Skip to main content Skip to search
01 Feb 2016
3 min 46 sec
Video Overview
Creators: 
Sonam Tobgye, Sangay Tshomo

This story conveys the message that one should be grateful to a helpful person. It talks about fame and shame. A mighty man of a single mother rescues a father and eight sons who were being eaten alive by a huge animal known as “Drongphu.” He kills the animal, cut open its stomach, and frees the father and his sons. However, in order to take the fame of having killed the dangerous animal for themselves, the father and his sons leave the mighty man hanging over a gushing rive to die. The mighty man escapes, nevertheless, and put to shame the father and his sons who turn into animals out of unbearable remorse.

 

མོང་སྒར་ གླིང་མཁར་ལས་ འཇིགས་མེད་ཀྱིས་གཏང་མི་སྲུང་འདི་ རྣམ་ཅོ་ག་ནི་བ་སྦོམ་ རྣམ་ཅོ་ཅིག་གིས་ཧང་ལང་ ཅིག་གིས་གདན་ལང་པའི་ བྲོང་ཕོ་ཟེར་མི་སེམས་ཅན་ཅིག་གིས་ ཕ་སྤད་དགུ་འབད་མི་ཅིག་ སེམས་ཅན་དེ་གིས་ཟ་བཞག་སྟེ་ ཨམ་མོ་རནམོ་ཅིག་གི་བུ་གཅིག་ཡོད་མི་དེ་གིས་ འ་ནི་སེམས་ཅན་དེ་བསད་སྦེ་ ཕ་སྤད་དགུཔོ་དེ་བཏོན་ཏེ་ སྨན་བཅོས་འབད་དེ་དྲག་པའི་ཤུལ་ལུ་ ཁོང་ཕ་སྤད་དགུཔོ་ཆ་ཁྱབ་ཀྱིས་ ལེགས་ཤོམ་འབད་བའི་བཀའ་དྲིན་དགའ་ཚོར་བསམ་ནི་ཕར་བཞག་ ཧེང་སྐལ་ ཁོ་གོང་རི་ཆུ་གི་ཐོག་ཁར་བརྐྱང་བཞག་སྟེ་འབད་རུང་ སྟབས་ལེགས་ སྟེ་དབང་གིས་འབད་ཁོ་ར་མ་ཤི་བར་ལོག་འོངམ་ད་ ཁོང་ཕ་སྤད་དགུཔོ་ཆ་ཁྱབ་མདའ་རྐྱབ་སར་ ཡ་་་་་་བྲོང་ཕོ་བྲོང་ཕོ་རྟ་བྲོང་ཕོ་ ང་བཅས་ཀྱིས་ བྲོང་ཕོ་བཏུལཝ་ད་ འ་ནི་སྦེ་བཏུལ་ཡི་ ཟེར་སླབ་ཅི་ར་མདའ་རྐྱབ་སྡོད་ནུག་ ཟེར་ཨིན་པས། ཁོ་ར་ཡང་ སྦུག་ན་འཛུལ་སྦེ་ ཀྭ་ལས་ ཁྱེད་ཀྱི་མདའ་ཚུ་ང་གིས་རྐྱབ་བལྟ་གེ་ ཟེར་སླབ་སྟེ་ ཁོ་གིས་ཕར་ལྟ་གཏངམ་ད་ ཕ་གི་འབའ་འདི་བཀག་བཏང་ ཚུར་ལྟ་རྐྱབ་ད་ཚུ་གི་འབའ་འདི་བཀག་བཏང་སྦེ་ ཁོང་ར་ཆ་ཁྱབ་ངོ་ཚ་བའི་ཤུགས་ཀྱིས་ སེམས་ཅན་རྣམ་པ་སྣ་ཚོགས་ལུ་འགྱུར་འགྱོ་སྟེ་ མི་སྦེ་སྡོད་ནི་གི་རང་དབང་མ་ཐོབ་པས་ ཟེར་ཨིན་པས། དེ་ཡང་ ཚུར་ལེགས་ཤོམ་འབད་བའི་དགའ་ཚོར་ལུ་ ཕར་ལེགས་ཤོམ་འབད་མ་ཚུགས་རུང་ ལེགས་ཤོམ་འབད་མི་ལུ་བཀའ་དྲིན་བསམ་དགོཔ་ཨིན་པས།

 

Transcript search
No results found for this search
0 of 0
  • Jigme> ཧེ་མ་བོང་ཀུ་ཟེར་ འོང་ལོ་བོང་ཀུ་ཟེར། དེ་ལས་ བོང་ཀུ་དེ་ རྣམ་ཅོ་ཡ་ཅིག་ལྷང་འབད རྣམ་ཅོ་ཡ་ཅིག་མལ་ཆ་སྦེ་ བཀབ་སྦེ་བོང་ཀུ་ཟེར།
  • Jigme> དེ་ལས་ བོང་ཀུ་དེ་ ཉིནམ་གཅིག་འབདཝ་ད་ ཁོང་ཕ་སྤུན་དགུ་ཡོདཔ་མས། ཕ་སྤུན་དགུཔ་དེ་ག་ར་ བོང་ཀུ་གིས་ བཟའ་དཔ་ཨིན་པས་ ག་ར་དགུཔ་ཆ་ར།
  • Jigme> དེ་ལས་ ད་རུང་ ཨམ་མོ་རེངསམོ་ཅིག་ལུ་ ཨ་ལོ་བུཚ་གཅིག་ཡོདཔ་མས། ཡ་ཨ་ནཱི་ ཕ་སྤུན་དགུཔ་དེ་ བོང་ཀུ་གིས་བཟའ་དའི་ ད་བོང་ཀུ་དེ་ བསད་ནི་ཟེར་ ཁོ་གི་ ལྕགས་ཀྱི་མདའ་བཟོ་བཟོཝ་མས།
  • Jigme> ལྕགས་ཀྱི་མདའ་བཟོ་སྦེ་ ལྕགས་མདའ་ཅིག་རྐྱབ་བལྟཝ་ད་ལུ་ ཨ་ཁྱོད་ཀྱི་ལྕགས་མདའ་གིས་ སོ་ལི་གིས་ བཏོག་དོ་བཟུམ་སྦེ་ར་མ་འབད་ཟེར་ཨིན་པས།
  • Jigme> དེ་ལས་ ལྕགས་མདའ་གཉིས་རྐྱབ་རུ་ སོ་ལི་གིས་ བཏོག་དོ་བཟུམ་འབད་ར་མ་སྦེ། ལྕགས་མདའ་གསུམ་རྐྱབ་ད་ལུ་ ཡ་ད་འབདན་ ཨ་ཙི་ཅིག་ ནཱ་ཟུག་འོང་ཡི་མས།
  • Jigme> དེ་ལས་ ལྕགས་མདའ་བདུན་རྐྱབ་ད་ལུ་ ད་འབདན་གྱི་ཅུང་གིས་ བཏོག་དོ་བཟུམ་འོང་ཡི། དེ་ལས་ བརྒྱད་དགུ་དེ་ཅིག་འབདཝ་ད་ལུ་ བོང་ཀུ་ཤི་སོངཔ་ཨིན་པས།
  • Jigme> བོང་ཀུ་ཤི་ཞིནམ་ལས་ ཏེ་ཁོ་གི་ ཤ་དྲ་ཞིནམ་ལས་ཕོཝ་ནང་ལས་ ཕ་སྤུན་དགུཔ་ཆ་ར་བཏོན་ཞིནམ་ལས་ སྔགས་འཕུཝ་ད་ ཁོང་ཕ་སྤུན་དགུཔ་ཆ་ར་དབུགས་ལོག་འོང་འོངམ་ཨིན་པས།
  • Jigme> ཁོང་ཕ་སྤུན་དགུ་དབུགས་ ལོག་འོང་ཞིནམ་ལས་ འ་ནཱི་ ཕ་སྤུན་དགུ་གིས་ ཁོ་ལུ་ ངལ་མ་རངས་པར་ ཨའེ་ཁོ་ལུ་ ངལ་མ་རངས་པར་ ཁོ་གི་ ཨའི་འདི་མར་ཉ་བཟུང་ནིའི་ ཧིང་བཀལ་བར་སོང་སོངམ་ཨིན་པས།
  • Jigme> ཁོ་འདིན་ ཁོང་གིས་ མ་དགའ་བར་ ཁུ་ཆ་ནང་ལུ་ བསྡམས་སྦེ་ གོང་རི་སྦོ་ལོག་ཁར་ རྐྱང་བཞག་ནུག་ཟེར་ཨིན་པས།
  • Jigme> དེ་ལས་ ངེ་ཨའི་ཤི་ནི་བཟུམ་སྦེ་ཅི་ར་འདུག། ཁོང་ཚུ་ལུ་ འ་ནཱེམ་ཅིག་འབད་སྦེ་ དགའ་ཚོར་ག་ནཱི་ཡང་མིན་འདུག་སྨོ་ ང་གསད་ནི་ཨིན་པས། ཤི་རུང་ཤི་བཅུག
  • Jigme> སྦྱངམ་སྦྱི་ངནམ་གྱིས་ཡང་ ངེ་གུ་ དུང་རྐྱབ་མས། དེ་ལས་ སྦྱངམ་སོག་ཀོར་མ༼type of bee༽་གིས་ཡང་ ངེ་གུ་དུང་རྐྱབ་མས་ཏེ་ ག་ཅི་གིས་ར་སོ་བཏབ་མས་ཟེར་ ཕའི་ད་རེ་གིས་ཡང་ ངེ་གུ་ སོ་བཏབ་མས་ཟེར་ སླབ་ད་ལུ།
  • Jigme> སྦྱངམ་སྦྱི་ངནམ་གྱིས་ སོ་བཏབ་ད་ལུ་ ཐགཔ་ལྡོག་མ་འགྱོ་ཟེར་ཨིན་མས། སོག་ཀོར་མ་སྦྱི་ངནམ་དེ་ཚུ་གིས་ ཐགཔ་ལྡོག་འགྱོ་མ་བཏུབ་པར་ བྱི་ཙི་གཅིག་འོངམ་ད་ལུ་ ཐགཔ་ལྡོག་སོང་སྦེ་ གོང་རི་ཆུ་ནང་ལུ་ ལྷོད་ནུག
  • Jigme> གོང་རི་ལུ་ལྷོད་སྦེ་ མར་ལུ་ ཨའི་གི་ ཧིང་ནང་ཐོན་ཡར་སོང་ནུག། ཨའི་གི་ འ་ནཱ་ལྷོདཔ་ད་ལུ་ ཐག་ཅུང་གིས་རྡུག་ནི་འབདཝ་ད་ལུ༌ ཨ་མ་ང་ཨིན་ཟེར་སླབ་སླབ་མས།
  • Jigme> ཡ་ཁྱོད་ག་དེ་སྦེ་ ཆུ་ནང་མཆོང་མཆོངསམ་སྨོ་ཟེརཝ་ད་ ང་ཕ་སྤུན་འདི་ཚུ་གིས་ ཁོང་ལུ་ གྲོགས་རམ་འབད་དེ་ ང་ཆུ་ནང་ བསྐྱལ་གཏངམ་ལས་ ང་དེ་སྦེ་འོང་འོངམ་ཨིན་ཟེར་ འོང་འོངམ་མས།
  • Jigme> དེ་ལས་ ཨའི་གིས་ བཏོན་ཞིནམ་ལས་ བཅོས་ཐབས་འབད་སྦེ་ ལོག་བསྐོརསྟེ་སོང་བལྟཝ་ད་ལུ་ འ་ནཱི་ ཕ་སྤུན་དགུ་མདའ་རྐྱབ་སྡོད་སྡོདཔ་མས།
  • Jigme> ཡ་བོང་ཀུ་ བོང་ཀུ་རྟ་བོང་ཀུ༌ ང༌བཅས༌ བོང༌ཀུ༌བཏུལ༌བའི༌བསྒང༌ལུ༌ དེ༌སྦེ་ བཏུལ༌བཏུལཝ༌ཨིན༌ཟེར༌ མདའ༌རྐྱབ༌མས༌ལོ༌ ཁོང༌ཕ༌སྤུན༌དགུ
  • Jigme> དེ༌ལས༌ ཁོ༌ངོ༌མ༌ཤེསཔ༌མས། ཡ༌ཁྱོད༌ཚུ༌གིས་ མདའ༌འབག༌ཤོག༌ ང༌གི༌རྐྱབ༌བལྟ༌གེ༌ཟེར༌ སླབ༌སླབ༌ཨིན༌མས། དེ༌ལས༌ མདའ༌སྦྱིན༌ནུག མདའ༌སྦྱིན༌ཞིནམ༌ལས༌ ཕར༌ཧོངས༌ལུ༌ ཚར༌ཅིག༌རྐྱབ༌ད༌ལུ༌ ཕར༌ཧོངས༌མའི༌ འབའ་གི་སྦུག༌ན༌ལས༌ བཀག༌གཏང༌ནུག༌ལགས།
  • Jigme> ཡ༌ད༌རུ༌ ཕར༌ཧོངས༌མ༌སོང་སྦེ་ ཚུར་ཧོངས༌མ༌རྐྱབ༌ད༌ལུ༌ ཚུར༌ཧོངས༌མའི༌འབའ༌དེ༌ཡང༌ བཀག༌གཏང༌སྦེ༌ གབའ༌གཉིས༌ཆ༌ར༌བཀག༌གཏང༌ད༌ནུག
  • Jigme> དེ་ལས་ ཁོང་འདི་ཚུ་ ལ་ལུ་སྦྱི་ངནམ་ལུ་འགྱུར་སོང་། ལ་ལུ་ཕའེ་དར་ལུ་འགྱུར། ལ་ལུ་ཡོང་ལ་ལུ་འགྱུར་སྦེ་ ཡལ་ཡར་སོའི་ཟེར་ སླབ་ཨིན་པས།
  • Jigme> ཕ་སྤུན་དགུཔ་དེ་ མི་འབད་སྡོད་ནིའི་རང་དབང་མ་ཐོབ་ཟེར་ ཏེ་ཁོང་འ་ནཱེམ་ཅིག་ ལེགས་ཤོམ་སྦེ་ འ་ནཱིམ་ཅིག་ སྲོག་སྐྱབས་འབད་སྦེ་དྲགཔ་ད་ལུ་ ཁོ་ལུ་ངོ་དང་དགའ་ཚོར་མེད་པ་ཅིན་ མི་དཔེ་འབད་བ་ཅིན་ ཁོང་བཟུམ་ལུ་འགྱུར་ནི་ཨིན་ཟེར་བའི་དོན་ཨིན་ལགས།