Skip to main content Skip to search
16 Feb 2017
2 min 23 sec
Rating
0
No votes yet
Video Overview
Creators: 
Duptho , Chimi Wangmo

སྲུང་འདི་ནང་ འདྲེ་ཟེར་བའི་འདི་ ལོ་རྒྱུས་ཙམ་ཅིག་མེན་པར་ ངོ་མ་སྦེ་ར་འདུག་ཟེར་ཨིནམ་ད་ འདི་ཡང་ མི་སྡེའི་ནང་ འདྲེ་གིས་ མི་ལ་ཤ་ཅིག་ལུ་ གནོད་པ་བཀལ་ཡོདཔ་ལས་ ཤུལ་ལས་ མི་ལུ་གིས་ བཏུལ་ཡོདཔ་སྦེ་ཨིན་པས། སྲུང་འདི་དང་འཁྲིལ་བ་ཅིན་ འདྲེ་འདི་ ཁྱིམ་ནང་ མི་ལུ་གནོདཔ་བཀལ་བར་འོངམ་ད་ མི་ཚུ་གིས་ སྒོའི་རྩ་བར་དོང་བརྐོ་བཞག་མི་ནང་འཛུལ་ཏེ་ དོང་གི་འོག་ལུ་ ཨེབ་བཞག་བཞགཔ་ཨིན་པས།  འདི་འབདཝ་ལས་ སྲུང་འདི་ འདྲེའི་སྲུང་གི་ནང་གསེས་ནང་ཚུདཔ་ཨིན་པས། 

Show More

  • གྲུབ་ཐོབ་བཟང་མོ
    སྲིན་པོ་གིས་ ཨ་ལོ་ར་བཟའ། མི་སེམས་ཅན་ག་ཅི་ར་ཡོད་རུང་བཟའ། ག་ཅི་བཟུམ་སྦེ་བལྟ་རུང་མ་བཏུབ་པར་ ཁོ་གིས་བཟའ་སྟེ་ ག་ར་བཟའ་བཟའ་བཞག་སྟེ་ ཁོ་སྦོམ་འགྱོ། སྦོམ་འགྱོ་ གནམ་མེད་ས་མེད་སྦོམ་འགྱོ་འགྱོཝ་ཨིན་མས་བ་ སྲིན་པོ།
  • གྲུབ་ཐོབ་བཟང་མོ
    དེ་ལས་ ཏེ་ ཨ་ནཱ་སྲིན་པོ་གིས་ ཁ་གནོན་འབད་གེ་མས། ཁྱོད་ཚུ་འགུག་མས་ཟེར། དེ་ལས་ སྲིན་པོ་གིས་ཁ་གནོན་འབད་དེ། ཨ་ཙི་འགུག་མས་ འགུག་མས་ཟེར། ཁོང་གཉིས་སྒོ་ མ་སྒོ་ཅགིག་ མ་སྒོ་གཅིག་བསྡམས་ཏེ་ སྒོ་ ༢ ཨ་ནཱི་སྲིན་པོ་གིས་ སྒོ་ ༢ ཡོདཔ་ཨིན་མས། སྒོ་༢ ཡོད་ས་ལས་འོང་།
  • གྲུབ་ཐོབ་བཟང་མོ
    ཨ་ནཱི་ ང་གིས་གཅིག་བསྡམས་ནི་མས། གཅིག་བསྡམས་ཏེ་ སྒོ་གཅིག་ནང་ ཏེ མར་འོག་ཁང་ནང་ལུ་ གནམ་མེད་ས་མེད་ ཨ་ནཱི་ སྒོ་དོང་སྤེད་སྟེ་ དོང་སྦོམ་སྤེད་སྟེ་ དེ་ལས་ ཁོ་གིས་ཨ་ནཱ་ མ་སྒོ་འདི་བསྡམས་ཏེ་ གསང་སྒོ་འདི།
  • གྲུབ་ཐོབ་བཟང་མོ
    གསང་སྒོ་འདི་བསྡམས་ཏེ་ མ་སྒོ་འདི་ཕྱེ་སྟེ། དེ་ལས་ ཨ་ནཱི་སྐབས་ལུ་ གནམ་མེད་ས་མེད་ཀྱིས་སྦོམ་ དོང་སྤེད་སྟེ་ སོང་ཏེ་ ཁ་གནོན་འབད་ཚུགས་ང་གིས་ཟེར་ ཏེ་ ཁ་གནོན་འབད་དེ་ ཁོ་ ཁོ་གིས་ཨ་ནཱ་དོང་དཔག་ཏེ་ དེ་ལས་རྡོ་སྦོམ་གཅིག་ ཏེ་ དཀྲིགས་དཀྲིགས་འབད་བཞག་སྟེ།
  • གྲུབ་ཐོབ་བཟང་མོ
    དེ་ལས་ ཁོ་འོང་ ཏེ་ སྲིན་པོ་ ད་རུང་མི་བཟའ་ནི་ཟེར་འོངམ་ད་ འཐོན་འོང་འོངམ་ཨིན་མས་ཁོ། མ་སྒོ་ལས་ཚུར་འཐོན་འོངམ་ད་ གསང་སྒོ་བསྡམས་བཞག དེ་ལས་ འཐོན་འོང་སྟེ་ བཟའ་ནི་ཟེར་འོངམ་ཅིག ཨ་ནཱ་ལས་མར་ར་ མགུ་ཏོག་མར་འབད་དེ་ དོང་ནང་འཛུལཝ་ཅིག་ དོང་ནང་འཛུལ།
  • གྲུབ་ཐོབ་བཟང་མོ
    དེ་ལས་ ཁོ་གིས་ ཨ་ནཱ་སྲིན་པོ་འདི་ ཐོག་ཁར་ལས་ ཁོང་ཚུ་གིས་ ས་བླུགས་ཏེ་ ག་ཅི་ག་ཅི་བླུགས་ཏེ་ ཏེ་ ཁོང་ཨ་ནཱ་རྡོ་སྦོམ་བཙུགས་ཏེ་ ཁ་གནོན་ཨ་ནཱི་སྦེ་འབད་ནུག འབད་བཞག་བཞགཔ་ཨིན་མས་ཏེ།