Skip to main content Skip to search
27 Jan 2016
14 min 56 sec
Video Overview
Creators: 
Sherig Dentshog

Narrated in Tsangla, this story is about a “jungle man” who, with the help of a monkey, becomes a rich king. A man lives in a forest and claimed a huge fruit tree as his. One day, monkeys eat all the tree's fruits. The ma chases them, and catches one. The monkey pleads for his life, offering to help him to become a king in return. The monkey then deceives a rich old couple, seizes their property, and gives it to the jungle man. He also gives him a new name: Babu Gyalpo, or King Babu. The monkey pays a visit to the king of the valley to tell him about a king named Babu who wishes to marry one of his daughters. In this way, the monkey managed to transform the jungle man into a rich man married to a princess. 

 

གློག་བརྙན་འདི་ནང་ འབྲུག་ཤར་ཕྱོགས་ཀྱི་ ཚངས་ལའི་ཁ་སྐད་ནང་སྦེ་ མི་གཅིག་ ནགས་ཚལ་་ནང་ས ེམས་ཅན་བཟུམ་སྦེ་ སྡོད་མི་འདི་ སྤྱ་གིས་སྦེ་ རྒྱལ་པོའི་སྲསམོ་ཅིག་དང་གཅིག་ཁར་ གཉེན་རྐྱབ་བྱིན་པའི་སྐོར་ལས་ཨིན་པས། དེ་ཡང་ ནགས་ཚལ་ནང་གི་ མི་དེ་ལུ་ ཤིང་འབྲས་ཀྱི་ ཤིང་ཅིག་ཡོད་མི་དེ་ སྤྱི་ཚུ་གིས་ བཟའ་ཚར་ཏེ་ སྤྱ་ཚུ་ བདའ་འབགཝ་ད་ གཅིག་གི་ལག་པར་ཚུདཔ་ལས་ གསད་ནི་འབདཝ་ད་ སྤྱ་དེ་གིས་ གསོལཝ་བཏབ་སྟེ་ ཁོ་མ་གསད་པ་ཅིན་ ཁོ་གིས་མ ི་དེ་རྒྱལ་པོའི་སྲསམོ་དང་གཅིག་ཁར་ གཉེན་རྐྱབ་བྱིན་ནི་ཟེར་སླབ་ལས་ མ་གསད་པར་བཞག་བཞགཔ་་ཨིན་པས། དེ་ལས་ སྤྱ་དེ་གིས་ བཟའ་ཚང་ཕྱུགཔོ་རྒན་རྒས་ཕྱུགཔོ་གཉིས་ཡོད་མི་དེ་ལུ་ མགོ་བསྐོར་རྐྱབ་སྟེ་  ནགས་ཚལ་ནང་གི་མི་འདི་ རྒྱུ་ནོར་དེ་ཚུ་གི་ བདག་པོ་ཨིནམ་བཟོ་ཞིནམ་ལས་ ལུང་པའི་རྒྱལཔོ་ལུ་ ལུང་པ་འདི་ནང་ཁ ྱོད་དང་མཉམ་པའི་ཕྱུགཔོ་གཅིག་ཡོདཔ་མི་འདི་ ཁྱོད་ཀྱི་སྲསམོ་གཅིག་དང་ གཉེན་རྐྱབ་པ་ཅིན་ དྲག་ཟེར་ སླབ་ཐོག་ལས་ མགུ་སྐོར་རྐྱབ་ཐོག་ལས་ ནགས་ཚལ་ནང་གི་ མི་དེ་ལུ་ མི་ཡང་ བྷ་བུ་རྒྱལ་པོ་ཟེར་བཏགས་ཏེ་ རྒྱལ་པོའི་སྲསམོ་དང་གཅིག་ཁར་ གཉེན་རྐྱབ་བྱིན་པའི་སྐོར་ལས་ཨིན་པས། སྲུང་འདི་གིས་ སྔོན་དང་ཕུག ས་འབྲུག་མི་ཚུ་གི་ སྲུང་དེ་ཚུ་ སློབ་སྟོན་གྱི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིནམ་ཤེས་ཚུགས་པས་ འདི་ཡང་ ནགས་ཚལ་གྱི་མི་དེ་གིས་ ཕོ་བྲག་ནང་བཞེས་སྒོ་ སྣ་ཚོགས་འབག་འོངམ་ད་ མིང་མ་ཤེས་མི་དེ་ སྤྱ་གིས་སྟོན་བྱིནམ་ད་ ཆང་ལུ་ ཨ་རག་དང་ ཆུམ་གྱིས་འབད་འབད་བའི་ལྟོ་ལུ་ བར་ལྟོ་ཟེར་ སླབ་ཨིན་ཟེར་མི་ཚུ་ ཁ་གསལ་ཐོནམ་ལས་ སློབ་གྲྭ་ལོགས་སུ་མེདཔ་པའི་དུས་ལུ་ སློབ་སྟོན་གྱི་དོན་ལུ་ སྲུང་ལག་ལེན་འཐབ་སྲོལ་སྡོད་ཡོདཔ་པའི་ ཤེས་རྟོགས་འབད་ཚུགས་པས།

 

Transcript search
No results found for this search
0 of 0
  • གསང་སྔགས་རིག་འཛིན་:Sangak Rinzin
    ང་གིས་ འ་ནཱ་ སྲུང་ཅིག་ཞུ་གེ་ལགས། ག་ཅི་སྦེ་ཟེར་བ་ཅིན་ དང་ཕུའི་ ཏེ་སྲུང་དེ་ འ་ནཱ་ བྷ་བུ་རྒྱལ་པོ་ཟེར་ ཏེ་ནཱ་ འབོ་དེས་ དེའི་སྐོར་ལས་ ཞུ་ནི་ཨིན་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    འེང་བྷ་བུ་རྒྱལ་པོ་ཟེར་ འབོ་དགོ་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ དང་ཕུ་ འ་ནཱི་ མི་གཅིག་ ཕོ་རྒྱ་ཅིག་ཡོདཔ་ཨིན་པས་ལགས་ དང་ཕུ་གི། ཁོ་ཏེ་ད་ ལྟོ་ཟེར་ འ་ནཱི་ བཟའ་ནི་གི་ ང་བཅས་བཟུམ་སྦེ་ ལྟོ་ འ་ནཱ་གི་ཏེ་ བཟའ་སྡོད་དེ་མེན་པར་ ཁོ་དེ་ ཆ་མཉམ་ནགས་ཚལ་ནང་ལུ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཤིང་འབྲས་བཟའ་སྟེ་ར་ དེ་སྦེ་སྡོད་སྡོདཔ་ཨིན་པས་ལགས། ཁོ་ཏེ་ ཆུང་ཀུ་བསྒང་ལས་ར་ ཁོ་ ལྟོ་ཟེར་མི་དེ་ བཟའ་ནི་དེ་ ག་ཏེ་ཐོབ་ནི་ མིག་གི་ར་མ་མཐོང་མི་ ཁོ་ འ་ནཱ་ ནགས་ཚལ་ནང་གི་ ལྕོག་མའི་(ཕོད་ཙེ་ཤིང་)རྡོག་མ་ ཀོག་ནང་གི་(བ་ཀུ་ཤིང)གི་རྡོག་མ་ ཏེ་རྡོག་མ་སྦོམ་འགྱོཝ་ད་ར་ དེ་སྦེ་བཟའ་ཡི་བཟའ་ཡི་ དེ་སྦེ་བཟའ་སྟེ་ སྡོད་མི་ཨིན་པས་ལགས་དང་ཕུ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཚར་ཅིག་འབདཝ་ད་ལུ་ཏེ་ ཁོ་གིས་ འ་ནཱི་ རྡོག་མ་འདི་ འ་ནཱི་ བ་ཀུ་ཤིང་གི་རྡོག་མ་ཨིན་པས་ལགས། ཁོ་གི་ ཤིང་སྦོམ་གཅིག་ཡོདཔ་ཨིན་པས་ལགས། སྤྱ་ཚུ་སོང་སྟེ་འབདཝ་ད་ ཁོ་གིས་ འ་ནཱི་ ཤིང་འབྲས་ཆ་མཉམ་ བཟའ་བཏང་དཔ་ཨིན་པས་ལགས། ཁོ་དེ་ འ་ནཱ་ ལོག་སྟེ་ དེ་ནང་བཟའ་ནི་སྦེ་ འགྱོ་བལྟཝ་ད་ལུ་ཏེ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་སྤྱ་གིས་ ཆ་མཉམ་བཟའ་བཞག་བཞགཔ་ཨིན་པས་ལགས། ཨ་ འ་ནཱི་ སྤྱ་ཚུ་མི་བཏུབ་ གསད་ནི་ཟེར་ བདའ་སྟེ་སོང་ནུག་ལགས། འགྱོ་ད་ལུ་ཏེ་ གཞན་ཐལ་ཏེ་ བྱོག་ཐལ་ནུག་ལགས། གཅིག་གུ་ལྷོདཔ་ད་ ཁོ་མ་བཏང་པར་བཟུང་བཞག་སྟེ་ ཁྱོད་གསད་ནི་ཟེར་ ངེ་ཤིང་འབྲས་འདི་ ད་ལྟོ་ར་ འབག་ཤོག་ཟེར།
  • གསང་སྔགས་རིག་འཛིན་:Sangak Rinzin
    ང་ ལོ་གཅིག་ལང་བའི་ ལྟོ་ཨིན་འ་ནཱི་ འ་ནཱེ་སྦེ་འབད་དེ་ ཡ་ ང་གིས་ ཁྱོད་ལུ་ ཕན་ཐོགཔ་ཅིག་འོང་ཟེར་ ང་ མ་གསད་དབའི་ཟེར་ ཕོ་རྒནམ་ཟེར་ སྤྱ་གིས་དེ་སྦེ་ སླབ་ནུག་ལགས། ཁྱོད་ཀྱིས་ ཕན་ཐོགས་ག་ཅི་ཡང་མི་འོང་། ཁྱོད་བཟུམ་སྤྱ་ཨིན་ལགས། ཁྱོད་ སྤྱའི་མི་ བཟོ་ར་ ག་བཟུམ་འདུག། སྤྱ་འདི་སྤྱ་མིང་ཡང་ཟེར་ དེ་སྦེ་ སླབ་ད་ལུ་དབའི།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ དཀོན་མཆོག་གསུམ་ཨིན། ང་གིས་ ཁྱོད་ལུ་ ཕནམ་ཅིག་འོང་། ང་མ་གསད་ཟེར་ སླབ་ད་ལུ་ཏེ་ ང་ ད་ལྟོ་ར་ ལྟོ་བཀྱེས་ཏེ་ཡོད། འབག་ཤོག་ཟེརཝ་ད་ ཁྱོད་ བཟའ་ནི་གི་ས་གནས་འདི་ བདེཝ་བཟོ་བྱིན་གེ་ཟེར་ སྤྱ་གིས་ དེ་སྦེ་སླབ་ནུག་ལགས། ཏེ་ཁོ་གིས་ དེ་སྦེ་འབད་བ་ཅིན་ འ་ནཱི་ ཁོ་གིས་ དེ་སྦེ་ སླབ་སླབ་མས་སྤྱ་གིས། ཕར་ རྒྱལ་པོ་ཡོད། གནམ་མེད་ས་མེད་ ཕྱུགཔོ་ རྒྱལཔོ་ལས་ རྒྱལ་པོ་མ་འདྲཝ་ཡོད་ཟེར།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་ཁྱོད་ ང་གི་ འདི་ནང་ རྒྱལ་པོའི་ སྲས་མོ་ཅིག་ ཁྱོད་ལུ་ ང་གི་ ག་ཅི་ལོ་ གནས་ཚངས་སྦེ་ འ་ནཱི་ ཨམ་སྲུ་སྦེ་ བཟོ་བྱིན་ནི་ཟེར། ང་གིས་ སྲས་མོ་ལུ་ རྒྱལ་པོ་ལུ་ ཞུ་བར་འགྱོ་ནི་ ང་གིས་ཟེར། ཡ་ དེ་སྦེ་འབད་བ་ཅིན་ འདི་བཏུབ་པས་ཟེར་ སླབ་ནུག་ལགས། ཁྱོད་ དེ་སྦེ་ཨིན་པ་ཅིན་ བཟའ་ནི་གི་ ཁྱོད་ འ་ནཱི་བཟུམ་སྦེ་ ཤིང་འབྲས་མེན་པར་ གྱོན་ནི་གི་གོ་ལ་ཡང་ཐོབ་ ཏེ་བཟའ་་་འ་ནཱི་ བཟའ་ནི་འཐུང་ནི་ ཤ་ ཉ་ ག་ནི་ཡང་ཐོབ་ཁྱོད་ཟེར་ སླབ་ད་ལུ་ཏེ་ ག་ཅི་བཟུམ་ཡོད་ག་ཟེར།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཨིན་རུང་ ཁྱོད་ཀྱིས་ འ་ནཱི་བཟུམ་འབད་བ་ཅིན་ དྲག་ནི་མས། ངེ་གཉེན་ཡང་ ཁྱོད་ཀྱིས་འབད་གནང་ཟེར་ སླབ་སྟེ་ ཏེ་ཕར་ སྤྱ་གིས་ འ་ རྒྱལ་པོ་འབད་སར་སོང་ནུག་ལགས། རྒྱལ་པོའི་ ཕོབྲང་གི་དབུ་རྩེ་ལུ་ རྩ་བར་སྡོདཔ་ད་ལུ་ ད་ལྟ་ར་ འ་ནཱི་ སྤྱ་ རྡོ་རྐྱབ་ད་ ག་ཅི་སྦེ་ནི་ ཁོ་ ངེ་ དབུ་རྩེ་གུ་ འཛེག་སྡོད་ནུག་ཟེར་ སླབ་ད་ལུ།
  • གསང་སྔགས་རིག་འཛིན་:Sangak Rinzin
    དབའི་ རྒྱལ་པོ་ཟེར་ ཕོ་རྒནམ་རྒྱལ་པོ་ སྐུ་ཆེན་གསུང་ཆེན་ ང་ ཁྱོད་ཀྱི་ཕྱག་དབང་འོང་ཡི། ཏེ་ང་འདི་ སྤྱ་ཅིག་ཨིན་ལགས། ཁྱོད་ཀྱི་ ནང་ན་ ཏེ་ཁྱོད་བཞུགས་སའི་ནང་ན་ ཏེ་ ཕྱག་དབང་བཅར་མ་ཚུགས། ཨིན་རུང་ ཏེ་ད་ལྟོ་ ང་ ང་བཅས་རའི་ བྷ་བུ་རྒྱལ་པོ་ཟེར་ ཟེར་མི་ཡོད། འདི་གིས་ ནཱ་རྒྱལ་པོའི་ ཐུགས་ཅིག་བསྟུན་བལྟ་ད་ཟེར་ སླབ་དེས་ཟེར་ འོང་ཡི་ཟེརཝ་ད་ རྒྱལ་པོ་ཟེར་ ང་ལས་ལྷགཔ་མེད་ དབའི་ བྷ་བུ་རྒྱལ་པོ་ཟེར་མི་ ང་གི་སྣ་བར་ར་མ་གོ་ཟེར།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་དེ་སྦེ་ སླབ་ནུག་ལགས། དེ་སྦེ་ སླབ་ད་ལུ་ཏེ་ ཛའི་ ཁོ་ ཏེ་བྷ་བུ་རྒྱལ་པོ་ཟེར་མི་འདི་ མེན་་་་་འ་ནཱ་ ང་ (སོར་སི)དགོངསམ་མ་ཁྲལ། ང་ འཛོལ་སོང་ནུག་ལགས། འ་ནཱ་ འ་ནཱི་ལགས། ཧེ་མ་ ང་གིས་ ཧེ་མ་ཐོན་ཡར་སོང་ནུག་ལགས། ཨ་ རྒྱལ་པོ་ལུ་ མ་འགྱོ་བའི་ཧེ་མ་ལགས། ཁོ་གི་ འ་ནཱ་ སྲིན་པོ་ ཨ་ ཨང་རྒས་དང་ ཨ་རྒས་ཅིག་འདུག་ཟེར་ ཨིན་མས་ལགས་ ཕར་ལུ་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    འ་ནཱེ་སྦེ་ ཕར་ སོང་སྟེ་ཏེ་ ང་གིས་ འ་ནཱེ་སྦེ་ ཁྱོད་ལུ་སྡོད་ནི་གི་ཁྱིམ་དང་ བཟའ་ནི་འཐུང་ནི་གི་ ག་ནི་ཡང་ ཁྱོད་ལུ་ ང་གིས་ བྱིན་ནི་ཟེར་ དེ་སྦེ་ སླབ་ད་ལུ་ཏེ་ དེ་ལས་ཏེ་ འ་ནཱ་ བཏུབ་ བཏུབ་ནི་མས་ཟེར་ སླབ་དེས། ཕར་ སྲིན་པོའི་ ཨང་རྒས་དང་ འ་ནཱི་ ཨ་རྒས་ཀྱི་ ཕར་སོངམ་ད་ལུ་ཏེ་ ཏེ་འ་ ག་ཏེ་འགྱོ་ནི་ སྤྱ་ ཁྱོད་ཟེར་ སླབ་ད་ལུ་ཏེ་ ཡ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་ཁྱོད་ ད་ལྟོ་ ཁྱེད་གཉིས་ གསད་མི་འོང་དོ་ ད་ལྟོ་ར་ཟེར་ ཁྱེད་གཉིས་མགྱོགས་པ་འོང་ཏེ་ བྱོག་སོང་འོང་སྟེ་ བྱོག་སོང་ཟེར་ སླབ་པར་འོང་ཡི་ ང་ཟེར་ སླབ་ད་ལུ་ཏེ་ ཡ་ ག་ཏེ་ལུ་ ལྷོད་དེ་འདུག་ཟེར་སླབ་ད་ ད་ལྟོའི་ ཆུ་ཚོད་གཅིག་གི་ནང་འཁོད་ར་ ཐོན་འོང་ཟེར་ སླབ་ནུག་ལགས། དེ་སྦེ་ སླབ་ད་ལུ་ཏེ་ དེ་འབདན་ ག་ཏེ་ལུ་ གཡིབ་ནི་ སྤྱ་ཁྱོད་ཀྱིས་ བཅོས་ཐབས་འབད་གནང་ཟེར་ སླབ་ད་ ཁྱེད་ འཛུལ་སའི་ ས་གནས་མེད་ག་ཟེར་ སླབ་ད་ལུ།
  • གསང་སྔགས་རིག་འཛིན་:Sangak Rinzin
    འ་ དོང་ཡོད་ཟེར་ སླབ་ལས་ ཨང་རྒས་དང་ ཨ་རྒས་དོང་ནང་འཛལཝ་ད་ སྤྱ་གིས་ དམ་བཏགས་ནུག་ལགས། ལོག་ནི་མེདཔ་སྦེ་ འ་ནཱི་ བཏགས་ཞིནམ་ལས་ ཨང་རྒས་དང་ཨ་རྒས་ཀྱི་ རྒྱུ་ག་ཅི་འདུག་ཟེར་བ་ཅིན་ རྒྱ་ཚམོ་ཁལ་ལྔ་འདུག་ཟེར་ཨིན་པས་ལགས། དེ་ལས་ དྲེལ་ཁལ་ལྔ། རྟ་ཁལ་ལྔ། བ་མིན་ཁལ་ལྔ། ཏེ་ཡང་གུམ་ཁལ་ལྔ། འ་ནཱི་ འབྲང་གླང་ཁལ་ལྔ། འ་ནཱི་ རུ་ཁག་རུ་ཁག་སྦེ་ འདུག་ཟེར་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་ཁྱིམ་དེ་ཡང་ ཐོག་གསུམ་ ཏེ་ནང་ན་ག་ར་ གསེར་ཨིན་པས། འ་ནཱ་ སྒོ་ལས་ཡར་བལྟ་ ཏེ་ཝ་རཱན་སྒྲིག་(སྟེང་སྒོ) འ་ནཱ་ ཡར་ལས་ཡར་བལྟ་ ཐོག་ལས་ཡར་བལྟ ཐོག་ཁར་འགྱོཝ་ད་ལུ་ལགས་ འ་ཆ་མཉམ་གསེར་སྒྲོན་ཏེ་གི་ལགས། ཏེ་འ་ནཱེ་སྦེ་འབད་ཞིནམ་ཏེ་ ཏེ་ཁོ་ཚུ་ འ་ནཱ་ ཏེ་འ་ནཱི་ མི་ལུ་ སླབ་ནུག་ལགས། ཁྱོད་ཀྱི་ མིང་བྷ་བུ་རྒྱལ་པོ་འབོ་ནི་ཨིན་ཟེར་ ཏེ་ང་གིས་ ཕར་ལུ་ དེ་སྦེ་འགྱོ་གེ་སྨ་རས། རྒྱལ་པོ་ལུ་ཡང་ ཕར་སོང་སྟེ་ ང་གིས་ དེ་བཟུམ་སྦེ་ གནའམ་ལྷང་བྱིན་གེ་ཟེར།
  • གསང་སྔགས་རིག་འཛིན་:Sangak Rinzin
    སྤྱ་ ཕར་འཁྱིད་དེ་ ཏེ་ཕར་ རྒྱལ་པོ་འབད་ས་འགྱོ་ད་ལུ་ ཏེ་ད་ལྟོ་ ད་ཅིག་ཞུ་དོ་བཟུམ་ཨིན་ལགས། སྤྱ་དབུ་རྩེ་གུ་ འཛེག་སྡོདཔ་ད་ལུ་ཏེ་ འ་ནཱ་དབའི་ སྤྱ་ རྡོ་བླུག་ འ་ཁོ་ བླུག་བྱིན་ཁོ་ཟེར་ སླབ་ད་ལུ་ཏེ་ དབའི་ དེ་སྦེ་མ་མཛད་ཟེར་ ད་ང་ ཁྱོད་འབད་སར་ བཅར་མ་ཚུགས་ཟེར་ ང་བཅས་ཀྱི་ བྷ་བུ་རྒྱལ་པོ་ཟེར་ མི་གིས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་ནཱ་ རྒྱལ་པོ་ལུ་ ཏེ་འ་ནཱ་ལས་ ཕྱག་དབང་བཅར་བལྟ་ད་ཟེར་ སླབ་དེས་ཟེརཝ་ད་ ག་ཅི་ལོ་དབའི་ རྒྱལ་པོ་ང་ལས་ལྷག་མེད། བྷ་བུ་རྒྱལ་པོ་ཟེར་མི་ ག་བཟུམ་ཡོདཔ་ཨིན་ན་ཟེར་ དེ་སྦེ་འབདཝ་ད་ཏེ་ ཏེ་ང་བཅས་ར་ བྷ་བུ་རྒྱལ་པོ་ཟེར་ཡོད་ཟེར་ སླབ་ད་ལུ་ འ་ ཁོ་གི་ ག་བཟུམ་ཡོད་ ཁྱིམ་འདི་ཟེར་ སླབ་ད་ སྤ་ རྒྱ་ཚམོ་རུ་ཁག་སྦེ་ཡོད།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་འ་ནཱ་ རྟ་དང་དྲེལ་ བ་མིན་ ག་ནི་ཡང་ འ་ནཱཱི་ཡོད་ཟེར་ ཁོ་ལུ་ རུ་ཁག་རུ་ཁག་སྦེ་ཡོད། ཏེ་ཁྱིམ་ག་ར་ གསེར་གྱི་ འ་ནཱ་ ག་ཅི་ལོ་ འ་ནཱ་ གསེར་རང་འབྱུང་གི་ཨིན་ཟེར་ སླབ་ད་ ཡ་འདིནི་བཏུབ་པས། ཏེ་དེ་སྦེ་འབད་བ་ཅིན་ ཁོ་ ནཱ་ཤོག་ ཚར་ཅིག་འཁྱིད་ཤོག་ཟེར་ ཏེ་སྤྱ་སོང་སྟེ་ བཟོ་ བཟོ་སྟེ་འཁྱིད་འོང་ནུག་ལགས། ཁོ་འདི་ ནགས་ཚལ་ནང་ར་སྡོད་སྡོདཔ་འབདཝ་ལས།
  • གསང་སྔགས་རིག་འཛིན་:Sangak Rinzin
    སྤུ་ཟེར་མི་འདི་ བ་བཟུམ་སྦེ་ འ་ནཱ་ སྤུ་རིངམོ་རིངམོ་སྦེ་ འགྱོ་ནུག་ཟེར་ཨིན་པས་ལགས། རྐངམ་དང་ལགཔ་ ཏེ་མིག་ཏོག་དང་ སོ་གཅིག་གུ་ལས་ རྐངམ་གྱི་སེན་མོ་ ལགཔ་གི་སེན་མོ་གཅིག་འདི་ སྤུ་མ་སྐྱེས་བར་འདུག་ ག་ར་སྤུ་རིམ་རིམ་འགྱོ་སྟེ་ འདུག་ཟེར་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    སྤྱ་གིས་སྦེ་ག་ར་ ཏེ་བི་ལེད་ཀྱིས་ ཀྲེག་ཏེ་ སྐྱ་ཡང་ ཐུང་ཀུ་སྦེ་ བཟོ་སྟེ་ ཁོ་ གསར་རིངམོ་བཟོ་སྟེ་ མགོ་ལ་རྒྱན་ཏེ་ ལྷམ་བཙུགས་སྟེ་ གསར་རིངམོ་བཟོ་སྟེ་ ཁྱོད་ བྷ་བུ་རྒྱལ་པོ་ཨིན་ཟེར་ ལག་རྒྱན་འ་ནཱེ་སྦེ་ཨིན་ཟེར་ དེམ་ཅིག་ཨིན་ཟེར་ དེ་སྦེ་ སྒྲིག་ཟེར་ སླབ་སྟེ་ སྤྱ་གིས་ བཟོ་སྟེ་ ཏེ་ཕར་སོངམ་ད་ལུ་ཏེ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་ཁོ་ བྷ་བུ་རྒྱལ་པོ་འབད་དེ་ དེ་ལས་ ཕར་ འ་ འ་ནཱ་ ཏེ་རྒྱལ་པོ་ངོ་མ་གིས་ བྷ་བུ་རྒྱལ་པོ་ཟེར་མི་ ཁྱོད་ཨིན་ན་ཟེརཝ་ད་ ཨིན་ཟེར་ ཁོ་དེ་སྦེ་ལེན་འབད་དེ་ ཏེ་ད་ལྟོ་ ཏེ་ངའི་བུམོ་གསུམ་ཡོད། དེ་ལས་ ཁྱོད་ར་ གདམ་ཁ་རྐྱབ་ཟེར་ ཏེ་དེ་སྦེ་འབད་འབདཝ་ཨིན་པས། ཏེ་དེ་སྦེ་འབདཝ་ད་ལུ་ཏེ་ ཁོ་གི་ ཆུང་ཀུ་འདི་ གདམ་ཁ་རྐྱབ་ཅི་ཟེར་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    དེ་སྦེ་འབད་དེ་ ཁོང་གཉིས་ ཡ་ ད་རེས་ལས་ བྷ་བུ་རྒྱལ་པོ་ཟེར་མི་འདི་ ཁྱོད་ ཕྱུགཔོ་ཡོད་དོ་ཡོདཔ་ལས་ ཁ་ལུ་བལྟཝ་ད་ར་ ད་བཏུབ་ ད་ལྟོ་ ངེ་བུམོ་དང་ འ་ནཱེ་འབད་དེ་ གཉེན་རྐྱབ་སྟེ་ ཏེ་ཁོང་ཚུ་ ཞབས་བྲོ་འཐེན་ཏེ་ འ་ནཱེ་ཕྱི་རུ་ ཁོང་ འ་ནཱ་ ག་ཅི་ལོ་ འགོ་དང་པ་ར་ འ་ནཱི་ ཆང་ཅིག་འབད་དོ་ཡོདཔ་མས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཆང་ཅིག་འབགཔ་ད་ལུ་ ཏེ་ཁོ་འདི་ རྒྱལ་ བྷ་བུ་རྒྱལ་པོ་འབད་ནི་དེ་གིས་ ཁོ་ལུ་ ཧེ་མ་འབད་དེ་ ཏེ་ཁོང་ཚུ་འཐུངམ་ད་ ཁོ་ཏེ་ འཐུང་མ་ཤེས་ཟེར་ཨིན་མས་ལགས། འ་ནཱི་འདི་ ག་ཅི་སྨོ་ཟེར་ སྤྱ་སྦོ་ལོག་ཁར་ཡོདཔ་ཨིན་མས་ལགས། འ་ནཱི་འདི་ ཨ་རག་ཟེར་ སླབ་ཨིན། འཐུང་ཟེར་སླབ་ད་ ཏེ་ཁོ་ ཨ་རག་འཐུང་འཐུངམ་ཨིན་པས་ལགས། ཏེ་ ལྟོ་ འ་ནཱ་ ཏེ་ལྟོ་ཙང་ཙ་ འབག་འོང་འོང་ཨིན་པས་ད་རུང་།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ ཁོང་ འ་ནཱེ་སྦེ་ འ་ནཱི་ ལྟོ་བཟའཝ་ད་ པུ་ཏག་བཟོ་སྟེ་ འ་ནཱ་ མར་ཁུ་ཙག་བཅད་དེ་ ཤ་ ག་ར་བཙོ་སྟེ་ འ་ནཱེ་སྦེ་ འ་ནཱི་ ག་ཅི་སྨོ་ཟེར་ ཁོ་གིས་ འ་ནཱི་ བྷ་བུ་རྒྱལ་པོ་ཟེར་མི་གིས་ འ་ནཱི་སྦེ་ སླབ་སླབ་ཨིན་པས་ལགས། འ་ནཱི་འདི་ ལྟོ་ཟེར་ སླབ་ཨིན། ཆུམ་གྱི་ལྟོ་ ཧེ་མ་འབད་བ་ཅིན་ ཆུམ་གྱི་ལྟོ་ཟེར་ སླབ་དེས་སྨོ་འདི་ལུ། ཏེ་ལྟོ་ འ་ནཱི་ ཆུམ་ཟེར་ སླབ་ཨིན་ཟེར་ སླབ་ད་ལུ་ཏེ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ལྟོ་ཟེར་མི་འདི་ ཁོ་གིས་ བཞག་མ་ཤེས་པར་ བཟའ་ཡི་ཟེར་ཨིན་པས་ལགས། ལྟོ་རྫམ་གཅིག་ ཁོ་རའི་ ཐ་ལི་སྦོམ་བྱིནམ་ད་ འ་ནཱི་རྫོགས། ད་རུང་བྱིནམ་ད་ ད་རུང་རྫོགས། དེ་སྦེ་བཟའ་བཏང་སྟེ་ ཏེ་ཁོང་ ཞབས་བྲོ་ཚུ་འཐེན་ཞིནམ་ལས་ ཉལ་ཉལཝ་ཨིན་པས་ལགས། ཏེ་ནངས་པ་དྲོ་པ་ ནཱ་ འ་ནཱི་སྦེ་ སྤྱ་གིས་ ལྷོང་བལྟཝ་ད་ ཁོ་གཉིད་མ་ཚོར་བར་ ཁོ་གིས་མལ་ཆ་ནང་ འ་ནཱི་ ཨ་བ་ཤོར་ནུག་ཟེར་ ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    འ་ནཱི་ ཕོད་ཙེའི་རྡོག་མ་དང་ འ་ནཱི་ཚུ་ སླ་བསྲེ་སྟེ་ མལ་ཆ་ནང་ལུ་ འ་ནཱི་ ཨ་བ་ཤོར་ནུག་ཟེར་ སློ་ནི་ཨིན་པས། དེ་ལས་ཏེ་ སྤྱ་གིས་སྦེ་ ཏེ་གནས་སྐབས་སྟོན་ཏེ་ བསྡུ་སྟེ་བཀོཝ་ད་ དབའི་ སྤྱ་ ཁྱོད་ག་ཅི་འབདཝ་སྨོ་ཟེར་ སླབ་ད་ ཨ་ ང་བཅས་རའི་ བྷ་བུ་རྒྱལ་པོ་ ཕོཝ་དཀྲུགས་ནུག་ཟེར་ སླབ་སྟེ་ ཁོ་གིས་ དེ་སྦེ་ བཀོ་ཡི་ཟེར་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    དེ་ལས་ ཁོ་གིས་ སྤྱ་གིས་ ཏེ་འ་ནཱི་ བཀོ་ཞིནམ་ལས་ དེ་ལས་ཏེ་ འ་ནཱི་ ནངས་པ་ཟེརཝ་ད་ལུ་ཏེ་ ཕར་བལྟ་ བྷ་བུ་རྒྱལ་པོ་ཟེར་ས་ ཕར་ལུ་འགྱོ་ནི་ ང་གིས་ ད་ཅིག་ལུས་སོང་ནུག། ད་ཅིག་ ཁོང་གཉིས་འོངམ་ད་ལུ་ འ་ རྟ་ འ་་་དྲེལ་ རྟ་ བ་མིན་ ཁྲ་བམོ རྒྱ་ཚམོ་ ཡང་གུམོ་ག་ར་ ལམ་ཁར་མནར་ཏེ་ དེ་སྦེ་ བཏགས་བཞག་ནུག་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    དཔེ་འབད་བ་ཅིན་ འ་ནཱ་ལས་ཕར་ གཡུ་རུང་བཟུམ་ཅིག་ལས་སྦེ་ བཟུམ་ཅིག་ལས་ ལམ་ཁར་ལམ་ཁར་ མནར་བཞག་སྟེ་ཡོདཔ་ཨིན་མས་ལགས། འ་ནཱི་ ཕར་མཇུག་ལུ་ར་ འབྲང་གླང་རོ་ཁོག་ཚུ་ འ་ནཱེ་སྦེ་ དེ་སྦེ་འབདཝ་ད་ འདི་ལུ་དེ་ ག་ཅི་ཡང་ གསུངས་ནི་མིན་འདུག་ཟེར་ཨིན་པས་ལགས། ལམ་ཁར་ ཏེ་དར་འཕྱར་ཏེ་ཨིན་མས་ལགས། འ་ནཱི་གུ་ རེ་རེ་གུ་ དེ་ཡང་ཨིན་ལགས། འ་ནཱི་ གླང་གི་ འ་ནཱ་ རུ་ཁག་གཅིག་གུ་ལྷོདཔ་ད་ ག་ཅི་ཡང་གསུངས་ནི་མིན་འདུག་ཟེར་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    དེ་ལས་ཏེ་ ཁྲ་བམོ་ཅིག་གུ་ལྷོདཔ་ད་ ཏེ་འེ་ཟེར་མི་ཅིག་ རྒྱལ་པོ་གིས་ དེ་སྦེ་གསུངས་གསུངསམ་ཨིན་པས། ཡངགུམོ་ཚུ་ལུ་ལྷོད་རུང་ ད་ཅིག་ འ་ནཱི་སྦེ་ག སུངས་ནུག་ཟེར་ཨིན་པ།་ དེ་ལས་ འ་ནཱ་ རྒྱ་ཚ་དང་འདི་ཚུ་ རྒྱ་ཚམོ་གུ་ལྷོདཔ་ད་ལུ་ རྒྱ་ཚམོ་ཟེར་མི་ ང་བཅས་རའི་ རཀྴ་བཟུམ་སྦེ་ཡོདཔ་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    འདྲོག་སི་སི་ སྲིན་པོ་ཨང་རྒས་དང་ ཨ་རྒས་ཀྱིས་ འདི་ནང་ལྷོདཔ་ད་ པ་པ་པ་པ་པ་ཟེར་ གསུངས་མས་ཟེར་ཨིན་པས་ལོ་མེན་ན་ཏེ ཏེ་ནཱ་ འ་ནཱ་ལུ་ལྷོདཔ་ད་ འ་ནཱི་ དྲལ་གུ་ལྷོདཔ་ད་ དྲལ་འདི་ ད་ལྟོ་ར་ གཟུགས་ཁ་ལས་ མེ་འབར་ནི་བཟུམ་སྦེ་ཡོདཔ་ཨིན་པས་ལགས། འདི་གུ་ལྷོདཔ་ད་ རྒྱལ་པོ་ཟེར་ ང་ལས་ལྷག་མེད། བྷ་བུ་རྒྱལ་པོ་འདི་ བྷ་བུ་རྒྱལ་པོ་ར་ཨིན་པས་ཟེར།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་པ་པ་ཟེར་ ཏེ་འ་ནཱི་རྒྱལ་པོ་ མགུ་འཁོར་ཏེ་སོང་ཡི་ཟེར་ཨིན་པས་ལགས། ཕར་ ནང་ན་ལྷོདཔ་འབདཝ་ད་ ནང་ན་ཏེ་ ཁྱིམ་ འ་ནཱི་ གསེར་རང་འབྱུང་ཨིན་པས་ལགས། འ་ནཱེ་འབདཝ་ད་ ཏེ་རྒྱལ་པོ་ ངོ་མ་འདི་ མགུ་འཁོར་ཏེ་ཤི་སོང་ནུག། ཏེ་དེ་གི་སྦེ་གཞན་ འ་ནཱི་ སྤྱ་དང་ ཁོང་ཚུ་གིས་ རྒྱལ་པོའི་སྲས་མོ་གིས་སྦེ་ དེ་སྦེ་འབད་དེ་ ཏེ་ཨ་པ་ ག་ཅི་འབད་ཡི་ ག་ཅི་འབད་ཡི་ཟེར་ རྒྱལ་པོ་ཟེར་ སླབ་སྟེ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་འ་ནཱ་ལས་ ཧ་ལམ་ཅིག་ལས་ དྲན་པ་ལྷོད་དེ་འབདཝ་ད་ ཡ་ ད་འབདན་ ང་ དེ་བཟུམ་སྦེ་ ཡར་སོང་ནུག། ཁྱོད་ཀྱིས་འོག་ལས་ ང་ཨིན་མས་ ད་འབདན་ཟེར་ ཏེ་འ་ནཱི་ ཁོ་གི་ འ་ནཱི་ ནགས་ཚལ་ནང་གི་མི་འདི་ བྷ་བུ་རྒྱལ་པོ་ འ་ནཱི་ཟེར་མི་ ཁོ་འདི་ རྒྱལ་པོ་ ང་ལས་ལྷག་སྟེ་ ཁོ་ཨིན་མས་ཟེར་ རྒྱལ་པོ་ང་མ་འདི་ ཁོ་གི་ འོག་ལས་སྡོད་ཡི་ཟེར་ཨིན་མས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    དེ་འབདཝ་ལས་ ཕར་ལུ་ ཁོ་ཞག་གསུམ་ བྷ་བུ་རྒྱལ་པོ་ཟེར་ས་ ཞག་གསུམ་སྡོདཔ་ཞིནམ་ལས་ ཁོང་ཚུ་ ལོག་སྟེ་ ཡ་ ཁྱེད་ ཚིག་གཉིས་པ་འདི་ ལེགས་ཤོམ་སྦེ་སྡོད། ཏེ་སེམས་དགའ་ཡི་སྨ་རས་ཟེར་ ངལ་རངས་ཡི་ཟེར་ དེ་སྦེ་འབད་དེ་ ཁོང་ཚུ་ བྱོན་ཞིནམ་ལས་ ཏེ་འ་ནཱི་ སྤྱ་གིས་ ཏེ་རྒྱལ་པོ་ལོག་བྱོན་ཞིནམ་ལས་ རྒྱལ་པོ་ངོ་མ་དེ་ བྱོན་ཞིནམ་ལས་ ཞག་གསུམ་ལས་ཡར་བལྟ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཁོ་གི་ ཚར་ཅིག་ ཕྱེ་སྐམ་ཁ་ལུ་ཨུར་ཏེ་ ཏེ་ཁྱིམ་གུ་སོང་སྟེ་ སོ་འ་ནཱེ་སྦེ་བཏོན་ཏེ་ ཏེ་འ་ནཱེ་སྦེ་ ཤི་བཟུམ་བཏབ་ནུག་ལགས། ཏེ་འ་ནཱི་ རྒྱལ་པོའི་སྲསམོ་གིས་ ཏེ་བྷ་བུ་རྒྱལ་པོ་ལུ་ སླབ་སླབ་མས། བྷ་བུ་རྒྱལ་པོ་ ང་བཅས་གཉིས་ཀྱི་ སྤྱ་ཤི་སོང་ནུག་ ཁྱིམ་གུ་ཟེར་ སླབ་ད་ ཨ་ བཀོཝ་ད་ མར་ལས་མར་ཟེར་ སླབ་སླབ་མས་ལགས་ཁོ་གིས། དབའི་ ཁྱོད་ཀྱིས་སླབ་གསེས་ ག་དེ་སྦེ་ལོག་ང། བཟོ་བལྟ་ཁྱོད་བཟུམ་གྱི་མི་ ལྟོ་བཟའ་ནི་མ་ཐོབ་པར་ གྱོན་ནི་གི་ གོ་ལ་མ་ཐོབ་པར།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཁྱོད་ རོ་ཁྱི་དང་ བྱི་ལི་ བ་བཟུམ་སྦེ་ སྤུ་གྱི་ རལ་ཁོག་ཁོག་སྦེ་སྡོད་ཅི། ཁྱོད་དེ་ཅིག་ བདེ་ཏོག་ཏོ་བཟོ་མི་ ངེ་གི་བཀའ་དྲིན་ཨིན། ཨའེ་ ཏེ་བསྐྱལ་སར་བསྐྱལ་ད་ནུག་ཟེར་ ཏེ་ ང་ནཱི་བཟུམ་སྦེ་སྡོད་མི་ ཁོ་གི་ བཀའ་དྲིན་ཟེར་ སླབ་ནི་དེ་ ག་ཏེ་འོང་ནི་ ཁྱོད་ཀྱིས་ ག་དེ་འབད་སྨོ་ཟེརཝ་ད་ ཡ་ཡ་ ང་འཛོལ་ནུག་ཟེར་ སླབ་སླབཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་རུང་ར་ ཞག་བདུན་དེ་ཅིག་ལས་ ད་རུང་ར་ ཁོ་གིས་ ནཱ་གི་ལོག་གཅིག་ཁར་ ཕར་སོང་སྟེ་ ད་རུང་ར་ ཕྱེ་སྐམ་ཁ་ལུ་ཨུར་ཏེ་ ཤི་བཟུམ་བཏབ་སྡོད་ལགས། ཡ་ རྒྱལ་པོ་ ང་བཅས་ཀྱི་ སྤྱ་ཤི་སོང་ནུག་ཟེར་ སླབ་ད་ ཏེ་ཁོ་གིས་ ཨའེ་ ཏེ་དང་པ་ཟེརཝ་ད་ ང་འདི་བཟུམ་སྡོད་ཅི། གཉིས་པ་ཟེརཝ་ད་ ཁོ་གིས་ དེ་བཟུམ་འབད་དེ་ གཉེན་རྐྱབ་སྟེ་ འ་ནཱ་ གསུམ་པ་ཟེརཝ་ད་ ང་ འ་ནཱ་ ག་ཅི་ འ་ནཱ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ལྟོ་ བཟའ་ནི་འཐུང་ནི་ གྱོན་ནི་ བཀབ་ནི་ག་ར་དེ་སྦེ་ བྱིན་མི་འདི་ ཏེ་ཁོ་གི་ བཀའ་དྲིན་ཨིན་ཟེར་ ཨའེ་ ད་འབདན་ ཤི་སོང་ནུག་ཟེར་ ཏེ་ཚིག་མ་ལགཔ་གི་ འ་ནཱེ་སྦེ་ ཁ་ལུ་འབད་དེ་ འ་ནཱི་ མིག་ཏོག་གུ་ཨུར་ཏེ་ རྔུ་བཟུམ་བཏབ་ད་ སྤྱ་གིས་ ཧ་ཧ་ ཨིན་ཟེར་ སླབ་ད་ ཁོ་དེ་ ལྐོལ་མ་ཐོག་སྟེ་ ཤི་སོང་ཡི་ཟེར་ཨིན་པས། དེམ་ཅིག་ཨིན་ལགས།