Video Overview
The story that Jigme narrates presents a storyline that is similiar to the one of movie Ap Bokto. In that movie, the main character, Ap Bokto, has a wife, grandmother, and two children. He was also very good at acrobatics in the movie. The message conveyed by the story is to not leave your house empty when going far away. And even when you leave your house full, you must recite prayers upon one's return.
མོང་སྒར་ གླིང་མཁར་ལས་ འཇིགས་མེད་ཀྱིས་གཏང་མི་ཨཔ་དོ་དོ་གི་སྲུང་དེ་ འབྲུག་གི་གློག་བརྙན་ཨཔ་སྦོག་ཏོ་དང་ཨ་ཙི་རེ་མ་འདྲཝ་མ་གཏོགས་ སྲུང་གི་གཞི་འདྲ་སུ་ཅིག་སྦེ་འདུག ཨཔ་སྦོག་ཏོ་གི་གློག་བརྙན་ནང་འབད་བ་ཅིན་ ཨང་རྒས་ཅིག་དང་ཨམ་སྲུ་ ཨ་ལོ་གཉིས་ཡོདཔ་སྦེ་རྩེ་ནི་ཡོདཔ་མ་ཚད་ ཨཔ་སྦོག་ཏོ་རྩལ་ལག་ཡོདཔ་སྦེ་སྟོནམ་ཨིན་རུང་ འཇིགས་མེད་ཀྱིས་གཏང་མི་སྲུང་དེ་འབད་བ་ཅིན་ རང་གི་ཁྱིམ་སྟོངམ་སྦེ་བཞག་སྟེ་ ཐག་རིང་སར་འགྱོ་མི་བཏུབ་པའི་ཁ་ལུ་ གལ་སྲིད་འགྱོ་དགོཔ་ཐོན་རུང་ ལོག་འོངམ་ད་ བགེགས་བསྐྲད་རེ་བཏང་སྟེ་འཛུལ་དགོ་ ཟེར་ཨིན་པས།
- Lingkhar
- Jigme> ཧེ་མ་ ཨཔ་དོ་དོ་ ཁོ་རའི་བུམོ་འདི་ ཉིནམ་གཅིག་གི་ས་ཁར་ མནའ་མ་སོང་འདི་ཡོདཔ་ཨིན་མས། ཟླཝ་གཅིག་སོངམ་ད་ ད་ཁོའི་བུམོ་དང་ཚ་བོ་ཚ་མོ་ཚུ་ འཕྱད་པ་ལྷོད་མ་ཚུགསཔ་ལས་ འཕྱད་པ་འགྱོ་ཡོདཔ་ཨིན་མས།
- Jigme> སྟེ་ ཁོ་འགྱོ་སའི་ལམ་འདི་ཡང་ གྱེན་འཛེག་དགོ་དོ་ཡོདཔ་མས་སྟེ་ དེ་ལས་ གྱེན་འཛེག་ནི་འདི་འགོ་བཙུགསཔ་ཅིག་ སྤྱ་དང་འཕྱད་ཡོདཔ་མས། དེ་ལས་སྤྱ་གི་ དབའི་ཨ་པ་ག་སྟེ་འགྱོ་ནི་ཟེརཝ་ད་ ང་བུམོ་དང་ཚ་བོ་ཚ་མོ་འཕྱད་པ་འགྱོ་དོ་ཟེར་སླབ་སླབ་མས།
- Jigme> ཁྱོད་མིང་ག་ཅི་ཟེརཝ་སྨོ་ཟེར་ད་ དོ་དོ་ཨིན་ཟེར་སླབ་སླབ་མས། སྤྱ་གི་ཨཔ་དོ་དོ་ཁྱོད་བཟའ་ནི་ཨིན་ཟེར་སླབ་ད་ ཨཔ་དོ་དོ་གི་ཁྱོད་ང་མ་བཟའ་ ངེའི་བུམོ་སྦེ་སར་འགྱོ་ཞིནམ་ལས་ རྒྱགས་ཏོ་རིལ་རི་བཟོ་སྦེ་འོང་གེ་ཟེར་སླབ་སླབ་མས། སྤྱ་གི་ཨིན་ན? ནམ་ལོག་འོང་ནི་སྨོ་ཟེར་སླབ་ད་ ཨཔ་དོ་དོ་གི་ཞག་བདུན་གི་ཤུལ་ལས་ འོང་ནི་ཨིན་ཟེར་སླབ་སླབ་མས།
- Jigme> སྤྱ་གི་ཡ་ཡ་བཏུབ་པས་ཟེར་སླབ་ཏེ་བཏང་བཏངམ་མས། དེ་ལས་ ད་རུང་གྱེན་འཛེག་ལམ་ཕྱེད་ཀ་ལྷོདཔ་ད་ ཕགཔ་དང་འཕྱད་འཕྱདཔ་མས། དབའི་ཨ་པ་ག་ཏེ་འགྱོ་ནི་སྨོ་ཟེར་སླབ་ད་ ཨཔ་དོ་དོ་གི་ ངེའི་བུམ་དང་ཚ་བོ་ཚ་མོ་ཚུ་འཕྱད་པར་འགྱོ་དོ་ཟེར་སླབ་སླབ་མས།
- Jigme> ཕགཔ་གི་ཁྱོད་གི་མིང་ག་ཅིག་སྨོ་ཟེར་སླབ་ད་ ཨཔ་དོ་དོ་ཨིན་ཟེར་སླབ་སླབ་མས། ཕགཔ་གི་ཁྱོད་བཟའ་ནི་ཨིན་ཟེར་སླབ་ད་ མར་སྤྱ་གི་ཡང་བཟའ་ནི་ཟེར་སླབ་དེ་ ད་ཏོ་མ་བཟའ་ ཡར་ལས་ལོགཔ་ད་ རྒྱགས་ཏོ་རིལ་རི་བཟོ་འབད་འོང་ནི་ཟེར་སླབ་བཞག་ཡི་ དེ་ལས་ ཕགཔ་གི་ནམ་ལོག་ནི་ཟེར་སླབ་ཅིག? ཨཔ་དོ་དོ་གི་ཞག་བདུན་གི་ཤུལ་ལས་ ལོག་ནི་ཟེར་སླབཅིག་ཟེར་སླབ་སླབ་མས། ཡ་ཡ་བཏུབ་པས་ཟེར་སླབ་ཏེ་བཏང་བཏངམ་མས།
- Jigme> དེ་ལས་ ཁོ་འགྱོ་འགྱོཝ་བར་ན་རང་ད་རུང་དོམ་ཕྱད་ཕྱདཔ་མས། དབའི་ཨ་པ་ག་ཏེ་འགྱོ་ནི་སྨོ་ཟེར་སླབ་ད་ ངེའི་བུམོ་དང་ཚ་བོ་ཚ་མོ་ཚུ་འཕྱད་པར་འགྱོ་དོ་ཟེར་སླབ་སླབ་མས། མིང་ག་ཅིག་སྨོ་ཟེར་སླབ་ད་ ཨཔ་དོ་དོ་ཟེར་སླབ་ཨིན་ཟེར་སླབ་སླབ་མས།
- Jigme> ཁྱོད་བཟའ་ནི་ཨིན་ཟེར་སླབ་ད མར་སྤྱ་དང་ཕགཔ་གི་ཡང་ བཟའ་ནི་ཨིན་ཟེར་སླབ་དེ་ ངེའི་བུམོ་དང་ཚ་བོ་ཚ་མོ་འབད་སར་འགྱོ་ཞིནམ་ལས་ རྒྱགས་ཏོ་རིལ་རི་བཟོ་འབད་འོང་ནི་ཟེར་སླབ་ཅི་ཟེར་སླབ་སླབ་མས། དེ་ལས་ དོམ་གྱི་ ནམ་ལོག་ནི་སླབ་ཅིག? ཞག་བདུན་གི་ཤུལ་ལས་ལོག་ནི་ཟེར་སླབ་ཅིག་
- Jigme> དེ་ལས་ བཏང་ཡོདཔ་མས་ ཨཔ་དོ་དོ་རི་གི་རྩེ་ལུ་ལྷོདཔ་ད་ ད་རུང་ རྟག་དང་ཕྱད་ཕྱདཔ་མས། དབའི་ཨ་པ་ག་ཏེ་འགྱོ་ནི་སྨོ་ཟེར་སླབ་ད་ ངེའི་བུམོ་དང་ཚ་བོ་ཚ་མོ་ཚུ་འཕྱད་པར་འགྱོ་ནི་ཨིན་ཟེར་སླབ་སླབ་མས། མིང་ག་ཅིག་སྨོ་ཟེར་སླབ་ད་ ཨཔ་དོ་དོ་ཨིན་ཟེར་སླབ་སླབ་མས།
- Jigme> ཁྱོད་བཟའ་ནི་ཨིན་ཟེར་སླབ་ད་ མར་སྤྱ་དང་ཕགཔ་དེ་ལས་དོམ་གསུམ་གི་ཡང་བཟའ་ནི་ཟེར་སླབ་དེ་ དེ་འབདཝ་ད་ དང་པ་རང་ ངེའི་བུམོ་དང་ཚ་བོ་ཚ་མོ་འབད་སར་འགྱོ་ཞིནམ་ལས་ རྒྱགས་ཏོ་རིལ་རི་བཟོ་འབད་འོང་ནི་ཟེར་སླབ་ཅིག ནམ་ལོག་ནི་ཟེར་སླབ་ཅི? ཞག་བདུན་གྱི་རྒྱབ་ལས་ལོག་ནི་ཟེར་སླབ་ཅི་
- Jigme> དེ་ལས་སོང་ཡོདཔ་མས་ བུམོ་དང་ཚ་བོ་ཚ་མོ་འབད་སར་ལྷོད་དེ་ ཞག་དྲུག་སོངམ་ད་ ཡ་བུམོ་ང་ལོག་ཁྱིམ་ནང་འགྱོ་ནི་མ་རེད་ ཁྱིམ་མེད་ཡར་སོངམ་འོང་ཟེར་སླབ་ད་ བུམོ་གི་ ཨའི་ ཨ་པ་ཨའི་དེནི་མེད་ ན་སྡོད་ད་ཁྱིམ་མེདཔ་འགྱོ་རུང་འགྱོ་ ང་ཟ་མི་འདི་གི་ ཁྱོད་ཡང་ཕོ་བྲང་འོང་མས་ན་ཟེར་སླབ་ད་
- Jigme> འ་མི་བཏུབ་དེ་འབད་དེ་ ང་འགྱོ་ནི་ཟེར་སླབ་ ནང་པ་དྲོ་པ་ནམ་མ་ལངསམ་ལས་ བུམོ་འདི་གི་ལྟོ་འབད་ དྲོ་མཛར་བཟོ་འབད་ཞིནམ་ལས་ དྲོ་པ་དྲོ་མཛར་ཟ་སྡོདཔ་ད་ ཨ་པ་གི་བུམོ་ལུ་སླབ་སླབ་མས་ ང་ཟ་ནི་ཟེར་མི་ལམ་ཁར་ལུ་ སེམས་ཅན་བཞི་ཡོད་ཟེར་སླབ་ད།
- Jigme> བུམོ་འདི་གི་དེ་འབདན་ ཨ་པ་མ་འགྱོ་ ན་རང་སྡོད་ད་ཟེར་སླབ་ད་ ཨ་པ་གི་ངེའི་ཁྱིམ་མེདཔ་ཡ་སོངམ་འོང་ འཁྱོ་རང་འགྱོ་དགོ་ཟེར་སླབ་སླབ་མས། དེན་ག་དེ་སྦེ་འགྱོ་ནི་ ཐབ་ཤེས་ཅིག་སྟོན་གེ་ཟེར་སླབ་ ས་རྫམ་གཅིག་བྱིན་བྱིན་མས།
- Jigme> དེ་ལས་ ཨ་པ་འདི་ས་རྫམ་ནང་འཛུལ་ཡར་སོངམ་མས་ ཀྲུ་ལུག་ཀྲུ་ལུག་བཏང་འགྱོ་ད་ ལམ་ཁར་སྟག་དང་ཕྱད་ཡོདཔ་མས། སྟག་གི་ དབའི་ཨཔ་ཀྲུ་ལུག་ཏང་ ཨཔ་དོ་དོ་འོང་ས་མ་མཐོང་ག་ཟེར་དྲིཝ་ད་ མ་མཐོང་མ་རེད་ ནམ་འོང་ནི་སླབ་དེ་ཟེརཝ་ད་ ནང་པ་ནང་ཚེ་འོང་ནི་སླབ་དེ་སླབ་ ད་འབདན་གནས་སྟངས་གཅིག་ལས་མཐར་སོང་ཡི་མནོ་འགྱོ་འགྱོ་མས།
- Jigme> ད་རུང་ ཀྲུ་ལུག་ཀྲུ་ལུག་ཏང་འགྱོཝ་ད་ དོམ་ད་ཕྱད་དེ་ དབའི་ཨཔ་ཀྲུ་ལུག་ཏང་ ཨཔ་དོ་དོ་འོང་ས་མ་མཐོང་ག་ཟེར་དྲིཝ་ད་ མ་མཐོང་མ་རེད་ ནམ་འོང་ནི་སླབ་དེ་ཟེརཝ་ད་ ནང་པ་ནང་ཚེ་འོང་ནི་སླབ་དེ་སླབ ད་འབདན་གཉིས་རྐྱངམ་ལུས་ཡི་མནོ་ སེམས་དགའ་འགྱོ་ཡོདཔ་མས། དེ་ལས་ འ་ན་ལས་མར་འགྱོ་ད་ ཕགཔ་དང་ཕྱད་ཡོདཔ་མས།
- Jigme> དབའི་ཨཔ་ཀྲུ་ལུག་ཏང་ ཨཔ་དོ་དོ་འོང་ས་མ་མཐོང་ག་ཟེར་དྲིཝ་ད་ མ་མཐོང་མ་རེད་ ནམ་འོང་ནི་སླབ་དེ་ཟེརཝ་ད་ ནང་པ་ནང་ཚེ་འོང་ནི་སླབ་དེ་ཟེར་སླབ་ ད་འབདན་ གཅིག་རྐྱངམ་གཅིག་ལུས་ཡོད་མནོ་སེམས་དགའ་འགྱོ་ཡོདཔ་མས།
- Jigme> ཀྲུ་ལུག་ཀྲུ་ལུག་ཏང་འགྱོ་ད་ སྤྱ་ཕྱད་ཡོདཔ་མས་ སྤྱ་གི་དབའི་ཨཔ་ཀྲུ་ལུག་ཏང་ ཨཔ་དོ་དོ་འོང་ས་མ་མཐོང་ག་ཟེར་དྲིཝ་ད་ མ་མཐོང་མ་རེད་ ནམ་འོང་ནི་སླབ་དེ་ཟེརཝ་ད་ ནང་པ་ནང་ཚེ་འོང་ནི་སླབ་དེ་སླབ་དེ་
- Jigme> ཨ་ཀུ་ཀྲ་ལག་ཀྲུ་ལུག་འབད་མིང་དགོ་ ཨ་ཀུ་ཞ་ང་ཞུ་ངོ་སླབ་ སྐེད་བཤེད་འཛིང་ ས་རྫམ་ག་ར་དཀྲུམ་དཔ་མས་ དེ་ལས་ སྤྱ་གི་ ཕོ་རྒནམ་དོམ་ཤོག་མ་རེད་ ཕོ་རྒནམ་ཕགཔ་ཡང་ཤོག་མ་རེད། ཕོ་རྒནམ་སྟག་ཡང་ཤོག་མ་རེད་སླབ་ ཁོང་ག་ར་འཛོམས་རྡོ་ལེབ་ཅིག་གི་རྩ་བ་ གསད་ནི་འབད་བཟུང་ཡོདཔ་མས་ དེ་ལས་ ཨཔ་དོ་དོ་གི་ད་འབདན་ ང་གསད་རང་གསད་ནི་མས་ཟེར་མནོ་མནོ་མས།
- Jigme> དེ་ལས་ ཁོང་ག་ར་འཛོམས་ཚརཝ་ད་ ཁོ་སླབ་སླབ་མས་ ཁྱོད་ཆ་ཁྱབ་ཀྱི་ཟ་བ་ཟ་མཆོག་མཆོག་མདེ། ང་བཟའ་དགོ་པ་ཅིན་ བསྲེག་ནི་མེ་དགོ་ ཆུ་འཁྱུ་ནིའི་ཆུ་དགོ་ ཨེ་མ་དགོ་ ཚ་དགོ་ འདི་ཚུ་ག་ར་དགོཔ་ཨིན་ཟེརཝ་ད་
- Jigme> དེ་ལས་ སྤྱ་གི་རིག་པ་ལཱ་འབད་དེ་ ཡ་དེན་ཤིང་འཐུ་ནི་དོམ་ཁྱོད་དྲགས་ཁྱོད་སོང་མ་རེད། ཆུ་འབག་ནི་སྟག་ཁྱོད་དྲགས་ཁྱོད་སོང་མ་རེད། དེ་ལས་ ཨཔ་དོ་དོ་སྲུང་ནི་འདི་ཕགཔ་ཁྱོད་དྲགས་ཁྱོད་ཀྱི་སྲུང་མ་རེད་ཟེར་སླབ་ ང་གི་ཚྭ་ཨེ་མ་རྫམ་འབག་འོང་གེ་སླབ་ ཁོང་ཆ་ཁྱབ་སོང་ཡོདཔ་མས།
- Jigme> དུས་ཡུན་ཆུ་ཚོད་ ༣་ ༤ འགོར་དོ་ཡོདཔ་མས་ དེ་ལས་ ཨཔ་དོ་དོ་གི་ ཕོ་རྒནམ་ཕགཔ་ལྟོ་མི་བཀྱེས་བའི་ག? ཟེརཝ་ད་ ཨའི་ལྟོ་བཀྱེས་ནིའི་བཀྱེསཝ་མས་ཟེརཝ་ད་ ཨ་མ་གཤོང་ལུ་སོང་འབད་ ཤིང་ར་ཏོ་བར་སོང་ཟེར་སླབ་སླབ་མས། དབའི་ སྟེ་ཁྱོད་ཀྱི་བྱོག་འགྱོ་འོང་མས་ན་ ཁོང་ཆ་ཁྱབ་ཀྱི་ང་ཟ་འོང་མས་ཟེར་སླབ་སླབ་མས།
- Jigme> ག་ཅི་གསད་ནི་ ག་ཅི་འབད་བྱོག་འགྱོ་ནི་ ང་ཁྱོད་ཆ་ཁྱབ་ཀྱི་བཟུང་ཚར་ཡི་མས་ན་ བྱོག་འགྱོ་བ་ཅིན་ ང་གསད་འོང་མས་ན་ཟེར་སླབ་སླབ་མས། དེ་ལས་ ཕགཔ་འདི་ཡང་སོང་ཡོདཔ་མས་ ཨཔ་དོ་དོ་གི་ཡར་ལས་མར་བལྟཝ་ད་ ཕགཔ་ཤིང་གི་ར་ཏོ་བཏོག་ཟ་སྡོད་ནུག་ལོ་ དེ་ལས་ ཁོ་གིས་རྡོ་ལེབ་འདི་འཐུ་ ས་དོང་བརྐོ་འབད་སྦེ་ ནང་ན་འཛུལ་སྡོད་ཡོདཔ་མས།
- Jigme> དེ་ལས་ སྟག་དོམ་དང་སྤྱ་གསུམ་འབག་འོང་འབད་ལྷོདཔ་ད་ དབའི་ཨཔ་དོ་དོ་ག་སྟེ་སྨོ་ ཕགཔ་ཟེརཝ་ད་ ང་ལྟོ་མི་བཀྱེས་བའི་ཟེར་དེ་ ལྟོ་བཀྱེས་ཅི་ཟེརཝ་ད་ ཨ་མར་ཤིང་ར་ཏོ་ཟ་བ་སོང་སླབ་དེ་ ཤིང་ར་ཏོ་ཟ་སྡོདཔ་དན་ བྱོག་ཡར་སོང་ནུག་སླབ་སླབ་མས། དེ་ལས་ སྤྱ་གི་སྟག་དང་དོམ་ལུ་ ཕགཔ་གསད་ད་ཟེར་བཀའ་གནང་ཡོདཔ་མས།
- Jigme> དེ་ལས་ ཕགཔ་འདི་བསད་འབད་ ཁོང་ཆ་ཁྱབ་རྡོ་ལེབ་ཐོག་ཁར ་མཛར་ཅུམ་ཟ་ནི་འབདཝ་ད་ ཁོ་གི་རྡོ་ལེབ་འདི་ཡར་འཐུ་དོ་མས། དེ་ལས་ སྤྱ་གི་དབའི་ས་དང་ནམ་བསྒྱིར་དོ་བསྒྱིར་དོ་ཟེརཝ་ད་ སྟག་དང་དོམ་གྱི་ ག་ཅི་ས་དང་ནམ་བསྒྱིར་ནི་ སྤྱ་གི་སླབ་འོང་མས་སླབ་སླབ་མས།
- Jigme> ད་རུང་ཡར་འཐུ་ད་ ས་དང་ནམ་བསྒྱིར་དོ་བསྒྱིར་དོ་ ག་ཅི་བསྒྱིར་ནི་ དེ་ལས་ ད་རུང་ཡར་བཤུགས་འབད་འཐུ་ད་ ས་དང་ནམ་བསྒྱིར་དོ་སླབ་ཅི་མས་ན་སླབ་ ཁོང་གསུམ་ འདྲོག་པའི་ཤུགས་ཀྱི་བྱོག་ཡར་སོངམ་མས། དེ་ལས་ ཨཔ་དོ་དོ་ཡར་འཐོན་ ལྟོ་ཟ་ ལྷག་ལུས་མི་ཚུ་འབག་སྦེ་ ཁོ་རའི་ཁྱིམ་ནང་སོང་ཡོདཔ་མས།
- Jigme> ཁྱིམ་ནང་ནམ་སོཔ་ད་ལྷོད་པའི་བསྒང་ལས་སྒོ་ཕྱི་བཞག་ནུག་ལོ་ ངེའི་ཁྱིམ་གྱི་སྒོ་ག་ཅི་འབད་ཕྱི་ཡི་ག་མནོ་ སྒོ་ཁར་ལས་བལྟཝ་ད་ ཨང་རྒས་ལྟག་ཀོ་ཁར་ལྦཝ་སྦོམ་ཡོད་མི་ཅིག་འདུག་ལོ། ཡ་ བླ་མ་ཕར་ལས་དཀའཝ་སྤྱོད་དེ་རང་འོང་ཡི་ས་ ནང་ལྷོདཔ་ད་ཟ་རང་ཟ་ནི་མས་ སྲིན་པོ་རང་ཨིནམ་འོང་ནི་མས་ཨང་རྒས་འདི་མནོ་ ཐབ་ཤེས་ཅི་སྟོན་གེ་མནོ་ ཁོ་གི་ཁྱིམ་འོག་ལུ་འཛུལ་སྡོད་ཡོདཔ་མས།
- Jigme> དེ་ལས་ ཨང་རྒས་འདི་ཉལ་མས་ལོ་ ཨང་རྒས་འདི་ཉལ་སྡོདཔ་ད་ ཁོ་གི་ ཐབ་རྩ་བ་འགྱོ་འབད་ཨ་ཝ་བཏང་བཞག་ཡོདཔ་མས། དེ་ལས་ དྲོ་པ་ཨང་རྒས་འདི་ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཟེར་ མེ་འཕུར་བ་འགྱོ་ད་ ཨང་རྒས་ལག་པ་ཨ་ཝ་རེག་ཡོདཔ་མས།
- Jigme> དེ་ལས་ ཨང་རྒས་དེ་ ནམ་ཡང་གྲིབ་མ་རེགཔ་ལས་ ད་རེས་ག་ཅི་ཨིན་ན་ རྩིས་པ་འབོད་དགོ་པས་ མོ་བཏབ་ནི་ཟེར་སླབ་སོང་ཡོདཔ་མས་ དེ་ལས་ ཨཔ་དོ་དོ་སེམས་ཁར་ ག་འོང་མས་བལྟ་གེ་མནོ་སྡོད་སྡོདཔ་མས།
- Jigme> དེ་ལས་ ཨང་རྒས་འདི་གི་སྤྱ་དཀར་སྦོམ་གཅིག་འཁྱིད་འོང་དེ་ལོ་ ད་ཁོའི་སེམས་ཁར་ མོ་བཏབ་འབད་དེ་ ཁོ་གསད་རང་གསད་ནི་མས་མནོ་སྡོདཔ་ད་ སྤྱ་དཀར་འདི་གི་ ཨ་ཝ་བཏང་སའི་ས་ཁོངས་ནང་ལས་མར་ ཁོ་རའི་མཇུག་མ་བཙུགས་ལགཔ་གི་རྔ་བརྡུང་འབདཝ་མས་ལོ།
- Jigme> འ་དེ་ལས་ཁོ་གི་ སྤྱ་དཀར་གི་མཉུག་མ་ལས་བཟུང་མར་འཐོན་ཡོདཔ་མས་ སྤྱ་དཀར་རྒྱལཝ་ད་ ཨཔ་དོ་དོའི་མགུ་ཏོ་བརྡུང་ ཨཔ་དོ་དོ་རྒྱལཝ་ད་སྤྱ་དཀར་ཨ་བུག་བརྡུང་དོ་ཡོདཔ་མས། ཧ་ལམ་ཅིག་ལས་ ཨཔ་དོ་དོ་རྒྱལ་ཏེ་ སྤྱ་དཀར་མཇུག་མ་བཏོག་བཏང་དཔ་མས།
- Jigme> དེ་ལས་ ཨང་རྒས་ཀྱི་ རྩིསཔ་སྤྱ་དཀར་ཁྱོད་ཀྱི་ཡང་བཏུལ་མ་ཚུགསཔ་ལས་ ང་གི་འདི་ག་དེ་འབད་ནི་སླབ་ སྤྱ་དཀར་ག་མཆོང་ས་མཆོང་ སྤྱ་དཀར་གྱོངས་ས་ན་ཨང་རྒས་འདི་ཡང་གྱོངས་ཡོདཔ་མས།
- Jigme> འདི་གི་དོན་ཆེན་འདི་ ང་བཅས་ཀྱི་ཁྱིམ་འདི་ ཡུན་རིངམོ་འབད་བཀོ་བཞག་པ་ཅིན་ འདྲེ་ཆགས་འོང་ ག་དེམ་ཅི་འབད་ལོག་འཛུལ་བ་ཅིན་ རིམ་འགྲོ་བཏང་འཛུལ་དགོ་ཟེར་བཤདཔ་ཨིན་ནོ།