Video Overview
Phuntsho Wangdi from Ngatshang gewog narrates the story of Ap Wang Drukgyel. Long ago, a man named Ap Wang Drukgyel lived in the district of Wang (present day Thimphu) who was famous for his wit and cunning. Ap Wang Drukgyal is believed to have lived in the 19th century and was a notorious fraudster. His escapades are retold in hundreds of tales.
- Mongar
- Ngatshang
- ཕུན་ཚོགས་དབང་འདུས་ Phuntsho Wangdiཧེ་མ་ ཨཔ་ཝང་འབྲུག་རྒྱལ་ཟེར་ ཏེ་མི་མགུ་སྐོར་གནམ་མེད་ས་མེད་ཅིག་ཨིན་ལོ་མེན་ན་ལགས། མི་འབྱིད་སྐོར་མཁསཔ་ ག་དེ་སྦེ་འབད་རུང་ ཁོ་ལུ་འབད་མི་ཚུགས་ལོ་ལགས། བློ་ལན་འཇལ་མ་ཚུགས་ གནས་སྐབས་ཡང་འབད་མ་ཚུགས་ ཏེ་ཁོའི་ཨའི་དང་ཁོ་རྐྱངམ་ཅིག་ཡོདཔ་མས་བ་ལགས། ཨའི་དང་ཁོ་རྐྱངམ་ཅིག ཁྱིམ་ན་ཡང་ག་ཡང་མེད། ཏེ་ཉིནམ་ཅིག་ཟེརཝ་ད་ ཁོ་བཤལ་ཏེ་ ཨའི་བཀོ་བཞག་སྦེ་ཡར་སོངཔ་ཨིན་མས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiཨ་ཎི་གྲྭ་ཚང་སྦོམ་ཅིག་ཡོདཔ་མས་ལགས་ ལ་ཐོག་ཁར། དཔེར་ན་ བཙན་ཕུ་བཟུམ་ཅིག་གི་ཐོག་ཁར་ ཨ་ཎེ་གྲྭ་ཚང་ཅིག་ཡོདཔ་མས་ལགས། ཨ་ཎེ་གྲྭ་ཚང་གི་ཨ་ཎི་ཆ་ཁྱབ་ ཏེ་བསོད་སྙོམས་ལུ་འོང་དོཝ་མས་བ་ལགས། བསོད་སྙོམས་ལྷང་པར་འོངམ་ད་ལུ་ ཏེ་ཁོ་ ཁྱིམ་སོ་སོ་ཅིག་ ཁྱིམ་སོ་སོ་སྟོངམ་ཅིག་ཡོདཔ་མས་ད་རུང་གཅིག་ལགས་ ཁོ་གི་གཡུས་ཚན་མཐའ་འཁོར་ལུ་ འ་ནཱ་འགྱོ་སྦེ་ རེད་བོ་ར་དོང་སྤེད་སྤེདཔ་ཅིག་ནང་ རེད་བྲེ་གཉིས་གསུམ་དེ་ཅིག་བླུགས་སྦེ་ ཏེ་ཁོ་ཉལ་སྡོད་དེ་ཡོད་མས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiཏེ་ཨ་ཎི་ཆ་ཁྱབ་ བསོད་སྙོམས་ངོ་བོ་བཏང་སྟེ་འོང་དོཝ་མས་ བསོད་སྙོམས་ལྷང་སྟེ། བསོད་སྙོམས་ལྷང་པར་འོངམ་ད་ལུ་ ཡ་་་ ང་ན་སྟེ་ མེད་སྨ་རེད་ད་ ག་ཅི་ལོ་ གདན་གུ་བརྡབས་ཏེ་ཡོད་སྨེ་ཁྱོད་ར་ཟེར་ ཁྱོད་ར་དབོགས་བསྣམས་ཤིག་ འ་ནཱི་ནང་ཡོད་རེད་ཟེར་ ཨ་ཎི་ཆ་ཁྱབ་ལུ་ འ་ནཱི་སྦེ་སླབ་སྟེ་ དེ་ལས་ ཨ་ཎི་ཆ་ཁྱབ་ རེད་དབོགས་སྦེ་མར་གུག་སྡོདཔ་ད་ ཁོ་གིས་ཏེ་ རྒྱབ་ཁ་ལས་ཁོ་གི་ཕོ་མཚན་གྱིས་གདབས་བཏང་སྟེ་ཡོད་བ་ཏེ་ འ་ནཱི་བཟུམ་ལགས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་ འ་ནཱི་བཟུམ་ཚར་གཅིག་འབད་ཡི་བ། འ་ནཱ་ལས་འགྱོཝ་སྦེ་ ཨ་ཎི་གྲྭ་ཚང་ལུ་ ཁོ་གིས་ཁོ་ཡང་ཨ་ཎི་བཟོ་སྟེ་ ཨ་ཎིའི་གོ་ལ་དམརཔོ་གྱོན་ཏེ་ བཀབ་ནེ་བཀབ་སྦེ་ ཨ་ཎི་ནང་འཛུལ་ནི་སྦེ་འགྱོ་སྟེ་ཡོད་དེ་ལས། ཨ་ཎི་ནང་འཛུལ་ནི་སྦེ་ཡར་འགྱོ་སྦེ་ ཁོང་སློབ་དཔོན་ ཨ་ནི་རོགས་དབུ་མཛད་ལེ་ཤ་ཡོདཔ་མས། འ་ནཱ་བླམ་ལུ་དགོངས་སྐོར་ཞུ་ ལྟོ་གཟན་འབད་དེ་ ཨ་ཎི་གྲྭ་ཚང་ནང་ན་ ལྟོ་གཟན་སྦེ་འཛུལ་ རོགས་ཨ་ཎི་ནང་ན་ ཨ་ཎི་སློབ་དཔོན་ལས་འགོ་བཟུང་སྟེ་ འ་ནཱི་[པེག་པེག་མ་?]ཟེར་ བརྡུང་ནི་ཅིག་འོང་ལོ་ལགས་ ཁོང་ར་ནང་རྡོག ཆ་རོགས་ནང་རྡོག་ལུ་འ་ནཱི་བཟུམ་ རྩེདམོ་རྩེ་ནི་ཅིག་ཡོདཔ་མས་བ་ལགས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiཁོང་ ཨ་ཙི་ཅིག་ འདོད་ཆགས་ལོངམ་ད་ལུ་ སངས་ནི་གི་འ་ནཱི་བཟུམ་ཅིག་ཨིནམ་འདྲས། ཡང་ན་ འདོད་ཆགས་ལོང་ནི་གི་ཨིན་ན་ ང་གིས་འདི་ ཧེང་སྐལ་རང་འདོད་ཆགས་ལོང་ནི་བཟུམ་མཐོང་མས། ཐོག་ཁར་འཛེགས་ཏེ་ ག་ཅི་ལོ་ ཁོང་ཨམ་སྲུ་ མོ་མཚན་དང་མོ་མཚན་བསྡོམས་ཏེ་འབད་ནི་ཡོདཔ་མས་བ་ལགས། ཏེ་གོ་རིམ་འབད་ ཁོང་བསྐོར་རྒྱབ་སྦེ་ འབད་དོ་ཡོདཔ་མས་ལགས། བསྐོར་རྒྱབ་འབདཝ་ད་ལུ་ ཁོ་གི་སྐལཝ་འདི་ ངོ་མ་འབད་ར་ ཨ་ཎི་ཆ་ཁྱབ་དང་གཅིག་ཁར་ ཏེ་འབྲེལ་བ་འབད་དོ་ཡོདཔ་མས་བ་ ཁོ་གིས་འདི།
- ཕུན་ཚོགས་དབང་འདུས་ Phuntsho Wangdiསོ་སོ་གི་ལུས་ངག་ཡིད་གསུམ་ག་ར་ ཁོ་གིས་རྫོགས་དོ་ཡོདཔ་མས་འ་ནཱ་ལས། ཏེ་ཨ་ཎི་ཆ་ཁྱབ་གནམ་མེད་ས་མེད་ཏེ་ དབའེ་ མ་འདྲཝ་ཅིག་ར་འོང་མས་སྨེ་ བྲོཝ་མ་འདྲཝ་ཅིག་ར་འོང་མས་སྨེ་ ནང་ན་ཡང་གནམ་མེད་ས་མེད་ ཕོ་མཚན་ཡང་ནང་ན་འཛུལ་འཛུལཝ་བཟུམ་ཡང་མཐོང་མས་ ཟེར་སླབ་དོ་ཡོདཔ་མས། སླབ་སྡོད་པའི་ནང་འཁོད་ལུ་རང་ཏེ་ ཉིནམ་ཅིག་ཟེརཝ་ད་ འ་ནཱི་ཨ་ཎི་དབུ་མཛད་འདི་ལུ་ ཨ་ལོ་ཡར་སོ་ནུག་དེ་ལས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiཨ་ལོ་འགྱོ་སྦེ་ ཏེ་ཁོང་གི་ནང་ན་ལུ་ སྐྱོན་ཅིག་ཡོད་རང་ཡོདཔ་མས་ད་འབདན་ ང་བཅས་ར་མི་བཏུབ་སྨེ་ཟེར་ ད་མེ་དབང་ཞུ་ནི་ཟེར་ མེ་དབང་ཞུཝ་ད་ལུ་ མེ་འཕུ་སྦེ་འགོམ་དགོ་ལོ་བ་ཏེ་ལགས། སྒྱེན་མོ་བཤུབ་སྟེ་ འ་ནཱ་མཐོང་ནི་ཨིན་མས་ཏེ་རང་གི་ཕོ་མཚན་འདི་ ག་ཅི་གུ་ཅི་སྐྱོན་མཐོང་ནི་གི་དོན་ལས་ མེ་དབང་ཞུ་ནི་ཟེར་ མེ་དབང་འདི་ མེ་ཐོག་ཁ་ལས་ མཆོང་དོཝ་མས་ཏེ། མེ་གནམ་མེད་ས་མེད་དུང་དུང་བཏང་འཕུ་སྦེ་ཏེ་ ནུབ་མོ་ལུ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་ཁོ་གི་སྐལཝ་འདི་ ཁོ་གིས་ ག་ཅི་འབད་ནི་ཏེ་ ཐགཔ་ཅིག་འཁལ་སྦེ་ ཐགཔ་གིས་སྒྲིང་སྒྲི་འབད་ མགུ་ཏོ་ཁ་ལས་བཏགས་སྦེ་ ཕོ་མཚན་གྱི་མགུ་ཏོ་ཁ་ལས་བཏགས་སྦེ་ མར་ཨ་བུག་གཤོང་ནང་ལས་ཡར་ལྟ་ འ་ནཱི་སྐེདཔ་གུ་ལས་བཏགས་བཞག་བཞགཔ་མས་བ་ལགས། ཚར་དགུ་ བཅུ་ཐམ་དེ་ཅིག་མཆོངམ་ད་འདི་དོག་མ་འགྱོ་བས་ ཐགཔ་མ་འཚིག་པས་ལགས། ལྷོདཔ་ཅིག་ ཚར་དགུ་དང་བཅུ་ཐམ་ བཅོ་ལྔ་དེ་ཅིག་ཟེརཝ་ད་འབདན་ ཐགཔ་དོག་སྟེ་ཐོན་ཡར་སོང་སོངཔ་མས་བ་ལགས། ཏ་ལང་བཏང་ཐོན་འགྱོ་སྟེ་ དེ་ལསན་ བཟུང་ཡི་ལོ་ཁོ་འདི་ ཨ་ཎི་དམངས་འབད་བཟུང་སྟེ་ དེ་ལསན་ཁོ་འདི་ ཏེ་སྒྱེན་མོ་བཤུབ་སྟེ་བསྡམས་ད་ནུག་ལགས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiབསྡམ་ནི་འབདཝ་ད་ལུ་ཏེ་ དབའེ་ག་དེ་སྦེ་བསྡམ་ན་སྨོ་ ཨཔ་ཝང་འབྲུག་རྒྱལ་ཁྱོད་ཀྱིས་སླབ་གནང་ཟེར་ ཨ་ཎི་ཚུ་ཡང་འབྱུང་ཁུངས་མ་སྡོདཔ་མས། ཨ་་་་ ཁྱོད་ཆ་ཁྱབ་ཀྱིས་ག་ཅི་ཤེས་ནི་ ཁྱེད་ཀྱི་རྟས་ལྕག་ཡོད་ག་ ཟེར་སླབ་ད་ རྟས་ལྕག་ཡོད་ཟེརཝ་མས་ལོ། རྟས་ལྕག་པད་ཀར་མར་ཁུ་ནང་སྦང་སྦེ་ དེ་ལས་བསྡམ་སྨ་རེད་ ཟེར་སླབ་སླབ་མས། དེ་ལསན་ཏེ་ ལྷ་དར་དང་གཅིག་ཁར་བསྡམས་ད་ཡི་ལོ་ཁོ། ཁོང་གི་གྲྭ་ཚང་གི་སྦོ་ལོགས་ཁར་ལྷ་དར་འདུག་ལོ། འ་ནཱི་ལྷ་དར་གཅིག་ཁར་བསྡམས་སྦེ་རྟས་ལྕག་གིས་བསྡམས་བཞག་ནུག
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་ཁག་ཆེ་མི་ཆེ་ རོལམོ་ཚོང་པ་ཅིག་འོང་མས་ལོ་ མར་ལས་ཡར་ལྟ་ལགས། ཁོ་འ་ནཱིམ་ཅིག་སྒྱེན་མོ་བཤུབ་སྦེ་བསྡམས་བཞག་བཞག་པའི་ཁར་ ཁྱོད་རོལམོ་མི་ཉོ་ག་ཟེརཝ་མས་ལོ། དེ་ལསན་ཁོ་གིས་སླབ་ཅི་ལོ། ཉོ་ནི་འདི་ཉོ་འོང་ ང་འ་ནཱི་དར་ཤིང་རྦོབ་རིལ་འགྱོ་འོང་ཟེར་ ཁོང་གིས་ནཱ་བཟུང་བཅུག་སྟེ་ཡོད་ ཁྱོད་ཀྱིས་ཨ་ཙི་སོར་རྒྱབ་འབད་དེ་ ཁྱོད་ཀྱིས་བཟུངན་ན་ད་ལྟོ་ ང་ལགཔ་རྒྱབ་ཁར་བཀལ་ ཁོང་གིས་བསྡམས་བཞག་སྟེ་ཡོད་ད་ དར་ཤིང་རྦོབ་རིལ་འགྱོ་འོང་ཟེརཝ་མས་ཟེར་ ཁྱོད་ཀྱིས་ཨ་ཙི་སོར་རྒྱབ་འབདན་ན་ཟེརཝ་ད་ བཏུབ་བཏུབ་ཟེར་ ཁྱོད་རོལམོ་ཉོ་རང་ཉོན་ཏེ་ བཏུབ་ཟེར་ འ་ནཱི་རོལམོ་ཚོང་པ་འདི་ བསྡམས་ད་ཡི་ལོ་ཁོ་གིས་ལགས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiལགཔ་རྒྱབ་ཁར་བསྡམས་སྦེ་ དེ་ལས་རོལམོ་ ང་གིས་གསུང་སྐད་ག་བཟུམ་འདུག་ག་ ཨ་ཕར་འགྱོ་སྦེ་བརྡུང་བལྟ་གེ་སྨེ་ ག་བཟུམ་གོཝ་མས་ག་བལྟ་སྨེ་ཟེར་ ཨ་ཕར་ལས་བརྡུངས་ཡི་བརྡུངས་ཡི་ དེ་ལས་བྱོག་ཡར་སོ་ནུག་ལགས། བརྡུངས་ཡི་བརྡུངས་ཡི་ རོལམོ་འབག་བྱོག་ཡར་སོང་ནུག རོལམོ་འབག་སྦེ་ ཨ་ཕར་དེ་ཅིག་ཁར་ལྷོདཔ་ད་ ཆོསཔ་རྒན་རྒས་ཅིག་འཕྱདཔ་མས་ལོ་ཨ་རྒས་ཅིག དབའེ་ཨ་རྒས་ ཁྱོད་ཆོསཔ་ཅིག་ཨིན་པས་ ཁྱོད་རོལམོ་མི་དགོ་ག་ཟེརཝ་་ རོལམོ་ཀྭ་ལས་ ང་རོལམོ་དགོཔ་ཡོད་ཟེརཝ་མས་ལོ། ཧ་ཧ་ཧ་་་་་་་ ཏི་རུ་མེད་ཏེ་ ག་དེ་སྦེ་སྨོ་ད་ ཟེར་སླབ་སླབ་མས་བ། ཨ་་་་ ཨ་བུག་རེ་བརྡར་བཅུག་རུང་བཏུབ་ཟེར་ འ་ནཱི་བཟུམ་ཨིན་པས་ ཨཔ་ཝང་འབྲུག་རྒྱལ་གྱི་སྲུང་ཏེ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདབའེ་ བཏུབ་བཏུབ་ ཁྱོད་ཀྱིས་དེ་སྦེ་འབད་བ་ཅིན་ཏེ་ དེ་ལས་ ཨཔ་ཝང་འབྲུག་རྒྱལ་བཀྲ་མ་ཤིསཔ་ཏེ་ ཕོ་རྒྱ་གི་ཨ་བུག་ཡང་བཏང་ནུག་ཏེ་ ཏེ་ཨ་བུག་བཏང་སྟེ་ ཏེ་འབྱོར་ཡི་ག་ ཟེར་སླབ་སླབ་མས་བ། རོལམོ་ཁབ་ཏོག་གི་ཐགཔ་གི་རང་མ་འབྱོར་ ཟེརཝ་མས་ལོ་ལགས། ཨའོ་་་་་་ ཁྱོད་ཀྱི་རོལམོ་འདི་ མི་དགོ་ནི་མས་ མིང་དགོ་ད་ཟེར་ འགྱོ་སྦེ་ འ་ནཱ་ལས་ད་རུང་ ཁོ་གི་རོལམོ་འབག་སྟེ་འགྱོ་ནུག བརྡུངས་ཡི་ར་འགྱོ་སྦེ་ ད་རུང་ལམ་ལྷོདཔ་ཅིག་ཁ་ལུ་ལྷོདཔ་ད་ བུམོ་ཅིག་འཕྱདཔ་མས་ལོ། བུམོ་ཤིང་འཐུ་བར་འགྱོཝ་ཨིན་ཟེར་ ཙེའུ་སྟོངམ་ཅིག་འབག་སྦེ་ དབའེ་ནུམོ་ རོལམོ་མི་ཉོ་ག་ ཟེར་སླབ་སླབ་མས་བ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiང་བཅས་ཀྱི་ཨ་པ་ དགོཔ་ཡོད་དགོ་ནི་འདི་ ང་བཅས་ཨ་པ་ཆོསཔ་ཨིན་ ཟེར་སླབ་སླབ་མས་བ། འ་ནཱི་ཨ་པ་གི་བུམོ་ཨིན་པས་ཏེ་ ང་བཅས་ཀྱི་ཨ་པ་དགོཔ་ཡོད་དགོ་ནི་འདི་ ག་དེ་ཅིག་སྨོ་རིན་ ཟེརཝ་མས་ལོ། ཨ་་་་ ཁྱད་མིན་འདུག་ནུམོ་ ཁྱོད་ཀྱི་ལུས་ངག་ཡིད་གསུམ་ང་ལུ་བྱིན་རུང་བཏུབ་ ང་བཅས་གཉིས་རྩེདམོ་རྩེ་བལྟ་གེ་ ང་ལུ་བཏུབ་སྨ་རེད་ ཁྱོད་ཀྱིས་ང་ལུ་ཚར་གཅིག་གཉིས་དེ་ཅིག་ འདོད་སྤྱོད་འབད་བཅུག་རུང་བཏུབ་ ཟེར་སླབ་སླབ་མས་བ། འདོད་སྤྱོད་འབད་བཅུག་རུང་བཏུབ་ཟེར།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་བུམོ་གིས་བཏུབ་ཟེར་ བུམོ་འདི་ལམ་འོག་ལུ་འཁྱིད་འབག་སྦེ་ བུམོ་ལུས་འབྲེལ་འབད་དེ་ཡོད་ཏེ་ ལུས་འབྲེལ་འབད་སྦེ་ ད་རུང་ཏེ་ ཨའེ་་་་་ ཨ་པ་འབྱོར་དོ་ག་ཁྱོད་ཀྱི་རོལམོ་གི་ ཟེར་སླབ་སླབ་མས་བ། ད་ལྟོ་འདི་ རོལམོ་ཁབ་ཏོག་གི་ཐགཔ་གི་ར་མི་འབྱོར་བས་ཟེར་ ཅོག་ར་འཐདཔ་སྦེ་སླབ་བྱིན་ནུག ཨ་་་་་ མིང་དགོ་ཁྱོད་ཀྱི་རོལམོ་འདི་མིང་དགོ་ དྲེགས་མི་ཚུགས་པས་ཟེར་ ཡར་སོ་ནུག འ་ནཱ་ལས་ད་རུང་ སོང་སྟེ་ཡོད་ལགས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiའ་ནཱི་ཁྱིམ་ན་རང་ཏེ་ འ་ནཱི་བུམོ་ལམ་ཁར་འཕྱད་ཅི་བ་ མར་ཨའི་ ཨའི་ཁྱིམ་ནང་ཡོདཔ་མས་ ཨའི་འཕྱད་ནུག་མར་ དབའེ་ ཟེར་སླབ་སྟེ་ བཞུགས་ཡོད་ག་ཟེརཝ་ད་ ཡོད་ཟེར་སླབ་སྦེ་ དེ་ལས་རོལམོ་མི་ཉོ་ག་ཟེར་ དབའེ་ ངེའི་ཨ་པ་དགོཔ་ཡོད་མ་པ་འདི་ཏེ་ གོང་འགྲིག་པ་ཅིན་བཞག་ནི་ ག་དེ་སྦེ་སྨོ་ ག་དེ་ཅིག་སྨོ་ཟེརཝ་ད་ལུ་ ཨ་་་་་་ ང་ལུ་འདི་ འ་ནཱི་བཟུམ་སྦེ་ ཚར་གཅིག་དེ་ཅིག་རྐྱབ་བཅུག་རུང་བཏུབ་ ང་བཅས་གཉིས་ ཚར་གཅིག་འབད་མི་ཅིག་རྐྱབ་སྦེ་འགྱོ་ནི་ རོལམོ་ཡང་བྱིན་བཞག་ནི་ ཟེར་སླབ་སླབ་མས་བ་ལགས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་ གཉེར་ཚང་ནང་བཙུགས་ཏེ་ཡོད་ཨམ་འདི་ ད་རུང་། ཏེ་འདོད་སྤྱོད་འ་ནཱི་བཟུམ་འབད་སྦེ་ ཏེ་ད་ཅི་བཟུམ་སྦེ་ར་ ག་དེམ་ཅིག་སྨོ་ འབྱོརཝ་མས་ག་ ཟེར་སླབ་ད་རང་ རོལམོ་ཐགཔ་གི་རང་མི་འབྱོར་བས་ཟེར་ སླབ་ཞིནམ་ལས་ དེ་ལས་ཨའི་གིས་ཡང་དྲེགས་མ་ཚུགས་པར་བཀོ་བཞག་སྦེ་ དེ་ལས་འ་ནཱི་ཁོ་གི་རོལམོ་འབག་སྦེ་ ཁོ་གི་ཨའི་འབད་སར་རོལམོ་འབག་འགྱོ་བལྟཝ་ད་ལུ་ ཁོ་གི་ཨའི་འདི་ ཧེ་མ་ལས་ར་ཤི་སོ་ནུག་ལོ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་ བྱཱ་སེར་ཁ་ཐོན་ཏེ་ཡོདཔ་མས། ཝང་སི་སི་ནང་ལུ་ རོགས་གནམ་མེད་ས་མེད་བྱཱ་ཞིང་ཨིན། བྱཱ་སེར་ཁ་ཐོན་ཏེ་ བྱཱ་སེར་ལྡིང་ལྡི་ཐོན་ཏེ་ ནངས་པར་བཟུམ་ཅིག་ཁར་ ཁོང་བྱཱ་བརྡུང་ནི་གི་ བརྔ་སར་མཐོང་མཐོངམ་མས་བ་ བྱཱ་བརྡུང་ནི་གི་ ག་ཅི་ལོ་ བརྔ་བཞག་བཞགཔ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiབརྔ་བཞག་ས་ལུ་ དེ་ལས་ཁོ་གི་ཨའི་ཕུངམོ་འབག་འགྱོ་སྟེ་ ཆང་པ་ལང་གཅིག་བཙུགས་ ཏེ་ཕོད་ཙེ་ཅིག་ནང་ ཆང་པ་ལང་གཅིག་བཙུགས་སྦེ་ ཏེ་[ཙེའུ་ཐག་?]གཅིག་ཡང་ནང་ན་བཙུགས་སྦེ་ ཏེ་མར་ཁ་ནང་བྱཱ་དང་སུག་མ་སྦྲགས་བཙུགས་ཏེ་ ཁ་ནང་བཙུགས་སྦེ་ བསད་བསདཔ་བཟུམ་བཟོ་ནུག་ཏེ་ བྱཱ་བརྡུང་དོཝ་མས་བ་ནངས་པར་བཟུམ་ཅིག་ཁར། ཨ་རིང་མཇུག་ལུ་བཞག་ནུག་ལོ་ལགས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiཏེ་ཁོང་ཨ་རིང་ནང་འུར་འབྱེལ་འཐབ་སྟེ་ལཱ་འབདཝ་ད་མ་བལྟ་བས་བ་ཏེ། ཨའི་གི་ཕུངམོ་འདི་མ་མཐོངམ་མས་བ་ཁོང་གིས། བྱཱ་བསྡུ་མི་གིས་བསྡུ་ བརྡུང་མི་གིས་བརྡུངས་ མི་འ་ནཱི་སྦེ་ཟིང་སྡོདཔ་ད་ ཁོ་སོང་སྟེ་ཡོད་ཏེ་མར་ འཁརཝ་བཙུགས་སྦེ་ [ཐེང་ཀེ་ཐེང་ཀེ་བཏང་?] དབའེ་ ངེའི་ཨའི་ནཱ་ལས་མར་འོང་ཡི་ས་ ཁྱེད་བྱཱ་བརྡུངམ་ཨིན་ན་ ངེའི་ཨའི་བྱཱ་ལྷང་པར་འོང་ཡི། ནཱ་མ་ལྷོད་ག་ ཟེར་དྲིས་ཏེ་ཡོད་ལགས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདབའེ་ ཁྱོད་ཨའི་འདི་ནཱ་མ་ལྷོད་ས་ཟེརཝ་ད་ དབའེ་ ཁྱེད་ཀྱིས་བསད་བཞག་བཞགཔ་མེན་ན་ ངེའི་ཨའི་ཁྱེད་ཀྱི་ནཱ་རང་འོང་ཡི། ཁྱེད་ནཱ་བྱཱ་བརྡུངམ་མས་ཟེར་ བྱཱ་ལྷང་པར་འོང་འོངམ་ཨིན། དེ་ལས་ འ་ནཱི་ཨ་རིང་ཚིགས་བསྐོར་རྫུ་བཏབ་སྟེ་ ཨ་་་་་ ངེའི་ཨའི་ཁྱེད་ཀྱིས་བསད་བསདཔ་ཨིན་པས་ ཁྲིམས་ཁང་ནང་ཞུ་ནི་ཟེར་ བླ་མ་མཁྱེན་ནོ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་བྱེལ་སྐད་ཤོར་ཏེ་ ཁྲིམས་ཁང་ནང་ཡང་མ་ཞུ་ ག་ཅི་ཡང་མི་དགོ་ད་ ཨ་ནཱི་བྱཱ་ག་དེམ་ཅིག་བབས་ཅིག་ ཁྱོད་ར་འབག་ཆི་ཟེར་ འ་ནཱི་བྱཱ་བརྡུང་མི་ཁྱོད་འབག་ཟེར་ བྱིན་ཡི་ལོ་ལགས། དེ་ལས་ བྱཱ་ཚུ་བསྡུ་འབག་སྦེ་ ཁྱིམ་ནང་ལྟོ་དྲང་ནི་གི་འདི་ ཀྲིག་ཀྲི་ཡར་སོ་ཡི་བ་ཏེ་སྨོ་ལགས། ཏེ་འ་ནཱི་བྱཱ་སྐམ་སྦེ་ ཏེ་ཁོ་གི་ཨའི་ཡང་འབག་སྦེ་ ད་རུང་ གནམ་དགུན་ཨིན་མས་ ཨའི་ག་ཅི་ཏེ་ གནམ་བྱཱར་འབད་བ་ཅིན་རུལ་འོང་བ་ཏེ་ ད་རུང་འ་ནཱི་འདི་ཁུ་སིམ་སིམ་སྦེ་བཞག་སྦེ་ དེ་ལས་ད་རུང་དཔོན་གྱི་འདུག་ལོ་ ནོར་དཔོན་ལགས། ཏེ་བྱཱ་བརྡུངས་ཏེ་ ཆུམ་ཚུ་ཀྲིག་ཀྲི་གྲ་སྒྲིག་སྦེ་བཞག་ནུག་ལགས། ཨའི་གི་དགེ་རྩ་བསྒྲུབ་ནི་གི་དོན་ལས་ མེ་བྱང་བཏང་ནི་གི་ མེ་བཏང་ནི་དོན་ལུ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་འ་ནཱ་ལས་ ནོར་དཔོན་སྦོམ་ཡོདཔ་མས་ལགས། ཁོ་གི་གནམ་མེད་ས་མེད་དཔོན་གྱི་ནོར་ལགས། དང་ཕུ་ཏེ་ རོགས་སྐུ་ཞོགས་ཀྱི་ནོར་བལྟ་མི་ནོར་དཔོན་ལགས། འ་ནཱི་ནོར་གྱི་གྱང་ས་ ནུབ་མོ་ཁོ་གི་ཨའི་འབག་སྦེ་ ཁོང་གི་ནོར་བཙུགས་སའི་ཟུར་ཁར་ འདམ་པ་ནང་བསྡམས་བཞག་ཅི་ལོ་བ། དེ་ལས་ ནངས་པར་བཟུམ་ཅིག་ ནམ་ལངསམ་ཅིག་འགྱོ་འགྱོཝ་མས་ཁོ་གིས། དབའེ་ ནོར་དཔོན་བཞུགས་ཡོད་ག་ ངེའི་ཨའི་ནཱ་ལས་ཡར་འོང་ཡི་ མར་ཅིག་ལྷང་པར་འོང་ཡི་ ནཱ་མ་ལྷོད་ག་ཟེར། ཏེ་ནོར་དཔོན་ཏེ་ ག་ཅི་ལོ་ ནམ་མ་ལངསམ་ཅིག་ཁ་ལས་ར་ གཞན་ཅིག་ཁར་འགྱོ་འགྱོཝ་མས་ཏེ། ནོར་དཔོན་ཡང་མ་བལྟ་བས་ མ་མཐོང་པས་ ཏེ་མེད་མ་ལྷོད་ཟེརཝ་ད་ ཏེ་འཚོལཝ་ད་ལུ་ མཐོང་སྟེ་ དེ་ལས་ འ་ནཱི་ཡང་ ཧད་བཏགས་བཙོང་སྟེ་དེ་སྦེ་འབད་དེ་ཁོ་གིས་ ཏེ་རྩིས་རྒྱུ་ག་ཏེ་འགྱོ་ཕྱེ་ནི་སྨོ་ཟེར་ དེ་ལས་ད་རུང་འ་ནཱ་ལས་ མར་བཏང་ཟེར་ ཡོད་ལོ་བ་དང་ཕུ་མར་བཏང་ཟེར་ འ་ནཱི་བྱིན་ཡི་ལོ་ མར་བཏང་མར་བཏང་སྦེ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiད་འབདན་ཏེ་ ག་ཏེ་ཡང་མ་ཞུ་སྨེ་ཟེར་ ད་ཨའི་གི་མེ་བྱང་གི་དོན་ལུ་ ལང་ཡང་ལང་འོང་ ཨའི་ནཱ་འོང་སྦེ་ཤི་ཤིཝ་ཨིན་མས། ང་གིས་བསད་བསདཔ་ག་ནི་ཡང་མེད། ཨིན་རུང་ར་ ང་རའི་ནོར་གྱི་གྱང་ས་འོང་སྦེ་ཤི་སྡོད་ནི་འདི་གིས་ ང་རྫུནམ་མས་ད་ཟེར་ དེ་ལས་མར་དང་དར་ཚིལ་འབག་སྦེ་ དེ་ལས་རྐྱངམ་ཅིག་ གྲྭ་ཚང་ལས་དགེ་སློང་དང་ བླམ་གནས་བརྟན་ཞུ་སྟེ་ཡོད།
- ཕུན་ཚོགས་དབང་འདུས་ Phuntsho Wangdiགནས་བརྟན་ཞུ་ ཨའི་མེ་བྱང་འབད་སྦེ་ ཏེ་ཨའི་མེ་བཏང་སྟེ་རྫོགས་ཞིནམ་ལས་ དེ་ལས་རྐྱངམ་ཅིག་ ཏེ་ག་ཅི་ལོ་ ཕྱག་འགྱེདཔ་བཀལ་རནམ་ད་ལུ་ དྲིས་ནུག་མཆོད་དཔོན་ལུ་ལྟ་སྟེ་ ད་ཕྱག་འགྱེདཔ་འདིན་ ང་གི་འདི་ གནམ་མེད་ས་མེད་རྒྱས་ཤིང་རྒྱསཔ་སྦེ་ཕུལ་ནི་མེད་ད་ ཏི་རུ་ངོ་མ་འབད་ཕུལ་ནི་འདི་མེད་ད་ རོལམོ་ བླམ་ལུ་རོལམོ་བུབ་གསུམ་ཕུལ་ནི་ དབུ་མཛད་ལུ་བུབ་གཉིས་ཕུལ་ནི་ ཁྱོད་མཆོད་དཔོན་ཨིན་མས་ ཁྱོད་ལུ་ཡང་བུབ་གཉིས་ཕུལ་གེ་སྨེ་ད་ གཞན་ཆ་ཁྱབ་ལུ་ རོལམོ་བུབ་རེ་བུབ་རེ་ཕུལ་དགོ་ནི་མས་ད་ཟེརཝ་ད་ དབའེ་ དྲགས་འོང་ རོལམོ་ར་འདི་ཟེརཝ་མས་ལོ་ལགས། ཏི་རུ་འདིན་ མ་པ་ལས་རང་མེད་ཏེ་ ད་ག་དེ་འབད་ནི་ཟེརཝ་ད་ དབའེ་ ཡ་ཡ་བཏུབ་བཏུབ་ཟེར།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་འ་ནཱ་ལས་ གསུང་ཆོས་ཆོ་གའི་རིགས་གྲོས་སྦེ་ དེ་ལས་ཏེ་བསྔོ་བ་ཞུ་ནི་ལྷོད་ལྷོདཔ་མས། བསྔོ་བ་ཞུ་ཚར་སྦེ་ དེ་ལས་ཨ་ནཱ་ལས་ཕྱག་འགྱེདཔ་ཕུལ་རན་ཆི་ནུག་དེ་ལས་ ཏེ་ཕྱག་འགྱེདཔ་འབག་ཤོག་ཟེརཝ་ད་ གཉེར་ཚང་ནང་ལས་ རོལམོ་བཏོན་འབག་འོང་སྦེ་ དགོད་བྲ་སི་སི་སྦེ་ཁོ་གིས་ཏེ་ བླམ་ལུ་ཚར་གསུམ་བརྡུངས་བྱིན་བྱིནམ་མས། དབུ་མཛད་ལུ་ཚར་གཉིས་བརྡུངས་བྱིན་ཏེ་ཡོད་ལགས། དེ་ལས་ གཞན་ཆ་ཁྱབ་ལུ་ ཚར་རེ་ཚར་རེ་ ཏེ་མཆོད་དཔོན་ལུ་ཚར་གཉིས་བརྡུངས་བྱིན་སྦེ་ དེ་ལས་ཁོ་གི་རོལམོ་ གཉེར་ཚང་ནང་ན་བསྡམས་བཞག་སྟེ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiའེ་་་་་ དབུགས་འགམ་སྟེ་ བླ་མ་དབུགས་འགམ་སྟེ་ཡར་སོ་ནུག་འ་ནཱ་ལས་ ལྟོ་ཡང་མི་ཟ་ད་ དབའེ་ ལྟོ་ཅིག་འདི་བཞེས་སྦེ་སོང་ས་ཟེར་རུང་ འུམ་་་་་ མིང་དགོ་སྨེ་ད་ ཁྱོད་དང་གཅིག་ཁར་ ད་རེས་ཧ་ལམ་ཅིག་ར་ཨིན་མས་ཟེར་ ཏེ་འ་ནཱ་ལས་འགྱོ་སྦེ་ ཨ་ཡར་བཟུམ་ཅིག་ཁར་ལྷོདཔ་ད་ལུ་ ལོག་འབོ་ནུག ལོག་བྱོན་ ལོག་བྱོན་ དགོངསམ་མ་ཁྲེལ་ཟེར་ ག་ར་ལོག་འོང་ནུག་ལོ་ ཁོང་ཆ་ཁྱབ་ལགས། ག་ཅི་སྨོ་ ད་ཅི་ཁྱེད་བྱོནམ་ད་ལུ་ བསྐྱལ་ཆང་ཡང་ཨའུ་ཨའུ་ཟེར་སྐྱེལ་ནི་ཅིག་ཨིན། ང་ད་ཅི་བརྗེད་སོ་ནུག འ་ནཱི་སྦེ་འབོ་ཡི་ ཟེརཝ་མས་ལོ་ལགས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་ འ་ནཱ་ལས་ ཙིགཔ་ཟ་སྟེ་ ད་རུང་ལོག་འགྱོ་སྦེ་ ཨ་ཡར་ཅིག་ཁར་ལྷོདཔ་ད་ལུ་ དགེ་སློང་གཉིས་ ལོག་བཏང་བཏངམ་མས། ཨཔ་ཝང་འབྲུག་རྒྱལ་གྱི་ཐབ་དོང་ནང་ ཨ་བ་གཏང་བྱིན་ཟེར་ དེ་ལས་ལོག་འོང་ནུག་དགེ་སློང་གཉིས། ཏེ་ཨ་བ་གཏང་ནི་འབད་འབདཝ་མས། ཨ་བ་ར་འདི་གཏང་ད་ ཆུ་ཨ་ཙི་ཅིག་འཐོན་འགྱོ་བ་ཅིན་མི་བཏུབ་སྨེ་ ཟེར་སླབ་དོཝ་མས། ཆུ་མ་ཐོན་པ་ཅིན་ ཨ་བ་རྐྱངམ་ཅིག་འདི་གཏང་ད་ཟེར་ ཏེ་ཁོང་གཉིས་ ཨ་བ་གཏངམ་ད་ ཆུ་འདི་མ་པ་ལས་རང་འཐོན་འགྱོ་འོང་བ་ཏེ། དེ་ལས་ ཨ་བ་གཏང་མ་ཚུགས་པར་ཡར་སོང་སྟེ་ཡོད་ འ་ནཱ་ལས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiཨའི་ཨ་ནི་བཟུམ་སྦེ་ ཁོ་གི་དགེ་རྩ་བསྒྲུབས་ཚར་ཡི་བ་ཏེ་སྨོ་ལགས། དགེ་རྩ་བསྒྲུབས་ཞིནམ་ལས་ འ་ནཱ་ལས་ ཤུལ་ལས་ག་ཅི་ལོ་ ཨ་ནཱ་ཝང་སི་སི་ཕྱུག་པོའི་བུམོ་ཟེར་ བུམོ་གཉིས་སྡོད་ཡི་ལོ་ལགས་མཚེ་མ་ ཉི་མ་ཟླ་བ་ལགས། འཇའ་རིསམོ་ ག་གིས་ཡང་དཀྲོགས་མ་ཚུགསཔ་ཅིག་ དཔོན་ཆ་ཁྱབ་ཀྱིས་ཡང་མ་པ་ལས་རང་བལྟ་མ་ཚུགསཔ་ཅིག ཝང་སི་སི་ཕྱུག་པོའི་བུམོ་གཉིསཔོ་འདི་ ཁོ་བོད་ལུ་ ཚོང་ལུ་འགྱོ་དོཝ་མས་ལགས། བོད་ལས་མར་ཚོང་བཏོན་འབག་འོང་ནི་སྦེ་ ཇ་རིལ་འདྲཝ་ བོད་ལས་མར་འ་ནཱི་བཟུམ་འབག་འོང་དོ་ཡོདཔ་མས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiའ་ནཱི་བཟུམ་ དང་ཕུ་ཤེལ་གུ་རམ་ཡོདཔ་འོང་ལོ་མེན་ན་ འ་ནཱི་བཟུམ་རེ་འབག་འོང་ནི་འབད་ ལྷ་ས་འགྱོ་དོཝ་མས། དབའེ་ཁྱེད་གཉིས་ ང་ལྷ་ས་འགྱོ་དོ་སྨེ། ཁྱེད་གཉིས་སྐྱེལ་ནི་ག་ཅི་ཡང་མེད་ག་ ཟེར་སླབ་སླབ་མས། ཁྱེད་གཉིས་ཀྱིས་ལག་རྟགས་རེ་སྐྱེལ་བ་ཅིན་ ང་གིས་འབག་འོང་བྱིན་གེ་སྨེ་ ང་འགྱོ་དོ་ཟེར་ ཡ་་་ གཞན་འདི་ང་ག་ཅི་ཡང་མིང་དགོ་ གུ་རམ་[བྱང་?]གཅིག་འབག་འོང་གནང་ ཡར་ལས་མར་ ང་བཅས་གཉིས་གུ་རམ་དགའཝ་མས་ གུ་རམ་ཟ་ནི་ ཟེར་སླབ་སླབ་མས་བ། ཡ་ཡ་ བཏུབ་བཏུབ་ཟེར་ གུ་རམ་བྱིན་རྫུ་བཏབ་བཏབ་མས་ དང་ཕུ་ལུ། [ཡིང་བུ་རམ་?]ཡོད་དོཝ་མས་ དགུན་ཆ་གི་གུ་རམ་ བོད་ལས་མར་ཐོན་དོ་ཡོདཔ་མས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiབཏུབ་བཏུབ་ འབག་འོང་གེ་ འབག་འོང་གེ་ཟེར་ དེ་ལས་ ཁོ་ཡར་འགྱོ་སྦེ་ འེ་་་་ ཡར་ལྷ་ས་ལས་ལོགཔ་ད་ བོང་ཀུ་གི་ཕོ་མཚན་བཏོག་སྦེ་ གུ་རམ་གྱིས་སྤུབས་སྦེ་འབག་འོང་སྟེ་ཡོད་ལགས། མིག་ཏོ་གིས་མ་མཐོངམ་སྦེ་ སྦོམ་བཟོ་སྦེ་ དེ་ལས་ཡ་ཁྱེད་གཉིས་ གུ་རམ་འབག་འོང་ཡི་སྨེ་ཟེར་ ང་ཏི་རུ་ཡང་མིང་དགོ་ ང་ལས་བྱིན་ཡི་ མི་དགོ་ཟེར་ [སྤོནཤ་ཡང་?] ཡར་ཨ་ནཱི་ ཕྱུགཔོ་ཨིན་པས་ གནམ་མེད་ས་མེད་ཏེ་ འ་ནཱི་བུམོ་གཉིས་ལུ་ཁྱོསམ་སྦེ་བྱིན་ཏེ་ ཁྱེད་གཉིས་ཀྱི་ཁྱོསམ་བཟུམ་སྦེ་ཨིན་སྨེ་ ཟེར་བྱིན་ཏེ་ ཁྱེད་གཉིས་ ང་གིས་འབག་འོང་ཡི་སྨེ་ ག་ཅི་ཡང་མིང་དགོ་ཟེར་ ཏེ་གུ་རམ་ཏེ་ འཇིབས་ཅི་འཇིབས་ཅི་ལྷོདཔ་ཅིག་ཁ་ལས་ བོང་ཀུ་གི་ཕོ་མཚན་ངོ་མ་ཐོན་སོ་ནུག་ཏེ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiརྫོགས་སོ་ནུག་ཏེ་གུ་རམ་འདི། དེ་ལས་ཁ་ལས་བསྐྱུགས་ནུག་ཏེ་ ཁྲག་ར་བསྐྱུགས་ནུག་ཏེ། གཉིས་ཆ་ར་བསྐྱུགས་འབདཝ་ད་ལུ་ཏེ་ ཨ་པའི་གདོང་ཁ་ལུ་མ་སླབ་པར་ ཨའི་འདི་ཡོད་ཡང་མེད་ཁོང་གཉིས་ཀྱི་ ཨ་པའི་གདོང་ཁར་ཡང་མ་སླབ་པར་ འ་ནཱི་བཟུམ་སྦེ་ གནམ་མེད་ས་མེད་ཁ་ལས་བསྐྱུགས་ཏེ་ དེ་ལསན་ཏེ་ ཨཔ་ཝང་འབྲུག་རྒྱལ་ཁོ་ སྐྱི་མ་ཅིག་འཇལ་རང་འཇལ་ནི་ཁོ་ལུ་ཟེར་ ཁོ་དེ་ཅིག་ར་འབད་ནི་ཨིན་པ་ཅིན་འདི་ ཁོ་ཐད་རི་བ་རི་ གཅིག་བཟོ་རང་བཟོ་ནི་ཟེར་ དེ་ལས་ཆང་བཙོ་ནུག་ལགས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiབུམོ་གཉིས་ཆུ་དབོགས་ ཆང་ངར་ཀྲག་ཏེ་ ཁོང་བྱཱ་གི་ཆང་ ངར་ཀྲག་འདུག་བ་ཏེ། བྱཱ་གི་ཆང་བཙོ་སྦེ་ ཏེ་ངར་ཀྲག་ཏེ་ལགས། འ་ནཱི་ཆང་ ངར་ཀྲག་གནམ་མེད་ས་མེད་ གདུང་ཧིང་ཀག་ནི་བཟུམ་གྱི་ཆང་ དབོགས་ཅི་དབོགས་ཅི་ ཨུ་ཚུགས་རྐྱབ་བྱིན་ནི་ཨིན་མས་ཏེ། དེ་ལས་ཨཔ་ཝང་འབྲུག་རྒྱལ་ ཁྱོད་ཡར་ལས་མར་ བོད་ལྷ་ས་ལས་མར་ལྷོད་ལྷོདཔ་གི་ ང་བཅས་ཀྱིས་འདིན་ ག་ཅི་ཡང་བྱིན་མ་ཚུགས་ ཁྱོད་ལུ་ལྟོ་ཅིག་བྱིན་ ཆང་ཅིག་འཐུང་པར་ཤོག་ཟེར་ འབོ་བར་འོང་ཡི་ཟེར་ བུམོ་གཉིས་ཕར་འགྱོ་འགྱོཝ་ཨིན་མས་ ཨཔ་ཝང་འབྲུག་རྒྱལ་སྡོད་སར།
- ཕུན་ཚོགས་དབང་འདུས་ Phuntsho Wangdiཡ་བཏུབ་བཏུབ་ཟེར་ ཁོ་གིས་ཧ་གོ་སྦེ་ཏེ་ མི་ཁོ་ཏེ་ ག་ཅི་ཅིག་སྡོད་སྡོདཔ་མས་བ་ལགས་ སྤྲུལ་པ་ཅིག་ལགས། བཏུབ་བཏུབ་ ང་འོང་གེ་འོང་གེ་ཟེར་ དེ་ལསན་ཏེ་ཁོ་གིས་ རྒྱ་ཚ་ཤི་ཤིཝ་གི་ལྒང་ཕུ་སྦོམ་ཅིག་ ག་ཅི་ལོ་ གཅིའུ་དཔག་སྦེ་ ལྒང་ཕུ་རླུང་བཏང་བཞག་སྦེ་ ཨོལ་ལྐོག་གུ་བཏགས་འགྱོ་ཡི་ལོ་ལགས། ཆང་འདི་བྱིན་རང་བྱིན་འོང་ཟེར་ ཆང་འཐུང་རྫུ་བཏབ་ཅི་རང་ ཁོ་གིས་འ་ནཱི་ལྒང་ཕུ་ནང་ན་བླུགས་ཅི་ར་ གངམ་ད་ར་ ཁོ་གིས་ཕྱི་ཁར་འགྱོ་སྦེ་ ར་བཟི་བཟིཝ་བཟུམ་བཟོ་ཡི་ར་ བཀོ་བཏང་དོ་ཡོདཔ་མས་ཏེ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་ བུམོ་གཉིས་ཀྱིས་ ཆང་བྱིན་ནི་འགོ་བཙུགས་ནུག་དེ་ལས་ ཨ་པ་ལུ་ཡང་བྱིན་ ཨ་པ་ཡང་ར་བཟི་བཅུག་ ཏེ་ཁོ་ལུ་ཡང་བྱིན་དོ་ཡོདཔ་མས། ཏེ་ཁོ་ལུ་ཡང་བྱིན་ འ་ནཱ་ལས་ཁོ་གིས་འཐུང་སྟེ་ ཁ་སྐོམ་སངམ་ཅིག་འདི་འཐུང་ནུག་ཁོ་གིས། ལྷོདཔ་ཅིག་ཁ་ལས་ཏེ་ ཆང་འཐུངམ་དྲགསཔ་ད་ ལྷོདཔ་ཅིག་ལས་ར་བཟི་འོང་བ་ཏེ་ ཨུ་ཚུགས་རྐྱབ་ད་ར་ འཐུང་རྫུ་བཏབ་ ཨུ་ཚུགས་རྐྱབ་ད་ར་ འཐུང་རྫུ་བཏབ་སྟེ་ཁོ་གིས་ ཁོང་གཉིས་ཡེངས་ཏེ་ ཕར་ཚུར་འགྱོ་སྡོདཔ་ད་ར་ གཅིའུ་ནང་དཔག་ཅི་ར་ ལྒང་ཕུ་ནང་ན་བླུགས་ ལྒང་ཕུ་གངམ་ད་ར་ ཁོ་གིས་ཕྱི་ཁར་འགྱོ་སྦེ་བཀོ་བཏང་ནུག་ལགས། ལྒང་ཕུ་བཀོ་ཡི་བཀོ་ཡི།
- ཕུན་ཚོགས་དབང་འདུས་ Phuntsho Wangdiཏེ་ལྷོདཔ་ཅིག་ཁ་ལས་ ར་བཟི་རྫུ་བཏབ་སྦེ་ ཁོ་གིས་འགྱེལ་རྫུ་བཏབ་ནུག་ཏེ་ ཨ་པ་འདི་འགྱེལ་སོ་ནུག ཨ་པ་འདི་ཧེ་མ་ལས་ར། འགྱེལ་རྫུ་བཏབ་ད་ལུ་ ཁོང་གི་ཨ་པ་གི་འདི་ མཆོད་བཤམས་རྩ་བར་གི་ཁུག་ནང་འདུག་ལོ་ཉལ་ས་ལགས། གྲམ་ཙེ་གདན་ཐིང་སྟེ་ འ་ནཱི་བཟུམ་སྦེ་ གོས་ཆེན་གོ་ལ་ཚུ་བཀབ་ཏེ་ཨ་པ་ལུ་ ཁོ་གི་མར་ རང་འཐག་སྦོ་ལོགས་ཁར་ སྒོའི་རྒྱབ་ཁར་ལགས། སྒོའི་རྒྱབ་ཁར་ ཀོཝ་རོ་ཁོག་ཅིག་ཐིང་སྦེ་ [ཙིད་པོ་?] ཆར་བཀབ་ཅིག་བཀབ་བཞག་མས་ལོ་ལགས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiར་བཟི་རྫུ་བཏབ་སྟེ་ ཁོ་གིས་ཧོར་ཧོར་བཏང་ གཉིད་ལོག་རྫུ་བཏབ་སྟེ་ བུམོ་གཉིས་ཡང་ཉལ་ནུག་ཏེ་ བུམོ་གཉིས་ཡང་ ལྟོ་གཉིད་ཐལ་ཐལཝ་མས་ ཨ་་་་ ཁུ་སིམ་སིམ་འབད་འགྱོ་སྦེ་ ཨ་པ་མར་ཁོ་ཉལ་ས་སྤོ་སྐྱེལ་ ཁོ་ཡར་འགྱོ་ཉལ་སྡོད་ནུག་ཨ་པ་ཉལ་སར། འ་་་་་ བུམོ་གཉིས་ ཆ་བ་ཆི་བི་ཆ་བ་ཆི་བི་འབད་སྦེ་ ལོང་ཡི་ལོ་འ་ནཱ་ལས་ ཨ་པ་ར་བཟི་སྟེ་མི་ཤེས་ ཟེར་མནོ་མནོཝ་མས་བ་ ཁོ་ཡང་ར་བཟི་ཡི་ཟེར་ སྟུ་ཁ་ནང་བཙུགས་ནི་ཨིན་པས་ ཁོང་གཉིས་ཀྱིས་མོ་མཚན་ཁ་ནང་བཙུགས་ནི་གི།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་ ཨ་ཞིམ་གྱིས་འགོ་བཙུགས་ཅི་ལོ་ཧེ་མ་ར་ སྤག་སྤག་་་་་་བཏང་ཁ་ནང་ ཡ་་་་ ཨཔ་ཝང་འབྲུག་རྒྱལ་ཁྱོད་ ཞིམ་མས་ག་ ཁྱོད་ང་བཅས་གཉིས་ལུ་ བོང་ཀུ་གི་ཕོ་མཚན་ང་བཅས་གཉིས་ འཇིབས་བཅུག་བཅུགཔ་གི་ཚབ་མ་ཨིན་སྨེ་ ད་རེས་འབདན་ཟེར་ བཏངམ་མས་ལོ་ཏེ་ ཨ་ཞིམ་གྱིས། ཨ་ཞིམ་སོར་ཏེ་ ནུམོ་གིས་བཏང་མས་ལོ་ ནུམོ་སོར་ཏེ་ཨ་ཞིམ་གྱིས། དེ་ལསན་ཏེ་ ཁོ་ནང་ན་ལས་གཉིད་མ་ལོག་པར་ཡོདཔ་མས་བ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiའེ་འེ་་་་་ ཁྱོད་གཉིས་ ཨ་པ་ལུ་ཁྱོད་གཉིས་ཀྱི་ད་རེས་ མོ་མཚན་གྱིས་ཨ་པ་ལུ་མ་བཙུགས་ཟེར་ མ་སླབ་སྨ་རེད་ཟེར་ ང་གིས་ནངས་པ་ལས་ ག་ར་ལུ་ཁྱབ་བསྒྲགས་འབད་གེ་སྨེ་ད་ཟེར་ ལུངམ་པ་ཅིག་ག་ར་ལུ་ཁྱབ་བསྒྲགས་འབད་ནི་ང་ཟེར་ ཁྱོད་གཉིས་ ངོ་མི་ཚ་བས་ག་བལྟ་གེ་སྨེ་ཟེར་ སྐུ་ཆེ་གསུང་ཆེ་ཨིན་ད་ ཁྱོད་ཀྱིས་ག་ཅི་སླབ་ཅིག་ ཉན་གེ་ཟེར་ ད་ག་ལུ་ཡང་མ་སླབ་ནི་ཅིག་ ཁྱོད་ཀྱིས་ཁས་བླངས་འབད་གནང་ཟེར་ ག་ཅི་སླབ་ཅིག་ཉན་གེ་ཟེར་ ཏེ་ཁྱོད་གཉིས་ཀྱི་ལུས་ངག་ཡིད་གསུམ་ང་ལུ་སྤྲོད་ཚུགས་ག་ཟེར་ ད་རེས་ང་བཅས་གསུམ་ ཁྱོད་གཉིས་གཅིག་ཁར་ ང་སྡོད་ནི་སྨེ་ ཟེར་སླབ་སླབ་མས་བ། ཏེ་བྱིན་གེ་ཟེར་ བྱིན་ནུག་ཏེ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་ནུམོ་དང་ཨ་ཞིམ་དང་ ཁོ་གིས་སོར་ཡི་སོར་ཡི་ ནུབམོ་ཅིག་ ཨ་པ་གཉིད་མ་ཚོར་ཚུན་ཚོད་འབད་ནུག་ཏེ་ལུས་འབྲེལ་ ཏེ་ལུས་འབྲེལ་འབད་སྦེ་ ག་ཅི་སླབ་རུང་ ཀུ་རུ་རུ་རུ་བཟོ་ནུག་ཤུལ་ལས། ཏེ་ཐིམ་ཕུག་སྒྲོམ་མཆོད་ལུ་ ཚེས་བཅུ་ལུ་ མི་ག་དེམ་ཅིག་འཛོམས་འོང་ཏེ་ ཐིམ་ཕུག་ལུ་གནམ་མེད་ས་མེད་ཁྲོམ་ ག་ཅི་ལོ་ དཔེར་ན་ རྒྱལ་ཁབ་ ཡོད་ན་མེད་ན་ གདུང་ཧིང་བཟུམ་ཨིན་མས་བ་ཏེ་ཡར་སྨོ་ལགས་ སྦོམ་ཏེ། འ་ནཱ་ལུ་ མི་ཆེ་འབྲིང་ཆུང་གསུམ་ག་ར་འཛོམས་ཏེ་ དང་ཕུ་དཔོན་ཡོད་ལོ་བ་ཏེ་ དང་ཕུ་དཔོན་སྐུ་ཞོགས་སྦེ་རྩིསཝ་མས་བ་ཏེ་ རྒྱལཔོ་ལུ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiའ་ནཱི་འབདཝ་ད་ལུ་ཏེ་ ཨཔ་ཝང་འབྲུག་རྒྱལ་འདི་ ཁོ་འདི་ཏེ་ དགོད་བྲ་དང་འ་ནཱི་ཡོད་ནི་འདི་གིས་ རོགས་དཔོན་ཆ་ཁྱབ་ཀྱིས་ཡང་ དགོད་བྲ་འབད་དེ་ དགོད་བྲོ་འབད་བཅུག་སྟེ་བཞག་འོང་ལོ་ལགས། ཏེ་ཁོ་གིས་ཡང་ དགོད་བྲོ་ཞུ་འ་ནཱི་སྦེ་རང་། དབའེ་ ཨཔ་ཝང་འབྲུག་རྒྱལ་ ཟེར་གསུངས་མས་ལོ། དཔོན་གྱིས་ སྐུ་ཞོགས་ཀྱིས་ལགས། ལགས་ཟེར་ཞུ་ཞུཝ་མས། འ་ནཱི་ནང་ལས་ ཡ་ཁྱོད་ཀྱིས་འབད་བ་ཅིན་ འ་ནཱིམ་ཅིག་འཛོམས་ས་ལས་ འཇའ་རིསམོ་རང་ག་འདུག་ ཟེར་གསུངསམ་མས་ལོ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiང་གིས་འདི་མི་ཤེས་ལགས། ཟེར་ཞུ་ཞུཝ་མས། ང་གིས་འདི་མི་ཤེས་པས་ལགས། ཁྱེད་ཀྱིསནི་མཁྱེན་དོ་འོང་ ཁྱེད་ཀྱིས་གསུང་གནང་ཟེརཝ་ད་ ང་གི་བསམ་འཆར་ལས་འབད་བ་ཅིན་ ང་གི་སེམས་ལས་འབད་བ་ཅིན་འདི་ ཝང་སི་སི་ཕྱུག་པོའི་བུམོ་གཉིས་ཀྱི་ལྟག་ལས་འཐོན་མི་མིན་འདུག འཇའ་རིསམོ་འབད་རུང་ གཟུགས་གཤིས་འབད་རུང་ བྱད་ངོ་རིས་འབད་རུང་ གཟུགས་གཤིས་འབད་རུང་ ལུས་ལྡེམ་ལྡེམ་འཁྱུག་འཁྱུག་ གནམ་མེད་ས་མེད་ཅིག་མཐོང་མས་ཟེར་ གསུངས་གསུངསམ་མས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiའ་་་་་ ཁོང་གཉིས་འདི་ག་ཅི་ ད་ལྟོ་ར་ རྒྱལ་པོའི་རྟ་རའི་ནང་ལས་ རྟའི་ཨ་བ་ ལྡུམ་ར་ནང་ན་བླུགས་ཟེར་རུང་ བླུགས་ཚུགས་ཟེར་ ཞུ་ཞུཝ་མས་བ། དབའེ་མེནམ་འོང་ས་ འ་ནཱི་བཟུམ་འདི་ འབད་མི་ཚུགསཔ་འོང་སྨེ་དབའེ་ ཨཔ་ཝང་འབྲུག་རྒྱལ་ ཟེར་སླབ་སླབ་མས། ཐད་རི་བ་རི་ཨིན་ཟེར་ དེ་ལས་རྒྱལ་བཞག་ནུག་ཏེ་ འ་ནཱི་དཔོན་གཅིག་ཁར། ཐད་རི་བ་རི་སྐྱེལ་ཚུགས་ང་གིས་ཟེར་ ཡ་ཁྱོད་ཀྱིས་འ་ནཱི་སྦེ་འབད་ཚུགས་པ་ཅིན་ ང་གི་ནཱ་རྫོང་ནང་གི་བང་མཛོད་ཕྱེད་ཀ་ཅིག་ ཁྱོད་ལུ་བྱིན་ནི་ང་གིས་ཟེར་ ཁྱོད་ག་ཅི་དགོཔ་ཅིག་ཕྱེད་ཀ་ཅིག་ བགོ་བཤའ་འདྲན་འདྲ་འབད་བྱིན་ནི་བཏུབ་ག་ ཟེར་གསུངས་གསུངསམ་མས་བ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiཏེ་བཏུབ་ཟེར་ དེ་ལས་རྒྱལ་བཞག་ནུག རྒྱལ་བཞག་སྦེ་ ཆིད་ཆིད་ ཁྱོད་གཉིས་ནཱ་ཤོག་ཟེརཝ་ད་ལུ་ ཀུར་ཀུར་བཏང་འོང་མས་ལོ་ལགས། ཨ་ཕར་རྒྱབ་ཁར་འགྱོ་སྦེ་ རྟ་གི་ཨ་བ་དོས་རེ་སྐྱེལ་སྨ་རེད་ ཟེར་སླབ་ད་ལུ་ ཨའེ་ཨཔ་ཝང་འབྲུག་རྒྱལ་ དེ་སྦེ་མ་འབད་ ཟེརཝ་མས་ལོ། ཆིད་ཨ་པ་གི་ཁ་ ཟེར་སླབ་སླབ་མས་བ། ང་གིས་སླབ་ནི་སྨེ་ ལྟ་མ་ཟེར་ ཨ་ཧ་ཧ་ཧ་ཧ་་་་ འ་་་་་ སྐྱེལ་གེ་ སྐྱེལ་གེ་ཟེར་ རྟ་གི་ཨ་བ་ དོས་གསུམ་གསུམ་ སྐྱེལ་བཅུག་སྟེ་ཡོད་ལགས། འ་ནཱི་སྦེ་ རྒྱལ་པོ་ལས་ཡང་ ཁོ་གིས་ ག་ཅི་ལོ་ཨ་ནཱི་ ལེན་ཟ་ནུག་བ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiབླ་་་་་ མི་དགོད་བྲ་སི་སི་ཨིན་ ཨཔ་ཝང་འབྲུག་རྒྱལ་གྱི་སྲུང་ འ་ནཱི་བཟུམ་ཡོད་ཁོ་གི་ ཏེ་འ་ནཱ་ལས་ ག་ཅི་ལོ་ རྒྱལ་པོའི་ཕྱག་མཛོད་ཕྱེད་ཀ་ཅིག་ལེན་ཟ་ དེ་ལས་ད་རུང་ ཝང་སི་སི་ཕྱུག་པོ་ ད་རུང་ཅིག་ཡོདཔ་མས་ལགས། ཕྱུག་པོའི་བུམོ་འཇའ་རིསམོ་ཡོདཔ་ཨིན་མས། ལོ་འབད་བ་ཅིན་ བཅུ་ཐམ་ བཅོ་ལྔ་དེ་ཅིག་ ལྷོདཔ་ཅིག་ ལང་ཚོ་ལྡནམ་ཅིག་འགྱོ་སྟེ་ཡོདཔ་མས། དཔེར་ན་ བུམོ་འཇའ་རིསམོ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་ཏེ་ ཡར་ཐིམ་ཕུག་རྫོང་གི་གཟིམ་དཔོན་གྱི་མནའམ་འབག་ནི་སྦེ་ སྐད་གྲགས་ཅིག་ཡོདཔ་མས་བུམོ། མནའམ་འབག་ནི་འབད་ དཔེར་ན་འབད་བ་ཅིན་ རོགས་འ་ནཱི་དུས་ཚོད་ལེགས་ཤོམ་ཅིག་ལུ་ གཟའ་སྐར་འཕྲོད་སྦྱོར་ལེགས་ཤོམ་ཅིག་གི་ཉིནམ་ལུ་འབག་ནི་ཨིན་པས་ཏེ། བཀའ་ཤོག་ལྷོད་ལྷོདཔ་མས། ཏེ་ཨའི་གིས་ ཆ་རོགས་ག་དང་ཡང་མི་བཏང་དོ་ཡོདཔ་མས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiཏེ་ཉིནམ་ཅིག་ཟེརཝ་ད་ བུམོ་འདི་ མར་ཆུ་འཐག་ལུ་ རང་འཐག་འཐག་པར་བཏང་བཏངམ་ཨིན་མས་ལགས། ག་ཅི་ལོ་ ཨ་ནཱི་ཐངམ་བརྡུང་པར་སྔ་ལོང་གིས་འདི་ ཐངམ་ཟེརཝ་མས་བ་ ག་ཅི་ལོ་ བྱཱ་འཐག་པར་འབག་འབགཔ་ཨིན་པས། ཏེ་ཨཔ་ཝང་འབྲུག་རྒྱལ་གི་འདི་ ཁོ་གི་ རང་ཐག་ཡོདཔ་ཨིན་མས། དེ་ལསན་ཏེ་ མར་བུམོ་འཇའ་རིསམོ་ཏེ་ གནམ་མེད་ས་མེད་ བུམོ་ཏེ་ ཕོ་རྒྱ་ག་དང་གཅིག་ཁར་ཡང་འབྲེལ་བ་འཐབ་འཐབ་མེད་པར་ འབདཝ་ད་ལུ་ བུམོ་མར་དེ་ཚེ་འོངམ་ད་ལུ་ཏེ་ སླབ་སླབ་ཨིན་མས། ཁྱོད་ ནུམོ་ཁྱོད་ཡར་ཐིམ་ཕུག་ལུ་ གཟིམ་དཔོན་གྱི་མནའམ་སྦེ་འབག་ནི་ཟེར་ རྣམ་ཅོ་གོཝ་མས་ས་ བདེན་ག་ཟེརཝ་ད་ ཨིན་ཟེརཝ་མས་ལོ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདབའེ་ ཁྱོད་ཀྱིས་འོག་སྟེང་རྐྱབ་ཤེས་ག་ ཟེར་དྲིསཝ་མས་ལོ། མི་ཤེས་ང་གིས་འདི་ཟེར་ ཁྱོད་ཀྱི་ཨའི་གིས་སྟོན་མི་བྱིན་པས་ག་ ཟེར་སླབ་སླབ་མས། ག་ཏེ་སྟོན་བྱིན་ནི་ཨའི་གིས་འདི་བླ་་་་་ ཟེརཝ་མས་ལོ། ང་གིས་སྟོན་བྱིན་གེ་བཏུབ་ག་ ཟེར་སླབ་སླབ་མས་ཏེ། ཧེ་ཧེ་ཧ་ཧ་ཧ་་་་་ རྐྱབ་ཐངས་འ་ནཱི་སྦེ་ཨིན་ འ་ནཱི་སྦེ་ཨིན་ཟེར་ ག་ར་ང་གིས་སྟོན་བྱིན་གེ་ཟེར་ ཏེ་ཨཔ་ཝང་འབྲུག་རྒྱལ་གྱིས་ བདེན་བདེན་རང་ འ་ནཱིམ་ཅིག་ལས་ བུམོ་གིས་ཡང་ཏེ་ དཔོན་གྱི་མནའམ་སྦེ་འགྱོཝ་ད་ལུ་ ཨིན་ཅི་མིན་ཅི་ ཁྱོད་ལུ་ཡོན་ཏན་གཞན་ག་ཅི་ཡང་མེད་རུང་ཏེ་ འོག་ལས་མར་རྐྱབ་ནི་གི་ཡོན་ཏན་འདི་ ཤེས་རང་ཤེས་དགོ་སྨེ་ཁྱོད་ཟེར་ མ་ཤེས་པ་ཅིན་ དཔོན་གྱིས་ཁྱོད་བཀོ་བཞག་འོང་ ང་གིས་སྟོན་བྱིན་གེ་སྨེ་ཟེར།
- ཕུན་ཚོགས་དབང་འདུས་ Phuntsho Wangdiའེ་་་་ བུམོ་འོག་ལས་བཞག་སྦེ་ཏེ་ རྐྱབ་ནུག་ཏེ་ཁོ་གིས་ བུམོ་གི་མོ་མཚན་འདི་ དུང་དཀར་གཡས་འཁྱིལ་བཟུམ་འདུག་ ཟེར་སླབ་ཨིན་པས་ཏེ། གནམ་མེད་ས་མེད་ སྤོ་རིལ་རི་མར་ཏེ་ མོ་མཚན་གི་སྤུ་ཡང་ཏེ་ ཐ་རེ་ཐོ་རེ་རྐྱངམ་ཅིག་སྐྱེས་སྦེ་ཏེ་ གནམ་མེད་ས་མེད་སྤུ་ཡང་སྐྱེ་བའི་བསྒང་ར་ཨིན་མས་ཏེ། ག་དང་ཡང་འབྲེལ་བ་འཐབ་འཐབ་མེད་པར། དེ་ལས་ཁོ་གིས་ འོག་སྟེང་སྟོན་བྱིན་རྫུ་བཏབ་སྦེ་ ཕྱེ་འཐག་འཐག་ར་འབད་ནུག་ཏེ་ལུས་འབྲེལ། འབད་སྦེ་ ཡར་ཨའི་འབད་སར་ལྷོདཔ་སྦེ་ ཨའི་ལུ་ཁ་སླབ་མ་བྱིན་པས་བུམོ་གིས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་བུམོ་ལུ་ལྷུ་སྦེ་སླབ་ནུག ཨའེ་་་་ ཁྱོད་ག་ཅི་ཙིགཔ་ཟ་ཡི། ཁྱོད་ལུ་ག་ཅི་མ་ཕོགཔ་སྨོ་ ག་ཅི་འཛོལ་སོ་ཡི། སླབ་ང་ལུ་ཟེར་ ཨའི་གིས་ལྷུ་སྟེ་སླབ་སླབ་མས་བ། ཨཔ་ཝང་འབྲུག་རྒྱལ་གྱིས་སྟོན་མ་བྱིན་པ་ཅིན་འདི་ ཁྱོད་ཀྱིས་སྟོན་མི་བྱིན་པས་སྨོ་ཟེར་ ཨཔ་ཝང་འབྲུག་རྒྱལ་གྱིས་ ང་ལུ་འོག་སྟེང་རྐྱབ་ནི་ཡང་ ཁོ་གིས་སྟོན་ཏེ་དྲག་ཆི་ཏེ་ ཨའི་ཁྱོད་ཀྱིས་སྟོན་དགོཔ་ཨིན་ ཁྱོད་ཀྱིས་སྟོན་མ་བྱིན་ཟེར་ ཏེ་ཨའི་ལུ་ལྟ་སྟེ་ཐོན་ཡར་སོ་ནུག་ བུམོ་འདི་གིས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་ ཨའི་ཙིགཔ་ཟ་སྟེ་ གནམ་མེད་ས་མེད་ ང་རྒྱལ་ཕྲག་དོག་ལངས་ཏེ་ ད་འབདན་ ཡར་གཟིམ་དཔོན་ལུ་ཞུ་བར་འགྱོ་ནི། ཁོ་གནམ་མེད་ས་མེད་བཀྲ་མ་ཤིསཔ་འབད་ནུག་ཁོ་ཟེར་ བཙོན་ཁང་ནང་བསྡམ་རང་བསྡམ་ནི་ཁོ་ཟེར་ འགྱོ་འགྱོཝ་མས། འགྱོཝ་ད་ལུ་ཏེ་ བར་པའི་ས་ལུ་ཏེ་ ཁོ་སྤྲུལ་པ་རང་ཨིན་མས་ཁོ་མི་འདི་ བགོ་ལ་དགུ་ཚེམ་རྐྱབ་སྟེ་ ལྷནམ་གུ་ལྷནམ་བཏབ་སྟེ་གྱོན་སྦེ་ ནོར་བལྟ་སྡོད་སྡོདཔ་མས། ཨ་ནཱི་ཨམ་འདི་ གནམ་མེད་ས་མེད་མཆོང་འགྱོཝ་མས་ལོ་ རྔུལ་ནག་ར་ཐོན་ཐོན།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདབའེ་ ཨམ་ག་ཏེ་འགྱོ་ནི་སྨོ་ ཟེར་སླབ་སླབ་མས་བ། ང་ཡར་གཟིམ་དཔོན་སྡོད་སར་འགྱོཝ་ཨིན། ངེའི་བུམོ་ ཨཔ་ཝང་འབྲུག་རྒྱལ་གྱིས་བཀྲ་མ་ཤིསཔ་འབད་ནུག འབྱིད་སྐོར་རྐྱབ་སྟེ་འ་ནཱི་བཟུམ་འབད་ནུག་ཟེར་ ཡ་་་་ ཨཔ་ཝང་འབྲུག་རྒྱལ་ ད་ཅི་ལས་ར་ཡར་སོ་ཡི་སྨེ་ ཨ་ནཱ་ལས་ཡར་ ཁྱོད་ཀྱི་བུམོ་གིས་ ག་མེད་གུ་མེད་འོག་སྟེང་རྐྱབ་སྟེ་ ཁོ་གི་ལྷིགཔ་རྡོག་ལོགས་ཅིག་ མ་པ་ལས་རང་དཀྲུམ་ཡར་སོ་ཡི་ ད་ཁོ་ཤི་ནི་ཨིན་མས་ཟེར་ ཡར་ཞུ་ནི་ཟེར་ ཡར་དཔོན་ལུ་ཞུ་ནི་སྦེ་འགྱོ་དེས་ ཟེར་སླབ་ད་ལུ་ དེ་ལསན་ཨམ་འདི་ རྣམ་རྟོག་ལངས་ཏེ་ ཨའོ་་་་ ལཱ་ཁག་རེ་འོང་ནི་མས་ད་ ཁོ་ཤི་སོང་པ་ཅིན་ ངེའི་བུམོ་འདི་ དོག་ས་ཚུད་ནི་ཨིན་མས་ཟེར་ དེ་བ་འདི་ཁུ་སིམ་སིམ་སྦེ་བཞག་པ་ཅིན་དྲག་ནི་མས་ཟེར་ ལོག་ཡར་སོ་ཡི་ལོ་ སྲུང་འ་ནཱི་བཟུམ་འདུག་ཏེ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiཏེ་ ཁོ་གི་དགོད་བྲ་སི་སི་ མི་[སྤྱ་ངན་?]སྦོམ་ མི་འ་ནཱི་བཟུམ་འདུག་ཏེ་ ཨཔ་ཝང་འབྲུག་རྒྱལ་ཟེར་ ཨཔ་ཝང་འབྲུག་རྒྱལ་གྱི་འབྱིད་སྐོར་ འཇིག་རྟེན་ཀུན་གྱིས་མི་ཤེས། ཏེ་ལམ་ཁར་ལྟོ་ཟཝ་ད་ལུ་ སྒར་པ་ཝཱན་བཀྲ་ཤིས་གསད་ནི་ལོ། སྒར་པ་ཝཱན་བཀྲ་ཤིས་འཕྱད་མ་བཅུག་ཟེརཝ་ད་ འཐོན་འོང་ལོ་ཁོ་ [ངག་བཏང་ལྡིང་ལྡིང་?]ཟེརཝ་ད་འཐོན་འོང་ལོ། ཏེ་འ་ནཱི་བཟུམ་སྦེ་ བུམོ་ཆ་ཁྱབ་ འ་ནཱི་བཟུམ་སྦེ་འདོད་སྤྱོད་འབད་དེ་ གནམ་མེད་ས་མེད་འབད་ནུག་བ་ ཁོ་གིས་ལགས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiཨཔ་ཝང་འབྲུག་རྒྱལ་གྱི་འབྱིད་སྐོར། དེ་ལས་ད་རུང་ ཁོ་གི་ཨ་རིང་ཡོདཔ་མས་བ་ལགས། ཏེ་ཨ་རིང་བཙོང་ནི་ཡོད་ལགས། ཨ་རིང་ལེབ་ ཆུང་ཀུ་ཆུང་ཀུ་སྦེ་ཡོད་ ཝང་སི་སི་ལུ་མཐོང་ཡི་ང་གིས་ ཕར་གད་པ་གུ་སྦེ་འདུག ཕར་གད་པ་ཅིག་ཁར་ ལེབ་ཆུང་ཀུ་ཆུང་ཀུ་ཅིག་སྦེ་ ལེབ་ཆུང་ཀུ་[ཤུར་ཤུར་སྦེ་?]ལེབ་ཚིགས་ཐུང་ཀུ་ཐུང་ཀུ་སྦེ་འདུག འ་ནཱ་ལུ་རྡོ་སྦོམ་ཅིག་ཡོད་ལོ་ལགས། རྡོ་འདི་མ་མཐོང་ང་གིས་ རྡོ་གཅིག་ཡོད་ལོ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiཏེ་ ཨ་རིང་བཙོང་ནུག་ཏེ་ ཨ་རིང་བཙོང་སྦེ་ ཏི་རུ་ཡང་ལེན་ནུག ཏེ་ཁོ་གི་ར་ཡོདཔ་མས་ ར་ལགས། ར་བཞི་ལྔ་དེ་ཅིག་ཡོདཔ་མས། ཏེ་ཉིནམ་ཅིག་ཟེརཝ་ད་ལུ་ འ་ནཱི་རྡོ་གི་ཐོག་ཁར་ བྱཱ་སེར་ཁ་འཚམས་ཅིག་སྦེ་ ཧིང་མགུ་ཐོན་ཐོནམ་ ལྷོདཔ་ཅིག་ [ས་ལམ་སེ་ལེམ་?]འགྱོ་འགྱོཝ་ཡོདཔ་མས་བ་ལགས། ཏེ་ཁོ་རྡོ་ཐོག་ཁར་སྡོད་སྦེ་ ཐགཔ་ག་ཅི་ལོ་ ར་ཐགཔ་བཤེད་སྦེ་ ཁོ་རྡོ་ཐོག་ཁར་སྡོད་སྦེ་ འ་ནཱི་རྡོ་མཐའམ་བདའ་སྟེ་ རེད་ཟ་བཅུག་སྦེ་སྡོད་ནུག་ལོ་ལགས།
- ཕུན་ཚོགས་དབང་འདུས་ Phuntsho Wangdiདེ་ལས་ ཇོ་བདག་འགྱོ་སྦེ་ ཙིགཔ་ཟ་སྦེ་ཧད་བཏགས་འཚོལ་འཚོལཝ་མས། ཨཔ་ཝང་འབྲུག་རྒྱལ་ ག་ཅི་ཚོད་བལྟཝ་སྨོ་ཁྱོད་ཟེར་ ཨ་རིང་ཆུ་ཞིང་འདིན་ ང་ལུ་བཙོང་བཙོངམ་ཨིན་ ཁྱོད་ཀྱིན་མེན་ ང་གི་ཨིན། ང་གི་རེད་ག་ཅི་སྦེ་ཟ་བཅུགཔ་སྨོ་ཟེརཝ་ད་ དབའེ་ ཆུ་ཞིང་འདི་ཁྱོད་ལུ་བཙོངམ་ངེས་བདེན་ཨིན། ང་གི་རྡོ་ཁྱོད་ལུ་མ་བཙོང་ ཟེརཝ་མས་ལོ་ལགས། ང་གི་རྡོ་ཡོད་སར་ རྡོ་གི་ཐོག་ཁར་ཡོད་མི་འདི་ ཟ་བཅུགཔ་ཨིན།
- ཕུན་ཚོགས་དབང་འདུས་ Phuntsho Wangdiརྡོ་གི་མཐའ་བསྐོར་ཟ་བཅུག་དོ་ཟེར་ འ་ནཱ་ལུ་ འ་ནཱི་སྦེ་ཕམ་སྟེ་ཡོད་ལགས། འ་ནཱི་བཟུམ་སྦེ་ཏེ་ ཏེ་འ་ནཱི་བཟུམ་སྲུང་ལེ་ཤ་ལགས། དེ་ལས་ ག་ཅི་ལོ་ ཁོ་གི་[སྤྱ་ངན་?]ག་མེད་གུ་མེད་ཏེ། དེ་ལས་ཚར་ཅིག་ དཔོན་གྱི་བུམོ་ཅིག་དང་གཅིག་ཁར་ཡང་ ཁོ་གིས་བཀྲ་མ་ཤིསཔ་འབད་དེ་ཡོད་འ་ནཱི་ཡང་། ཏེ་བུམོ་སྡོད་སར་འགྱོ་སྦེ་ ཁོ་གིས་ན་གཞོན་བཟུམ་ཅིག་བཟོ་འགྱོ་སྦེ་ ན་གཞོན་ [སྤྱ་ངན་?]གྱི་མིང་འདི་ [སྤྱ་ངན་?]སྦེ་འབོ་སྟེ་ ཏེ་ཁྱོད་ཀྱི་མིང་ ག་ཅི་སླབ་སྨོ་ཟེརཝ་ད་ ང་གི་མིང་ མི་ནང་ ཟེར་སླབ་ཨིན་ཟེར་ དེ་ལས་ སྒར་པ་ཆ་ཁྱབ་ལུ་ ཁོ་གིས་ ཕོ་མཚན་གྱི་མིང་སྦེ་སླབ་སྟེ་ཡོད་ལགས། ལོང་(མཇེ་)ཟེར་སླབ་ཨིན་ཟེར།
- ཕུན་ཚོགས་དབང་འདུས་ Phuntsho Wangdiཏེ་ དཔོན་གྱིས་ཡང་མཁྱེན་ཏེ་ཡོད་ཏེ་ མིང་འདི་འ་ནཱི་སྦེ་ར་ཨིནམ་བ། དེ་འབདཝ་ད་ལུ་ ཉིནམ་ཅིག་ཟེརཝ་ད་ བུམོ་སྡོད་སར་འགྱོ་འགྱོཝ་མས་ བུམོ་བརྐུ་བ། བུམོ་སྡོད་སར་འགྱོཝ་ད་ལུ་ བུམོ་གིས་ ཨའི་མི་ནང་འོངམ་མས་ ཟེརཝ་མས་ལོ་ལགས། མི་ནང་འོང་པ་ཅིན་ ཉལ་སྡོད་ཏེ་ ཟེརཝ་མས་ལོ་ ཨའི་གིས། མི་ནང་འོང་པ་ཅིན་ ཉལ་སྡོད་ཟེར་ མི་ནང་འོངམ་ད་ ཉལ་སྡོད་ཟེར་ ཨའི་གིས་བཀའ་གྲོལ་ཡི་ཟེར་ དེ་ལས་ བུམོ་གིས་བྱིན་བཞག
- ཕུན་ཚོགས་དབང་འདུས་ Phuntsho Wangdiཏེ་ ནངས་པར་བཟུམ་ཅིག་ཁར་ ནམ་ལངས་ལངསམ་མས་ དེ་ལས་མཐོང་ནུག་ཏེ་ ཡབ་དང་ཡུམ་གྱིས་མཐོང་སྟེ་ དེ་ལསན་སྒར་པ་ཆ་ཁྱབ་ མར་སྤང་ཐང་བརྐོ་སྡོད་སྡོདཔ་ དབའེ་ཁྱོད་ཆ་ཁྱབ་ ལོང་འོང་ཡི་སྨེ་ལོང་ ཟུངས་ཤིག་ཟུངས་ཤིག་ ཟེར་སླབ་སླབ་མས་བ། སྲུང་འ་ནཱི་བཟུམ། ཏོག་ཙེ་ག་ར་བཀོ་བཏང་སྟེ་ རྒྱལ་པོའི་བཀའ་མ་ཆག་པར་བཟུང་སྟེ་ཡོད་ཟེར་ ཁོང་ར་གི་ཕོ་མཚན་བཤེད་སྡོད་ནུག་ལོ་དེ་ལས། བླ་་་་་ སྲུང་འ་ནཱི་བཟུམ།
- ཕུན་ཚོགས་དབང་འདུས་ Phuntsho Wangdiའ་ནཱིམ་ཅིག་ར་ཨིན་ལགས། ཨཔ་ཝང་འབྲུག་རྒྱལ་གྱི་སྲུང་ཟེར་ ཨཔ་ཝང་འབྲུག་རྒྱལ་གྱི་འབྱིད་སྐོར་ འཇིག་རྟེན་ཀུན་གྱིས་མི་ཤེས་ཟེར་ གཏམ་རང་འདུག་བ་ལགས། སྔ་ལོང་ནང་ན་ ག་ཅི་སྦེ་ཟེར་བ་ཅིན་ གནམ་མེད་ས་མེད་མཁས་པ་ཁོ། ཁོ་གིས་ རིག་པ་བཙུགས་མི་ཨིན་མ་པ། བཀའ་དྲིན་ཆེ།། །།