ཅི་ཟ་དགོ་མནོ་རུང་འཐོན་ནི་འདུག་ལོ་ ཏེ་སྤུས་རྩ་སྦེ་ཟ་ ཏེ་དེ་ལས་ཁོ་ལཱ་ཡང་མིན་ནུག་ཏེ་ ཉལ་ཡི་རང་སྡོད་ ལྟོ་ཟ་རན་མའི་དུས་ཚོད་ཁ་ཡང་འ་ནཱི་བརྡུངས་ བཏོན་ཟ་ མཛརཝ་ཟ་རནམ་མའི་དུས་ཚོད་ཁ་ཡང་འ་ནཱི་ཟ་ འོ་ང་རང་ཀྲིག་ཀྲི་ཡར་སོ་ཡི་མནོ་ དེ་ལས་ཡུདཔ་ཅིག་ བདུན་ཕྲག་བསྐོར་ཆ་ཅིག་ཁ་ལས་ ཏེ་ཁོ་དོས་ཕོག་ཆི་ནུག་ཏེ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དོས་སྐྱེལ་བར་སོང་ཟེར་ སྤྱི་དཔོན་འདི་གིས་སླབ་པ་འོང་དེས་ལོ་ དབའེ་དྭཝ་བུཚ་ཁྱོད་དོས་ཕོག་ཅིག་སྨ་རེད་ དོས་སྐྱེལ་བར་འགྱོ་དགོ་པས་ཟེར་ ཏེ་དེ་ལས་ཤ་འབྱུང་མར་འབྱུང་འདི་འབག་སྦེ་ ཕར་ཨམ་ཕྱུགམོ་བཟངམོ་ཅིག་ཡོདཔ་མས་ཏེ་ ཁྱིམ་ཚང་དབེའ་ཨ་མ་ངེ་གི་ཨ་ནཱི་ཤ་འབྱུང་མར་འབྱུང་ལྡེ་མིག་འདི་ཨ་མ་ལུ་གཏམ་དགོ་པས་ ང་ད་རེས་དོས་ཕོག་ཆི་ཡི་ དོས་སྐྱེལ་བར་འགྱོ་དགོ་པས་ཟེར་ནུག བཞག་བཞག་ཨ་ལོ་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ད་རུང་ང་རྒྱབ་ཐལཝ་ད་ཨ་མ་གིས་ཏེ་ ལྟོ་འཐོན་སྤགས་འཐོན་ཟེར་འ་ནཱི་སྦེ་གཟན་སྐྱ་གིས་མ་བརྡུངས་དགོ་ཟེར་ནུག་ གཟན་སྐྱ་དང་སྦྲགས་སྤྲོད་བཞག་བཞགཔ་མས། འེ་འེ་ཨ་ལོ་ཁྱོད་ར་སོང་སོང་ཟེར་ནུག་ ཏེ་ཁོ་དོས་འབག་ཡར་སོང་ནུག་ཏེ་ དེ་ལསན་ཏེ་ཨམ་འདི་གིས་ཁོ་རྒྱབ་ཐལཝ་ཅིག་མར་ གྱལ་གྱི་སྦུག་ཁ་སྐྱེལ་སྦེ་བརྡུངས་བལྟ་བལྟཝ་མས། ལྟོ་འཐོན་ཟེརན་ལྟོ་འཐོནམ་མས་ལོ་ སྤགས་འཐོན་ཟེརན་ལྤགས་ ཚོནམ་འཐོན་ཟེརན་ཚོདམ་ འུམ་་་་ འདི་ང་དགོ་པས་མནོ་ཨམ་འདི་གིས་ ཕར་སྒྲོམ་ལྡེ་མིག་ནང་ག་འགྱོ་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་ད་རུང་རང་ དྭཝ་བུཚ་འདི་ལྟོཝ་བཀྱེས་ དོས་སྐྱེལ་ས་ལས་འོང་སྦེ་ ཀྱེ་ཨ་མ་ ངེའི་ཤ་འབྱུང་མར་འབྱུང་འདི་དགོ་པས་ཟེར་ནུག ཡ་ཡ་ཨ་ལོ་ཟེར་གཅིག་འཐུ་སྐྱེལ་ནུག དེ་ལས་འ་ནཱི་འབག་སྦེ་ དེ་ལས་ཁོ་ར་གི་འཁན་པ་ཁྱིམ་ཆུང་ནང་སོང་སྦེ་ བརྡུངས་བརྡུངས་མས་ཏེ་ ཀྲེག་ཀྲེག་ཀྲེག་ཀྲེག་ཀྲེག་ཟེར་ག་དེ་སྦེ་བརྡུངས་རུང་འཐོན་ནི་མིན་ནུག་ལོ་ ཡུདཔ་ཅིག་ལས་ལྡེ་མིག་ཡོད་རུང་བཀག་ ན་འཐན་དྲག་སྐྱེད་ དེ་ལས་ལྡེ་མིག་འདི་ཡང་འབག་སྦེ་ཕར་བྱི་ཅུང་གི་ཚང་གི་རྩ་བར་འགྱོ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཁྱོད་དགོ་མི་དགོ་ཤོབ་རྐྱབ་མས་སྨ་རེད་བྱི་ཅུང་བསོན་ནམས་དབང་ཕྱུག་ཟེར་སླབ་ནུག ཤིང་འདི་བཏོག་བཏོགཔ་མས་ང་བཏོག་ཏེ་བཀོ་ནི་ཟེར་ ཏོག་ཏོག་ཏོག་ཏོག་ཟེར་ཤིང་འདི་བཏོག་ ཡུདཔ་ཅིག་ལས་དབའེ་དབའེ་ད་འབདན་ ཤིང་འདི་བཏོག་མ་ཆི་ ང་ཁྱོད་སྨོན་ལམ་གྱི་རྟས་ལྕག་ཅིག་བྱིན་གེ་ད་ཟེར་ནུག ཡ་ཡ་ཟེར་ནུག་ དེ་ལས་ཤ་འབྱུང་མར་འབྱུང་ལྡེ་མིག་ཡང་ཁྱོད་ར་འབག་ཟེར་ནུག ང་མིང་དགོ་ཟེར་ནུག་ ཁྱོད་དེམ་ལས་ག་ནི་ཡང་འཐོན་ནི་མིན་ནུག་ཟེར།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་སྨོན་ལམ་གྱི་རྟས་ལྕག་ ཁྱོད་སྨོན་ལམ་གྱི་རྟས་ལྕག་ག་ཅི་འཐོན་ནི་ཡོདཔ་ཟེར་ནུག སྨོན་ལམ་གྱི་རྟས་ལྕག་འདི་ཏེ་ ཁྱོད་ར་ག་ཅི་འཐོན་ཟེར་རུང་འཐོན་ནི་ཡོད་ཟེར་ནུག་དེ་ནང་ལས་ ཨ་ནཱི་སྦེ་ ཁྱོད་རའི་ཁྱིམ་ནང་འགྱོ་སྦེ་ ཐེངས་ཕོག་གསུམ་མར་ཨེན་ཏ་གུ་རྐྱབ་ སྨོན་ལམ་གྱི་རྟས་ལྕག་ ཁྱོད་སྨོན་ལམ་ག་བཏབ་སར་འཐོན་ལོ་འཐོན་པ་ཅིན་ ད་འཐོན་ཤིག་ཟེར་ བགོ་འཐོན་བགོ་འཐོན་ཟེར་བགོ་ ཁྱོད་ར་དོརམ་ཁེན་ཇ་འཐོན་ཟེརན་དོརམ་ཁེན་ཇ་ ཁྱོད་ར་ག་དགའཝ་འཐོན་ནི་ཡོད་ ཏེ་ཁྱོད་ར་འ་ནཱི་བཙོང་ཟ་ནི་ཨིན་ཟེར་ནུག་ ཨིན་ན་ཟེར་སླབ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་སྨོན་ལམ་གྱི་རྟས་ལྕག་འདི་ལེན་འབག་སྦེ་ ཏེ་ཕར་ཁོ་རའི་འཁན་པ་ཁྱིམ་ཆུང་ནང་འགྱོ་ བརྡུངས་བརྡུངས་མས་ཏེ་ ད་རག་ད་རག་ཟེར་ ཐེངས་ཕོག་གསུམ་བརྡུངསམ་ཅིག་ཨིན་མས་ལོ་ ང་བགོ་མེད་བགོ་འཐོན་ཤིག་ ཟེར་སླབ་སླབ་མས་ བགོ་འཐོན་མས་ཟེརཝ་མས་ལོ་ བགོ་ཨའི་ཀ་བུར་འཐོན་ཤིག་ཟེརན་ཨའི་ཀ་བུར་ སྨན་ཙེ་དམར་ཁྲ་འཐོན་ཤིག་ཟེརན་སྨན་ཙེ་དམར་ཁྲ་ དེ་ལས་ཐེར་མའི་བགོ་འཐོན་ཟེརན་ཐེར་མའི་བགོ་ ག་དགའཝ་འཐོན་ནི་འདུག་ལོ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་ཏེ་ འདི་འབག་ ད་རུང་ར་ཨམ་འདི་སྡོད་སར་སོང་ ཨ་མ་ངེའི་སྨོན་ལམ་གྱི་རྟས་ལྕག་ནཱ་གཏམ་དགོ་པས་ ང་དོས་སྐྱེལ་བར་འགྱོ་དགོ་པས་ཟེར་ནུག་ ད་རེས་ཡང་དོས་ཕོག་ཆི་ཡི་ཟེར་ ཡ་ཡ་བཞག་ཨ་ལོ་ཟེར་ནུག སྨོན་ལམ་གྱི་རྟས་ལྕག་འདི་ཡང་ཨམ་འདི་གིས་བཞག་ བརྡུངས་བལྟ་བལྟཝ་མས་ཨིན་མས་ལོ་འཐོན་ནི་འདུག་ལོ་ མོ་ར་ག་དགའཝ་ མ་པ་ལས་ཕྱུགཔོ་ཨིན་ས་ འུམ་་་་་་ འདི་ཡང་ང་རང་བཞག་དགོ་པས་མནོ་ སྨོན་ལམ་གྱི་རྟས་ལྕག་གཞན་ཅིག་འཐུ་སྐྱེལ་སྐྱེལཝ་མས། ཀྱེ་ཨ་མ་ང་ ངེའི་སྨོན་ལམ་གྱི་རྟས་ལྕག་ལེན་འབག་དགོ་པས་ཟེར་ནུག ཡ་ཡ་ཨ་ལོ་ཟེར་སྐྱེལ་སྐྱེལཝ་མས།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་འདི་འབག་སྦེ་ ཁོ་རའི་འཁན་པ་ཁྱིམ་ཅུང་ནང་འགྱོ་བརྡུངས་བལྟ་བལྟཝ་མས་ ག་ནི་ཡང་མིན་ནུག་ཟེརཝ་མས་ལོ་ རྟས་ལྕག་འདི་མར་ས་ཁར་ག་དེམ་ཅིག་བརྡུངས་རུང་ག་ནི་ཡང་འཐོན་ནི་མིན་ནུག་ལོ་ ཙིགཔ་ཟ་ དྲིལ་འབག་ ད་རུང་བྱི་ཅུང་འདི་གི་ཚང་ནང་འགྱོ་ ད་འབདན་ང་ ཁྱོད་ཤིང་འདི་ར་ལས་རང་བརྡལ་ནི་ཟེར་ ཏོག་ཏོག་ཏོག་ཏོག་ཟེར་བརྡུངསམ་ནུག དབའེ་དབའེ་དེ་མ་འབད་དྭཝ་བུཚ་ ང་ད་རུང་རང་ཁྱོད་ལུ་ གཅིག་བྱིན་གེ་ཟེར་ནུག ག་ཅི་བྱིན་ནིམ་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཁྱོད་འ་ནཱི་ ང་རམོ་གཅིག་བྱིན་གེ་ཟེར་ནུག ར་འ་ནེམ་ཅིག་འདུག་ཟེརཝ་མས་ལོ་ འ་ནཱི་བྱིན་གེ་ཟེར་ ཁྱོད་ཀྱི་ར་ནེམ་ག་ཅི་བཏུབ་ཟེར་ནུག ཟ་མི་བཏུབ་འཐུང་མི་བཏུབ་ཟེར་ ཁྱོད་ར་རམོ་འདི་ན་ལས་ཕར་འཁྱིད་ རྩྭ་ཆག་པ་འ་ནེམ་ཅིག་ཧང་གུ་བླུགས་སྦེ་ གཤམ་ལས་ཡར་ སྦིས་འཁྱབ་འབད་རུང་ བང་ཁ་འབད་རུང་དཔག་ མཇུག་མ་གུ་བཤེད་འཐེན་ཤིག་ཟེར་ནུག ཏི་རུ་བལ་ཀྲམ་སི་ལི་ལི་ཟེར་འ་ནཱི་སྦེ་མཇུག་མ་གུ་བཤེད་ཚར་གསུམ་གསིག་དགོ་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཨིན་ན་ཨིན་ན་ཟེར་ རམོ་འདི་འཁྱིད་ན་ལས་ཕར་སོང་ དེ་ལས་ཁོ་རའི་འཁན་པ་ཁྱིམ་ཆུང་འདི་གི་འོག་ལས་བཏགས་བཞག་ རྩྭ་ཆག་པ་འ་ནེམ་ཅིག་འབག་བླུགས་ དེ་ལས་འོག་ལས་ཡར་སྦིས་འཁྱབ་ཅིག་དཔག་སྦེ་གཤམ་ལས་ཡར་ ཏེ་ཏི་རུ་བལ་ཀྲམ་སི་ལི་ལི་ཟེར་འཐེན་འཐེནམ་མས་མཇུག་མ་གུ་བཤེད་དེ་ ཨིན་མས་ལོ་རོགས་ སྤ་སྤ་སྤ་་་་་་ ཏི་རུ་སོ་རོ་རོ་རོ་རོ་རོ་རོ་ཟེར་ སྦིས་འཁྱབ་འདི་གངམ་ཅིག་མིན་ནུག་ལོ། དེ་ལས་ ཏེ་ཏི་རུ་འདི་གིས་ཏེ་ ཉོ་ཡི་རང་ཟ་ཟཝ་མས་ཏེ་ ཁོ་ར་ག་དགའ་ཟ་དགོ་མནོ་མི་འདི་ ཏི་རུ་འབག་ཁྱིམ་ཚང་བཤལ་ཉོ་ཟ་ དེ་ལས་སྡོད་ས་འདི་འཁན་པ་ཁྱིམ་ཆུང་འདི་ནང་ར་མས།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཏེ་འཁན་པ་ཁྱིམ་ཆུང་ནང་སྡོད་ དེ་ལས་ཡུདཔ་ཅིག་ཁ་ལས་ ད་རུང་དོས་ཕོག་ཆི་ནུག་ དབའེ་དྭཝ་བུཚ་དོས་སྐྱེལ་བར་འགྱོ་དགོ་པས་སྨ་རེད་ ད་རེས་ཡང་ཟེར་ནུག ཨ་འོ་་་་ དོས་སྐྱེལ་ནི་ཡང་མཚམས་ཚོད་ཡང་མིན་ནུག་ཟེར་ནུག་ད་ ད་རུང་ཡང་རམོ་འདི་ཨམ་འདི་ལུ་གཏམས་པ་ཡར་སོང་ནུག ཨ་མ་ངེའི་རམོ་འདི་གཏམ་དགོ་པས་ཟེར་ནུག གཏམས་གཏམས་ཨ་ལོ་ཟེར་ནུག ད་རུང་ཨ་མ་གིས་ང་རྒྱབ་ཐལཝ་ད་ མར་གཤམ་ཁ་ལས་རྩྭ་ཆག་པ་ཅིག་བླུགས་ དེ་ལས་གཤམ་ལས་ཡར་སྦིས་འཁྱབ་དཔག་སྦེ་ མཇུག་མ་གུ་བཤེད་ཏི་རུ་བལ་ཀྲམ་སི་ལི་ལི་ཟེར་མ་འཐེན་དགོ་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: འེ་འེ་ཨ་ལོ་ཟེར་ནུག རམོ་འདི་ཨམ་འདི་གིས་བཞག་ ཁོ་ར་དོས་སྐྱེལ་བར་ཡར་སོང་ནུག དེ་ལས་ད་རུང་རང་རམོ་འདི་ རྩྭ་ཆག་པ་གཅིག་བླུགས་ཨམ་འདི་གིས་ག་ཅི་འཐོན་ན་མནོ་ གཤམ་ལས་ཡར་སྦིས་འཁྱབ་དཔག་སྦེ་ ཏི་རུ་བལ་ཀྲམ་སི་ལི་ལི་ཟེར་མཇུག་མ་གུ་བཤེད་འཐེན་འཐེན་མས་ ཨིན་མས་ལོ་ཏི་རུ་སོ་རོ་རོ་རོ་རོ་རོ་རོ་ཟེར་འཐོན་དེས་ལོ་ དེ་ལས་ཨམ་འདི་གིས་རམོ་འདི་སྦ་ཆི་ནུག དེ་ལས་ཕྱི་རུ་འོང་འོངམ་མས་ ཀྱེ་ཨ་མ་ངེའི་ར་འཁྱིད་དགོ་པས་ཟེར་ནུག་ འཁྱིད་འཁྱིད་ཨ་ལོ་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ར་གཞན་ཅིག་གཞན་ཅིག་བྱིན་བྱིནམ་མས་ཏེ་ འདི་འཁྱིད་ཕར་སྐྱེལ་ཁོ་རའི་འཁན་པ་ཁྱིམ་ཆུང་འདི་གི་རྩ་བར་བཏགས་ དེ་ལས་རྩྭ་ཆག་པ་གཅིག་བླུགས་སྦེ་གཤམ་ལས་ཡར་སྦིས་འཁྱབ་དཔག་སྦེ་འཐེན་འཐེན་མས་ ཏེ་ཁོ་ཏེ་བཞེས་སྒོ་ཉོ་ཟ་བར་འགྱོ་ནི་འབད་ཨིན་མས་ཏེ་ དེ་ལས་ཏི་རུ་བལ་ཀྲམ་སི་ལི་ལི་ལི་ཟེར་འཐེན་ནུག་ཏེ་འ་ནཱི་སྦེ་ སྤའོ་་་་་ མཇུགམ་པགས་ཀོ་འབྱིད་ཡར་སོ་རུང་འཐོན་ནི་མིན་ནུག་ལོ་དེ་ཚེ་ ཡུདཔ་ཅིག་ལས་གབ་ཆ་ར་འཐེནམ་པའི་བསྒང་ལས་ཆུ་དང་ཨ་བ་ཟེརཝ་ཅིག་བཏངམ་མས་ཟེརཝ་མས་ལོ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: རྟས་ཐག་གིས་བརྡུངས་ ན་ལས་ཕར་རམོ་འདི་ཡང་འཁྱིད་ ཕར་བྱི་ཅུང་འདི་གི་ཚང་གི་རྩ་བར་སྐྱེལ་ ད་རུང་ཤིང་འདི་བཏོག་བཏོགཔ་མས་ ཏོག་ཏོག་ཏོག་ཏོག་ཟེར་ ཤིང་འདི་ར་ཕབ་བཀོ་ནི་ཟེར་ ཁྱོད་ཤོབ་རྐྱབ་མས་ཟེར་ དབའེ་དབའེ་དྭཝ་བུཚ་ འདི་བཏོག་མ་ཆེ་ ད་ང་ད་རུང་གཅིག་བྱིན་གེ་ཟེར་ནུག་ཁྱོད་ལུ་ ཡ་ཡ་ག་ཅི་བྱིན་ནིམ་ཟེར་ནུག ད་ཨ་ནཱ་ ང་ཐོ་ཆུང་གཅིག་བྱིན་འོང་ཟེར་ནུག་ཁྱོད་ལུ་ [དཀོན་མཆོག་སྟ་ཡི་བཏོག་ཡི་ སྟ་ཡི་བཏོག་ཡི་?]ཟེར་ འ་ནཱི་བྱིན་གེ་ཟེར་ནུག་ ག་ཅི་འཐོན་ནི་ཡོདཔ་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཁྱོད་ར་བསང་ཅིག་ཡང་བཏང་ ཁོྱད་རའི་ཁྱིམ་ནང་འབག་སྦེ་ འོག་ལས་ཡར་ཕྱག་ཐེངས་གསུམ་འཚལ་ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ སྟ་ཡི་ང་ཅིག་བཏོག་ཡི་ང་ཅིག་ཟེར་སླབ་ཤིག་ཟེར་ནུག་ འེ་འེ་ཟེར་སྟ་ཡི་བཏོག་ཡི་འདི་ལེན་འབག་སྦེ་ ཏེ་ཁོ་རའི་འཁན་པ་ཁྱིམ་ཆུང་ནང་སོང་ སྟ་ཡི་བཏོག་ཡི་འདི་ཡར་མཆོད་གཤམ་འདི་ནང་བཀལ་ དེ་ལས་གཤམ་ལས་ཡར་བསང་ཅིག་ཡང་བཏང་སྦེ་ཕྱག་འཚལ་འཚལཝ་མས་ ཕྱག་ཐེངས་གསུམ་འཚལ་སྦེ་ ད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ཟེར་ནུག་ སྟ་ཡི་ང་ཅིག་བཏོག་ཡི་ང་ཅིག་ཟེར་ནུག་ ཀྲོག་ཟེར་ལོངས་ཆི་ཟེརཝ་མས་ལོ་ཡར་ལས་ ལོངམ་ཅིག་ ཏེ་ཁོ་སྦུལ་བརྡུང་འདེ་རང་བརྡུངས་ད་ནུག་ཏེ་ སྟ་ཡི་བཏོག་ཡི་འདི་གིས།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་ད་རུང་རང་འདི་གི་ཤུལ་ལས་ཁོ་ དོས་ཕོག་ཆི་ནུག་ཏེ་ དོས་ཕོག་སྦེ་ ད་རུང་ཨམ་འདི་ལུ་གཏམ་པར་འགྱོ་འགྱོཝ་མས་ ཨ་མ་ངེའི་སྟ་ཡི་བཏོག་ཡི་གཏམ་དགོ་པས་ཟེར་ནུག་ གཏམས་གཏམས་ཨ་ལོ་ཟེར་ནུག ད་ཁྱོད་དོས་སྐྱེལ་བར་འགྱོན་ན་ཟེར་ནུག་ ཨིན་ཟེར་ནུག ད་རུང་ང་རྒྱབ་ཐལཝ་ད་ཨ་མ་གིས་ ཡར་མཆོད་གཤམ་ནང་བཀལ་ཕྱག་འཚལ་ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ཟེར་ ཕྱག་འཚལ་ དེ་ལས སྟ་ཡི་ང་ཅིག་ བཏོག་ཡི་ང་ཅིག་ཟེར་མ་སླབ་སྨ་རེད་ཨ་མ་གིས་ཟེར་ནུག འེ་འེ་ཟེར་བས་ལོ་ དེ་ལས་ཁོ་རྒྱབ་ཐལ་ དེ་བསྒང་ཏེ་ཨམ་འདི་ཆོ་ག་བཏང་དེས་ཟུརཝ་མས་ལོ་ དེ་ཚེ་ལས་ཁོ་ དོས་སྐྱེལ་བར་མ་འགྱོ་བར་ ཤོབ་རྐྱབ་རྐྱབ་མས་ ཨམ་འདི་གིས་འཁྲུལ་སྐོར་འགྱུརཝ་མས་མནོ་མནོ་ཆི་ནུག་བ་ཏེ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་ཏེ་ ཁོ་ཨིབ་སྟེ་ཡར་ལས་བཤལ་སྦེ་ ཏེ་ཕྱི་རུ་ཁམས་འཐོན་ཨིམ་བལྟ་སྡོད་སྡོདཔ་མས་ ཨིབ་བལྟ་སྡོད་སྦེ་ དེ་ལས་ཨིན་མས་ལོ་ཨམ་འདི་ཏེ་ སྤ་དེ་ཚེ་ཆོ་ག་བཏང་ དེ་ལས་ལྟོ་དང་ཚོདམ་ཡང་འབད་མིང་དགོ་པས་ཟེརཝ་མས་ལོ་ དེ་ལས་ཆོསཔ་དང་བླམ་དང་ལྟོ་བཏང་རནམ་ད་ ཏེ་ཤ་འབྱུང་མར་འབྱུང་ལྡེ་མིག་བརྡུངས་ཡི་རང་ལྟོ་བཏང་ དེ་ལས་དེ་གི་ཤུལ་ལས་སྤགས་བཏངམ་ད་སྤགས་འཐོན་ཤིག་ཟེར་བརྡུངས་ སྤགས་བཏང་ དེ་གི་ཤུ་ལས་ཚོདམ་འཐོན་ཤིག་ཟེར་ ཚོདམ་བཏང་ ག་མོ་ར་ཁ་ལས་འཐོན་ཚེ་ཅིགཔ་འཐོན་ནི་འདུག་ཟེརཝ་མས་ལོ་ཁོ་བལྟ་སྟེ་ར་སྡོདཔ་ད།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་ལྟོ་དང་དེམ་ཚོདམ་བཏང་ཚརཝ་ད་ཆང་འཐོན་ཤིག་ཟེར་ཆང་ ཆང་ཡང་བཏང་ དེ་ལས་ འདི་ཕར་བཞག་ དེ་ལས་ཆོས་པའི་ཕྱག་འགྱེདཔ་རྐྱབ་མས་ལོ་ཏེ་ ཨམ་འདི་གིས་ རྩྭ་ཆག་པ་གཅིག་འབག་སྦེ་ རྩྭ་འདི་བླུགས་ མར་གྱལ་གི་སྦུག་ཁར་འཁྱིད་སྦེ་སྦིས་འཁྱབ་ཅིག་དཔག་ མཇུག་མ་གུ་བཤེད་འཐེན་མས་ལོ་ ཏི་རུ་བལ་ཀྲམ་སི་ལི་ལི་ལི་ཟེརཝ་ལོ་ སོ་རོ་རོ་རོ་རོ་རོ་རོ་ཟེར་འཐོན་མས་ལོ་ཏེ་
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: སྤ་་་་ ཨམ་འདི་སྔར་ལས་ཡང་ཕྱུགཔོ་ཨིན་ས་ ད་འདི་ཏེ་ཨམ་འདི་ གནམ་མེད་ས་མེད་ཨིན་མས་ཟེར་ བླམ་ཡང་ཐུགས་དགྱེས་དགྱེསཔ་མས་ཏེ་ དེ་ལས་ཆ་མཉམ་ཕྱག་འགྱེདཔ་རྐྱབ་ དེ་ལས་ད་རུང་བླ་མ་ལུ་ཕུལ་ཕྱག་ ཏེ་ད་རུང་ ཏེ་སྨོན་ལམ་གྱི་རྟས་ལྕག་འདི་གྱལ་གྱི་སྦུག་ཁ་ཚར་གསུམ་བརྡུངས་པའི་བསྒང་ལས་སྤ་་་་་ བླ་མའི་གི་ཕུལ་ཆ་ འདི་ནང་ལས་དར་དང་གོས་ཆེན་འཐོན་ཟེརན་དརདང་གོས་ཆེན་ཟངས་ ག་ཅི་མོ་ར་ཁ་ལས་འཐོན་ཚེ་ཅིགཔ་འཐོན་ནི་འདུག་ཟེརཝ་མས་ལོ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་འ་ནཱི་ཚུ་ཆ་མཉམ་རྐྱབ་སྦེ་ཚར་ དེ་ལས་འདི་གི་ཤུལ་ལས་ འ་ནཱི་སྟ་ཡི་བཏོག་ཡི་འདི་ མཆོད་བཤམ་ནང་བཀལ་ ཏེ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ཟེར་ ཕྱག་ཕོག་གསུམ་འཚལཝ་མས་ཟེརཝ་མས་ལོ་མོ་ར་གིས་ དེ་ལས་སྟ་ཡི་ང་ཅིག་བཏོག་ཡི་ང་ཅིག་ཟེར་འ་ནཱི་འབད་འབདྭཝ་མས་ ལོངས་ཆི་ཡི་ལོ་ཡར་ལས་ ལོངམ་ཅིགན་ ཏེ་དང་པ་རང་ཨམ་མོ་རང་ཨིན་མས་ལོ་ ཏེ་སྦུལ་བརྡུངས་འདེ་རང་བརྡུངས་ སྟ་ཡི་ཐེངས་ཕོག་གཅིག་ བཏོག་ཡི་ཐེངས་ཕོག་གཅིག་ སྤུ་རྩ་སྦེ་རང་བརྡུངས་ དེ་ལས་ ཡར་བླ་མའི་འགོ་ལས་མར་རང་མགོ་བརྡེགས་ མར་ཆོསཔ་འདི་ཚུ་མི་གནགཔ་དང་ག་ར་བརྡུངས་ ད་རུང་མར་ལས་ཡར་བརྡུངས་ ཡར་ལས་མར་ཚར་གསུམ་བཞི་བཤལ་བརྡུངས་ད་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་སྟ་ཡི་བཏོག་ཡི་འདི་མཆོད་བཤམ་ནང་འཛེགས་སྡོད་ད་ནུག ཏེ་འ་ན་ལས་འཐོན་འཐོནམ་མས་ དྭཝ་བུཚ་འདི་ དེ་ལས་ཨམ་འདི་གིས་སླབ་ནུག ཨམ་དཔྱི་སྨད་ཞརཝ་བཟོ་ད་ནུག་ལོ་ཏེ་ སྟ་ཡི་བཏོག་ཡི་གིས་བརྡུངས་ཏེ་ དབའེ་དབའེ་ཨ་ལོ་ ན་ཤོག་ན་ཤོག་ ཁྱོད་ཀྱི་སྟ་ཡི་བཏོག་ཡི་ཡང་ཁྱོད་ར་འབག་ ཁྱོད་ར་གི་ར་ཡང་ཁྱོད་ར་འཁྱིད་ ཁྱོད་རའི་ཤ་འབྱུང་མར་འབྱུང་ལྡེ་མིག་ཡང་ཁྱོད་རང་འབག་ ཁྱོད་རའི་སྨོན་ལམ་གྱི་རྟས་ལྕག་ཡང་ཁྱོད་ར་འབག་ད་འབདན་ ཨ་མ་ལུ་ཡང་གཏམ་པར་མ་ཤོག་སྨ་རེད་ཨ་ལོ་ཟེར་ནུག་ཏེ་ ཨམ་རྣམ་རྟོག་ར་ལངས་ཆི་ནུག་ལོ་ཏེ་ ཏེ་འ་ནཱི་ཅིག་སྦེ་བཞག་གེ་ ཧི་ཧི་ཧི་ཧི་་་་་་་་་།། །།