Skip to main content Skip to search
20 Jun 2018
2 min 1 sec
Video Overview
Creators: 
Duptho, Sonam Chophel

Karchung, a villager from Phongmey in Trashigang District, shares a story about a mother and a mongoose. In the story, the mother lets the mongoose babysit her daughter; when she returns home, she saw blood on the mongoose. She kills the mongoose, assuming it ate her daughter. Later, she saw a snake dying near her sleeping daughter; she realized, too late, that the mongoose had saved her daughter from the snake. Storytelling was a longstanding tradition in Bhutan, with different educational stories shared amongst those working in the fields, or after dinner with family. Parents would narrate different stories to their children before bed. Storytelling traditions are now rarely practiced, due to modernization.

 

བཀྲིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ ལས་འབད་མི་ དཀར་ཅུང་གི་ ཁོ་རའི་ཨའི་དང ་ནེའུ་ལེ་གི་སྐོར་ལས་ སྲུང་ཅིག་བཤདཔ་ ཨིན་མས། སྲུང་གཏང་ནི་འདི་ཡང་ ཧེ་མ་ལས་ལམ་སྲོལ་བཟང་པོ་གཅིག་ཨིནམ་ མ་ཚད ་སྲུང་འདི་ཡང ་ཤེས་ཡོན་དང་འབྲལ་བའི་བཅུད་དོན་གྱི་ སྒོ་ལས་ཞིང་ཁ་ ལཱ་འབད་བའི་སྐབས་ གཅིག་གི་གཅིག་ལུ་ བཤདཔ་ཨིན་མས། སྲུང་གཏང་ནི་ལམ་སྲོལ་ འདི་ཡང་ ཕམ་ཚུ་གི་ཨ་ལོ་ཚུ་ལུ་ ཕྱི་རུ་ཉལ་རནམ་ད་དང ་ལྟོ་བཟའ་ཚར་བའི་ཤུལ་ལས་ གཏངམ་ཨིན་མས། ཨིན་རུང་དུས་གི་འགྱུར་བ་ལས་བརྟེུན་ དརེས་ནངས་པར་ ཨ་ལོ་ཚུ་གི་ འཕྲུལ་རིགས་མ་འདྲཝ་ བརྒྱུད་འཕྲིན གློག་རིག་ཡོངས་འབྲེལ་དང་ འཕྲུལ་ཆོས་ཚུ་ལུ་ སྤོ་བ་ལེན་ཏེ་་སྔོན་གི་ ལམ་སློམ་བཟང་པོ་ འདི་ ཉམས་འགྱོ་དོ་ཡོདཔ་མས། སྲུང་འདི་ནང་ ཨའི་འདི་གིས་ ནེའུ་ལེ་འདི་ ཨལོ་བལྟ་མི་འབད་བཞག་ནུག་ ཨིན་རུང་ མོ་ཁྱིམ་ནང་ ལོག་ལྷོདཔ་ད་ ནེའུ་ལེ་གི་གཟུགས་ཁར་ ཁྲག་མཐོངམ་ལས་ མོ་གི་བརྟག་ཤིང ་ག་ནི་ཡང་ མ་དཔྱད་པར་ མོ་གི་ཨལོའདི་ བཟའ་བཟཝ་ཨིནམ་མནོ་སྟེ་ ནིའུ་ལེ་འདི་ བསད་ད་ནུག། དེའི་ཤུལ་ལས་ མོ་ཁྱིམ་ནང་ན་ ལྷོདཔ་ད་ མོ་རའི་ཨ་ལོ་ ཉལ་ཡོདཔ་མ་ཚད་ སྦུལ་སྦོམ་གཅིག་ བསད་དེ་ བཞག་སར་ མཐོང་ནུག། དེ་ལས་མོ་གི་ ཨལོ་འདི་ སྦུལ་དེ་ལས་ ནིའུ་ལེ་གིས་ ་བསྲུང་ནུག་ཟེར་ ཧ་གོ་རུང་ ནིའུ་ལེ་འདི་ ཧེ་མ་ལས་རང་ བསད་ཡོདཔ་ལས་ བློ་འགྱོད་བཀོད་ནི་ དུས་ཚོད་འདི་ འཕྱིས་སུ་ནུག

Transcript search
No results found for this search
0 of 0
  • ཨ་ནུང་ Anung
    སེམས་ལེགས་ཤོམ་དང་ཟོགཔོ་གི་སྐོར་ལས་ཨིན་མས་ཟེར་ཞུ་ནི། ཧེ་མ་གཡུས་ཚན་ཅིག་ནང་ལུ་ ཨ་ལོ་ཆུང་ཀུ་འདྲན་འདྲ་གཉིས་སྡོད་ནུག་ གནམ་མེད་ས་མེད་འཆམ་ཏོག་ཏོ་ རྩེདམོ་རྩེད་དེ་རང་ ཁོང་གཉིས་ ལྟོ་ཁམས་ཏོག་ཅིག་ཨིན་རུང་ བགོ་བཤའ་རྐྱབ་སྟེ་ཟ་ ཕྱེ་ཁམས་ཏོག་ཅིག་ཨིན་རུང་ བགོ་བཤའ་རྐྱབ་ཟ་སྡོད་སྡོདཔ་ཨིན་མས།
  • ཨ་ནུང་ Anung
    ཏེ་དེ་ལས་ གཅིག་གི་ཨ་པ་གིས་ གཅིག་ལུ་ཟོགཔོ་མཐོང་མཐོངམ་མས། འུམ་ ཁོ་ ངེའི་ཨ་ལོ་དང་གཅིག་ཁར་ གནམ་མེད་ས་མེད་ཆ་རོགས་འབད་དེ་མས་ཁོ་ ཤི་རུང་མི་ཕངས་ནི་མས་ཁོ་ མི་དགའ་བས་ཟེར་མནོ་སྟེ་ ཁོ་ག་ཅི་ཅིག་འབད་ནི་ཟེར་མནོ་བསམ་བཏངམ་ད་ འ་ནཱི་ཨ་པ་གཅིག་གིས་མ་དགའཝ་འབད་དེ་ འུམ་ ཁོ་ང་གིས།
  • ཨ་ནུང་ Anung
    དྲངས་ཏེ་བསད་པ་ཅིན་ གཞན་གྱིས་ བསད་ཅི་ཟེར་སླབ་འོང་ ང་གིས་དྲོན་གོང་ནང་སྨན་བླུགས་ཏེ་གསད་ནི་ཟེར་སླབ་ནུག ཨ་པ་གིས་མནོ་བསམ་བཏང་བཏངམ་མས་ གཅིག་གིས་མ་དགའཝ་འབད་དེ་ ཏེ་འ་ནཱི་ཨ་པ་གིས་ དྲོང་གོང་ཨ་ཙི་ཅིག་ཆེ་ཆུང་འབད་ གཉིས་བཟོ་ཞིནམ་ལས་ ཏེ་ཆ་རོགས་མ་དགའ་མི་ལུ་ལྟ་སྟེ་ འ་ནཱི་དྲོན་གོང་ནང་ན་སྨན་ཆེན་བཙུགས་བྱིན་ནུག ཤི་བཅུག་ཟེར་ ཏེ་འ་ནཱི་སྨན་ཆེན་བཙུགས།
  • ཨ་ནུང་ Anung
    ཨ་ཙི་ཅིག་ཆེ་ཆུང་ཡོདཔ་མས་ ཏེ་མེ་བཏང་ ལེགས་ཤོམ་བཟོ་སྦེ་ ཡ་ཁྱེད་གཉིས་ཟ་ཤིག་ ཟེར་བྱིནམ་ད་ལུ་ ཁོང་གཉིས་འཆམ་དྲག་ནི་དེ་གིས་ ཏེ་དྲོན་གོང་སྨན་ཡོད་མི་འདི་ སོ་སོ་གཞན་ ཤི་བཅུག་ཟེར་མི་ལུ་བྱིན་ སྨན་མེད་མི་འདི་ ཁོ་རའི་ཨ་ལོ་ལུ་བྱིན་བྱིནམ་མས། བྱིནམ་ད་ལུ་ ཡ་ཁོང་གཉིས་འཆམ་དྲག་ནི་དེ་གིས་ ཁོ་གིས་ ཨེའི་ཆ་རོགས་ཟེར།
  • ཨ་ནུང་ Anung
    ང་བཅས་གཉིས་ལུ་ ཁྱོད་རའི་ཨ་པ་གིས་ དྲོན་གོང་འདྲན་འདྲ་སྦེ་བྱིན་ཡི་ འདྲན་འདྲ་རང་མིན་འདུག་ ཨ་ཙི་ཅིག་ཆེ་ཆུང་འདུག་སྨོ་ཟེར་ འ་ནཱི་སྦོམ་འདི་ ཁྱོད་ཟ་སྨ་རེད་ཆ་རོགས་ཟེར་ ཁོ་རའི་ཨ་ལོ་ལུ་བྱིན་བཞག་ནུག དེ་ལས་ དྲོན་གོང་ཟ་ནུག ཨ་ལོ་གིས་ ཏེ་ཟཝ་ད་ ཁོ་རའི་ཨ་ལོ་ཤི་ཡི་ཏེ་ ཧི་ཧི་ཧི་་་་་་།། །།