Skip to main content Skip to search
21 Jun 2018
3 min 48 sec
Video Overview
Creators: 
Duptho, Sonam Chophel

Phurpa from Radhi, Tashigang, narrates a story about avoiding arrogance. Storytelling was an important Bhutanese tradition, and people used to share stories for leisure, at bed time after dinner; today the practice is in decline. This story is about two men; one is evil and slaughtered sheep, and the other was a religious man who prayed and meditated. The evil man came to regret his sins, and asked for forgiveness as he jumped off a cliff to erase his sins; instead of dying, when he jumped, he flew away. This scene was noticed by the religious man, who thought that if a sinful man can fly, why not me? With his mind filled with arrogance, he jumped from the cliff to his death. The lesson of the story is that one should not be arrogant.

 

བཀྲིས་སྒང་རྫོང་ཁག  རདྷི་རྒེད་འོག་ལས་ཕུར་པ་གི་ ཉོན་མོངས་པ་ སྤང་དགོཔ་པའི་སྐོར་ལས་ སྲུང་གཏངམ་ཨིན་མས། སྲུང་གཏང་ནི་འདི་ཡང་ ཧེ་མ་ལས་ལམ་སྲོལ་བཟང་པོ་གཅིག་ཨིན་མས། སྲུང་གཏང་ནི་ལམ་སྲོལ་ འདི་ཡང་  དལ་ཁོམ་དུས་སྐབས་ ཕྱི་རུ་ཉལ་རནམ་ད་དང ་ལྟོ་བཟའ་ཚར་བའི་ཤུལ་ལས་ གཏངམ་ཨིན་མས། ཨིན་རུང་ དུས་གི་འགྱུར་བ་ལས་བརྟེུན་ དརེས་ནངས་པར་ ཨ་ལོ་ཚུ་གི་ འཕྲུལ་རིགས་མ་འདྲཝ་ བརྒྱུད་འཕྲིན གློག་རིག་ཡོངས་འབྲེལ་དང་ འཕྲུལ་ཆོས་ཚུ་ལུ་ སྤོ་བ་ལེན་ཏེ་་སྔོན་གི་ ལམ་སློམ་བཟང་པོ་ འདི་ ཉམས་འགྱོ་དོ་ཡོདཔ་མས། སྲུང་འདི་ཡང་ ལུག་གསད་མི་ མི་ངན་པ་དང་ མཐུན་གཏང་ནི་དང་སྒོམ་རྐྱབ་པ་མི་ ཆོས་ལུ་ཡིད་ཆེས་ཡོད་མི་ ཕོ་སྐྱེས་གཉིས་ཀྱི་ སྐོར་ལས་ཨིན་མས། དེ་ཡང་ཤུལ་ལས་མི་ངན་གྱི་ ཁོ་ར་འབད་མི་འཛོལ་བ་འདི་ ཧ་གོ་ཏེ་ བློ་འགྱོད་སྦོམ་འབྱུངམ་ལས་  བཤགས་པ་འཕུལ་ནིའི་དོན་ལུ་ བྱག་གུ་ལས་ མཆོང་ནི་འབད་ ཐག་གཅད་ནུག། ཁོ་བྱག་གུ་ལས་མཆོངམ་ད་ལུ་ ས་ཁར་བུད་ནི་མེན་པར་ གནམ་ཁར་འཕུར་ཡར་སོ་ནུག དེ་ཡང་ཁོ་གི་ཧེ་མ་འབད་མི་ ལཱ་འདི་ལུ་ བཤགས་པ་དང་ གདོང་ཉེསཔ་སེམས་ཀྱིས་ཚོརཝ་ལས་ བརྟེན་ཨིན་མས།  ཆོས་ལུ་ཡིད་ཆེས་ཡོད་མི་ ཕོ་སྐྱེས་འདི་གིས་ མི་ངན་འདི་འཕུར་ འགྱོ་ས་མཐོངམ་ལས་ ཁོ་གི་སེམས་ཁ་ལུ་ཡང་ མི་ངན་འདི་ར་འཕུར་འགྱོ་ཚུགས་ པ་ཅིན་ ཁོ་འདི་ག་ཅི་་འབད་ མི་ཚུགས་ནི་ཟེར་ང་རྒྱལ་སྐྱེད་དེ་ ཁོ་བྱག་གུ་ལས་ མཆོང་ད་ནུག། དེའི་སྐབས ཁོ་གནམ་ཁར་འཕུར་ནི་མེན་པར་ ས་ཁར་བུད་དེ་ ཤི་སོང་ནུག། དེ་འབདཝ་ལས་ སྲུང་འདི་ལས་བརྟེན་ ང་བཅས་ཚུ་ ང་རྒྱལ་སྐྱེད་ནི་མིའོང་ ཟེར་ཤེས་ཚུགསཔ་ཨིན་མས།

 

Transcript search
No results found for this search
0 of 0
  • ཕུར་པ་ Phurpa
    ལགས་སོ། ང་གིས་ད་ལྟོ་ནཱ་ ང་བཅས་ར་ ཏེ་ག་ར་ ཆུང་ཀུ་ཅིག་ལས་ཆོས་འབད་མི་དང་ ཧེ་མ་ཆུང་ཀུ་ཅིག་ལས་སྡིག་པ་འབད་མི་ ལས་དགེ་སྡིག་དཀར་ནག་གི་སྐོར་ལས་ཞུ་བ་ཅིན་ སྔོན་དང་ཕུ་ བོད་གངས་ལྗོངས་ལུ་ ཏེ་ཆོསཔ་ཅིག་དང་ མི་ནགཔ་ཅིག་སྡོད་ནུག
  • ཕུར་པ་ Phurpa
    ཏེ་ མི་ནགཔ་གིས་ག་ཅི་འབདཝ་སྨོ་ཟེར་བ་ཅིན་ བོད་གངས་ལྗོངས་ལུ་ཁོ་གིས་ ལུག་གསདཔ་གསད་ས་རང་སྡོད་མི་ མི་གཅིག་སྡོད་སྡོདཔ་མས། ཏེ་ ཆོསཔ་གིས་ག་ཅི་འབདཝ་སྨོ་ཟེར་བ་ཅིན་ ཁོ་མཚམས་སྒྲུབ་པ་རྐྱབ་རྐྱབ་ས་རང་སྡོད་དོ་ཡོདཔ་མས། ཏེ་ཉིནམ་ཅིག་ཟེརཝ་ད་ ཁོ་གིས་ལུག་འ་ནཱི་སྦེ་ཐགཔ་བཏགས་ཏེ་གྱལ་ནར་སྦེ་ ཏེ་དེ་ལས་རེ་རེ་ཟོརཝ་གིས་ལྟག་ཀོ་བཏོག་ཅི་ བཏོག་ཅི་འོང་དོ་ཡོདཔ་མས།
  • ཕུར་པ་ Phurpa
    དེ་སྦེ་འོངམ་ད་ལུ་ ཁོ་ཉིནམ་ཅིག་འབདཝ་ད་ ལྟོ་ཟ་ནི་གི་དུས་ཚོད་རན་ཏེ་ དེ་ལས་ལྟོ་ཟ་བར་ནང་ན་འགྱོ་སྟེ་ འགྱོ་བའི་བསྒང་ལུ་ ཁོ་གི་ཟོརཝ་འདི་ འ་ནཱི་ལུག་གི་སྦོ་ལོགས་ཁར་བཀོ་བཞག་བཞགཔ་ཨིན་མས། ཏེ་ཁོ་ནང་ན་ ཏེ་ལྟོ་ཚང་ཚུ་བསད་འབག་འོང་སྦེ་ ཁོ་ལུ་ལྷོདཔ་ད་ ལྟོ་ཟ་བར་འགྱོ་སྡོདཔ་ད་ ཁོ་གིས་ ཟོརཝ་འདི་ འ་ནཱ་བཀོ་བཞག་ནུག ཏེ་འ་ནཱི་ཟོརཝ་བཀོ་བཞག་སྦེ་ ནང་ན་ལྟོ་ཟ་སྡོདཔ་ད་ ལུག་གིས།
  • ཕུར་པ་ Phurpa
    ད་ འ་ནཱི་མི་གིས་ ང་གསད་ནི་ཨིན་མས་ཟེར་ བསམ་བློ་ཅིག་བཏང་སྟེ་ དེ་ལས་ལུག་གིས་ ལགཔ་གིས་ ཏེ་འ་ནཱི་ ལག་སྟོང་འབད་དེ་ ས་དོང་བརྐོ་སྦེ་ འ་ནཱི་ཟོརཝ་འདི་ ཚུར་འཐེན་ཏེ་ འ་ནཱི་ས་དོང་ནང་ན་ ཁོ་གིས་དོང་ནང་བཙུགས་ཏེ་ འ་ནཱི་ཐོག་ཁར་ཁོ་ཉལ་སྡོད་སྡོདཔ་མས། དེལས་ དེ་སྦེ་ཉལ་སྡོདཔ་ད་ལུ་ ཁོ་ལྟོ་ཟ་སྦེ་ གསད་མི་འདི་ཕྱི་ཁར་ལྷོད་ལྟཝ་ད་ ཏེ་འ་ནཱི་ཟོརཝ་ག་ཏེ་འཚོལ་རུང་མིན་འདུག་ ཟེརཝ་མས་ལོ།
  • ཕུར་པ་ Phurpa
    དེ་ལས་ཏེ་ད་ ཡ་ འ་ནཱི་ཟོརཝ་ག་ཏེ་འབག་འབགཔ་ཨིན་ན་ད་འབདན་ཟེར་ ཏེ་ཁོ་གསད་ནི་གི་དུས་ཚོད་རན་དོ་ཡོདཔ་མས། གཞན་ ལུག་ཉལ་སྡོད་ནུག་ཟེར་སླབ་ཨིན་པས། ཏེ་ལུག་འདི་ ཁོ་གིས་རྐངམ་གིས་རྡོག་ཐེ་བླུགས་ཏེ་ དབའེ་འ་ནཱི་ལུག་མི་ལོང་ག་ཟེར་ རྡོག་ཐེ་བླུགས་བཏངམ་ད་ལུ་ ཏེ་ཁོ་ ཉལ་སྡོད་པའི་འོག་ལུ་ ས་དོང་བརྐོ་སྦེ་ ཟོརཝ་འདི་འ་ནཱི་ནང་ན་ གཡིབ་བཞག་ནུག་ ཟེར་སླབ་ཨིན་མས།
  • ཕུར་པ་ Phurpa
    དེ་ལས་འདི་ ཁོ་ག་ཅི་མནོ་ཡི་ཟེར་བ་ཅིན་ བླ་མ་མཁྱེན་ནོ་ ད་འབདན་ང་ ལཱ་འ་ནཱི་བཟུམ་ སྡིག་པ་འབད་ནི་གི་ལཱ་འདི་ འཛོལ་འཛོལཝ་ཨིན་མས་ཟེར་ ཁོ་གནམ་མེད་ས་མེད་འགྱོད་པ་བསྐྱེད་དེ་ ཨའོ་་་་་་ ད་འབདན་ང་མི་འབད་ འ་ནཱ་ལས་ཡར་ཟེར་ རྩ་ལས་རང་མི་འབད་ཟེར་ དེ་ལས་འགྱོད་པ་བསྐྱེད་དེ་ ཁོ་གིས་འ་ནཱ་ལས་ཡར་ སྲོག་གཅོད་འདི་སྤངས་ཏེ་ ང་མི་འབད་ཟེར་འགྱོད་པ་བསྐྱེདཔ་ཙམ་གྱིས།
  • ཕུར་པ་ Phurpa
    སྐད་ཅིག་ཡུད་ཙམ་ཅིག་ལུ་ འགྱོད་པ་འདི་བཟུམ་བསྐྱེདཔ་ཙམ་གྱིས་ ཁོ་འཇའ་ལུས་སྦེ་ ལུས་འཇའ་ལུས་སྦེ་འགྱོ་འགྱོཝ་གི་ལོ་རྒྱུས་འདུག་ དེ་ལས་ ད་ཆོསཔ་གིས་ག་ཅི་འབད་ཡི་ཟེར་བ་ཅིན་ ཆུང་ཀུའི་བསྒང་ལས་ཡར་ལྟ་ གནམ་མེད་ས་མེད་ ཤེས་བྱའི་ཡོན་ཏན་སྦྱངས་ཏེ་ ཐོས་བསམ་སྒོམ་གསུམ་སྦྱངས་ཏེ་ གནམ་མེད་ས་མེད་དཀའཝ་སྤྱད་སྡོདཔ་ད་ དབའེ་ མི་ཉིན་ཚན་འཁོར་ཡུག་མེད་པར་ ཧེ་མ་ཆུང་ཀུའི་བསྒང་ལས་རང་ སྡིག་པ་འབད་སྡོད་མི་ མི་གིས་ཡང་།
  • ཕུར་པ་ Phurpa
    ཏེ་ འ་ནཱི་བཟུམ་འཇའ་ལུས་ལུ་ཡར་སོ་ནུག ང་འདི་ ཆུང་ཀུ་བསྒང་ལས་རང་ ཏེ་དང་པ་ཤེས་བྱ་ཡོན་ཏན་ཚུ་སྦྱངས་ ཐོས་བསམ་སྒོམ་གསུམ་ཚུ་སྦྱངས་སྡོད་མི་ཅིག་ཨིན་ ང་འདི་ག་ཅི་མི་འགྱོ་ནི་ ཁོ་སྡིག་པ་འབད་མི་ཡང་ཡར་སོ་ནུག་ཟེར་ ཁོ་གིས་ ང་རྒྱལ་ཡུད་ཙམ་ཅིག་བསྐྱེད་སྦེ་ བྱག་གུ་ལས་མར་མཆོངས་བཏངམ་ད་ལུ་ ཁོ་འཇའ་ལུས་ལུ་འགྱོ་ནི་འདི་ཕར་རང་བཞག་ ཁོ་མར་བྱག་གུ་ལས་མར་བུད་སྦེ་ མར་རྩ་བར་གཟུགས་ག་ར་ཕྱེ་འཐག་འཐག་འགྱོ་སྦེ།
  • ཕུར་པ་ Phurpa
    ཏེ་ ང་རྒྱལ་འ་ནཱི་བཟུམ་བསྐྱེད་པ་ཅིན་ ཏེ་འ་ནཱི་བཟུམ་ ང་བཅས་ཆ་ཁྱབ་ ཆོས་ག་བཟུམ་ཅིག་ར་འབད་རུང་ ང་རྒྱལ་བསྐྱེད་ནི་མི་འོང་ སྡིག་པ་ག་བཟུམ་རང་འབད་རུང་ ཏེ་འགྱོད་པ་བསྐྱེད་དེ་ གནམ་མེད་ས་མེད་བསྐྱེད་པ་ཅིན་ འ་ནཱི་བཟུམ་མའི་ལས་ དགེ་བ་དང་སྡིག་པ་གཉིས་ཀྱི་ ཏེ་འ་ནཱི་བཟུམ་ཨིན་མས་ཟེར་ འ་ནཱི་ཅིག་ དེམ་ཅིག་རང་ཨིན་ལགས།། །།