Skip to main content Skip to search
01 Sep 2018
4 min 11 sec
Video Overview
Creators: 
Sherig Dentshog

Churpu from Guyum village narrates the story of an ant defeating an elephant. The story is about how the ant wins a challenge from the elephant, and why deer have wrinkled foreheads. It all started when the ant bit the leg of the elephant after the elephant stepped on the ant's nest. Then they held a challenge to carry a load bigger than their body, which the ant won by carrying a piece of rice bigger than him. Thereafter the elephant said that elephants will shake leaves and banana trees before eating from them, fearing there may be ants. They fear the ant's bite after the elephant lost the challenge. The story also mentions why deer have wrinkled foreheads.

པདྨ་དགའ་ཚལ་རྫོང་ཁག་ མགུ་ཡུམ་གཡུས་ཚན་ལས་སྐྱུར་པོ་གིས་ གྱོག་མོ་དང་བྱི་ཐུར་ དེ་ལས་གླངམོ་ཆེ་གི་སྲུང་གཏངམ་ཨིནམ་ད་ སྲུང་འདི་ནང་ གྱོག་མོ་གིས་གླངམོ་ཆེ་ལས་རྒྱལ་ཁ་ཐོབ་ཐོབ་དང་ ཀ་ཤ་གི་དཔྱལཝ་ ཨོ་ཀྲོ་བཙུམ་འགྱོ་འགྱོཝ་གི་སྐོར་ལས་ཨིན་མས། དེ་ཡང་ གྱོག་མོ་གིས་ གླངམོ་ཆེ་དེ་ཁྱིམ་ནང་འཛུལ་བའི་སྐབས་ གྱོག་མོ་གིས་སོ་བཏབ་པའི་སྐབས་ ཁོང་གཉིས་ཀྱིས་ ཁོང་ར་ལས་སྦོམ་པའི་ཁུར་ཆ་འབག་ནིའི་འགྲན་བསྡུར་འབད་ནི་ལུ་ཁ་འཆམ་སྟེ་འགྲན་བསྡུར་འབདཝ་ད་ གྱོག་མོ་གིས་ ཁོ་ར་ལས་སྦོམ་པའི་ཁུར་ཆ་ མཛརཝ་ཅིག་འབག་སོང་སྟེ་ གླངམོ་ཆེ་དེ་ཕམ་སོ་ནུག དེ་ལས་ཚུར་ གླངམོ་ཆེ་གིས་ དུས་ནམ་ར་ཨིན་རུང་ གྱོག་མོ་གིས་སོ་བཏབ་འོང་མནོ་འདྲོག་སྟེ་ ཤིང་གི་འདབ་མ་ཚུ་ལེགས་ཤོམ་སྦེ་སྤུད་ཞིན་ན་རྐྱངམ་ཅིག་ཟཝ་ཨིནམ་ད་ ཀ་ཤ་གིས་ གླངམོ་ཆེའི་ལཱ་འབད་ཚར་བའི་ཤུལ་ལས་ གླ་ཡོན་སྤྲོད་མ་བཏུབ་ལས་བརྟེན་ ཀ་ཤའི་དཔྱལཝ་ཨོ་ཀྲམ་བཙུམ་བཙུམ་ཨིན་ ཟེར་ཨིན་མས།

Transcript search
No results found for this search
0 of 0
  • སྐྱུར་པུ་ Churpu
    ཨ་ནཱི་གླངམོ་ཆེ་ ཕམ་མི་ དོན་དག་ག་ཅི་གིས་ཕམ་སོ་ཡི་ཟེར་བ་ཅིན་ གྱོག་མོ་གིས་ཕམ་ཕམ་ཨིན་པས་ལགས།
    Firstly, the ant defeated the elephant.
  • སྐྱུར་པུ་ Churpu
    གྱོག་མོ་གིས་ག་དེ་སྦེ་ཕམ་ཡི་ཟེར་བ་ཅིན་ གྱོག་མོ་གི་ཚང་འདི་ གླངམོ་ཆེ་གི་རྐངམ་བསྣད་བྱིནམ་ནི་དེ་གིས་ གྱོག་མོ་གིས་སོ་བཏབ་བྱིན་བྱིནམ་མས་ལགས།
    It all started when the ant bit the leg of the elephant when elephant steped on ants' nest.
  • སྐྱུར་པུ་ Churpu
    དེ་ལས་སོ་བཏབ་བྱིནམ་སྦེ་ གྱོག་མོ་གིས་སོ་བཏབ་བྱིནམ་ལས་འདི་ ཤུད་ཁོ་བཟུམ་མའི་སེམས་ཅན་འདི་ ཁོ་གི་ཚང་ག་དེམ་ཅིག་ཡོད་རུང་ ང་གི་རྐངམ་མཛུབ་མོ་བཟུམ་ཅིག་ཡང་མེད་ གླངམོ་ཆེ་གིས་དེ་སྦེ་སླབ་ཞིནམ་ལས་ དེ་ལས་ཏེ་ གྱོག་མོ་གིས་ ཡ་བཏུབ་པས་ ཁྱོད་ཀྱི་སླབ་ཚེ་ ང་ལུ་དེ་སྦེ་སླབ་ཨིན་པས་ ཏེ་ང་བཅས་གཉིས་རྒྱལ་ཅིག་བཞག་གེ་ ཟེར་སླབ་ད་ལུ་ རྒྱལ་བཞག་བཞགཔ་ཨིན་མས་ལགས།
    When the ant bit the elephant, the elephant said, "No matter how big is ur nest, it's not even equal to my toe." When the elephant said like that, the ant call for a challenge which was accepted by the elephant too.
  • སྐྱུར་པུ་ Churpu
    དེ་ལས་ ཁོང་གཉིས་རྒྱལ་ག་དེ་སྦེ་བཞག་ནི་སྨོ་ ཟེར་བཞགཔ་ད་ལུ་ ཏེ་གླངམོ་ཆེ་གིས་སླབ་ནུག ང་ལས་ལྷག་པའི་རྡོ་སྦོམ་འབག་གེ་སྨེ་རྡོ་སྦོམ། ཁྱོད་ལས་སྦོམ་ཁུར་ཆ་སྦོམ་འབག་དགོ་སྨེ་ཟེརཝ་ད་ལུ་ གྱོག་མོ་གིས་བཏུབ་ཟེར་ ཁོང་གཉིས་བཞག་བཞགཔ་མས་རྒྱལ།
    The elephant said, "I will carry load bigger than my size. You should also be able to carry load bigger to your size." The ant agreed. The bet was on.
  • སྐྱུར་པུ་ Churpu
    དེ་ལས་རྒྱལ་བཞག་སྦེ་ གྱོག་མོ་གིས་འདི་ མཛརཝ་ཕུད་རྡོག་སྦོམ་གཅིག་མགུ་ཏོ་ཁར་བཀལ་འབག་ཡར་སོ་ནུག་ ཁོ་ལས་སྦོམ། འ་ནཱི་ཟ་མི་མཛརཝ་འདི། དེ་ལས་གླངམོ་ཆེ་གིས་འདི་ ཁོ་ལས་སྦོམ་ རྡོ་གཅིག་འབག་བལྟཝ་ད་འདི་ རྡོ་འབད་མ་ཚུགསཔ་ཟེར་ཨིན་པས།
    Then the ant lifted a piece of roasted rice that was bigger than him and carried it away on it's head. The elephant tried to lift a rock bigger than him but failed.
  • སྐྱུར་པུ་ Churpu
    དེ་ལས་ ཡ་བླ་མ་མཁྱེན་ནོ་ང་སྨོ་ཤིག་ ང་ཕམ་སོ་སྨེ་ཟེར་ ང་ཨ་ནཱི་རྩྭ་གི་ནང་གྱོག་མོ་ཡོད་པ་ཅིན་ང་གསད་ཚུགསཔ་ཟེར་ ད་ལྟོ་ གླངམོ་ཆེ་གིས་ ངང་ལག་ཤིང་ཟ་རུང་ ག་ཅི་ཟ་རུང་ སྤུད་བཏང་མི་འདི་ འ་ནཱི་ཨིན་ལོ།
    After the defeat, even now, the elephant shake leaves and banana tree before they eat fearing ants.
  • བསམ་ཁོ་ཙ་ Sam Khotsa
    ཨེའེ་་་་ ཁོ་སོ་བཏབ་འོང་ཟེར?
  • སྐྱུར་པུ་ Churpu
    ཁོ་སོ་བཏབ་འོང་ཟེར་ རྒྱལ་བཞག་ནི་འདི་གིས་ ཁོ་ཕམ་སོ་ནུག་བ་ལགས། ཏེ་ཁོ་རྩྭ་དང་མཉམ་ གྱོག་མོ་ཟ་བ་ཅིན་ཁོ་ཤི་འོང་ ཟེར་ཨིན་པས་ལགས་ གླངམོ་ཆེ། ཏེ་གྱོག་མོ་གིས་ཚར་གཅིག་ དེ་སྦེ་ཕམ་སོ་ནུག་ཁོ།
    Elephant fears the ant's bite after the defeat. The elephant fears that it will be killed if it eats ant with leaves. The elephant was once defeated.
  • སྐྱུར་པུ་ Churpu
    དེ་ལས་ཨ་ནཱ་ལས་ད་རུང་ ཁོ་ཆུ་འཐུང་སྡོདཔ་ད་ལུ་ ལྟག་ལས་བྱི་ཐུར་གིས་ཆུ་ཧུ་མ་བཟོ་བཟོཝ་མས། དེ་ལས་ཆུ་ཧུ་མ་ལོང་སྦེ་སྡོདཔ་ད་ལུ་ དབའེ་ང་ཆུ་མཐུང་སྡོདཔ་ད་ ཆུ་ཧུ་མ་ལོང་མི་ག་ཡོད་ག་ཟེར་ གླངམོ་ཆེ་དེ་སྦེ་མནོ་བསམ་བཏང་སྡོདཔ་ད་ལུ་ དེ་ལས་ཀ་ཤ་ཅིག་ཐོན་ཡར་སོ་ནུག་ ཁོ་གི་སྦོ་ལོགས་ཁ་ལུ།
    Again, while the elephant was drinking water from a stream, it was polluted with dirt from the above. While he was wondering who it could be, a deer was passing by.
  • སྐྱུར་པུ་ Churpu
    དབའེ་ ཨ་ཅོ་ཀ་ཤ་ཁྱོད་ཀྲིག་ཀྲི་ལྷོད་ཅི་ང་གི་སྦོ་ལོགས་ཁར། དབའེ་ཡར་ཆུ་ཧུ་ཙ་ལོང་མི་ག་འདུག་ག་བལྟ་ ང་ཆུ་འཐུང་སྡོད་ཡོད་ཟེར་སླབ་ད་ལུ། ཀ་ཤ་ཡར་འགྱོ་བལྟཝ་ད་ལུ་ ཨ་ནཱི་བྱི་ཐུར་འདུག་ལོ། དེ་ལས་ དབའེ་རོགས་གླངམོ་ཆེ་ ཆུ་འཐུང་སྡོད་ནུག་ ཁྱོད་ག་ཅི་འབད་ཆུ་ཧུ་མ་ལོངམ་སྨོ་ཟེར་སླབ་ད་ ཏེ་ང་ཨིན་པས་ཟེར་སླབ་ད་ཏེ་ ག་དེ་སྦེ་ཨིན་རུང་ ཟེར་བཏང་ནུག
    "Hey! brother deer, you came on right time. Please check who is polluting the water", said the elephant. The deer saw a procupine who polluted the water. The deer said, "Hey! Elephant is drinking water down there and was asking why did you pollute the water?" The procupine said, "Tell him that its me." The deer went to the elephant.
  • སྐྱུར་པུ་ Churpu
    དེ་ལས་ ཀ་ཤ་ལོག་བཏང་ཞིནམ་ལས་ མར་ལྷོདཔ་ད་ལུ་ ག་ཨིན་པས་ཟེརཝ་ད་ལུ་ ཏེ་བྱི་ཐུར་ཨིན་པས་ཟེར་ ཀ་ཤ་གིས་སླབ་ནུག དབའེ་ཁྱོད་ལོག་སོང་ ང་གིས་ཁྱོད་ལུ་གླ་བྱིན་གེ་ ཁྱོད་ཚར་གཅིག་ཡར་ལོག་སོང་ཤིག ང་ལས་ལྷག་པའི་སྦོམ་མིན་འདུག་ཟེར་སླབ་ཟེར་ ལོག་སྟེ་གླ་བྱིན་གེ་ཟེར་ ཀ་ཤ
    The deer told the elephant that it was a procupine. The elephant promised to pay the deer and asked him to pass his message further. The elephant said, "You go and tell him that no one is bigger than me and needs respect."
  • སྐྱུར་པུ་ Churpu
    དེ་ལས་ཡར་ལྷོདཔ་ད་ལུ་ བྱི་ཐུར་ལུ་སླབ་ནུག་ཀ་ཤ་གིས། དབའེ་ གླངམོ་ཆེ་གིས་སླབ་མས་སྨེ་ ཁོ་ལས་སྦོམ་མེད་ ཁྱོད་ཆུ་ཧུ་མ་མ་ལོང་ཟེར་སླབ་མས་སྨེ། ཨེའེ་་་་ ཁོ་ལས་ལྷག་སྟེ་སྦོམ་མེད་ཟེར་སླབ་ཨིན་པས་ བཏུབ་ཟེར་ ཁོ་གི་གཟུགས་ཁ་ལས་སྤུ་སྦོམ་ཅིག་འབལ་སྦེ་ ཁོ་གི་སྤུ་དང་ང་གི་སྤུ་ ཚད་འཇལ་བལྟ་གེ་ཟེར་སླབ་ཟེར་ གཟུགས་ཁོ་ར་སྦོམ་ཨིན་པས་ཟེར་ བཏངམ་ད་ལུ་ དེ་ལས་ཀ་ཤ་གིས་མར་འབག་བྱིན་ནུག
    The deer went and said to the procupine, "Hey! Elephant said no one is bigger than him and not to make the water dirty." The procupine said, "Oh! Is it? Alright then." The procupine plucked his big spine or quill and sent it saying, "Ask him to first compare our hair before saying he is the biggest."
  • སྐྱུར་པུ་ Churpu
    སྤུ་ཚད་འཇལ་གེ་སྨེ་ཟེར་ ཁྱོད་ཀྱིས་འབད་བ་ཅིན་ཁྱོད་ལས་ལྷག་སྟེ་སྦོམ་མེད་ ཟེར་སླབ་དེས་ ཁོ་གིས་འབད་བ་ཅིན་ སྤུ་འཇལ་གེ་ཟེར་ བཏང་དེས་ཟེར་སྟོནམ་ད་ ཁོ་གི་སྤུ་དང་འཇལ་ཡི་ཟེར་ཨིན་པས། གླངམོ་ཆེ་དང་བྱི་ཐུར་གྱི་སྤུ། དེ་ལས་གླངམོ་ཆེ་གིས་ བླ་མ་མཁྱོན་ནོ་ སྤུ་རང་ཨ་ནཱིམ་ཅིག་འདུག་ གཟུགས་འདི་ག་དེམ་ཅིག་འོང་ག་སྨོ་ཟེར་ བྱོག་ཡར་སོངཔ་ཨིན་པས།
    The deer reaching the elephant said, "Procupine asked to compare your hair with his before saying that you are the biggest." And showed the spine. The elephant with shock ran away saying, "If his hair is this much big than how big he could be."
  • སྐྱུར་པུ་ Churpu
    དེ་ལས་ གླ་བྱིན་གེ་ཟེར་ གླ་མ་བྱིན་ དེ་ལས་ཀ་ཤ་གི་དཔྱལཝ་ ཨོ་ཀྲོ་བསུམ་མི་འདི་ འ་ནཱི་ཨིན་ལོ་ལགས། གླ་མ་ཐོབ་ཟེར་ལགས། ང་གི་རྫོགས་སོ་ཡི་ལགས། དེ་ཅིག་རང་ཨིན་ལགས།། །།
    The elephant ran away without paying the deer and that is why the deer have wrinkled forhead due to frustration of not paying him. Thats it. Over.